Difference between revisions of "Smar khrid skyer sgang pa'i lugs kyi khrid"
(5 intermediate revisions by the same user not shown) | |||
Line 5: | Line 5: | ||
|Subject=Chenrezi | |Subject=Chenrezi | ||
|SubTopics=Instructions | |SubTopics=Instructions | ||
+ | |Author=Shakya Rinchen | ||
|Associated Person=Öntön Kyergangpa | |Associated Person=Öntön Kyergangpa | ||
+ | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095157%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O4CZ3470804CZ354226%7CW8LS32723 BDRC W8LS32723] | ||

− | ༈ སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད།

སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ནི།
སྐྱབས་སེམས་སྡོན་དུ་སོང་ནས། རང་གི་སེམས་འདས་པ་དང་མ་འོངས་མཐར་མ་ལྷུང་བའི་ད་ལྟའི་ཤེས་པ་གསལ་ཙམ་ཉིད།
པད་ཟླའི་སྟེང་དུ་ཧྲཱིཿལས་ཕྱག་མཚན་ཨུཏྤ་ལ་ཧྲཱིཿས་མཚན་པ་ལས། | + | ༈ སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད།

སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ནི།
སྐྱབས་སེམས་སྡོན་དུ་སོང་ནས། རང་གི་སེམས་འདས་པ་དང་མ་འོངས་མཐར་མ་ལྷུང་བའི་ད་ལྟའི་ཤེས་པ་གསལ་ཙམ་ཉིད།
པད་ཟླའི་སྟེང་དུ་ཧྲཱིཿལས་ཕྱག་མཚན་ཨུཏྤ་ལ་ཧྲཱིཿས་མཚན་པ་ལས། རང་ཉིད་འཕགས་པའི་སྐུ་ཞལ་གཅིག་ཕྱག་བཞི་པ་སྐུ་དམོག་དཀར་ལ་དམར་བའི་མདངས་ཅན་པྱག་དང་པོ་མཉམ་སྦྱོར། གཡས་མུ་ཏིག་གི་ཕྲེང་བ། གཡོན་ཨུཏྤ་ལ་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་རལ་པའི་ཅོད་པན་ཅན། དར་ལེབ་རྒན་གྱིས་བཅིངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། སྤྱན་འདེམ་གང་ལས་མི་རིང་བ་གཟིགས་ཤིང་། ཞལ་འཛུམ་བག་དང་ལྡན་པ་བླ་མ་འོད་དཔག་མེད་དབུ་བརྒྱན་པར་གསལ་བཏབ་ནས། ཡི་གེ་དྲུག་པ་བཟླ། མཐར་ཆོས་ཉིད་དོན་གྱི་ལྷ་ཐུགས་རྗེ་ཆེན་པོའི་རང་ཞལ་གཤིས་སྐྱེ་མེད།
མདངས་སྙིང་རྗེར་ལམ་མེ་བའི་ངང་ལ་འཇོག་ཅིང་། ཟས་གོས་འདུག་པ། ཉལ་བའི་རྣལ་འབྱོར་ཐམས་ཅད་ཀྱང་འཆར་བ་ཉིད་ཡིན། བར་དོ་གཟུགས་སྒྲ་ལྷ་དང་སྔགས་སུ་ཤེས། སེམས་གཞི་མེད་རྩ་བྲལ་དུ་གོ་བའི་གདེངས་དང་ལྡན་པའི་ཉམས་ལེན་གནད་སྟོང་ཉིད་དོ། །དམར་ཁྲིད་སྐྱེར་སྒང་བཞེད་པ་ཀུན། །སྙིང་པོ་དགའ་མགུའི་བློས་སྡོམས་ནས།
གྲོལ་མཆོག་ཉམས་ལེན་ཇི་བཞིན་ཡང་། །ཡི་གེར་བཀོད་པ་འདི་ཉ་ལྡགས།
།[[Shakya Rinchen|ཆོས་སྐུ་ཤཱཀྱ་རིན་ཆེན་]]ཁྲིད་ཡིག་ལས་བཏུས་སོ།། །། |
Latest revision as of 11:03, 28 February 2022
Resource ID | SCv7p571 |

Title | smar khrid skyer sgang pa'i lugs kyi khrid |
Topics | Chenrezi |
Sub-Topics | Instructions |
Author | Shakya Rinchen |
Associated Person | Öntön Kyergangpa |
Link | BDRC W23922 BDRC W8LS32723 |
༈ སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད།
སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ནི།
སྐྱབས་སེམས་སྡོན་དུ་སོང་ནས། རང་གི་སེམས་འདས་པ་དང་མ་འོངས་མཐར་མ་ལྷུང་བའི་ད་ལྟའི་ཤེས་པ་གསལ་ཙམ་ཉིད།
པད་ཟླའི་སྟེང་དུ་ཧྲཱིཿལས་ཕྱག་མཚན་ཨུཏྤ་ལ་ཧྲཱིཿས་མཚན་པ་ལས། རང་ཉིད་འཕགས་པའི་སྐུ་ཞལ་གཅིག་ཕྱག་བཞི་པ་སྐུ་དམོག་དཀར་ལ་དམར་བའི་མདངས་ཅན་པྱག་དང་པོ་མཉམ་སྦྱོར། གཡས་མུ་ཏིག་གི་ཕྲེང་བ། གཡོན་ཨུཏྤ་ལ་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་རལ་པའི་ཅོད་པན་ཅན། དར་ལེབ་རྒན་གྱིས་བཅིངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། སྤྱན་འདེམ་གང་ལས་མི་རིང་བ་གཟིགས་ཤིང་། ཞལ་འཛུམ་བག་དང་ལྡན་པ་བླ་མ་འོད་དཔག་མེད་དབུ་བརྒྱན་པར་གསལ་བཏབ་ནས། ཡི་གེ་དྲུག་པ་བཟླ། མཐར་ཆོས་ཉིད་དོན་གྱི་ལྷ་ཐུགས་རྗེ་ཆེན་པོའི་རང་ཞལ་གཤིས་སྐྱེ་མེད།
མདངས་སྙིང་རྗེར་ལམ་མེ་བའི་ངང་ལ་འཇོག་ཅིང་། ཟས་གོས་འདུག་པ། ཉལ་བའི་རྣལ་འབྱོར་ཐམས་ཅད་ཀྱང་འཆར་བ་ཉིད་ཡིན། བར་དོ་གཟུགས་སྒྲ་ལྷ་དང་སྔགས་སུ་ཤེས། སེམས་གཞི་མེད་རྩ་བྲལ་དུ་གོ་བའི་གདེངས་དང་ལྡན་པའི་ཉམས་ལེན་གནད་སྟོང་ཉིད་དོ། །དམར་ཁྲིད་སྐྱེར་སྒང་བཞེད་པ་ཀུན། །སྙིང་པོ་དགའ་མགུའི་བློས་སྡོམས་ནས།
གྲོལ་མཆོག་ཉམས་ལེན་ཇི་བཞིན་ཡང་། །ཡི་གེར་བཀོད་པ་འདི་ཉ་ལྡགས།
།ཆོས་སྐུ་ཤཱཀྱ་རིན་ཆེན་ཁྲིད་ཡིག་ལས་བཏུས་སོ།། །།