Difference between revisions of "'khrul 'khor rnams kyi 'grol"

From Shangpa Resource Center

(34 intermediate revisions by the same user not shown)
Line 5: Line 5:

|Subject=Immortality

|Subject=Immortality

|SubTopics=Yantra

|SubTopics=Yantra
|BDRC link=[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p. 51)]

|Author=Namkha Peljor

|BDRC link=[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p.51)]

|Notes=Commentary of the first root verses of [['chi med kyi 'khrul 'khor sum bcu pa bcu gsum pa brgyad pa rnams]] and more. Linked to [[thabs lam 'khrul 'khor dang 'chi med 'khrul 'khor]] and [[ni gu chos drug gi 'khrul 'khor rtsa tshig bde chen 'dod 'jo]]

To input
ན་མོ་གུ་རུ།
བདེ་ཆེན་རྒྱལ་པོ་མཆོག་གི་སྐུ། ཟག་མེད་བདེ་རྒྱས་ལོངས་སྤྱོད་རྫོགས། གང་འདུལ་ཐབས་ཀྱི་འགྲོ་བ་འདྲོན། བླ་མ་ཡི་དམ་ཚོགས་ལ་འདུད།
དང་པོ་མཉམ་བཞག་རོས་བསྟོད་བདུན་བདུན་བཅུ། ཅེས་པ་ནི། ་་་
གཉིས་པ་གྱེན་ལ་འཐེན་ཅིང་པ་ལ་ལན་བདུན་གདབ། ཅེས་པ་ནི། ་་་
གསུམ་པ་གྱེན་ལ་འཐེན་ཅིང་རྟིང་པ་ས་ལ་ལན་གསུམ་གདབ་པ་ནི། ་་་
བཞི་པ་རྒོད་ཀྱི་ལྡིང་ཐབས་བྱ་ཞིང་། ཅེས་པ་ནི། ་་་
ལྔ་པ་བརྟན་ལ་འདུག་ལ་ ཅེས་པ་ནི། ་་་
།དྲུག་པ་རྣམ་སྣང་ཆོས་བདུན། ཅེས་པ་ནི། ་་་
།བདུན་པ་ཁུ་ཚུར་སྙིང་གར་བསྣོལ་བ་ནི། ་་་
།བརྒྱད་པ་དྲག་དུ་སྤྲུག་པ་ནི། ་་་
།དགུ་པ་མགོ་བསྐོད་ ཅེས་པ་ནི། ་་་
།བཅུ་པ་ལག་སོར་སྙིང་གར་བསྣོལ་ ཅེས་པ་ནི། ་་་
།བཅུ་གཅིག་མདའ་འཕེན་ ཅེས་པ་ནི། ་་་
།བཅུ་གཉིས་པ་ལག་པ་ས་ནོན་ ཅེས་པ་ནི། ་་་
།བཅུ་གསུམ་པ་རྐང་པ་སྤྲུག་ ཅེས་པ་ནི། ་་་
།བཅུ་གསུམ་པའི་འགྲོལ་ནི།
དང་པོ་རྣམ་སྣང་ཆོས་བདུན། ཅེས་པ་ནི། ་་་
།གཉིས་པ་གྱེན་ལ་འཐེན་ཞིང་ ཅེས་པ་ནི། ་་་
གསུམ་པ་རག་ཤ་སྲིན་པོ་ ཅེས་པ་ནི། ་་་
བཞི་པ་གཡང་མོའི་སྤྲུགས་ཀྱི་ ཅེས་པ་ནི། ་་་
ལྔ་པ་བཤང་ལམ་གྱེན་འདྲེན་ ཅེས་པ་ནི། ་་་
དྲུག་པ་གླང་ཆེན་སྣའི་ ཅེས་པ་ནི། ་་་
བདུན་པ་ཁུ་ཚུར་ ཅེས་པ་ནི། ་་་
བརྒྱད་པ་སྟག་མོའི་སྐྱུགས་ཀྱིས་ ཅེས་པ་ནི། ་་་
དགུ་པ་ཁུ་ཚུར་ཧི་་་་ང་གིས་འདྲེན་ ཅེས་པ་ནི། ་་་
བཅུ་པ་མཉམ་བཞག་ ཅེས་པ་ནི། ་་་
།བཅུ་གཅིག་སྟེང་འོག་བར་གསུམ་ ཅེས་པ་ནི། ་་་
།བཅུ་གཉིས་ཕག་མོའི་ ཅེས་པ་ནི། ་་་
།བཅུ་གསུམ་ལག་པ་རྒྱབ་བསྣོལ་ ཅེས་པ་ནི། ་་་
།བཅུ་བཞི་དཔུས་སྲང་ ཅེས་པ་ནི། ་་་
བཅོ་ལྔ་ཤ་ཕོ་ཏུ་་་་་ ཅེས་པ་ནི། ་་་
བཅུ་དྲུག་ལག་པ་ཕྱིར་ཀློག་ ཅེས་པ་ནི། ་་་
བཅུ་བདུན་རྡོ་རྗེ་དཀྱིལ་ཀྲུངས་ ཅེས་པ་ནི། ་་་
བཅོ་བརྦྱད་རྡོ་རྗེ་དཀྱིལ་ཀྲུངས་པ་ལ་ཕབ ཅེས་པ་ནི། ་་་
བཅུ་དགུ་རུས་སྦལ་གཟུགས་ཀྱི་ ཅེས་པ་ནི། ་་་

ན་མོ་གུ་རུ།
བདེ་ཆེན་རྒྱལ་པོ་མཆོག་གི་སྐུ། །ཟག་མེད་བདེ་རྒྱས་ལོངས་སྤྱོད་རྫོགས། །གང་འདུལ་ཐབས་ཀྱི་འགྲོ་བ་འདྲོན། །བླ་མ་ཡི་དམ་ཚོགས་ལ་འདུད།
དང་པོ་མཉམ་བཞག་རོས་བསྟོད་བདུན་བདུན་བཅུ། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་མཉམ་བཞག་ལ། དཔུང་པ་གཡས་ཕྱི་ཏུ་བདུན་བསྐོར་ཞིང་ནང་དུ་ཡང་བདུན་བསྐོར། དེ་ནི་དུ་གཡོན་ལའང་བྱ་ཞིང། སྙམ་དུ་ཡང་ཕྱི་ནང་བདུན་བདུན་སྐོར་རོ།
།གཉིས་པ་གྱེན་ལ་འཐེན་ཅིང་པ་ལ་ལན་བདུན་གདབ། ཅེས་པ་ནི། ལུས་དཀྱིལ་ཀྲུངས་ལ་ལག་པ་བཞག་ཤ་ལ་བདབ་ཅིང་ཁུ་ཚུར་སྟེང་དུ་སྒྲེང་བ་དང་། འཕོངས་ཀྱང་ཡར་འདེགས། ལག་པ་གཡས་གཡོན་དུ་འབེབས་པ་དང་འཕོངས་ཀྱང་སྡེབས་པ་བདུན་བྱ།
གསུམ་པ་གྱེན་ལ་འཐེན་ཅིང་རྟིང་པ་ས་ལ་ལན་གསུམ་གདབ་པ་ནི། ལུས་པོ་སིར་ལངས་ལ་ལག་གཉིས་བཞག་ཤ་ནས་དྲངས་ལ་ཁུ་ཚུར་གྱེན་དུ་སྒྲེང་བ་དང་རྟིང་པ་འདེགས། ཁུ་ཚུར་དཔུང་མགོར་རྡེག་ཅིང་མར་སྐྱོང་བ་དང་རྟིང་པ་མར་འབེབས། དེ་འདྲ་བ་ཐེངས་གསུམ་བྱ།
བཞི་པ་རྒོད་ཀྱི་ལྡིང་ཐབས་བྱ་ཞིང་། ཅེས་པ་ནི། ལུས་གནད་ལངས་ལ་སྒྱིད་པ་གཉིས་ལྡེམ་བྱ་ཞིང་། ལག་གཉིས་སྐྱེད་པ་ལ་འཇུས་ལ། རོ་སྟོད་གཡས་གཡོན་དུ་བསྐོར་བ་དང་མདུན་དུ་སྦན་འཕྱོང་བ་དང་སི་ལི་ལི་སྤྲུག་པ་ཐེངས་གསུམ་བྱ།
ལྔ་པ་བཏན་ལ་འདུག་ལ། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ་ལག་གཉིས་མདུན་དུ་རྐྱང་ལ། ལྟ་བུ་སྟེངས་སུ་ཐེངས་གསུམ་རྡེག་ཅིང་ལག་པ་གཡས་ལ་གཡོན་གྱིས་བསྐོར་ཞིང་ཐེངས་གསུམ་བཤུད། དེ་བཞིན་དུ་གཡོན་པ་ལའང་བྱ་ཞིང་། མགོ་དང་བྱད་དམུར་ཞིང་རོ་སྟོད་ཕྱི་ནང་བཤུད། རྐང་པ་གཡས་གཡོན་ཀྱང་བཤུད་དོ།
།དྲུག་པ་རྣམ་སྣང་ཆོས་བདུན། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་མཉམ་བཞག་ལ། རླུང་ཁ་སྦྱོར་དུ་བུམ་པ་ཅན་གཅིག་སྒོམ་པ་ཡིན།
།བདུན་པ་ཁུ་ཚུར་སྙིང་གར་བསྣོལ་བ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་རྒྱངས་ལ་མདུན་དུ་བསྟུད་པ་དང་ཧཱུྃ་ཞེས་རླུང་དབྱུང་བ་དང་། ལག་པ་སྙིང་ཁར་བསྣོལ་ལ་འདྲེན་པ་བདུན་བྱ།
།བརྒྱད་པ་དྲག་ཏུ་སྤྲུག་པ་ནི། ལུས་གནད་གོང་བཞིན་ལ་རླུང་བཟུང་ལ་འབུད་པ་དང་ལག་གཉིས་མགོ་ལ་བསྐོར་ཞིང་སྡེབས་པ་དང་སྤྲུག་པ་ཐེངས་གསུམ་བྱ།
།དགུ་པ་མགོ་བསྐོར། ཅེས་པ་ནི། ལུས་གནད་གོང་བཞིན་ལ། ལག་གཉིས་ཁུ་ཚུར་དཔུས་སྟེང་བཞག་ལ། མགོ་གཡས་གཡོན་དུ་གསུམ་གསུམ་བསྐོར་ཞིང་གཡས་གཡོན་མདུན་རྒྱབ་དུ་ཡང་ཕར་ལིང་ཚུར་ལིང་གསུམ་གསུམ་བྱ།
།བཅུ་པ་ལག་སོར་སྙིང་ཁར་བསྣོལ། ཅེས་པ་ནི། ལུས་གནད་གོང་བཞིན་ལ། ལག་གཉིས་སོར་མོ་སྙིང་ཁར་བསྣོལ་ལ་གཡས་པས་གཡོན་པའི་སོར་མོ་རེ་མོས་འཐེན་ཞིང་བཞག་ཤ་སྡེབས། གཡོན་པས་ཀྱང་གཡས་ལ་དེ་བཞིན་བྱའོ།
།བཅུ་གཅིག་མདའ་འཕེན། ཅེས་པ་ནི། ལུས་གནད་གོང་བཞིན་ལ། ལག་གཉིས་རྒྱངས་ལ་གཡོན་དྲང་པོར་བསྡད་ལ་གཡས་མད་འཐེན་པའི་ཚུལ་གྱིས་དྲངས་ལ་བཞག་ཤ་སྡེབས། ཡང་གཡས་བསྡད་ལ་གཡོན་མདའ་འཐེན་པའི་ཚུལ་བྱ་ཞིང་ཐེངས་གསུམ་རེ་མོས་བྱ་མཐར་སྤྲུག་ཅིང་སྡེབས་པའོ།
།བཅུ་གཉིས་པ་ལག་པ་ས་ནོན། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་པ་ས་ནོན་སྐྱེད་པ་གཡས་གཡོན་དུ་གསུམ་གསུམ་བསྐོར་ལ། མགོ་བོ་མདུན་དུ་སྙེང་བྱེད་པ་དང་འཕོངས་པ་ལ་སྡེབས་པ་ཐེངས་གསུམ་བྱ།
།བཅུ་གསུམ་པ་རྐང་པ་སྤྲུག །ཅེས་པ་ནི། ལུས་གནད་སིར་ལངས་ལ། ལག་གཉིས་སྐྱེད་པ་ལ་འཇུས། རྐང་པ་གཡས་མདུན་དུ་གསུམ་འཕངས། དེ་བཞིན་དུ་གཡས་དང་རྒྱབ་དང་། གཡོན་དུའང་འཕང་། རྐང་པ་གཡོན་ལའང་ཤེས་པར་བྱའོ།

།བཅུ་གསུམ་པའི་འགྲོལ་ནི།
དང་པོ་རྣམ་སྣང་ཆོས་བདུན། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལག་གཉིས་མཉམ་བཞག་ལ་རང་ལུགས་སུ་འཇོག་པའོ།
།གཉིས་པ་གྱེན་ལ་འཐེན་ཞིང་། ཅེས་པ་ནི། ལུས་གནད་གོང་བཞིན་ལ། ཁུ་ཚུར་གནམ་དུ་སྒྲེང་བ་དང་འཕོངས་འདེགས། མར་འབེབས་དུས་སྤྲུག་ཐེངས་གསུམ་བྱ།
གསུམ་པ་རག་ཤ་སྲིན་པོ། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་བར་ལྷུ་གཡས་གཡོན་ལ་འཇུས་ཤིང་དཔྲལ་བར་སྦྱར་ལ་ས་འཚེས་ནས་དྲངས་ལ། སྐྱེད་པ་སིར་འགྲོངས་པ་དང་། གཡས་གཡོན་དུ་བཅུ་བཅུ་བྱ་ཤིང་འཐེན། དེ་འདྲ་བ་གསུམ་བྱ།
བཞི་པ་གཡང་མོའི་སྤྲུགས་ཀྱི། ཅེས་པ་ནི། ལུས་གནད་སུག་བཞི་པ་ལ་བཙུགས་ལ། སྐྱེད་པ་ལྡེམ་བྱ་ཞིང་། རོས་བསྟོད་གཡས་བཅག་གཡོན་བཅག་ལ་སི་ལི་ལི་སྤྲུག །ཡང་གཡོན་བཅག་གཡས་བཅག་སི་ལི་ལི་སྤྲུག །དབུས་དང་གསུམ་བྱ།
ལྔ་པ་བཤང་ལམ་གྱེན་འདྲེན། ཅེས་པ་ནི། ལུས་སིར་ལངས་ལ། ལག་གཉིས་རྐང་པའི་མདུན་ནས་བསྐོར་ལ། མཐེ་བོང་གཉིས་ནས་བཟུང་ལ་ཡར་འཐེན་རྟིང་པ་མར་མནན་མགོ་བོ་དགུར་ལ་ཐེངས་གསུམ་འཐེན།
དྲུག་པ་གླང་ཆེན་སྣའི། ཅེས་པ་ནི། ལུས་སིར་ལངས་ལ་རྐང་པ་གཡོན་གྱི་སྟེང་དུ་གཡས་ཀྱི་བྲང་བ་མནན་ལ། ལག་པ་གཉིས་བསྣོལ་ལ་རྐང་པའི་མཐེ་བོང་གཉིས་ནས་བཟུང་ལ་གླང་ཆེན་གྱི་སྣ་ལྟར་དགུག་ཅིང་འཐེན་པར་བྱའོ།
།བདུན་པ་ཁུ་ཚུར། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ཁུ་ཚུར་གཉིས་བཞག་ཤའི་སྟེང་དུ་རེ་མོས་རྡེག་པ་ཡིན་ནོ།
།བརྒྱད་པ་སྟག་མོའི་སྐྱུགས་ཀྱིས། ཅེས་པ་ནི། ལུས་དགུར་ལ་རྐང་གཉིས་བར་དུ་འཁྱིད་གང་། ལག་གཉིས་སོར་མོ་ཕྱིར་སྟན་ལ། ངག་ཏུ་ཧ་ཞེས་བརྗོད་པ་དང་སུག་བཞི་སྲང་ལ་འདྲེན། མར་འབེབས་རྩ་ན་རླུང་མནན། ཐེངས་གསུམ་བྱ།
དགུ་པ་ཁུ་ཚུར་ཧིང་གིས་འདྲེན། ཅེས་པ་ནི། ལུས་གནད་དཔུས་བཙུགས་ལ། ལག་གཉིས་མདུན་ནས་སྙིང་ཁར་བསྣོལ་ཡོང་བ་དང་། ངག་ཏུ་ཧིང་ཞེས་རླུང་ཕྱིར་སྟོན་ལ་དྲག་ཏུ་འདྲེན་པ་ཐེངས་གསུམ་བྱ།
བཅུ་པ་མཉམ་བཞག །ཅེས་པ་ནི། ལུས་གནད་མཉམ་བཞག་ལ་རླུང་བུམ་ཅན་བཟུང་ལ་གནས་ལུགས་ངང་ལ་འཇོག་པའོ།
།བཅུ་གཅིག་སྟེང་འོག་བར་གསུམ། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ཁུ་ཚུར་གཉིས་དཔུས་སྟེངས་བཞག །རླུང་སྟེང་དུ་ཤེད་སྐྱེད་ལ་འཐེན། སྨད་དུ་ཤེད་སྐྱེད་ལ་འཕུལ། བར་དུ་རླུང་གཉིས་ཁ་སྦྱར་ལ་བགང་ངོ་།
།བཅུ་གཉིས་ཕག་མོའི། ཅེས་པ་ནི། ལུས་སིར་ལངས་ལ་རྐང་པ་གཡས་གཡོན་པའི་བརླ་ལ་རྟེན་ལ། ལག་གཡོན་ལྟ་བུ་ཁར་ཀ་པ་ལ་འཛིན་པའི་ཕྱག་རྒྱ་བྱ་ཞིང་། ལག་གཡས་གཡོན་པའི་དཔུང་སྟེངས་སུ་ཡོངས་ལ་ཐེངས་གསུམ་སྤྲུག །དེ་བཞིན་གཡོན་ལའང་བྱ་ཞིང་། ཡང་ལག་གཉིས་སྐྱེད་པ་ལ་འཇུས་ལ་རྐང་པ་གཡས་གསུམ་སྤྲུག །གཡོན་ལའང་དེ་བཞིན་ནོ།
།བཅུ་གསུམ་ལག་པ་རྒྱབ་བསྣོལ། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་རྒྱབ་དུ་བསྣོལ་ལ། རླུང་སྟེང་འོག་གཉིས་ཀ་སྟེང་དུ་བགང་འདྲེན་ཐེངས་གསུམ་གསུམ་བྱའོ།
།བཅུ་བཞི་དཔུས་སྲང་། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་སོར་གསུམ་གྱེན་དུ་སྒྲེང་བ་དང་འཕོངས་བཏེག་ལ་དཔུས་མོ་བཙུགས། ལག་པ་འབེབས་དུས་འཕོངས་སྡེབས་དེ་འདྲ་བ་ཐེངས་གསུམ་བྱ།
བཅོ་ལྔ་ཤ་ཕོ་ཏུ་རྒྱང་། ཅེས་པ་ནི། ལུས་སིར་ལངས་ལ་ལག་གཉིས་སྙིང་ཁར་བསྣོལ་ལ། དེ་ནས་རྐང་ལག་བཞི་ཀ་རྒྱངས་ལ་ལག་གཉིས་བཅུ་བཅུ་བྱ། ཡང་མདུན་དུ་བསྡུ། ཡང་རྒྱངས་འཕྱོངས་ལ་སྒྲད་ཐེངས་གསུམ་བྱ།
བཅུ་དྲུག་ལག་པ་ཕྱིར་ཀློག །ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་པའི་སོར་མོ་རྣམས་བསྣོལ་ལ་བྲང་ལ་ཆེར་སྦྱར་ལ་ཕྱིར་སྐན་ལ་ཕུལ། ཡང་ཚུར་ཡོངས་ལ་སྡམས་ལ་འཕུལ་རེ་མོས་སུ་གསུམ་བྱ།
བཅུ་བདུན་རྡོ་རྗེ་དཀྱིལ་ཀྲུངས། ཅེས་པ་ནི། ལག་གཉིས་མགོ་དང་གསུམ་པ་ལ་བཙུགས་ལ། རྡོ་རྗེ་དཀྱིལ་ཀྲུངས་བར་སྣང་དུ་བྱས་ཤིང་རླུང་ཁ་སྦྱར་དུ་བཟུང་།
བཅོ་བརྒྱད་རྡོ་རྗེ་དཀྱིལ་ཀྲུངས་པ་ལ་ཕབ། ཅེས་པ་ནི། ལུས་རྡོ་རྗེ་དཀྱིལ་ཀྲུངས་ལ། ལག་གཉིས་ཁུ་ཚུར་སྤྱི་གཡས་གཡོན་དུ་བཙུགས་ལ་ཐེངས་གསུམ་སྡེབས་པ་ཡིན།
བཅུ་དགུ་རུས་སྦལ་གཟུགས་ཀྱི། ཅེས་པ་ནི། ལུས་གནད་ཁ་བུབ་ལ། ངར་བཞི་པ་ལ་ཕབ་ནས་གྲུ་མོ་གཉིས་དཔུས་མོ་ལ་རྟེན། ངག་ཏུ་ཧཱུྃ་ཞེས་སྟོང་འདྲེན་ཐེངས་གསུམ་བྱ།
ཉི་ཤུ་ཕྱོགས་འཚམས་ཀུན་དུ་འཕྲ། ཅེས་པ་ནི། ལངས་ལ་ལག་གཉིས་སྐྱེད་ལ་འཇུས་ལ། རྐང་པ་མདུན་དུ་གསུམ་འཕྲ། དེ་བཞིན་དུ་གཡས་དང་རྒྱབ་དང་གཡོན་དུ་ཡང་གསུམ་སྤྲུག་གོ །རྐང་པ་གཡོན་ལ་ཡང་དེ་བཞིན་བྱའོ།

།ཡན་ལག་གི་འཁྲུལ་འཁོར་ལ། ཧ་འདོན་ལག་གཉིས་བསྣོལ་ལ། ཅེས་པ་ནི། ལུས་སིར་ལངས་ལ་ལག་གཉིས་སྙིང་ཁར་བསྣོལ་ཞིང་ཧ་ཞེས་བརྗོད་པ་དང་འཕར་ཞིང་ལག་པ་འདོམས་ལ་འབྱལ་ཞིང་མདུན་དུ་བསྡུས་པ་ཐེངས་གསུམ་བྱ།
མགོ་དང་མིག་སོགས། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་ཁུ་ཚུར་དཔུས་མགོར་མནན་ལ། མགོ་གཡས་སུ་ལན་གསུམ་བསྐོར་གཡོན་དུ་ཡང་ལན་གསུམ་བསྐོར། མིག་ཀྱང་གཡས་སུ་ལན་གསུམ་བསྐོར། གཡོན་དུ་ཡང་ལན་གསུམ་བསྐོར་རོ།
།སྟེང་དང་འོག་ཏུ་རྐང་ལག་རེ་མོས་སྤྲུག །ཅེས་པ་ནི། ལུས་གནད་སིར་ལངས་ལ་ལག་གཉིས་གནམ་དུ་སིར་ཀྱང་ལ་མར་དཔུང་སྟེང་དུ་རྡེག །ཡང་ཀྱང་བ་དང་རྡེག་པ་ཐེངས་གསུམ་བྱས་རྗེས་འཐུར་དུ་ཡང་ཐེབས་གསུམ་སྐྱོང་། ལག་གཉིས་སྐྱེར་པ་ལ་འཇུས་ལ་རྐང་པ་གཡས་ལན་གསུམ་རྐྱང་ཞིང་སྤྲུག །གཡོན་ལའང་དེ་བཞིན་བྱའོ།
།གཡས་དང་གཡོན་དུ་ཕོ་བ་རིམས་ཀྱི་བསྐོར། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་དཔུས་མོ་མནན། འཕོ་བ་གཡས་སུ་ཐེངས་གསུམ་སྐོར། གཡོན་དུ་འང་དེ་བཞིན་བསྐོར་བར་བྱའོ།
།མདུན་དང་རྒྱབ་དུ་ཁུ་ཚུར་རེ་མོས་རྡེག །ཅེས་པ་ནི། ལུས་གནད་གོང་བཞིན་ལ། ཕོ་བའི་སྟེང་དུ་ཁུ་ཚུར་སྣོལ་རྡེག་ཏུ་གསུམ་གསུམ་རྒྱབ། རྒྱབ་དུ་ཡང་གཡས་རྡེག་དུས་གཡོན་མདུན་དུ་སྐྱོང་། གཡོན་རྡེག་དུས་གཡས་མདུན་དུ་འོང་ཞིང་རེ་མོས་སུ་གསུམ་གསུམ་རྡེག་གོ
།ཡན་ལག་ལྔ་སྦྱོངས་ནི། བཅུ་གསུམ་པའི་ལྔ་པ་དང་འདྲའོ།

།ཟས་སུ་ཟ་བའི་འཁྲུལ་འཁོར་ནི། རླུང་ཁ་སྦྱར། ལུས་གནད་དཀྱིལ་ཀྲུངས་ཁུ་ཚུར་དཔུས་མནན་ལ། རླུང་ཁ་སྦྱོར་དུ་འཐེན་ཞིང་འོག་ཏུ་མནོན་པ་ཐེངས་གསུམ་བྱ།
གོས་སུ་གོན་པའི་འཁྲུལ་འཁོར་ནི། ཡན་ལག་ལྔ་སྦྱོངས་དང་འདྲ།
གདན་དུ་བཏིང་བའི་འཁྲུལ་འཁོར་ནི། ལུས་གནད་གོང་བཞིན་ལ། རླུང་སྟེང་འོག་ཁ་སྦྱར་ལ་ལྟོ་བའི་ཐད་དུ་ཤེད་སྐྱེད་ལ་འཕུལ།
སྐོམ་དུ་མཐུང་བའི་འཁྲུལ་འཁོར། ཅེས་པ་ནི། ལུས་གནད་གོང་བཞིན་གྱི་སྟེངས་ནས་རླུང་མ་ཚོར་བར་འབུད་ཅིང་། མ་ཚོར་བར་་རྔུབས་ལ་བུམ་ཅན་གཅིག་འཛིན།
བདེ་དྲོད་སྐྱེད་པའི་འཁྲུལ་འཁོར་ནི། ལུས་དཀྱིལ་ཀྲུངས་མཉམ་བཞག་ལ། རླུང་ཁ་སྦྱོར་དུ་བཟུང་ལ་གནས་ལུགས་ངང་དུ་བཞོག་པའོ།
།སྲིད་པའི་དབང་བཞི་སྟན་པ་ནི། ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་ཀྱི་གུང་མོ་གཉིས་རྐྱང་ལ་བཞན་རྣམས་སྡམས་པ་མདུན་དུ་རྐྱང་ལ་བཅུ་བྱ་ཞིང་དཔྲལ་བར་རེག །ཡང་མདུན་དུ་རྐྱང་ལ་བཅུ་བཅུ་བྱ་ཞིང་མགྲེན་པར་རེག །ཡང་མདུན་དུ་སྔར་བཞིན་བྱས་ལ་སྙིང་ཁར་རེག
གེགས་སྐྱོན་རང་གྲོལ། ཅེས་པ་ནི། ལུས་གནད་རྡོ་རྗེ་དཀྱིལ་ཀྲུངས་ལ། ཁུ་ཚུར་གཉིས་སྤྱི་མགོ་གཡས་གཡོན་དུ་བཙུགས་ལ། ལན་གསུམ་འདེགས་ཤིང་འབེབས།
རླུང་གནད་རྟར་ཞོན། ཅེས་པ་ནི། ལུས་གནད་སིར་ལངས་ལ་ལག་གཉིས་སྐྱེད་པ་ལ་འཇུས་ཞིང་། རྐང་པ་གཡས་ཀྱི་གཡོན་གྱི་དཔུས་མོ་མན་ཐེངས་གསུམ་བཤུད། གཡོན་གྱི་ཡང་གཡས་ལ་དེ་བཞིན་བྱའོ།

།རི་བོང་དབབ་བཟུང་ཟློག་སྒྲམ་རླུང་དང་བསྲེ་ཅེས་པའི་འཁྲུལ་འཁོར་ལ།
དང་པོ་ཡན་ལག་ལྔ་སྦྱོངས་ནི་བཅུ་གསུམ་པའི་ལྔ་པ་དང་འདྲ།
རྡོ་རྗེ་དཀྱིལ་ཀྲུངས་ལན་གསུམ་སྡིག །ཅེས་པ་ནི། ལུས་གནད་རྡོ་རྗེ་དཀྱིལ་ཀྲུངས་ལ། ལག་པ་གཉིས་སྤྱི་མགོ་གཡས་གཡོན་དུ་བཙུགས་ལ། རླུང་ཁ་སྦྱོར་དུ་བཟུང་ལ་ཡར་འདེགས་ཤིང་མར་ལ་ཐེངས་གསུམ་སྡེབས།
རྡོ་རྗེ་ཁུ་ཚུར་འཐུར་དུ་མནོན། ཅེས་པ་ནི། ལུས་གནད་གོང་དང་འདྲ་བ་ལ། ལག་པའི་ཁུ་ཚུར་གཉིས་རྐང་པའི་མཐིལ་གཉིས་ལ་མནན་ལ་ལག་གཉིས་སྲང་། རླུང་ཁ་སྦྱོར་དུ་འཛིན་པའོ།
།བྱ་ཉེང་བྱ་ཞིང་ལན་གསུམ་སྡིག །ཅེས་པ་ནི། ལུས་གནད་དཀྱིལ་ཀྲུངས་ལ། ལག་གཉིས་ཁུ་ཚུར་དཔུས་མགོ་མནན་ལ། སྐྱེད་མདུན་དུ་སྙང་བྱེད་པ་དང་འཕོངས་བཏེག་ལ་སྡེབས་ཏེ། དེ་འདྲ་བ་ཐེངས་གསུམ་བྱ། རླུང་གནད་གོང་དང་འདྲ།
བཟུང་བའི་འཁྲུལ་འཁོར་རྣམ་གཉིས་ལ།
དང་པོ་ལུས་གནད་དཀྱིལ་ཀྲུངས་མཉམ་བཞག་ལ། མགོ་དང་རོས་བསྟོད་གཡས་གཡོན་དུ་བཅུ་བཅུ་བྱ་ཞིང་། མདུན་རླུང་སྤུ་དཀར་ནག་ཏུ་ཤེད་སྐྱེད་ལ་མནན། རྒྱབ་རླུང་འཐེན།
གཉིས་པ་ནི་ལུས་གནད་དཀྱིལ་ཀྲུངས་པ་མནོན་ལ་བཞན་གོང་དང་འདྲའོ།
།བཟློག་པའི་འཁྲུལ་འཁོར་རྣམ་གསུམ་ལ།
ཧཱུྃ་རིང་ཧཱུྃ་ཐུང་རེ་མོས་བྱ། ཅེས་པ་ནི། ལུས་གནད་རུས་སྦལ་ཁ་བུབ་ལ། ངག་ཏུ་ཧཱུྃ་ཞེས་རླུང་ཕྱིར་རྫོགས་པ་དང་། དྲག་ཏུ་དྲངས་ལ་མི་ཐུབ་པ་དང་རླུང་རྔུབས་ལ་བག་འདྲེན་བྱེད། དེ་ལྟར་སྤེལ་མ་རུ་ཐེངས་གསུམ་གསུམ་བྱའོ།
།བཤང་ལམ་གྱེན་ལོག །ཅེས་པ་ནི། ལུས་གནད་གོང་བཞིན་ལ། རླུང་སྟེང་འོག་གཉིས་ཀ་འདྲེན་པ་ཡིན།
སྒྲམ་པའི་འཁྲུལ་འཁོར་རྣམ་གསུམ་ལ།
དང་པོ་གཅན་ཟན་སྤྲུག །ཅེས་པ་ནི། ལུས་གནད་སུག་བཞི་པ་ལ་བཙུགས་ཤིང་སྐྱེད་པ་ལྡེམ་བྱས་ལ། མགོ་དང་འཇིང་པ་གཡས་སུ་བཅུ་བྱས་ལ། མདུན་དུ་ཡོང་བ་དང་གཟུགས་པོ་སི་ལི་ལི་སྤྲུག་གོ །ཡང་གཡོན་དུ་བཅུ་བྱ་ཞིང་འདུན་དུ་ཡོང་བ་དང་གོང་བཞིན་སྤྲུག །དབུས་སུ་ཡང་ཤེས་པར་བྱའོ།
།གཡང་མོ་སྤྲུག་དང་། ཅེས་པ་ནི། ལུས་གོང་བཞིན་ལ། རོ་སྟོད་གཡས་བཅག་གཡོན་བཅག་སི་ལི་ལི་སྤྲུག་པར་བྱའོ། །གཡོན་ལའང་དེ་བཞིན་བྱ་ཞིང་དབུས་སུ་ཡང་བྱའོ།
།རྒོད་ཀྱི་ལྡིང་ཐབས་ནི། ལུས་སིར་ལངས་ལ་ལག་གཉིས་སྐྱེད་པ་ལ་འཇུས་ལ། རོ་སྟོད་གཡས་གཡོན་བཅུ་ཞིང་མདུན་དུ་རྒྱངས་འཕྱོགས་ལ་སྤྲུག །དེ་འདྲ་བ་ཐེངས་གསུམ་བྱའོ།
དགེའོ། བཀྲ་ཤིས་སོ།
།འཁྲུལ་འཁོར་གསལ་བྱེད་ལྡེ་མིག་འདི། །[[བྱ་བྲལ་ནམ་མཁའ་དཔལ་འབྱོར་]]གྱིས། །གཞན་ཕན་ཁོ་ནའི་སེམས་ཀྱི་བྲིས། །ནོངས་འཕྲུལ་ཉེས་པ་ཅི་འཆིས་པ། །བླ་མ་མཁའ་འགྲོས་བཟོད་པར་གསོལ།

Latest revision as of 10:19, 3 December 2021

Resource ID kinnaur6
Title 'khrul 'khor rnams kyi 'grol
Topics Immortality
Sub-Topics Yantra
Author Namkha Peljor
Link BDRC W4CZ58783 (p.51)
Notes Commentary of the first root verses of 'chi med kyi 'khrul 'khor sum bcu pa bcu gsum pa brgyad pa rnams and more. Linked to thabs lam 'khrul 'khor dang 'chi med 'khrul 'khor and ni gu chos drug gi 'khrul 'khor rtsa tshig bde chen 'dod 'jo

།འཁྲུལ་འཁོར་གསལ་བྱེད་ལྡེ་མིག་འདི། །བྱ་བྲལ་ནམ་མཁའ་དཔལ་འབྱོར་གྱིས། །གཞན་ཕན་ཁོ་ནའི་སེམས་ཀྱི་བྲིས། །ནོངས་འཕྲུལ་ཉེས་པ་ཅི་འཆིས་པ། །བླ་མ་མཁའ་འགྲོས་བཟོད་པར་གསོལ།