Difference between revisions of "Dbang bskur sngon 'gro"

From Shangpa Resource Center
Line 9: Line 9:

|BDRC link=[https://www.tbrc.org/#library_work_ViewByOutline-O4CZ3470804CZ354214%7CW8LS32723 BDRC W8LS32723]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (p.576)]
[https://www.tbrc.org/#!rid=W8LS37032 BDRC W8LS37032 (p.61)]

This text needs to be re-read
༄༅། །འགྲོ་མགོན་ཆོས་རྗེ་སྟོན་པས་མཛད་པའི་དབང་བསྐུར་སྔོན་འགྲོ།།
༼ཤངས་ཆོས་ཀྱི་སྔོན་འགྲོའི་ཆོས་སྐོར་སངས་རྒྱས་སྟོན་པས་མཛད་པ།༽

བླ་མ་དམ་པའི་ཞབས་བཏུད་ནས། །དགྱེས་རྡོར་བདེ་མཆོག་སྒྱུ་ལུས་དང་། །རྗེ་བཙུན་མ་ལ་སོགས་པ་ཡིས། །དབང་བསྐུར་སྔོན་འགྲོའི་ཆོ་ག་བྲི།
དེ་ལ་གང་གིས་དབང་སྐུར་ཡང་། སྔོན་འགྲོ་ལ་བཅུ་སྟེ། དལ་འབྱོར་རྙེད་པར་དཀའ་ཞིང་མི་རྟག་པ་བསྟན་པ་དང་། འཁོར་བའི་ཉེས་དམིགས་བསམ་ཞིང་སྐྱབས་འགྲོ་སེམས་བསྐྱེད་བྱ་བ། སྤྲོ་བ་བསྐྱེད་པ། མཎྜལ་དབུལ་ཞིང་གསོལ་བ་གདབ་པ། སྣང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། སྡོམ་པ་འབོགས་པ། གཟེངས་བསྟོད་ཅིང་གསང་བ་སྒྲག་པ། ཡེ་ཤེས་འབེབས་པའི་དོན་དུ་གསོལ་བ་འདེབས་པའོ།
དང་པོ་དལ་འབྱོར་རྙེད་པར་དཀའ་ཞིང་མི་རྟག་པ་བསྟན་པ་ནི། ལས་ཀྱི་སེམས་དཔའ་གཅིག་གིས་ཕྱི་རོལ་དུ་སློབ་མ་རྣམས་ཁྲུས་བྱས་ནས་ནང་དུ་ལོག་པ་དང་། བགེགས་གཏོར་བཏང་ཞིང་གུ་གུལ་དང་ཐུན་རྫས་ཀྱིས་བགེགས་བསྐྲད་དོ།
།དེ་ནས་ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་གྲལ་ལ་འཁོད་པ་ལས། སློབ་དཔོན་གྱི་བཤད་པ་ནི།
བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ངེད་རང་ཐམས་ཅད་ཀྱིས་སྐྱེ་བ་དཔག་ཏུ་མེད་པ་ནས་བསོད་ནམས་ཚོགས་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས། དལ་འབྱོར་མིའི་ལུས་རིན་པོ་ཆེ་ཐོབ། ཡང་ངག་པའི་དགེ་བའི་བཤེས་གཉེན་དང་མཇལ་བའི་དུས་འདིར། སྐྱེ་བ་ཕྱི་མ་ཕན་ཆོད་ཀྱི་དོན་གཅིག་སྒྲུབ་དགོས་གསུང་། དེའི་རྒྱུ་མཚན་གང་ཡིན་ཞེ་ན། ངེད་རང་གིས་ད་རེས་ཐོབ་པའི་ལུས་འདི་ཡང་རྙེད་པར་དཀའ་བ་ལས་རྙེད་པ་ཡིན་ཏེ།
སློབ་དཔོན་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། ཅེས་གསུངས་པས།
དལ་བ་རྙེད་པར་དཀའ་བ་དང་། འབྱོར་པ་རྙེད་པར་དཀའ་བའོ།
དང་པོ་དལ་བ་རྙེད་པར་དཀའ་བ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པ་ལ་ཟེར་ཏེ།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། ཅེས་གསུངས་སོ།
ཕྱི་སྣོད་ཀྱི་མི་ཁོམ་པ་བཞི་དང་། ནང་བཅུད་ཀྱི་མི་ཁོམ་པ་བཞིའོ།
།དང་པོ་ཕྱི་སྣོད་ཀྱི་མི་ཁོམ་པ་བཞི་ནི། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་ཚེ་རིངས་པོའོ། །དེ་ལྟར་སྐྱེ་གནས་ངན་པའི་འགྲོ་བ་དེ་རྣམས་སུ་སྐྱེས་ན་ཆོས་ཀྱི་སྐབས་མེད་དེ། དམྱལ་བ་ཡི་དྭགས་རྣམས་ནི་སྡུག་བསྔལ་གྱིས་ཉེན་ཅིང་བཙེས་པས་ཆོས་ཀྱི་སྐབས་མེད་ལ། དུད་འགྲོ་ནི་བླུན་ཞིང་གཏི་མུག་པས་ཆོས་ཀྱི་རྟེན་དུ་མ་གྱུར་ཅིང་། ལྷ་ཚེ་རིང་པོ་ནི། དགེ་སྡིག་གང་ལ་ཡང་འདུ་ཤེས་མི་འཇུག་པས་ཆོས་ཀྱི་རྟེན་མ་ཡིན་ནོ། །དེས་ན་ངེད་རང་ཐམས་ཅད་དེ་རྣམས་སུ་མ་སྐྱེས་པས་ཚེངས་པ་ཡིན་ཏེ།
བློ་གྲོས་མི་ཟད་པའི་ཞལ་ནས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། ཅེས་གསུངས་སོ།
།གཉིས་པ་ནང་བཅུད་ཀྱི་མི་ཁོམ་པ་བཞི་ནི། ཡུལ་མཐའ་ཁོབ་ཏུ་སྐྱེས་པ་དང་། ཀླ་ཀློར་སྐྱེས་པ་དང་། དབང་པོ་མ་ཚང་པ་དང་། ལྟ་བ་ལོག་པར་འཛིན་པའོ། །དེ་ལ་མཐའ་འཁོབ་དང་ཀླ་ཀློར་སྐྱེས་པ་ལ། ཆོས་ཀྱི་སྐབས་མེད་དེ། དེ་དག་ན་སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དགེ་སྡིག་མི་ཤེས་པས་ཆོས་བྱ་བའི་སྐལ་བ་མེད་དོ།
།དབང་པོ་མ་ཚང་པ་ནི། བསྟན་པ་གནས་པའི་སར་སྐྱེས་ཀྱང་། དབང་པོ་ལ་སྐྱོན་ཞུགས་པས་ཆོས་ཀྱི་གེགས་སུ་སོང་པའོ།
།ལོག་པར་བལྟ་བ་ནི། དཀོན་མཆོག་གསུམ་དང་དགེ་སྡིག་མི་བདེན་པར་བལྟ་བ། ལྐུགས་པ་ནི་ལེགས་ཉེས་གང་ཡང་མི་གོ་བས་ཆོས་ཀྱི་གེགས་སུ་སོང་པའོ། །དེ་ལྟར་སྐྱེས་གནས་ངན་པའི་འགྲོ་བ་དེ་རྣམས་ཀྱི་ནང་ནས། ལུས་འདི་ལྟ་བུ་རྙེད་པ་ནི་དཀོན་ཏེ།
ཞི་བ་ལྷའི་ཞལ་ནས། མི་ཁོམ་བརྒྱད་སྤོང་ཁོམ་པ་ནི། །དམ་ཆོས་རྐྱེན་དང་ལྡན་པ་ལ། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །ཚེ་འདིར་འབྲས་བུ་སྤྱོད་པར་རིགས། ཅེས་གསུངས་སོ།
གཉིས་པ་འབྱོར་པ་རྙེད་པར་དཀའ་བ་ལ། རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔའོ།
དང་པོ་རང་གི་འབྱོར་པ་ལྔ་ནི། མིར་གྱུར་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་པ་དང་། གནས་ལ་དད་པ་དང་། ལས་ཀྱི་ཐ་མ་ལོག་པའོ།
གཉིས་པ་གཞན་གྱི་འབྱོར་པ་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བསྟན་པ་གནས་པ་དང་། བསྟན་པའི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་བརྩེ་བའོ།
དེ་ལྟར་རང་འབྱོར་དང་གཞན་འབྱོར་གཉིས་ཀྱི་འབྱོར་པའི་ཆོས་བཅུ། དེའི་སྟེང་དུ་མི་ཁོམ་པའི་གནས་བརྒྱད་སྤོང་པ་ལ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པ་ཟེར་ཏེ། དེ་གང་ཡིན་སྙམ་ན། ད་རེས་ཐོབ་པའི་ལུས་འདི་ཡིན་ཏེ། དེ་ཡང་ངེད་རང་རྣམས་ཀྱི་ཕོ་སྒོ་མོ་སྒོས་རྙེད་པ་མ་ཡིན་ཞིང་། ཆ་དང་དབང་ཕྱུག་གིས་བྱས་པ་མ་ཡིན་ཏེ།
གསེར་མདོག་གི་རྟོགས་པ་བརྗོད་པ་ལས། འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་བ་གང་ཅི་རུང་བ་དང་། །མྱ་ངན་འདས་པ་ཐོབ་པ་ནི། །བསོད་ནམས་བསགས་པའི་འབྲས་བུ་ཡིན། ཞེས་གསུངས་སོ།
དེ་ལྟར་བསོད་ནམས་ལས་ཐོབ་པའི་ལུས་འདི་སྟོང་ལོག་ཏུ་མ་སོང་ཆུད་ཟོས་སུ་མ་སོང་པ་ཅིག་བྱ་དགོས་ཏེ། ཕྱིས་འདི་ལྟ་བུ་རྙེད་པ་མ་ཡིན་ཏེ།
རྒྱལ་བའི་ཡུམ་ལས། གྲོགས་དག་མིར་སྐྱེ་བ་ནི་དཀོན། །དལ་བ་ཕུན་སུམ་ཚོགས་པ་ནི་ཉུང་། །འཁོར་བ་ལས་ཐར་བ་ནི་དཀོན། དེ་ལྟ་ཡིན་གྱིས་དལ་བ་འདི་ཆུད་ཟོས་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ཅིང་ཕྱིས་གསོར་མི་རུང་བར་གྱུར་ཏ་རེ། ཞེས་གསུངས་པས།
ཐེག་པ་ཆེན་པོའི་ཆོས་ཅིག་ཉམས་སུ་བླང་དགོས་ཏེ། དེ་ཡང་འཕྲལ་རང་ལ་ཉམས་སུ་བླང་དགོས། བློ་སྣ་བཏུངས་ལ་ཉམས་སུ་བླང་བར་བྱ་སྟེ། དེའི་རྒྱུ་མཚན་ཡང་། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་མི་སྡོད་པར་འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་ཅིས་ཀྱང་མི་ཕན་པའོ།
དང་པོ་འཆི་ངེས་པ་ནི། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་མ་ཤི་ཚེ་ཐར་དུ་སྡོད་པ་ཅིག་ཀྱང་མེད་དེ།
འདུལ་བ་ལུང་ལས། བསགས་པ་རྣམས་ནི་མཐར་འཛད་ཅིང༌། །མཐོན་པོ་རྣམས་ནི་མཐར་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། ཅེས་གསུངས་སོ།
དེ་ཡང་སྐྱེས་ཕན་སྐྱེས་ཕན་ཆད་འཆི་བ་ཡིན་ཏེ།
སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། ཅེས་གསུངས་པས།
སྐྱེས་པའི་མཐའ་འཆི་བར་ཤེས་ཀྱང་ཞེ་འདོད་ཀྱི་ཚེ་མཐར་ཕྱིན་ནས་འཆི་བ་ཁོངས་སུ་འཇུག་པར་གདའ་སྟེ། ཉིན་མཚན་གཉིས་ཀྱིས་འཛད་པའི་ཚེ་འདི་འགྲོ་བ་ལ་ཚོགས་མེད་དེ།
བློ་གྲོས་མི་ཟད་པའི་མདོ་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཏེ། །བསྣོན་པ་གུད་ན་ཡོང་མེད་པས། །ད་ལྟ་འཆི་བར་ཅིས་མི་འགྱུར། ཅེས་གསུངས་སོ།
དེ་བས་ལྷའི་ཚེ་སྐལ་བར་འདྲེན་དགོས་པ་ཡང་ཚེགས་མེད་པར་འཛད་ན། འོ་སྐོལ་གྱི་ཚེ་ཉིན་མཚན་གཉིས་ཀྱིས་འཛད་པ་འདི་སྨོས་མི་དགོས་ཏེ།
འདུལ་བ་ལུང་ལས། འདི་བས་མཐུ་ཆེན་གནས་མཐོ་བའི། །གནས་པའི་ལྷ་ཚེ་རིང་པོ་ཡང༌། །དེ་ཡང་ཚེ་ཟད་ཉམས་འགྱུར་ན། །འཆི་བ་འདི་ལས་སུ་ཞིག་ཐར། ཞེས་གསུངས་སོ།
གཞན་ཡང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་དང་། དེའི་འཁོར་རྣམས་ཀྱང་མྱ་ངན་ལས་འདའ་ན། འོ་སྐོལ་སོ་སོ་སྐྱེ་བོ་ལ་སྨོས་མི་དགོས་ཏེ།
མྱ་ངན་གསལ་བ་ལས། མཚན་དང་དཔེ་བྱད་བརྒྱན་པ་ཡིས། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་འདྲ་བ་ཡིས། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། ཅེས་གསུངས་སོ།
གཉིས་པ་ནམ་འཆི་ཆ་མེད་པ་ནི། འཆི་བའི་དུས་མ་ངེས་པས། ནམ་འཆི་ཆ་མེད་པ་དང་། རྐྱེན་མ་ངེས་པས་ནམ་འཆི་ཆ་མེད་པའོ།
།དང་པོ་ནི། དུས་འདི་ཙམ་ལ་འཆི་བ་ཡིན་ལ། འདི་ཚུན་ཆད་མི་འཆི་བྱ་བའི་ཚེ་ལ་ཚད་བཟུང་མི་བཏུབ་པས་དེ་བས་སང་ཚུན་ཆོད་མི་འཆི་བྱ་བའི་གདེངས་ཐོབ་པ་ཡང་མེད་དེ།
མཚན་བཟངས་ཀྱི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་བདེ་ཆེན་དེ་དང་ནི། །གཞན་དུ་ཤེས་པ་མ་ཡིན་ནོ། །ཅེས་གསུངས་སོ།
།དེ་ལ་སོགས་པས་དེ་རིང་མི་འཆི་བའི་གདེང་ཐོབ་པ་ཡང་མེད་དེ།
ཞི་བ་ལྷ་ཡི་ཞལ་ནས། ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །བློ་བུར་ཚེ་ལ་ཡིད་བརྟན་མེད། །ཅེས་གསུངས་སོ།
།བློ་སྣ་ཐུང་སྦུད་ཀྱིས་མི་བཏང་བའི་ཐབས་མེད་དེ།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །ཐོགས་མར་རང་གི་དགོས་པ་དང་དུ་བྱུང་། ཞེས་གསུངས་སོ།
གཉིས་པ་ཚེ་འདི་ངེས་པ་མེད་པས་ནམ་འཆི་ཆ་མེད་པ་ནི། ད་ལྟར་སྙིགས་མ་ལྔའི་སེམས་ཅན་བསོད་ནམས་ཆུང་བས་མའི་མངལ་དུ་འཆི་བ་དང་། སྐྱེས་མ་ཐག་ཏུ་འཆི་བ་དང་། བྱིས་པར་འཆི་བ་དང་། དར་ལ་བབ་པར་འཆི་བ་དང་། རྒས་འཁོབས་ནས་འཆི་བ་ཡོད་པས། ཚེ་འདི་ལ་ངེས་པ་མེད་པས།
ཆེད་དུ་བརྗོད་པའི་ཚོམས་ལས། ཁ་ཅིག་མངལ་དུ་འཆི་བར་འགྱུར། །ཁ་ཅིག་དེ་བཞིན་སྐྱེས་པའི་སར། །དེ་བཞིན་ཁ་ཅིག་ཡོང་རྒྱུ་ལ། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པ་ནི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ནས། །གསོན་པའི་སྡོད་གདེང་སུ་ཞིག་འཆའ། ཞེས་གསུངས་སོ།
གསུམ་པ་རྐྱེན་མ་ངེས་པ་ནི། ད་ལྟ་སྙིགས་མར་སོང་བས་འཆི་རྐྱེན་མང་སྟེ།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ།
།དེ་ལྟར་འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད་དེ། ལོངས་སྤྱོད་བསྒྲུབས་པ་འཆི་རྐྱེན་དུ་སོང་བ་དང་། སྨན་དཔྱད་མ་ལེགས་པ་དང་། བཟའ་བཏུང་བྱ་བ་མ་ལེགས་པས་ཤི་བ་ལྟ་བུ་ཡིན་ཏེ།
བློ་གྲོས་རབ་བརྟན་གྱི་མདོ་ལས། ལུས་འདི་འཚོ་བར་བྱེད་པ་ཡི། །ཟས་ཀྱིས་རྣངས་ནས་ཤི་བ་དང་། །བདེ་བའི་ཕྱིར་ནི་ལོངས་སྤྱོད་སྒྲུབ། །མ་ངེས་འཆི་རྐྱེན་གྱུར་པ་ཡོང་། །ཅེས་གསུངས་སོ།
གསུམ་པ་འཆི་བ་ལ་ཆོས་མིན་པ་ཅིས་ཀྱང་མི་ཕན་པ་ནི། རྐྱེན་དྲག་པོ་ཅིག་གིས་གཏུགས་ནས་ཕ་རོལ་ཏུ་འགྲོ་དགོས་པའི་དུས་དེར། ནོར་རྫས་དང་། གཉེན་འགྲེལ་ལོངས་སྤྱོད་ཐམས་ཅད་བཞག་ནས་འགྲོ་དགོས་ཏེ།
རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་གཉེན་ནས་ཕ་རོལ་འགྲོ་གྱུར་ན། །ལོངས་སྤྱོད་འཛའ་དང་གཉེན་བཤེས་རྗེས་མི་འབྲང་། །ཞེས་གསུངས་པས།
རང་འཆི་བའི་དུས་དེར་མོངས་སྤྱོད་དཔག་ཏ་མེད་པ་ཡོད་ཀྱང་ཚེ་ལ་བསླུར་མེད། སྲོག་ལ་འཐུད་དུ་མེད། འགྲོ་བའི་སར་ནོར་རྫས་སྣ་གཅིག་ཙམ་ཡང་འཁྱེར་དུ་མེད་དེ།
འདུལ་བ་ལུང་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། ཞེས་གསུངས་སོ།
།དེ་ལ་དབང་ཡོད་དུས་སུ་སྦྱིན་པ་སྣ་རེ་ཙམ་ཡང་གཏོང་མི་ནུས་པར་ལོངས་སྤྱོད་ཐམས་ཅད་བཞག་ནས་འཆི་སྟེ།
ཆེད་དུ་བརྗོད་པའི་ཚོམས་ལས། སྐྱེས་པ་བུད་མེད་རྣམས་ཀྱི་རིགས། །བརྒྱ་དང་སྟོང་ཕྲག་མང་པོ་རྣམས། །ལོངས་སྤྱོད་ལེགས་པར་སྒྲུབ་པ་ཡང་། །འཆི་བདག་དབང་དུ་འགྲོ་བར་འགྱུར། ཞེས་གསུངས་སོ།
།དེ་ཡང་རང་འཆི་བའི་དུས་དེར་བཤེས་དང་གཉེན་མང་པོས་མཐའ་མ་སྐོར་ཡང་ཞག་གཅིག་གཤོལ་གདབ་པའི་ཐབས་ཀྱང་མེད། དར་ཅིག་ཚེ་བསྲིང་བའི་ཐབས་ཀྱང་མེད། ན་ཚ་དང་ཟུག་གཟེར་དར་རེས་ཡང་བསྒོར་མེད་དེ།
སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་ཉིད་མལ་ན་འདུག་པའི་ཚེ། །གཉེན་བཤེས་མང་པོས་མཐའ་བསྐོར་ཡང་། །སྲོག་འཆད་པ་ཡི་སྡུག་བསྔལ་དག །བདག་རང་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པའི་ཚེ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། ཞེས་གསུངས་སོ།
།དེ་ལ་ཚེ་འདིར་འབྲལ་མི་ཕོད་པའི་གྲོགས་དེ་ཡང་བཞག་ནས་རང་གཅིག་པུར་འགྲོ་དགོས་ཏེ།
དགའ་བོའི་མདོ་ལས། ཡིད་ལ་བཅགས་པའི་གྲོགས་དེ་ཡང་། །བཞག་ནས་ཕ་རོལ་འགྲོ་དགོས་ན། །དགའ་བོ་ཁྱོད་ཀྱིས་དྲན་པར་བྱོས། །ཞེས་གསུངས་པས།
གཉེན་བཤེས་ཀྱིས་མི་ཕན་པའོ། །དེར་མ་ཟད་རང་གིས་དཀའ་ལས་བྱས་པའམ། ཕ་མལ་བྱས་པའི་ཁང་ཁྱིལ་ཡུལ་གཞིས་དང་། རྒྱལ་སྲིད་ལ་སོགས་ཐམས་ཅད་བཞག་ནས་འགྲོ་དགོས་ཏེ།
ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་ལས། བུ་དང་ཆུང་མ་རྒྱལ་སྲིད་ཡུལ་འཁོར་ཡང་། །འཆི་བའི་དུས་སུ་གྲོགས་སུ་འགྱུར་བ་མེད། །སྦྱིན་དང་དུལ་དང་ཚུལ་ཁྲིམས་ཕུང་པོ་ནི། །དེ་དཀ་ཕ་རོལ་ཕྱིན་པའི་གྲོགས་ཡིན་ནོ། །ཞེས་གསུངས་པས།
འཆི་བའི་དུས་དེར་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཉེན་གཞན་ན་མེད་དེ།
རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་དོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ནག་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ནགས་ཁྲོད་སྟུག་པོར་ནི་འཇུག དགོན་པ་ཆེན་པོར་ནི་འགྲོ། ལས་ཀྱི་རླུང་གིས་ནི་བསྡས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་བ་ན། ཆོས་མིན་པའི་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཉེན་གཞན་མེད་དེ། རྒྱལ་པོ་ཆེན་པོ་ཆོས་ནི། དེའི་ཚེ་དེའི་དུས་ན་གླིང་ཆེན་པོ། གནས་དང་མགོན་དང་སྐྱབས་དང་། དཔུང་གཉེན་དང་། སྟོན་པར་འགྱུར་རོ། །ཞེས་གསུངས་སོ།

།གཉིས་པ་འཁོར་བའི་ཉེས་དམིགས་བསམ་ཞིང་སྐྱབས་སུ་འགྲོ་བ་ནི། འཁོར་བ་སྡུག་བསྔལ་གྱི་ཉེས་དམིགས་བསམ་ཞིང་ཆོས་ཉམས་སུ་བླང་བར་བྱའོ།
།ཞི་བ་ལྷའི་ཞལ་ནས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། ཞེས་སོ།
།དེ་ལ་མི་དགེ་བ་སྤྱད་པས། རིགས་དྲུག་འབའ་ཞིག་ཏུ་སྐྱེ་བས། དེ་རྣམས་གང་དུ་སྐྱེས་ཀྱང་སྐྱིད་མེད་དམྱལ་བར་སྐྱེས་ན། སྡུག་བསྔལ་དོས་དྲག་ལ་ཡུན་རིང་ཏེ།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འདི་ན་མི་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་མི་བཟོད་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ། །འོལ་ཡང་མི་ཕོད་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ།
།སྡུག་བསྔལ་དེ་རྒྱུན་རིང་སྟེ།
སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཡང་སོས་ལ་སོགས་དྲུག་རིམས་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ཞེས་དང་། ཏིལ་སྦྱངས་ནང་ནས་ལོ་བརྒྱ་བཞིང༌། །ཏིལ་ཅིག་ཕྱུང་པ་ཟད་འགྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། ཅེས་གསུངས་སོ།
།ཚ་བའི་དམྱལ་བ་བརྒྱད་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་པའི་བར་གྱི་བསྐལ་པ་གཅིག་ཐུབ་ཏེ། ཐར་པའི་དུས་མི་འབྱུང་ངོ་།
།ཡི་དྭགས་སུ་སྐྱེས་ན། སྡུག་བསྔལ་དོས་དྲག་སྟེ། བཟའ་བཏུང་ཐམས་ཅད་རྣག་ཁྲག་ཏུ་མཐོང་པ་དང་། ཡི་དྭགས་ལྟེ་བ་རི་རབ་ཙམ་ལ། ཁ་ཁབ་མིག་ཙམ། སྐེ་གཞུ་རྒྱུད་ཙམ། ཟོས་འཐུངས་ཐམས་ཅད་ཁྲོ་ཆུ་ཁོལ་མ་དང་། ལྕགས་ཀྱི་ཐོ་ལུམ་འབར་བར་གྱུར་ནས་སྡུག་བསྔལ་ཏེ།
ཀླུ་སྒྲུབ་ཀྱིས་ཞལ་ནས། ཡི་དྭགས་གནས་ནའང་འདོད་པས་འཕོངས་པ་ཡིས། བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་བཟོད་པ། །བཀྲེས་སྐམ་གྲང་དྲོ་ངལ་དུབ་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟོད་བརྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་མཆིས་སོ། །ཞེས་གསུངས་སོ།
།སྡུག་བསྔལ་དེ་ཉིད་རྒྱུན་རིང་སྟེ།
ཡང་ཀླུ་སྒྲུབ་ཀྱིས་ཞལ་ནས། བར་ཆད་མེད་པར་སྡུག་བསྔལ་ལྡན་གྱུར་པ། །ཉེས་པ་སྤྱད་པའི་ལས་ཀྱི་ཞགས་པ་ཡི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ནི། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འཏུབ། ཅེས་གསུངས་སོ།
།བྱོལ་སོང་དུ་སྐྱེས་ན་ཡང་གསད་བཅད་བརྡུངས་བཏགས་བཀོལ་སྤྱད་དང་། གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཏེ།
ནཱ་ག་རྫུ་ནའི་ཤལ་ནས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་དང་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟོད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་གསུངས་སོ།
།དེ་བས་མཐོ་རིས་གནས་གསུམ་ལ་ཡང་སྐྱིད་མེད་དེ། མིར་སྐྱེས་ན་ཡང་སྐྱེ་རྒས་ན་འཆི་བཞི་དང་། གཉེན་བྱམས་པ་དང་བྲལ་གྱི་དོགས་པ་དང་། དགྲ་སྡང་པ་དང་ཕྲད་ཀྱི་དོགས་པ་དང་། མེད་པ་བཙལ་གྱིས་མི་རྙེད་པ་དང་། ཡོད་པ་བསྲུངས་ཀྱང་བསྲུང་དཀའ་བ་དང་ཤི་ནས་ངན་སོང་དུ་སྐྱེ་བས་སྡུག་བསྔལ་ཏེ།
ཀླུ་སྒྲུབ་ཀྱིས་ཞལ་ནས། འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །སླར་ཡང་འཁོར་བའི་བྲན་ཁོལ་ཉིད་དུ་འགྱུར། ཞེས་གསུངས་སོ།
།ལྷ་ལ་ཡང་སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་རིགས་བཞི་ལ། མི་བཞིན་དུ་ན་རྒས་དང་། འདོད་པས་མི་ཚིམ་པ་དང་། གྲོགས་ཀྱི་སྤངས་ཀྱི་དོགས་པ་དང་། ལྟུང་བྱེད་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་དེ།
ནཱ་ག་རྫུ་ནའི་ཤལ་ནས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ངན་སོང་ལྟུང་། ཞེས་གསུངས་སོ།
ལྷ་མ་ཡིན་ལ་ཡང་ལྷའི་བདུད་རྩི་དང་ལྷ་མོའི་ཕྱིར་རྩོད་པ་དང་། འཆི་ལྟས་ཕོག་པ་དང་། ཤིང་རྣམས་ལས་མཚོན་ཆའི་ཆར་བབ་ནས་ལུས་འཇོམས་པས་དམྱལ་བ་ཡང་སོས་དང་ཁྱེད་མེད་དེ།
རབ་སྣང་གི་མདོ་ལས། ལྷ་མ་ཡིན་གྱི་གཡུལ་ཉེས་ཤིང་། །འཆི་ལྟས་ཕོག་པར་གྱུར་པ་ནི། །དམྱལ་བ་ཡང་སོས་སྡུག་བསྔལ་ཀྱིས། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ།
།དེ་ལྟར་འཁོར་བའི་སྡུག་བསྔལ་དེས་དྲག་ལ་ཡུན་རིང་པ་དེ་ལས་སྐྱོབ་ཅིང་ཐར་བར་འདོད་པས།
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ།
རྒྱུད་བླ་མ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་གསུངས་པས།
ཁྱད་པར་གྱི་སྐྱབས་འགྲོའི་ཡུལ། སངས་རྒྱས་ཆོས་ཀྱི་སྐུ་ལ་སྟོན་པ། ཆོས་ཞི་བ་དོན་དམ་པ། མྱ་ངན་ལས་འདས་པ་ལ་ལམ། དགེ་འདུན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་གྲོགས་ཞུ་སྙམ་དུ་བསམ། བླ་མ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ༼བླ་མ་རིན་པོ་ཆེ་ལ་བདག་གི་ལུས་ལོངས་སྤྱོད། དུས་གསུམ་གྱི་དགེ་རྩ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ་གསང་བ་བདེ་སྟོང་ཉམས་སུ་ལེན་པ། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ་བཞེས་སུ་གསོལ། ཞེས་བརྗོད་དོ།༽མཆོད་པས་མཆོད་ནས།
རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཞི་བ་དོན་དམ་པའི་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་མེ་ཏོག་ལན་གསུམ་གཏོར་ལ་རང་གི་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ།
དེ་ལྟར་སྐྱབས་སུ་སོང་བ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཀྱང་། མདོ་དྲིན་ལན་གསམ་པ་ནས་བརྒྱད་དུ་གསུངས་ཏེ། ནང་པ་སངས་རྒྱས་པར་འདུས་པའི་ཕན་ཡོན་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕན་ཡོན་དང་། འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་། ངན་འགྲོ་ངན་སོང་ལོག་པར་མི་ལྡུང་བའི་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་བའི་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འཕེལ་བའི་དང་། ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དང་། མཐར་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ།
།དེ་ལྟར་ཕན་ཡོན་དེ་དག་དང་ལྡན་པ་ལ་བསླབ་བྱ་རྣམ་པ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ།
།དང་པོ་ལྔ་སྟེ། སྲོག་དང་བྱ་དགའི་ཆེད་དུ་ཡང་དཀོན་མཆོག་གསུམ་མི་སྤངས་པ་དང་། དགོས་པ་གལ་ཆེན་པོ་ལ་ཡང་ཐབས་བཞན་མི་བཙལ་བ་དང་། དུས་དང་དུས་ཀྱི་མཆོད་པ་ལ་བརྩོན་པ་དང་། ཕྱོགས་གར་འགྲོ་ཡང་དེའི་ལྷ་ལ་སྐྱབས་སུ་འགྲོ་བ་དང་། སྐྱབས་འགྲོ་སྤེལ་ཞིང་སྦྱང་བའོ།
།གཉིས་པ་ཁྱད་པར་གྱི་བསླབ་བྱ་ལ་དྲུག་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ནས། ལྷ་གཞན་ལ་ཕྱག་མི་འཚལ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས། སེམས་ཅན་ལ་འཚེ་བ་སྤོང་པ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས། མུ་སྟེགས་ཅན་དང་མི་འགྲོགས་པ་དང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་གུས་པས་སྒྲུབ་ཅིང་མ་གུས་པ་སྤང་པར་བྱའོ།
།དེའི་རྗེས་སུ་སྨོན་འཇུག་གཉིས་སུ་སེམས་བསྐྱེད་པར་བྱ་སྟེ།
སློབ་དཔོན་ཞི་བ་ལྷའི་ཞལ་ནས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཅེས་གསུངས་སོ།
སྨོན་པ་ནི་བླ་མ་ལ་སངས་རྒྱས་ཀྱི་བདུ་ཤེས་བསྐྱེད། ལུས་ལོངས་སྤྱོད་དང་མཆོད་པའི་ཚོགས་ཀྱིས་མཆོད་ནས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་སྙམ་དུ་བསམ་ནས།
རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་ཐུགས་རིན་པོ་ཆེ་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སེམས་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། དབུགས་མ་ཕྱུང་པ་རྣམས་དབུགས་ཕྱུང་བར་བགྱིའོ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་འཐོར། ཐབས་ཡིན་ནོ། ལེགས་སོ། ཞེས་བརྗོད་དོ། །དེ་ལྟར་སེམས་བསྐྱེད་ནས་བསླབ་བྱ་ལྔ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པ་ལ། བསླབ་པ་ནི་དགེ་རྩ་ཆེ་ཆུང་ཐམས་ཅད་ལ་འབད་དོ།
།གཉིས་པ་ཕན་ཡོན་དྲན་པ་ལ་བསླབ་པ་ནི།
མདོ་ལས། གང་གིས་སྟོང་གསུམ་རིན་ཆེན་གང་བྱས་པ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བྱེད་པ། །དེ་བས་བྱང་ཆུབ་མཆོག་ཏུ་སྨོན་བྱེད་པ། །བསོད་ནམས་མང་པོ་ཤིན་ཏ་འཕེལ་བར་འགྱུར། །ཞེས་གསུངས་སོ།
གསུམ་པ་སེམས་ཅན་བློས་མི་གཏོང་བ་ནི། འཁོར་བ་མ་སྟོངས་ཀྱི་བར་དུ་ཁུར་འཁུར་དགོས་ཏེ།
སློབ་དཔོན་འཕགས་པའི་ཞལ་ནས། འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་ཡང་། །བསྒྲལ་བར་དམ་བཅས་བྱང་ཆུབ་སེམས་དཔའ་ཡི། །ཤ་དང་རུས་པ་ཟད་ཀྱང་འགྲོ་བ་ཡི། སྡུག་བསྔལ་རྒྱ་མཚོ་ཐམས་ཅད་སྐྱེས་པར་བྱེད། ཅེས་གསུངས་སོ།
བཞི་པ་སྤེལ་ཞིང་སྦྱང་བ་ནི། དུས་རྒྱུན་དུའམ་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྤེལ་བས་སྡིག་པ་ཐམས་ཅད་འཛད་ཏེ།
སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་ཟད་བྱས་ནའང་། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་རྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་གསུངས་སོ།
ལྔ་པ་ནག་པོའི་ཆོས་བཞི་སྤོང་ཞིང་། དཀར་པོའི་ཆོས་བཞི་ཉམས་སུ་བླང་པ་ནི། ཕ་མ་མཁན་སློབ་དབུ་བསྐོར་བ། སེམས་བསྐྱེད་མཁན་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་བརྗོད་པ། དགེ་བ་ལ་འགྱོད་སེམས་སྐྱེས་པ། སེམས་ཅན་ལ་གཡོ་རྒྱུ་བྱས་པའོ། །དཀར་པོའི་ཆོས་བཞི་ནི་དེ་ལས་ལྡོག་པས་སྒྲུབ་པར་བྱའོ།
།དེ་ནས་འཇུག་པའི་སེམས་བསྐྱེད་པ་ནི། བླ་མ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ལུས་ལོངས་སྤྱོད་ཐམས་ཅད་ཕོངས་པ་མེད་པར་འབུལ་ཏེ།
སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་གི་ལུས་དང་ལོངས་སྤྱོད་ཀུན། །ཕོངས་པ་མེད་པར་བཏང་བར་བྱ། །ཐམས་ཅད་བཏང་པས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། ཞེས་གསུངས་ལ།
ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་དངོས་སུ་སེམས་ཅན་གྱི་དོན་བྱ་སྙམ་དུ་བསམ་ནས་རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱང་བ་དང་། མཐར་གྱིས་བསྒྲུབ་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་སྦྱར་ལ་ལན་གསུམ་བརྗོད་ནས། མེ་ཏོགས་དོར་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ།
འཇུག་པའི་བསླབ་བྱ་ནི། ཆོས་སྤྱོད་ཐམས་ཅད་ཕ་རོལ་ཕྱིན་པ་དྲུག་ལྡན་གྱིས་སྙམས་སུ་བླང་བར་བྱའོ། །དེ་ལྟར་སེམས་བསྐྱེད་པ་དེས་ཁྱེད་རྣམས་བྱང་ཆུབ་སེམས་པར་གྱུར་པ་ཡིན་ཏེ།
རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་པ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་ཅེས་གསུངས་པས། སངས་རྒྱས་ཀྱི་རིགས་སམ་སྲསཀྱི་ཐུ་བོར་གྱུར་པ་ཡིན་ཏེ།
ཞི་བ་ལྷའི་ཞལ་ནས། དེང་འདིར་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏེ། ཅེས་གསུངས་སོ།

།གསུམ་པ་སྤྲོ་བ་བསྐྱེད་པ་ནི། སྔགས་ཀྱི་དངོས་གྲུབ་འདོད་པ་གང་། །དཀྱིལ་འཁོར་འདིར་ནི་བཞུགས་པར་བྱ། །སངས་རྒྱས་འདོད་པས་དེ་ལ་གཞན། །འཇིག་རྟེན་འདི་ཡི་བསམ་པ་སྤོང་། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་དམིགས་པ་ན། །དཀྱིལ་འཁོར་དམ་པར་གཞུག་པར་བྱ། །བདག་ནི་འབྲས་བུ་གཉེར་མི་བྱ། །བདག་དོན་ཚེ་འདི་གཉེར་བྱེད་ན། །གཞན་དོན་སངས་རྒྱས་ག་ལ་འབྱུང་། །གཞན་དོན་དག་ལ་འབད་པ་ནི། །འབད་པ་མེད་པར་འདི་འབྲས་འགྲུབ། །ཞེས་ལན་གསུམ་བརྗོད་ལ་དེའི་དོན་བཤད་དོ།

།བཞི་པ་མཎྜལ་བུལ་ཞིང་གསོལ་བ་གདབ་པ་ནི།
མཎྜལ་ཕུལ་ལ། བཀོད་པ་ཤིན་ཏུ་ལེགས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རིའི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་བརྒྱད་དང་། །མ་རྨོས་ལོ་ཐོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བས་བྱས་པའི་མཎྜལ་འདི། །དེ་ཉིད་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བྱ། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ།
།གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །སྡོམ་པ་རྣམས་ཀྱང་བདག་ལ་རྩོལ། །དམ་ཚིག་དེ་ཉིད་བདག་ལ་རྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་རྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་རྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ཞེས་ལན་གསུམ་བརྗོད་དོ།

།ལྔ་པ་སྣང་བ་སྦྱིན་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་མཉེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཡེ་ཤེས་མཉམ་མེད་ཐོབ་པ་ན། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་ཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ལན་གསུམ་བརྗོད་ལ། དེའི་དོན་བཤད་དོ།

།དྲུག་པ་རྟོག་པ་བསྡུ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོའི་ཡིད་ཀྱིས་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། ཅེས་བརྗོད་ལ་དེའི་དོན་བཤད་དོ།

།བདུན་པ་ཡན་ལག་ལྔ་བྱ་བ་ནི། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་རྩལ་རྗེས་སུ་ཡི་རང་གང་། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམས་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་བཞིན་བདག་གི་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤིང་། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིས་ནས། །སེམས་ཅན་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད་དོ།

།བརྒྱད་པ་སྡོམ་པ་འབོགས་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །དུས་འདི་ཉིད་ནས་བཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པད་མའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ཞེས་ལན་གསུམ་བརྗོད་དོ།

།དགུ་པ་གཟེངས་བསྟོད་ཅིང་གསང་བ་བསྒྲག་པ་ནི། འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རིའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་གྱུར་ཡང་ནི་མི་འབྱུང་སྟེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །དེ་བས་ཡང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཡུལ་འདིས། །སེམས་ཅན་ཐམས་ཅད་སངས་རྒྱས་བྱེད། །གང་གིས་བསྐལ་པ་བྱེ་བ་རུ། །སྡིག་པའི་ལས་རྣམས་བྱས་པ་ཡང་། །ཟབ་མོའི་དཀྱིལ་འཁོར་འདི་མཐོང་པས། །དེ་དག་ཐམས་ཅད་བྱང་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །གང་གིས་བསྐལ་པ་དཔག་མེད་དུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང་། །འདི་ནི་མཐོང་བ་ཤིན་ཏུ་དཀའ། །དེས་ན་འདི་ལ་དགའ་བར་བགྱི། ཅེས་བརྗོད་དོ།
གསང་བ་བསྒྲག་པ་ནི། གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། སྙིང་ཁར་རྡོ་རྗེ་བཞག་ནས། ཨོཾ་བཛྲ་ཡོ་ག་ཅིཏྟ་ཨུཏྤཏ་ཨཱ་མི། ཅེས་པས་ཟླ་བའི་དཀྱིལ་འཁོར་དུ་བསྐྱེད། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་བོ་དྷི་ཙིཏྟ་བཛྲ་ཡ་ཐ་སུ་ཁཾ། ཅེས་པས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་གཅིག་བསྐྱེད་དོ། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ།
ཁྱོད་ཀྱི་སྤྱི་བོར་བཞག་པ་ཡི། །སངས་རྒྱས་སྐུ་རུ་ཁྱོད་འགྲུབ་ཅིང་། །མི་ཕྱེད་ཡེ་ཤེས་མཆོག་ཏུ་འགྱུར། ཞེས་པས།
ཡེ་ཤེས་ཀྱི་རྡོ་རྗེ་སྤྱི་བོར་བསྟིམ་མོ། །རྡོ་རྗེ་སྙིང་ཁར་བཞག་ནས།
།རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་བརྗོད་དོ།
།བདུད་རྩི་ལྔའི་ཆུ་བླུད་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཀ་ཧཱུྃ། ཞེས་བརྗོད་དོ།
།རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡི་ཇི་སྐད་བཀའ་སྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙེས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། ཞེས་བརྗོད་དོ།

།བཅུ་པ་ཡེ་ཤེས་དབབ་པར་གསོལ་བ་གདབ་པ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པའི་ཡེ་ཤེས་མཆོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་རྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་ལ། མན་ངག་ལྟར་གྱིན་རླབས་དབབ་ཅིང་། དངོས་གཞིའི་དབང་བསྐུར་རོ།
།སྔོན་འགྲོ་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ།
།འདི་ནི་ཤིན་ཏུ་བསྡུས་པའི་ལག་ལེན་ནོ། །དབང་བསྐུར་སྔོན་འགྲོའི་ཆོ་ག་འདི། །སྣོད་ལྡན་སློབ་མ་མོས་གུས་ཅན། །འཚོ་བྱེད་སྤྲུལ་པ་དཔོན་གཡོག་གིས། །གསོལ་བ་བཏབ་པའི་དོན་དུ་བཀོད། དགེ་དེས་མཁའ་མཉམ་སེམས་ཅན་ཀུན། རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག
།དབང་བསྐུར་སྔོན་འགྲོའི་ཆོ་ག །བླ་མའི་ཕྱག་ལེན་ལྟར། [[Sangyé Tönpa|ཤཱཀྱའི་དགེ་སློང་བརྩོན་འགྲུས་སེང་གེ]]ས། གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པའོ།།
དགེ་ལེགས་འགྲོ་དོན་འཕེལ་བར་བྱོན།།

ཀླུ་སྒྲུབ་ཀྱིས་ཞལ་ནས། ཡི་དྭགས་གནས་ནའང་འདོད་པས་འཕོངས་པ་ཡིས། བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་བཟོད་པ། །བཀྲེས་སྐོམ་གྲང་དྲོ་ངལ་དུབ་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟོད་བརྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་མཆིས་སོ། །ཞེས་གསུངས་སོ།

Revision as of 12:13, 5 September 2023

Resource ID ST1
Title 'gro mgon chos rje ston pas mdzad pa'i dbang bskur sngon 'gro
Alt. title shang chos kyi sngon 'gro'i chos skor sangs rgyas ston pas mdzad pa
Topics Initiation
Sub-Topics Preliminary practices
Author Sangyé Tönpa
Link BDRC W8LS32723
BDRC W3CN18508 (p.576)
BDRC W8LS37032 (p.61)

།དབང་བསྐུར་སྔོན་འགྲོའི་ཆོ་ག །བླ་མའི་ཕྱག་ལེན་ལྟར། ཤཱཀྱའི་དགེ་སློང་བརྩོན་འགྲུས་སེང་གེས། གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པའོ།།
དགེ་ལེགས་འགྲོ་དོན་འཕེལ་བར་བྱོན།།