Difference between revisions of "Shangs pa'i tshe sgrub"
(Created page with "{{Text |Text ID=SCv7p633 |Tibetan Title=ཤངས་པའི་ཚེ་སྒྲུབ་བཞུགས། |Wylie Title=shangs pa'i tshe sgrub |Subject=Life sadhana |Author...") |

(8 intermediate revisions by the same user not shown) | |||
Line 3: | Line 3: | ||
|Tibetan Title=ཤངས་པའི་ཚེ་སྒྲུབ་བཞུགས། | |Tibetan Title=ཤངས་པའི་ཚེ་སྒྲུབ་བཞུགས། | ||
|Wylie Title=shangs pa'i tshe sgrub | |Wylie Title=shangs pa'i tshe sgrub | ||
− | |Subject= | + | |Subject=Long life practice |
|Author=Niguma | |Author=Niguma | ||
+ | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095120%7CW23922 BDRC W23922] | ||

+ | ༄༅། །ཤངས་པའི་ཚེ་སྒྲུབ་བཞུགས།།

ན་མོ་གུ་རུ།
མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པས།
།དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། །རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞབས་གཉིས་སྐྱིལ་ཀྲུང་། ཕྱག་གཉིས་ཐུགས་ཀར་པདྨ་རཱ་གའི་བུམ་པ་འཚི་མེད་ཚེ་ཡི་བདུད་རྩིས་གང་བ་བསྣམས་པ། །རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། འོད་དང་འོད་ཀྱི་རང་བཞིན་དུ་བསྒོམ། ནང་རྩ་གསུམ་འཁོར་ལོ་བཞི་ཐམས་ཅད་དམར་སང་སང་བསམ། དེ་ནས་རང་གི་ཀླད་རྒྱའི་སྟེང་ཐོད་པའི་འོག་ཏུ་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པར་བསྒོམ། །གསང་གནས་སུ་ཧྲཱིཿདམར་པོ་གཅིག་བསམ། དེ་ནས་སྟེང་འོག་གི་རླུང་ཁ་སྒྱར་བསྒོམ་པས། །ཧྲཱིཿལས་མེ་འབར་སྤྱི་བོའི་ཧཾ་ལ་ཕོག་པས། །དེ་ལས། དེའི་རྒྱུན་བབས་སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་བདེ་ཁྲིལ་གྱིས་ཁེངས། དེ་བཞིན་དུ། བཅུ་དྲུག །བརྒྱད། དྲུག་ཅུ་རྩ་བཞི་རིམ་གྱིས་ཁེངས་པར་བསམ་ཞིང་རླུད་བཟུང་། སྐབས་སུ་འོག་རླུང་འཐེན་ཙམ་བྱས་པས་ལུས་བདེ་ཁྲིལ་སོང་བར་བསྒོམ་པས་ཡས་བསྟན་པའི་དགའ་བ་བཞིའོ།
།ཡང་འོག་རླུང་ནར་གྱིས་འཐེན་པས། གསང་གནས་ནས་ཐིག་ལེ་ཡར་ལ་སྐྱ་ཆིལ་གྱིས། འོང་བས་ལྟེ་བའི་རྩ་འདབ་མེར་གྱིས་ཁེངས། དེ་བཞིན་དུ་སྙིང་ཁ། མགྲིན་པ་སྤྱི་བོའི་བར་དུ་ཁེངས་པར་བསམ་ཞིང་རླུང་བཟུང་བའོ། དེ་ནིས་མས་བསྟན་པའི་དགའ་བ་བཞིའོ། །དྲོད་དང་བདེ་བའི་རང་བཞིན་ཀུན། །སྟེང་འོག་རླུང་གིས་ཅིག་བྱ། །ཅེས་གསུངས་པས།
དྲོད་འདོད་ན་སྟེང་རླུང་མནན་ཅིང་བསྒོམ། བདེ་བ་འདོད་ན་འོག་རླུང་འཐེན་ཅིང་། བསྒོམ་གསུངས། དེ་ནས་ལུས་སྐྱིལ་ཀྱང་བཅའ། གླིང་བཞི་བསྡུ། རྒྱ་མཚོ་རི་རབ་སྦྱར། ནོར་བུའི་རྩེ་མོར་ཧྲཱིཿདམར་པོ་མགོ་ཕྱིར་ཉུག་གེ་བསམ། ངག་ཏུ་ཧྲཱིཿཞེས་བརྗོད་ཅིང་འོག་རླུང་དྲག་ཏུ་འཐེན་པས། ཧྲཱིས་ནོར་བུ་རྒྱུ་མ་ལོག་པ་ལྟར་སོང་སྟེ། གསང་གནས་ནས་ཐིག་ལེ་བདེ་བ་དང་བཅས་པ། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་། སྤྱི་བོའི་རྩ་འདབ་ཐམས་ཅད་སྐྱ་ཆིལ་གྱིས་གང་བར་བསམ་མོ། །འདི་ལ་གནད་དུ་བསྣུན་པས། སྦབ་སྦུབས་སུ་ནུབ་པར་འགྱུར་རོ།།

༈ བཅོམ་ལྡན་བདེ་ཆེན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།
བདེ་ཆེན་ལོངས་སྐུ་སྒྲུབ་པའི་ཐབས། ཌཱ་ཀའི་སྲོག་སྙིང་བསྒྲུབ་པ་འདི། །བླ་མའི་གསུང་ལས་ལྷག་ཆད་མེད་པ་རུ། འཆི་མེད་༼འཆི་རྟགས་བྱུང་ན།༽ཚེ་སྒྲུབ་བསྟན་པར་བྱ། བླ་མ་ལ་གུས་སྙིང་རྗེ་དང་ལྡན་པས། །པདྨའི་རིགས་ལས་བྱུང་བའི་ཡུམ། །༼ཁ་དོག༽དཀར་དམར་ལུས་ཤན་བོང་དང་སྙོམས་པ། །རྐང་མགོ་ལག་མགོ་ཆུང་ཞིང་མཐིལ་དམར་བ། །ཐེག་ཆེན། ཆོས་མོས་རྣལ་འབྱོར་པ་ལ་དང་། །བཅུ་དྲུག་ལ་སོགས་ན་ཚོད་གཞོན་པ་ལ། ཕྱི་ནང་ཆོས་བཤད་རང་གི་དབང་བསྐུར་ཏེ། །དཔའ་བོ་མཁའ་འགྲོའི་མངོན་པར་རྟོགས་པ་བསྒོམ། །ཧྲཱིཿབྷྲུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་བསྙེན་པ་བྱ། །དེ་ནས་ཡབ་ཀྱི་སྤྱི་བོར་ཨཱཿ མགྲིན་པར་ཧྲཱིཿ སྙིང་ཁར་བྷྲུྃ་བསམ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚེའི་རང་བཞིན་ཡུམ་ལ་བསྡུ། ཡུམ་གྱི་བདེ་བ་ཚེའི་རང་བཞིན་དེ་ཡབ་ཀྱི་ནོར་བུའི་ཧཱུྃ་དང་རླུང་གིས་བསྡུ་བར་བྱའོ། །དེ་ལྟ་བུའི་མཚན་ལྡན་མ་རྙེད་ན་འོད་རིག་ལ་སྦྱར་བར་བྱའོ།
།དེ་ལྟ་བུའི་གདམས་པ་འདི། །[[Naropa|ཇོ་བོ་ནཱ་རོ་པ]]ས་[[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ]]། །དེས་[[Khyungpo Neljor|ཁྱུང་པོ་རྣལ་འབྱོར]]། [[Mokchokpa Rinchen Tsöndrü|རཏྣ་བྷིརྱ་]]ལ་སོགས་བདུན། [[སྐུ་ཞང་པ]]། [[བརྩོན་འགྲུས་བསམ་གཏན]]། [[ཤཱི་ལ་ནཱ་ཐ]]། །རྩ་བའི་བླ་མ་དེས་བདག་ལའོ། །ཤུ་བྷཾ།། ། |
Latest revision as of 18:07, 20 January 2020
Resource ID | SCv7p633 |

Title | shangs pa'i tshe sgrub |
Topics | Long life practice |
Author | Niguma |
Link | BDRC W23922 |
༄༅། །ཤངས་པའི་ཚེ་སྒྲུབ་བཞུགས།།
ན་མོ་གུ་རུ།
མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པས།
།དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། །རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞབས་གཉིས་སྐྱིལ་ཀྲུང་། ཕྱག་གཉིས་ཐུགས་ཀར་པདྨ་རཱ་གའི་བུམ་པ་འཚི་མེད་ཚེ་ཡི་བདུད་རྩིས་གང་བ་བསྣམས་པ། །རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། འོད་དང་འོད་ཀྱི་རང་བཞིན་དུ་བསྒོམ། ནང་རྩ་གསུམ་འཁོར་ལོ་བཞི་ཐམས་ཅད་དམར་སང་སང་བསམ། དེ་ནས་རང་གི་ཀླད་རྒྱའི་སྟེང་ཐོད་པའི་འོག་ཏུ་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པར་བསྒོམ། །གསང་གནས་སུ་ཧྲཱིཿདམར་པོ་གཅིག་བསམ། དེ་ནས་སྟེང་འོག་གི་རླུང་ཁ་སྒྱར་བསྒོམ་པས། །ཧྲཱིཿལས་མེ་འབར་སྤྱི་བོའི་ཧཾ་ལ་ཕོག་པས། །དེ་ལས། དེའི་རྒྱུན་བབས་སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་བདེ་ཁྲིལ་གྱིས་ཁེངས། དེ་བཞིན་དུ། བཅུ་དྲུག །བརྒྱད། དྲུག་ཅུ་རྩ་བཞི་རིམ་གྱིས་ཁེངས་པར་བསམ་ཞིང་རླུད་བཟུང་། སྐབས་སུ་འོག་རླུང་འཐེན་ཙམ་བྱས་པས་ལུས་བདེ་ཁྲིལ་སོང་བར་བསྒོམ་པས་ཡས་བསྟན་པའི་དགའ་བ་བཞིའོ།
།ཡང་འོག་རླུང་ནར་གྱིས་འཐེན་པས། གསང་གནས་ནས་ཐིག་ལེ་ཡར་ལ་སྐྱ་ཆིལ་གྱིས། འོང་བས་ལྟེ་བའི་རྩ་འདབ་མེར་གྱིས་ཁེངས། དེ་བཞིན་དུ་སྙིང་ཁ། མགྲིན་པ་སྤྱི་བོའི་བར་དུ་ཁེངས་པར་བསམ་ཞིང་རླུང་བཟུང་བའོ། དེ་ནིས་མས་བསྟན་པའི་དགའ་བ་བཞིའོ། །དྲོད་དང་བདེ་བའི་རང་བཞིན་ཀུན། །སྟེང་འོག་རླུང་གིས་ཅིག་བྱ། །ཅེས་གསུངས་པས།
དྲོད་འདོད་ན་སྟེང་རླུང་མནན་ཅིང་བསྒོམ། བདེ་བ་འདོད་ན་འོག་རླུང་འཐེན་ཅིང་། བསྒོམ་གསུངས། དེ་ནས་ལུས་སྐྱིལ་ཀྱང་བཅའ། གླིང་བཞི་བསྡུ། རྒྱ་མཚོ་རི་རབ་སྦྱར། ནོར་བུའི་རྩེ་མོར་ཧྲཱིཿདམར་པོ་མགོ་ཕྱིར་ཉུག་གེ་བསམ། ངག་ཏུ་ཧྲཱིཿཞེས་བརྗོད་ཅིང་འོག་རླུང་དྲག་ཏུ་འཐེན་པས། ཧྲཱིས་ནོར་བུ་རྒྱུ་མ་ལོག་པ་ལྟར་སོང་སྟེ། གསང་གནས་ནས་ཐིག་ལེ་བདེ་བ་དང་བཅས་པ། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་། སྤྱི་བོའི་རྩ་འདབ་ཐམས་ཅད་སྐྱ་ཆིལ་གྱིས་གང་བར་བསམ་མོ། །འདི་ལ་གནད་དུ་བསྣུན་པས། སྦབ་སྦུབས་སུ་ནུབ་པར་འགྱུར་རོ།།
༈ བཅོམ་ལྡན་བདེ་ཆེན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།
བདེ་ཆེན་ལོངས་སྐུ་སྒྲུབ་པའི་ཐབས། ཌཱ་ཀའི་སྲོག་སྙིང་བསྒྲུབ་པ་འདི། །བླ་མའི་གསུང་ལས་ལྷག་ཆད་མེད་པ་རུ། འཆི་མེད་༼འཆི་རྟགས་བྱུང་ན།༽ཚེ་སྒྲུབ་བསྟན་པར་བྱ། བླ་མ་ལ་གུས་སྙིང་རྗེ་དང་ལྡན་པས། །པདྨའི་རིགས་ལས་བྱུང་བའི་ཡུམ། །༼ཁ་དོག༽དཀར་དམར་ལུས་ཤན་བོང་དང་སྙོམས་པ། །རྐང་མགོ་ལག་མགོ་ཆུང་ཞིང་མཐིལ་དམར་བ། །ཐེག་ཆེན། ཆོས་མོས་རྣལ་འབྱོར་པ་ལ་དང་། །བཅུ་དྲུག་ལ་སོགས་ན་ཚོད་གཞོན་པ་ལ། ཕྱི་ནང་ཆོས་བཤད་རང་གི་དབང་བསྐུར་ཏེ། །དཔའ་བོ་མཁའ་འགྲོའི་མངོན་པར་རྟོགས་པ་བསྒོམ། །ཧྲཱིཿབྷྲུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་བསྙེན་པ་བྱ། །དེ་ནས་ཡབ་ཀྱི་སྤྱི་བོར་ཨཱཿ མགྲིན་པར་ཧྲཱིཿ སྙིང་ཁར་བྷྲུྃ་བསམ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚེའི་རང་བཞིན་ཡུམ་ལ་བསྡུ། ཡུམ་གྱི་བདེ་བ་ཚེའི་རང་བཞིན་དེ་ཡབ་ཀྱི་ནོར་བུའི་ཧཱུྃ་དང་རླུང་གིས་བསྡུ་བར་བྱའོ། །དེ་ལྟ་བུའི་མཚན་ལྡན་མ་རྙེད་ན་འོད་རིག་ལ་སྦྱར་བར་བྱའོ།
།དེ་ལྟ་བུའི་གདམས་པ་འདི། །ཇོ་བོ་ནཱ་རོ་པས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། །དེས་ཁྱུང་པོ་རྣལ་འབྱོར། རཏྣ་བྷིརྱ་ལ་སོགས་བདུན། སྐུ་ཞང་པ། བརྩོན་འགྲུས་བསམ་གཏན། ཤཱི་ལ་ནཱ་ཐ། །རྩ་བའི་བླ་མ་དེས་བདག་ལའོ། །ཤུ་བྷཾ།། །