Dpal nag po chen po byin brlabs can gyi sgrub pa'i thabs

From Shangpa Resource Center
Revision as of 16:32, 30 July 2024 by Sengue (talk | contribs)








Resource ID Ten4
Title dpal nag po chen po byin brlabs can gyi sgrub pa’i thabs
Topics Chadrupa
Sub-Topics Sadhana
Author Shavaripa
Associated Person Atayavajra
Khyungpo Neljor

དཔལ་ནག་པོ་ཆེན་པོ་བྱིན་བརླབས་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ།།
རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཤྲི་ཨ་དྷིཥྛ་ཝ་ཏི་ས་ཏ་ན་མ།
བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱིན་བརླབས་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ།
མྱུར་མཛད་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
།དམ་པའི་ཆོས་ཚུལ་བཞིན་སྒྲུབ་པའི་སྒྲུབ་པ་པོ་ཆེན་པོས་མི་དང་མི་མ་ཡིན་པ་གནོད་པ་རབ་ཀྱིས་དགེ་བའི་བར་དུ་གཅོད་པ་བྱུང་ན། དགེ་སྦྱོར་ཉིད་ཀྱི་བར་ཆད་གསལ་བའི་ཕྱིར། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་འདི་ལྟར་བྱ་སྟེ། གནས་དབེན་པ་བཟང་པོར་མགོན་པོ་ནག་པོ་ཆེན་པོའི་རྟེན་རྫས་དང་། མཆོད་རྫས་ལ་སོགས་པ་ཕྱི་རྟེན་ནང་རྟེན་དགོས་པའི་ཡོ་བྱད་བསགས་ལ་མཎྜལ་ལེགས་པར་བྱས་ཏེ། མེ་ཏོག་ཚོམ་བུ་དང༌། མཆོད་རྫས་དང་རྟེན་རྣམ་དག་བཀོད་ནས། ཙན་དན་བེར་ལ་དར་ནག་གདགས། རང་སྟན་བདེ་བ་ལ་ཤར་དུ་ཕྱོགས་པར་འདུག་སྟེ། རང་ཡི་དམ་ལྷའི་གཞུང་བཞིན་དུ་འཚམས་གཅད་པ་དང༌། བྱིན་གྱིས་བརླབ་བྱའི་རྫས་་་
་་་སྦུབ་པའི་སྟེང་དུ་གཏོར་ཆེན་བཞག་ལ། མགོན་པོ་འཁོར་དང་བཅས་པ་ལ་གཏོར་ཆེན་དབུལ། འདོད་དོན་ཞུ་བའི་གསོལ་བ་གདབ། གཏོར་མ་རྔ་ལ་སོགས་པའི་སྒྲ་དང་བཅས་པས་གཏང་ངོ་། །མགོན་པོ་རང་བཞིན་གྱི་གནས་སུ་གཤེགས། འཁོར་གྱི་གཏོར་མ་བཏང་ངོ༌། །གཏོར་ཆེན་གྱི་གཏོར་མ་བཏང་ཟིན་པ་དང་། གླ་ང་ཁ་སྦྱར་བ་དབྱེ། སོལ་བ་དེ་ས་ཡིས་ཁ་མནན། ནང་པར་ཆགས་ལ་ཆུ་ལ་གདབ། ཡང་ན་རླུང་ལ་ཕྱར་བཏང་། སྦྱིན་བསྲེག་ལག་ལེན་ནོ། །ཨྀཐི།
།དཔལ་ནག་པོ་ཆེན་པོ་འདི། ནག་པོ་གཞན་གང་བས་ཀྱང་བྱིན་བརླབས་མྱུར་ལ་ཆེ་བས། སྒྲུབ་པ་པོ་བཀྲ་ཤིས་ལ་བསམས་པ་འགྲུབ། སྤྱིར་སྔགས་ཐམས་ཅད་ནས་རྡོ་རྗེ་སློབ་དཔོན་ལ་དུས་རྟག་ཏུ་བསྙེན་བསྐུར་བྱ་བ་ལ་སོགས་པའི་དམ་ཚིག་བསྲུང་དགོས་པ་རྣམས། འདི་སྒྲུབ་པ་པོས་ཀྱང་བསྲུང་ཞིང་། སྒྲུབ་པ་བྱས་ན། ཐུན་མོངས་དང་མཆོག་གི་དངོས་གྲུབ་ཐོབ་བོ། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་བདེ་མཆོག་སྙིང་པོ་ཤ་བ་རི་པ་ཆེན་པོས་མཛད་པ་རྫོགས་སོ།།
།།རྒྱ་གར་གྱི་པཎྜི་ཏ་ཨ་ཏ་ཡ་བཛྲ་མི་མཉམ་རྡོ་རྗེ་དང་། བོད་ཀྱི་ལོཙྪ་བ་ཕུར་བུ་འོད་ཤངས་པ་དུ་གུ་ལུང་པ་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།
།དཔེ་འདི་ལ་ཤིན་ཏུ་དམ་པའི་བཀའ་རྒྱས་བཏབ་བོ།
།དཔལ་འབྱོར་ལྷ་མཛེས་ལྷའི་དབང་པོ་དང༌། །འདྲ་ཞིང་རྣམ་སྤྱོད་བ་གམ་མཐོ་བ་ཡི། །ཕྱག་དཔེ་དགོས་འདོད་རིན་ཆེན་ཕྲེང་བ་འདི། །གུ་རུ་ར་བྷ་ཊ་ཁྱུང་པོ་བཟང་པོ་བདག་གིས་བཟབས་པ་ལགས།། །།