Difference between revisions of "Rab gnas bka' rgya ma'i chog sgrigs"

From Shangpa Resource Center

(8 intermediate revisions by the same user not shown)
Line 7: Line 7:

|BDRC link=[https://library.bdrc.io/show/bdr:WA0XLC4A9EB501B46 BUDA W8LS32723]

This text needs to be re-read
༄༅། །རབ་གནས་བཀའ་རྒྱ་མའི་ཆོག་སྒྲིགས་བཞུགས་སོ།།

ཨོཾ་སྭསྟི་སིདྡྷི། རབ་གནས་བཀའ་རྒྱ་མའི་ཆོ་ག བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ།
འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ། གུ་གུལ་གྱི་བསྙེན་པ། ཡུངས་དཀར་གྱི་བསྙེན་པ། མེ་ཏོག་གི་བསྙེན་པའོ།
།དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བའི་སྒོ་ནས། རང་ཉིད་ཁྲོ་བོར་བསམས་ལ། མདུན་གྱི་ནམ་མཁར་ཡང་ཁྲོ་བོ་དཔག་ཏུ་མེད་པ་བསམས་དེ། རང་གི་ཐུགས་ཀ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ། རྗེས་སུ་ཡི་རང་བསྒོམས་པའི་བཟང་ལན་དུ་ཁྲོ་བོ་རྣམས་ཀྱི་སྟོབས་ནུས་ཐམས་ཅད་འོད་ཀྱི་རྣམ་པས་གུ་གུལ་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་སོ།
།གཉིས་པ་ནི། ཡུངས་དཀར་ཐམས་ཅད་ཁྲོ་བོ་དཔག་ཏུ་མེད་པར་བསམས་ལ། མདུན་གྱི་ནམ་མཁར་ཡང་སྔར་ལྟར་བསམ་མཆོད་པ་ཕུལ་རྗེས་སུ་ཡི་རང་གི་བཟང་ལན་དུ་ཁྲོ་བོ་དེ་རྣམས་ལས་ཁྲོ་བོ་དཔག་ཏུ་མེད་པ་ཆར་བཞིན་དི་ཧཱུྃ་ཕཊ་ཀྱི་སྒྲ་དང་བཅས་ནས་གྱོན་མདུན་གྱི་ཡུངས་དཀར་ཁྲོ་བོར་བསམས་པ་ལ་སིབ་སིབ་ཐིམ་པས་སྟོབས་ནུས་ཕུན་སུམ་ཚོགས་པར་བསམས་ཞིང་སྔགས་བཟླས་སོ།
།གསུམ་པ་ནི། རང་སྒྲོལ་མ་ལྗང་སེར་གཡས་མཆོག་སྦྱིན་གཡོན་ཨུཏྤལ་བསམས་པ་ཤིག་ཏུ་བསམས་ལ། མེ་ཏོག་ཐམས་ཅད་ལྷ་གང་ཡིན་དེར་བསྐྱེད། དེ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླས་སོ།
།གཉིས་པ་དངོས་གཞི་ལ། རྟེན་སྦྱང་བ། རྟེན་བསྐྱེད་པ། མཆོད་བསྟོད། སྤྱན་དབྱེ་བ། བརྟན་བཞུགས་བྱ་བ། མེ་ཏོག་འཐོར་བའོ།
།དང་པོ་བགེགས་སྦྱང་བ་ནི། གུ་གུལ་གྱི་དུད་པ་ཐམས་ཅད་ཁྲོ་བོ་ནུས་སྟོབས་ཕུན་སུམ་ཚོགས་པས་བགེགས་ཐམས་ཅད་ཚིག་ཅིང་བསྐྲད་པར་བསམས་ལ། ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བགེགས་ལ་བཀའ་བསྡོ་བ་ཉམས་བྱ། དེ་ནས་ཡུངས་དཀར་ལག་པས་བཟུང་ལ་ཁྲོ་བོ་བྱེ་ཕྲུག་ཆགས་པར་བཟུང་བ་ལྟ་བུ་སྤྲོས་ཏེ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དྲི་མ་སྦྱང་བ་ནི། སྐུ་དེ་མེ་ལོང་ལ་བསྟན་ལ་བུམ་པའི་ཆུས་ཁྲུས་བྱ་ཞིང་ཁྲུས་རས་ཀྱི་འཕྱི་བའོ།
།གཉིས་པ་རྟེན་བསྐྱེད་པ་ནི། ངོ་ཤེས་པ་རྣམས་རང་རང་སར་ཆོ་ག་གསུམ་གྱིས་བསྐྱེད་ལ། ངོ་མི་ཤེས་པ་རྣམས་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད། བླ་མའི་སྐུ་འདྲ་ཡིན་ན། ཐུགས་དམ་གྱི་ལྷ་གང་ཡིན་དུ་ཆོ་ག་གསུམ་གྱིས་བསྐྱེད་ལ། ཡེ་ཤེས་པ་བརྒྱ་རྩ་ལ་སོགས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབུར། རང་རང་གི་རིགས་བདག་གི་རྒྱས་གདབ་བོ།
།དྲུག་པ་མེ་ཏོག་འཐོར་བ་ནི། ནམ་ཕྱེད་ཡོལ་བའི་དུས་མིས་མ་ཚོར་བར་ལྷ་ལ་ལྷ་སིབ་སིབ་ཐིམ་པར་བསམས་ལ། ན་མོ་བུདྷ་ཡའི་གསོལ་བ་འདེབས་ཀྱིན་གཏོར། དེ་ནས་ཉི་མ་རི་རྩེ་ལ་ཤར་བའི་དུས་སུ་ཡང་མི་དང་བསྟུན་ནས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང་འཐོར་བ་ཡིན་ནོ།
།ཁྱད་པར་མགོན་པོ་འདིའི་རྟེན་བཞེངས་ལུགས་དང་། རབ་གནས་བྱེད་ལུགས་ནི། རོ་རས་ལ་རས་འདུལ་བྱས་ལ་ཉི་ཤུ་དགུའི་ཉིན་པར་མི་སོ་མ་གྲིབ་ཅན་ཙར་མི་བཞག་པར་སྐྱ་རིས་གདབ། ཁྲག་སྣ་དུག་སྣ་ལ་སོགས་པས་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དཔྲལ་བར་ན་ར་ཀྲིཾ་ཀྲིཾ་དང་རྩ་སྔགས་ཤོང་ཚིག་ལ་རང་གི་མིང་རུས་དང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཉམས་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་པ་དང་བྲི། བརླ་གཡས་པ་ལ་སྭཱ། གཡོན་པ་ལ་ཧཱ། ཕྱག་གཡོན་ལ་སྔགས་རིངས། ཞ་་་་་འོག་ཏུ་གནོད་སྦྱིན་བཞིའི་སྔགས། བི་ན་ཡ་ཀའི་རྩིབ་ལོགས་སོགས་ལ་ནོར་ལྷའི་སྔགས་བྲིའོ།
།བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གཏོར་སྒྲུབ་བྱ་ཞིང་། སྐྱ་རིས་ཀྱི་དུས་སུ་རབ་གནས་ཅིག །ཚོན་རྩི་རྫོགས་པའི་དུས་སུ་རྗེས་སུ་ཡི་རང་སིང་པ་གཅིག་འབུལ། རང་ཉིད་་་་་་་་་་་་་་་་་་་་་་་་་་གྱིས་གཟུངས་རིངས་བཟླས་པས་ནམ་མཁའ་ལས་གཟུངས་རིངས་དཔག་ཏུ་མེད་པ་བྱུང་ནས་མེ་ཏོག་ལ་ཐིམ། མེ་ཏོག་གཏོར་བ་དང་མགོན་པོ་དཔག་ཏུ་མེད་པ་བྱོན་ནས་རྟེན་ལ་ཐིམ་པར་བསམས་ལ་གསོལ་བ་གདབ་བོ།
།དེ་ནས་ནུབ་དང་པོ་ལ་མགོན་པོའི་སྐུ་མདུན་དུ་བཞག་ལ་བུལ་གྱི་་་་་་་་་པ་གདུག །ཡུངས་དཀར་གྱིས་བྲ་་་་། སྤོས་སྦྱར་མ་བསྲེག །དྲག་སྔགས་ཀྱི་བགེགས་བསྐད། ཁྲུས་གསོལ་བྱ་ཞིང་མགོན་གཏོར་བཅས་ལ་གསོལ་བ་གདབ། ནུབ་གཉིས་པ་ལ། མགོན་པོའི་མཎྜལ་བྲིས། ་་་་ན་དེ་ཆོ་ག་གསུམ་གྱིས་མགོན་པོར་བསྐྱེད་ལ། ན་མོ་བུདྷའི་གསོལ་བ་གདབ། རྩ་སྔགས་དྲག་ཏུ་བཟླས། ནུབ་གསུམ་པ་ཉི་ཤུ་དགུ་ལ་གོང་དུ་བཤད་པའི་དངོས་གཞའི་ཆོ་ག་རྣམས་ལེགས་པར་བྱའོ།
།ནུབ་གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་བསྐོར། བཀྲི་ཤིས་བརྗོད་དེ། །སློབ་དཔོན་ལ་ཡོན་དབུལ། དེ་ལྟར་ཉི་ཤུ་དགུ་ལ་རབ་གནས་ལན་གསུམ་བྱས་ན་དེ་མགོན་པོ་དངོས་དང་ཁྱད་མེད་མཆོག་དང་ཐུང་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ངོ་།
།རབ་གནས་བཀའ་རྒྱ་མའི་ཆོག་སྒྲིགས། ཨྀཐི།

༄༅། །རབ་གནས་བཀའ་རྒྱ་མའི་ཆོག་སྒྲིགས་བཞུགས་སོ།།

ཨོཾ་སྭསྟི་སིདྡྷི། རབ་གནས་བཀའ་རྒྱ་མའི་ཆོ་ག བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ།
འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ། གུ་གུལ་གྱི་བསྙེན་པ། ཡུངས་དཀར་གྱི་བསྙེན་པ། མེ་ཏོག་གི་བསྙེན་པའོ།
།དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བའི་སྒོ་ནས། རང་ཉིད་ཁྲོ་བོར་བསམས་ལ། མདུན་གྱི་ནམ་མཁར་ཡང་ཁྲོ་བོ་དཔག་ཏུ་མེད་པ་བསམས་དེ། རང་གི་ཐུགས་ཀ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ། རྗེས་སུ་ཡི་རང་བསྒོམས་པའི་བཟང་ལན་དུ་ཁྲོ་བོ་རྣམས་ཀྱི་སྟོབས་ནུས་ཐམས་ཅད་འོད་ཀྱི་རྣམ་པས་གུ་གུལ་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་སོ།
།གཉིས་པ་ནི། ཡུངས་དཀར་ཐམས་ཅད་ཁྲོ་བོ་དཔག་ཏུ་མེད་པར་བསམས་ལ། མདུན་གྱི་ནམ་མཁར་ཡང་སྔར་ལྟར་བསམ་མཆོད་པ་ཕུལ་རྗེས་སུ་ཡི་རང་གི་བཟང་ལན་དུ་ཁྲོ་བོ་དེ་རྣམས་ལས་ཁྲོ་བོ་དཔག་ཏུ་མེད་པ་ཆར་བཞིན་དི་ཧཱུྃ་ཕཊ་ཀྱི་སྒྲ་དང་བཅས་ནས་གྱོན་མདུན་གྱི་ཡུངས་དཀར་ཁྲོ་བོར་བསམས་པ་ལ་སིབ་སིབ་ཐིམ་པས་སྟོབས་ནུས་ཕུན་སུམ་ཚོགས་པར་བསམས་ཞིང་སྔགས་བཟླས་སོ།
།གསུམ་པ་ནི། རང་སྒྲོལ་མ་ལྗང་སེར་གཡས་མཆོག་སྦྱིན་གཡོན་ཨུཏྤལ་བསམས་པ་ཤིག་ཏུ་བསམས་ལ། མེ་ཏོག་ཐམས་ཅད་ལྷ་གང་ཡིན་དེར་བསྐྱེད། དེ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླས་སོ།
།གཉིས་པ་དངོས་གཞི་ལ། རྟེན་སྦྱང་བ། རྟེན་བསྐྱེད་པ། མཆོད་བསྟོད། སྤྱན་དབྱེ་བ། བརྟན་བཞུགས་བྱ་བ། མེ་ཏོག་འཐོར་བའོ།
།དང་པོ་བགེགས་སྦྱང་བ་ནི། གུ་གུལ་གྱི་དུད་པ་ཐམས་ཅད་ཁྲོ་བོ་ནུས་སྟོབས་ཕུན་སུམ་ཚོགས་པས་བགེགས་ཐམས་ཅད་ཚིག་ཅིང་བསྐྲད་པར་བསམས་ལ། ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བགེགས་ལ་བཀའ་བསྡོ་བ་ཉམས་བྱ། དེ་ནས་ཡུངས་དཀར་ལག་པས་བཟུང་ལ་ཁྲོ་བོ་བྱེ་ཕྲུག་ཆགས་པར་བཟུང་བ་ལྟ་བུ་སྤྲོས་ཏེ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དྲི་མ་སྦྱང་བ་ནི། སྐུ་དེ་མེ་ལོང་ལ་བསྟན་ལ་བུམ་པའི་ཆུས་ཁྲུས་བྱ་ཞིང་ཁྲུས་རས་ཀྱི་འཕྱི་བའོ།
།གཉིས་པ་རྟེན་བསྐྱེད་པ་ནི། ངོ་ཤེས་པ་རྣམས་རང་རང་སར་ཆོ་ག་གསུམ་གྱིས་བསྐྱེད་ལ། ངོ་མི་ཤེས་པ་རྣམས་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྐྱེད། བླ་མའི་སྐུ་འདྲ་ཡིན་ན། ཐུགས་དམ་གྱི་ལྷ་གང་ཡིན་དུ་ཆོ་ག་གསུམ་གྱིས་བསྐྱེད་ལ། ཡེ་ཤེས་པ་བརྒྱ་རྩ་ལ་སོགས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབུར། རང་རང་གི་རིགས་བདག་གི་རྒྱས་གདབ་བོ།
།དྲུག་པ་མེ་ཏོག་འཐོར་བ་ནི། ནམ་ཕྱེད་ཡོལ་བའི་དུས་མིས་མ་ཚོར་བར་ལྷ་ལ་ལྷ་སིབ་སིབ་ཐིམ་པར་བསམས་ལ། ན་མོ་བུདྷ་ཡའི་གསོལ་བ་འདེབས་ཀྱིན་གཏོར། དེ་ནས་ཉི་མ་རི་རྩེ་ལ་ཤར་བའི་དུས་སུ་ཡང་མི་དང་བསྟུན་ནས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང་འཐོར་བ་ཡིན་ནོ།
།ཁྱད་པར་མགོན་པོ་འདིའི་རྟེན་བཞེངས་ལུགས་དང་། རབ་གནས་བྱེད་ལུགས་ནི། རོ་རས་ལ་རས་འདུལ་བྱས་ལ་ཉི་ཤུ་དགུའི་ཉིན་པར་མི་སོ་མ་གྲིབ་ཅན་ཙར་མི་བཞག་པར་སྐྱ་རིས་གདབ། ཁྲག་སྣ་དུག་སྣ་ལ་སོགས་པས་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དཔྲལ་བར་ན་ར་ཀྲིཾ་ཀྲིཾ་དང་རྩ་སྔགས་ཤོང་ཚིག་ལ་རང་གི་མིང་རུས་དང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཉམས་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་པ་དང་བྲི། བརླ་གཡས་པ་ལ་སྭཱ། གཡོན་པ་ལ་ཧཱ། ཕྱག་གཡོན་ལ་སྔགས་རིངས། ཞབས་འོག་ཏུ་གནོད་སྦྱིན་བཞིའི་སྔགས། བི་ན་ཡ་ཀའི་རྩིབ་ལོགས་སོགས་ལ་ནོར་ལྷའི་སྔགས་བྲིའོ།
།བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གཏོར་སྒྲུབ་བྱ་ཞིང་། སྐྱ་རིས་ཀྱི་དུས་སུ་རབ་གནས་ཅིག །ཚོན་རྩི་རྫོགས་པའི་དུས་སུ་རྗེས་སུ་ཡི་རང་སིང་པ་གཅིག་འབུལ། རང་ཉིད་སྒྲོལ་མའི་ང་རྒྱལ་གྱིས་གཟུངས་རིངས་བཟླས་པས་ནམ་མཁའ་ལས་གཟུངས་རིངས་དཔག་ཏུ་མེད་པ་བྱུང་ནས་མེ་ཏོག་ལ་ཐིམ། མེ་ཏོག་གཏོར་བ་དང་མགོན་པོ་དཔག་ཏུ་མེད་པ་བྱོན་ནས་རྟེན་ལ་ཐིམ་པར་བསམས་ལ་གསོལ་བ་གདབ་བོ།
།དེ་ནས་ནུབ་དང་པོ་ལ་མགོན་པོའི་སྐུ་མདུན་དུ་བཞག་ལ་གུལ་གྱི་དུད་པས་གདུག །ཡུངས་དཀར་གྱིས་བྲབ། སྤོས་སྦྱར་ལ་བསྲེག །དྲག་སྔགས་ཀྱི་བགེགས་བསྐྲད། ཁྲུས་གསོལ་བྱ་ཞིང་མགོན་གཏོར་བཅས་ལ་གསོལ་བ་གདབ། ནུབ་གཉིས་པ་ལ། མགོན་པོའི་མཎྜལ་བྲིས། ་་་་ན་དེ་ཆོ་ག་གསུམ་གྱིས་མགོན་པོར་བསྐྱེད་ལ། ན་མོ་བུདྡྷའི་གསོལ་བ་གདབ། རྩ་སྔགས་དྲག་ཏུ་བཟླས། ནུབ་གསུམ་པ་ཉི་ཤུ་དགུ་ལ་གོང་དུ་བཤད་པའི་དངོས་གཞིའི་ཆོ་ག་རྣམས་ལེགས་པར་བྱའོ།
།ནུབ་གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་བསྐོར། བཀྲི་ཤིས་བརྗོད་དེ། །སློབ་དཔོན་ལ་ཡོན་དབུལ། དེ་ལྟར་ཉི་ཤུ་དགུ་ལ་རབ་གནས་ལན་གསུམ་བྱས་ན་དེ་མགོན་པོ་དངོས་དང་ཁྱད་མེད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་ངོ་།
།རབ་གནས་བཀའ་རྒྱ་མའི་ཆོག་སྒྲིགས། ཨྀཐི།

Latest revision as of 11:22, 18 August 2023

Resource ID Sup4
Title rab gnas bka' rgya ma'i chog sgrigs
Topics Consecration
Sub-Topics Instructions
Link BUDA W8LS32723