Sdong po phyag rgya chen po ga'u ma'i rdo rje'i tshig rkang

From Shangpa Resource Center
Revision as of 11:07, 8 September 2024 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv6p192
Title sdong po phyag rgya chen po ga'u ma'i rdo rje'i tshig rkang
Alt. title mahāmudrā
phyag rgya chen po
phyag chen ga'u ma
rang shar phyag rgya chen po'i rdo rje'i tshig rkang
Topics Mahamudra Gauma
Sub-Topics Vajra verses
Author Niguma, Lendarma Lodrö
Associated Person Khyungpo Neljor
Link W23922
W23922
W23922
W1PD95844 (v42 p.868)
W1PD95844 (v42 p.846, annotated)
W3CN766
W23605
W3CN18508 (v2p.8)
W8LS16295 (p.17+505)
W22103 (p.117)
Notes Source-text concerning Mahamudra. Translated in english in Lady of illusion p.145

༈ སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་བཞུགས་སོ།
རྒྱ་གར་སྐད་དུ། མ་ཧཱ་མུ་དྲ།
བོད་སྐད་དུ། ཕྱག་རྒྱ་ཆེན་པོ།
དཔལ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ།
།བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱི། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ།
།སྔོན་འགྲོ་རང་བབ་རྣམ་པ་གསུམ། །དངོས་གཞི་སྐྱོན་བཞི་རང་སར་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ།
།དབེན་པར་རང་ས་གནོན་གྱི་ཕྱག་རྒྱ་བཅས། ཚིགས་བཞི་དང་རྩ་དང་མཆུ་ཀློད་པ་ནི་ལུས་རང་བབས་སོ།
།མཆུ་རྩོལ་བ་དང་བྲལ་ཞིང་སྨྲ་བརྗོད་བྲལ་བ་ནི་ངག་རང་བབས་སོ།
།སེམས་མིག་གི་ལྟ་སྟངས་བསྒོམ་འདོད་དང་བྲལ་བ་ནི་སེམས་རང་བབས་སོ།
།དེ་ཉིད་སྐྱོན་བཞི་དང་འབྲལ་བར་བྱ་སྟེ། ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་། ཉེ་དྲགས་པས་ངོ་མ་ཤེས། རང་ལ་ཤར་ཀྱང་ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ་ལོ།
།བཟང་བས་བློར་མ་ཤོང་བར་ཐག་ཆོད་དང་བྲལ་བས་འཁོར་བར་འཁྱམས་སོ།
།མཐར་ཐུག་མཉམ་རྗེས་བློས་བྱས་དང་བྲལ་བའི་ཕྱིར་རང་ཤར་དེ་ལ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་པ་མེད་པ་དེ་ཆོས་སྐུ། གསལ་ལ་རྟོག་མེད་དེ་ཉིད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ།
།དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་ལ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་རང་བཞིན་གྱིས་དབྱེར་མི་ཕྱེད་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཞེས་པའོ།
།སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ། །བསྲེ་བ་རྟོག་མེད་ལམ་ཁྱེར་རོ།
།འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ། །ཉིན་མཚན་བར་དོའི་འོད་གསལ་ནི། །ས་གསུམ་དབྱེར་མེད་རང་ཤར་ལྟོས།
།གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་པའི།
།ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ།
།མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ།
།ཆོས་སྐུའི་ནམ་མཁར་རྟོག་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས།
།ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ།
།རང་ཤར་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྫོགས་སོ།། །།
མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། །།

Annotated version (BDRC W1PD95844)
༄༅། །ཕྱག་ཆེན་གའུ་མ་བཞུགས་སོ།།
རྒྱ་གར་སྐད་དུ། མ་ཧཱ་མུ་དྲ།
བོད་སྐད་དུ། ཕྱག་རྒྱ་ཆེན་པོ།
དཔལ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ།
།བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས།
།ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་འགྲོ་རང་བབས་རྣམ་གསུམ། །དངོས་གཞི་སྐྱོན་བཞི་རང་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ།
༼གནས་༽དབེན་པར་༼སྐྱིལ་ཀྲུང་བཅས་ལག་པ་༽ས་ནོན་༼སྒལ་ཚིགས་བསྲང་༽ཕྱག་རྒྱས་༼བཞི་༽ཚིགས་དང་། ༼དང་༽རྩ་༼བསྡུས་པ་ཐམས་ཅད༽ཆུ་གློད་པ་ནི་ལུས་རང་བབས་༼རྩོལ་མེད༽སོ།
མཆུ་༼འབྱེད་བཙུམས་ཀྱི་༽རྩོལ་བ་མེད་ཅིང་སྨྲ་༼ངག་༽བརྗོད་དང་༼འདིའི་ངང་ལ་བཞག་པ་ནི།༽བྲལ་བ་ནི་རང་བབས་སོ།
༼ལྟ་ལྟངས་དང་བཅས་པ་༽སེམས་མིག་ལྟ་སྟོངས་བསྒོམ་འདོད་ཀྱི་རྟོགས་པ་དང་བྲལ་བ་ནི་༼རྩོལ་མེད་༽སེམས་རང་བབས་སོ།
༼གཉིས་པ་དངོས་གཞི་༽དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། ༼སེམས་ཀྱི་༽ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་པས་ངོ་མ་ཤེས༼པའི་སྐྱོན་གྱི་འཁོར་བར་འཁྱམ་མོ།༽། ཕྱག་རྒྱ་ཆེན་པོ་རང་ལ་ཤར་༼དཔེ་མཚོན་མི་ནུས་༽ཡང་༼ངོ་བོ་ཁ་དོག་ལ་སོགས་མ་གྲུབ་པས་༽ཟབ་དྲགས་ངོས་མ་ཟིན། སླ་དྲགས་ཡིད་མ་ཆེས་པས་ཡེངས་སུ་བསྒོམ་པ་དང་བྲལ་བའོ། ༼སྐུ་གསུམ་རང་ལ་ཤར་བས་༽བཟང་དྲགས་པས་༼ངེས་ཤེས་མ་སྐྱེས་པས་༽བློར་མ་ཤོང་པས་༼ཆོས་སྐུར་༽ཐག་ཆོད་དང་བྲལ་བས་༼སྐྱོན་གྱིས་༽འཁོར་བར་འཁྱམས་པའོ།
༼གསུམ་པ་༽མཐར་ཐུག་༼སྐུ་བཞིའི་རང་ཤར་༽མཉམ་རྗེས་བློས་༼དང་༽བྱས་༼ཐམས་ཅད་༽དང་༼ཕྱག་རྒྱ་ཆེན་པོ་༽བྲལ་བའི་རང་ཤར་དེ་ལ་༼སྣང་བ་༽སྣ་ཚོགས་༼རང་ཤར་དུ་གསལ་༽སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ་གསལ་ལ། རྟོག་མེད་༼ཟག་མེད་ཀྱི་༽དེ་ཉིད་བདེ་བར་༼རང་༽ཤར་བས་ལོངས་༼སྤྱོད་རྫོགས་པའི་༽སྐུ། དེ་གསུམ་རང་བཞིན་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ།
དེ་ཉིད་ལ་རྟོག་མེད་ཀྱི་ཆ་༼རང་གནས་པ་༽ཇི་ལྟ་བའི་ཡེ་ཤེས་སོ། མི་རྟོག་པ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། དེ་གཉིས་རང་བཞིན་དབྱེར་མེད་པས། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཅེས་བྱའོ།
༼རང་འབབས་རྣམ་གསུམ་གྱི་༽སྔོན་འགྲོ་༼ཀུན་བུར་ངོ་སྤྲོད་པ་དེ།༽དམ་ཚིག་གསང་བའི་༼ཆོག་༽རྡོ་རྗེའོ། ༼ཕྱ་རྒྱ་ཆེན་པོའི་༽བོགས་འདོན་༼ནི་༽སྙིང་རྗེ་༼བླ་མའི་༽གསོལ་འདེབས་༼གཉིས་ཀྱི་༽སོ།༼འགྲོ་ཆག་ཉལ་ལ་སོགས་སྤྱོད་ལམ་རྣམ་བཞིའི་དུས་༽ ལམ་ཁྱེར་ཕྱིར་༼གསལ་སྟོང་འཛིན་མེད་༽སྣང་དེ་ཉིད་དོ། ༼འབྲས་བུ༽མངོན་འགྱུར་༼དུ༽བསྒོམ་༼པ་ནི་༽མེད་ཡེངས་༼སུ་སྐད་ཅིག་ཀྱང་༽མེད་དོ། ༼ཉིན་མཚན་གཉིས་འོད་གསལ་༽བསྲེ་བ་རྟོག་མེད་༼དུ་གཉིད་རྨི་ལམ་དུ་༽ལམ་ཁྱེར་རོ།
༼གཉིད་ཀྱི་༽འོད་གསལ་༼གླང་པོ་ཆེའི་༽ལྟ་སྟངས་༼ཀྱིས་༽བོགས་འདོན་ནོ། གཉིད་སད་༼སྣང་བ་ཐམས་ཅད་༽རྗེས་གསལ་ལ་འཛིན་༼༈ བྱས་པས་དེ་གཉིད་དུ་སོང་ཆོད་འོད་གསལ་དུ་འགྲོའོ།༽མེད་༼དུ་བསྒོམ་པ་ཉིན་མོ་དང་མཚན་མོའོ།༽བསྲེ། ཉིན་༼བར་དང་༽མཚན་༼མོ་དང་༽བར་དོའི་འོད་གསལ་༼གསུམ་༽ནི། །སྐུ་གསུམ་༼འབྲལ་མེད་༽དབྱེར་མེད་༼དུ་༽རང་ཤར་ལྟོས།
གང་གིས་མི་ཤེས་རྒྱུད་དོན་སྦས་པའི་དོན། མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། བསྒོམ་༼ཤིག་༽མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་དེ།
།ཡིད་ལ་མི་བྱེད་སྒྲིབ་གཉིས་ཡང་པར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ།
།མདོ་རྒྱུད་ཀུན་དུ་བསྟན་ཡང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ།
།ཆོས་སྐུའི་ནམ་མཁའ་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོ་ལྟོས།
།ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ།
།རང་ཤར་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་ཚིག་རྐང་སངས་རྒྱས་རྡོ་རྗེ་འཆང་གིས་མཛད་པ་རྫོགས་སོ།
མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། དགེའོ།།

Sanskrit version
༄༅། །རང་ཤར་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྐང་ཤན་སྦྱར་བཞུགས་སོ།།
ཤྲཱི་ཡུ་ག་ན་སྷ། མ་ཧཱ་མུ་དྲ་ཡཻ།
ན་མཿ མ་ཧཱ་སུ་ཁ། ཨ་ནཱ་བྷོ་ག །ཨ་སཾ་སྐྲྀ་ཏ། སཾ་བྷོ་ག །མ་ཧཱ་བཛྲ་དྷ་ར་སྱ། ཨ་ནུ་བྷནྡྷ། ནཱ་ད། ཨི་དཾ། ཤྲཱུ་རཾ། སཾ་ཀྲྀ་ཏ། ཛྙཱ་ན། ཨེ་མ་ཧོཿ
སུརྦ་གང་མ། ནི་ཛ། ཏྲི་དྷཱ། མཽ་ལ། ཙ་ཏུ་རྡོ་ཥ། སྭ་མུཀྟ། ཨནྟ་ཀ། ཅ་ཏུརྐཱ་ཡ། སྭ་ཨུ་ད་ཡཾ། བི་བེ་ཀེ་ཥུ། བྷཱུ་མི་ཀྲཱནྟ། མུ་དྲ། གྲནྠ་ཙ། ནཱ་ཌཱ། མཱུ་ཏྲ། ཤཾ་ཐི་ལརྒྱ་ཀ་ཡ། ནི་ཛཾ།
ཨོཥྛ། ཨ་ནཱ་ཡཱ་མ། བཱ་དི་ཨ་བྷི་དྷ་ན། བི་ག་ཏ། ཝཱ་ག་ནི་ཛཾ། ཙིཏྟཾ། ཙཀྵུ། དྲྀ་བཀྱ། བྷཱ་ཝ་ན་ཨིཥྚ། བི་ག་ཏ། ཙིཏྟ། ནི་ཛཾ། ཏ་དེ་ཝ། ཙ་ཏུ་རྡོ་ཥ། བི་ག་ཏ། ཀྲྀ་ཏྱ། དྷ་རྨ་ཀ་ཡ།
ཨ་ཡ་བྱ་ཡ། ནཱ་སྟི་ཙ། སནྣི་དྷི་ཏ་ར། ཨ་ཛྙཱ་ན། སྭ་ཡཾ་སྭ་དོ་ཡཱ་སི། གམྦྷཱིར་ཏ་ར། ཨ་ནིརྡྷ་ར། སུ་ཀྲྀ་ཏ་ཏ་ར། ཨ་སྲ་ཏྱ་ཡ། ཨ་བི་ཀྵེ་ས། བི་ག་ཏཾ། བྷ་དྲ་ཏ་ར། བུ་ཥུ་ཨ་བོ།
དྷརྨ་ཀཱ་ཡ་ནཱུ་ནཾ་ཙ། བི་ག་ཏེ་ན། སཾ་ས་རེ་ཥུ་བྷྲཱ་ནྟི། ཨནྟ་ཀ། ས་མཱ་ནི་ཏ། ཨ་ནུ་ལཱ་བྷ། བུདྡྷི་ཀ་ར། བི་ག་ཏ། སྭོ་ད་ཡ། ནཱ་ནཱ། སྲ་ཀཱ་ཤ་ཏཾ། ནིརྨཱ་ཎ་ཀ་ཡ། སྲ་ཀཱ་ཤ། དྷྲྀ་ཏ་ཙ། བི་ག་ཏ་སྱ།
ནིཿསཾ་ཀལྤ་ཏཾ་དྷརྨ་ཀཱ་ཡ། སྲ་ཀཱ་ཤ་ནིཿསཾ་ཀལྤ་ཏ་དེ་ཝ་སུ་ཁོ་ད་ཡ། སཾ་བྷོ་ག་ཀཱ་ཡ། རཏྟྲི། སྭ་བྷཱ་ཝ། ཨ་བྷི་ནྣི་ན། ཨནྟ་ཀ། མ་ཧཱ་སུ་ཁ་སྱ། ཀཱ་ཡ། ཏ་ཏྲ། ཨ་སཾ་ཀ་ལུ་སྱ། ཀ་ལ་ཏཾ།
ཡ་ཐཱ་ཛྙཱ་ན། ཨ་སཾ་ཀལྤཱད། ཡ་ཐཱ། སྲ་ཀཱ་ཤ་སྱ་ཀ་ལ་ཏད། ཡཱ་བཛཛྙཱ་ན་སྱ། ཛྙཱ་ནཾ། ཏ་དེ་ཝ། སྭ་བྷཱ་ཝ། ཨ་བིནྣ། དྷཱ་ཏུ་ཛྙཱ་ན། ཨདཱ་ཡ། ནཱ་མེ་ཏི།
སཱུརྦགང་མ་སྱ། ས་མ་ཡ་གུ་ཧྱ། བཛ་ཥུ། ཀ་རུ་ཎ། ཨ་དྷྱེ་ཥ།
ས་ཁ་ཀྲི་ཏ། ཀི་མ་སི་ཨཱ་བྷཱ་ས་ཏ་དེ་ཝ། ཨ་བྷི་མུ་ཁ། ཨ་བྷཱ་བ་ན་བི་ཀྵེ་ས་ན་སྟི། སཱཾ་ཀརྱ་ནིཿསཾ་ཀལྤ་ས་ཁཱ་ཀྲྀ་ཏཾ།
སྲ་ཀཱ་ཤ་དྲི་ཤྱ། ཛ་གཱ་ར་ཀྲྀ་ཏཱ། སྲ་ཀཱ་ཤ་ནིར་གྲ་ཧ་སྱཾ་ཀ་རྱ། དི་ན་རཱ་ཏྲི་དྭི་ཨནྟ་ར་ཨཱ་བྷཱ་ས་ཏུ། ཏྲི་ཀཱ་ཡ་ཨ་བྷི་ནྣ་སྲོ་ད་ཡ་ས་ཤྱ་ཏུ། ཡེ་ན་ཨ་ཛྙཱ་ན་ཏ་ནྟེ།
།གུཔྟ། ཨརྠ། ཨནྟ་ཀ། ཨེ་ཀ་བཱ་ཙ། མུཀྟེ་དཾ། བྷ་ཝ་ཏི། བི་བྷཱ་བྱ་ནཱ་སྟི་བི་ཀྵེ་ས་ནསྟི་ཨ་བྷྱཱ་སྀ་དྲ་དྷཱ་ཏ། བྷཱུ་མི་སནྠ། ཀཱ་ལ། ཨ་ཏྲ་ག་མ་ན།
ཨ་མ་ན་སི་ཀ་ར་དྲི་ཨཱ་བ་ར་ཎ་སྭ་སྠེ་ཤུདྡྷ། ཏྲི་ཀཱ་ཡ་སྭོ་ད་ཡ་ཕ་ལ་ནཱི་ར་བྷོ་ག །སཱུ་ཏྲ་རནྟྲ་སརྦ་ཏྲ་དེ་ཤ་སི། སྭ་བྷཱ་ཝ་གོ་པི་ཏ། གུ་རོ་ར་དྷི་ཥྛཱ་ན། མུ་ཁཱ་ཛེཛྙཱ་ཡ།
དྷརྨ་ཀཱ་ཡ་ག་ག་ན་སཾ་ཀ་ཝ་མེ་གྷ་ཛཱ་ལཱ་ར། པཉྩ་བི་ཥ་བི་བྱོ་ཏ་ས་ར་མ་ཧཱ་ཛྙཱ་ན་ས་ཤྱ་ཏུ། ཨ་མ་ན་སི་ཀ་ར་ཨཱ་ཤ་སཾ་ཀཱ་ཤ་ས་མཔྟ་བི་ག་ཏཾ། སཾ་ཀྲྀ་ཏ་ཛྙཱ་ན་ཏྭཱཾ།
ན་མཱ་མི་སྭོ་ད་ཡ་མ་ཧཱ་མུ་དྲ་བཛྲ་ས་ད་པཱ་ད་ས་མ་སྟཾ