Difference between revisions of "Untitled 1 by Kalu Dorjé Chang"

From Shangpa Resource Center
 
(2 intermediate revisions by the same user not shown)
Line 1: Line 1:
 
{{Text
 
{{Text
 
|Text ID=KRK7
 
|Text ID=KRK7
 +
|Subject=Various
 +
|SubTopics=Buddha nature
 
|Author=Kalu Dorjé Chang
 
|Author=Kalu Dorjé Chang
|Notes=Translated in english in the book Lady of illusion.
+
|Notes=Translated in english in the book Lady of illusion p. 199
 
}}
 
}}
<span class="main_text">ཀུན་གཞི་བདེ་གཤེགས་སྱིང་པོ་འདི་ཐོག་མ་ནས་སྟོང་གསལ་འགག་མེད་འབྱུང་བ་ལྔ་ཡཾ་དངས་བཅུད་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ནའང་། རང་ངོ་མ་ཤེས་པས་མ་རིག་པའི་སག་ཏུ་འཐུམ་སྟེ། འཁོར་བའི་སྤྱི་གཞི་ཀུན་གཞིའི་རྣམ་ཤེས་ཁྱབ་གདལ་དུ་གནས་པ་འབྲུལ་པ་ཀུན་གྱི་འབྱུང་གནས་ས་གཞི་འམ་གཙོ་བོ་རྒྱལ་པོ་ལྟ་བུ་དེ་བྱུང། དེ་ནས་སྟོང་པ་ལ་བདག་དང་གསལ་བ་ལ་གཞན་མ་འགག་པ་ལས་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པའི་ཡིད་འཁོར་དང་་་་་པ་བྱུང་། དེ་ཡང་ཐོག་མ་སྟོང་པ་དང་། གསལ་བ་གཡོ་བ། སྲ་ཞིང་མཐ་་་་་་་ཆད་མེད་པ་ལྔའི་རང་མདངས་ལ་འོད་སྔོ་དམར་ལྗང་སེར་དཀར་པོ་སྟེ་ཤིན་ཏུ་ཕྲ་བའི་འོད་ལྔའི་སྣང་པ་བྱུང་། དེ་ལྟར་འཁྲུལ་སྣང་ཤར་མཁན་གྱི་རྣམ་པར་ཤེས་པའི་ཕུང་པོ་དེ་ལ་རྟེན་ནས་་་་་་་་་་་་དང་པོ་ཡིད་ཀྱི་ལུས་དང་། དེ་འབྲེལ་ཚོར་བ་འདུ་ཤེས་འདུ་བྱེད་ཕུངཔོ་བཞི་དང་ཕྱེད་བྱུང་། དེ་ཕ་མའི་ཁུ་ཁྲག་སོགས་ཕྱི་ཡིས་འབྱུང་བ་འདྲེས་པས་བུ་ག་དྲོད་དབུགས་ཤ་ཁྲག་སྟེ་འབྱུང་བ་ལྔ་འདུས་པའི་གདོས་བཅས་རྣམ་པར་སྨིན་པའི་གཟུགས་ཀྱི་ཕུང་པོ་རག་པ་གྲུབ་དེ་ལ་རྟེན་མིག་རྣ་བ་སྣ་ལྕེ་ལུས་སེམས་ཏེ་དབང་པོ་དྲུག་བྱུང་། དེ་ལ་རྟེན་པ་རྒྱལ་པོའི་སྲས་ལྟ་བུའི་རྣམ་ཤེས་ཀྱི་ཆ་ལས་བྱུང་བའི་མི་དགེ་བ་ཉོན་མོངས་པའི་ཡིད་དང་། ཡེ་ཤེས་ཀྱི་ཆ་ལས་དད་པ་དང་སྙིང་རྗེ་ཤེས་རབ་སོགས་དགེ་བའི་ཡིད་ཡོད་པ་ཞིག་བྱུང་། དེའི་ཕོ་ཉ་བ་ལྟ་བུའི་རྣམ་ཤེས་ཚོགས་དྲུག་བྱུང་། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སྟེ་ཡུལ་དྲུག་བྱུང་། དེ་ནས་རྒྱལ་སྲས་ལྟ་བུའི་ཉོན་ཡིད་ཀྱི་གྲོས་མགོ་འཛིན་དབང་ཡུལ་རྣམ་ཤེས་དེ་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་འཚོགས་སྟེ་འཁྲུལ་རྟོག་བརྒྱ་ཕྲག་མང་པོས་ལུས་ངག་ཡིད་གསུམ་བྲན་དུ་བཀོལ་ཏེ་ལས་སྣ་ཚོགས་པ་བྱས་པས་བག་ཆགས་ས་བོན་ལྟ་བུ་དེ་ཀུན་གཞིའི་རྣམ་ཤེས་ས་གཞི་ལྟ་བུ་དེ་ལ་གཏབ་པས། དཔེར་ན་ལོ་ཏོག་ལ་གྱི་ལུད་དྲོད་གཤེར་སོགས་རྟེན་འབྲེལ་མང་པོ་་་་་་་་་་་་་་དང་། ས་བོན་ལས་རྒྱུ་དང་འབྲས་བུ་བྱུང་པ་བཞིན་་་་་་་་ན་ལས་ཀྱི་ས་བོན་ལ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་འཛོམས་པས་དགེ་བའི་རྒྱུ་ལས་མཐོ་རིས་དང་ཐད་པ། མི་དགེ་བའི་ལས་འཁོར་བ་དང་་་་་་་་་་་་་་་་་་་་་་་་་་་་་་་་་ན་ནོ།</span>
+
<span class="main_text">ཀུན་གཞི་བདེ་གཤེགས་སྙིང་པོ་འདི་ཐོག་མ་ནས་སྟོང་གསལ་འགག་མེད་འབྱུང་བ་ལྔ་ཡི་དངས་བཅུད་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ནའང་། རང་ངོ་མ་ཤེས་པས་མ་རིག་པའི་སྨག་ཏུ་འཐུམ་སྟེ། འཁོར་བའི་སྤྱི་གཞི་ཀུན་གཞིའི་རྣམ་ཤེས་ཁྱབ་གདལ་དུ་གནས་པ་འབྲུལ་པ་ཀུན་གྱི་འབྱུང་གནས་ས་གཞི་འམ་གཙོ་བོ་རྒྱལ་པོ་ལྟ་བུ་དེ་བྱུང། དེ་ནས་སྟོང་པ་ལ་བདག་དང་གསལ་བ་ལ་གཞན་མ་འགག་པ་ལས་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པའི་ཡིད་འཁོར་དང་བཅས་པ་བྱུང་། དེ་ཡང་ཐོག་མ་སྟོང་པ་དང་། གསལ་བ་གཡོ་བ། སྲ་ཞིང་མཐས་པ། རྒྱུན་ཆད་མེད་པ་ལྔའི་རང་མདངས་ལ་འོད་སྔོ་དམར་ལྗང་སེར་དཀར་པོ་སྟེ་ཤིན་ཏུ་ཕྲ་བའི་འོད་ལྔའི་སྣང་པ་བྱུང་ཞིང་དེ་ལས་ནམ་མཁའ་མེ་རླུང་ས་ཆུ་བཅས་འབྱུང་བ་ལྔའི་སྣང་པ་བྱུང་། དེ་ལྟར་འཁྲུལ་སྣང་ཤར་མཁན་གྱི་རྣམ་པར་ཤེས་པའི་ཕུང་པོ་དེ་ལ་རྟེན་ནས། དང་པོ་ཡིད་ཀྱི་ལུས་དང་། དེ་འབྲེལ་ཚོར་བ་འདུ་ཤེས་འདུ་བྱེད་ཕུངཔོ་བཞི་དང་ཕྱེད་བྱུང་། དེ་ཕ་མའི་ཁུ་ཁྲག་སོགས་ཕྱི་ཡིས་འབྱུང་བ་འདྲེས་པས་བུ་ག་དྲོད་དབུགས་ཤ་ཁྲག་སྟེ་འབྱུང་བ་ལྔ་འདུས་པའི་གདོས་བཅས་རྣམ་པར་སྨིན་པའི་གཟུགས་ཀྱི་ཕུང་པོ་རག་པ་གྲུབ་དེ་ལ་རྟེན་མིག་རྣ་བ་སྣ་ལྕེ་ལུས་སེམས་ཏེ་དབང་པོ་དྲུག་བྱུང་། དེ་ལ་རྟེན་པ་རྒྱལ་པོའི་སྲས་ལྟ་བུའི་རྣམ་ཤེས་ཀྱི་ཆ་ལས་བྱུང་བའི་མི་དགེ་བ་ཉོན་མོངས་པའི་ཡིད་དང་། ཡེ་ཤེས་ཀྱི་ཆ་ལས་དད་པ་དང་སྙིང་རྗེ་ཤེས་རབ་སོགས་དགེ་བའི་ཡིད་ཡོད་པ་ཞིག་བྱུང་། དེའི་ཕོ་ཉ་བ་ལྟ་བུའི་རྣམ་ཤེས་ཚོགས་དྲུག་བྱུང་། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སྟེ་ཡུལ་དྲུག་བྱུང་། དེ་ནས་རྒྱལ་སྲས་ལྟ་བུའི་ཉོན་ཡིད་ཀྱི་གྲོས་མགོ་འཛིན་དབང་ཡུལ་རྣམ་ཤེས་དེ་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་འཚོགས་སྟེ་འཁྲུལ་རྟོག་བརྒྱ་ཕྲག་མང་པོས་ལུས་ངག་ཡིད་གསུམ་བྲན་དུ་བཀོལ་ཏེ་ལས་སྣ་ཚོགས་པ་བྱས་པས་བག་ཆགས་ས་བོན་ལྟ་བུ་དེ་ཀུན་གཞིའི་རྣམ་ཤེས་ས་གཞི་ལྟ་བུ་དེ་ལ་གཏབ་པས། དཔེར་ན་ལོ་ཏོག་ལ་་་་་ལུད་དྲོད་གཤེར་སོགས་རྟེན་འབྲེལ་མང་པོ་འཛོམས་པ་དང་། ས་བོན་ལས་རྒྱུ་དང་འབྲས་བུ་བྱུང་བ་བཞིན། སྔོན་ལས་ཀྱི་ས་བོན་ལ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་འཛོམས་པས་དགེ་བའི་རྒྱུ་ལས་མཐོ་རིས་དང་ཐར་པ། མི་དགེ་བའི་ལས་འཁོར་བ་དང་ངན་སོང་རྣམས་བྱུང་བ་ཡིན་ནོ།</span>

Latest revision as of 11:20, 15 December 2023








Resource ID KRK7
Title
Topics Various
Sub-Topics Buddha nature
Author Kalu Dorjé Chang
Notes Translated in english in the book Lady of illusion p. 199

ཀུན་གཞི་བདེ་གཤེགས་སྙིང་པོ་འདི་ཐོག་མ་ནས་སྟོང་གསལ་འགག་མེད་འབྱུང་བ་ལྔ་ཡི་དངས་བཅུད་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ནའང་། རང་ངོ་མ་ཤེས་པས་མ་རིག་པའི་སྨག་ཏུ་འཐུམ་སྟེ། འཁོར་བའི་སྤྱི་གཞི་ཀུན་གཞིའི་རྣམ་ཤེས་ཁྱབ་གདལ་དུ་གནས་པ་འབྲུལ་པ་ཀུན་གྱི་འབྱུང་གནས་ས་གཞི་འམ་གཙོ་བོ་རྒྱལ་པོ་ལྟ་བུ་དེ་བྱུང། དེ་ནས་སྟོང་པ་ལ་བདག་དང་གསལ་བ་ལ་གཞན་མ་འགག་པ་ལས་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པའི་ཡིད་འཁོར་དང་བཅས་པ་བྱུང་། དེ་ཡང་ཐོག་མ་སྟོང་པ་དང་། གསལ་བ་གཡོ་བ། སྲ་ཞིང་མཐས་པ། རྒྱུན་ཆད་མེད་པ་ལྔའི་རང་མདངས་ལ་འོད་སྔོ་དམར་ལྗང་སེར་དཀར་པོ་སྟེ་ཤིན་ཏུ་ཕྲ་བའི་འོད་ལྔའི་སྣང་པ་བྱུང་ཞིང་དེ་ལས་ནམ་མཁའ་མེ་རླུང་ས་ཆུ་བཅས་འབྱུང་བ་ལྔའི་སྣང་པ་བྱུང་། དེ་ལྟར་འཁྲུལ་སྣང་ཤར་མཁན་གྱི་རྣམ་པར་ཤེས་པའི་ཕུང་པོ་དེ་ལ་རྟེན་ནས། དང་པོ་ཡིད་ཀྱི་ལུས་དང་། དེ་འབྲེལ་ཚོར་བ་འདུ་ཤེས་འདུ་བྱེད་ཕུངཔོ་བཞི་དང་ཕྱེད་བྱུང་། དེ་ཕ་མའི་ཁུ་ཁྲག་སོགས་ཕྱི་ཡིས་འབྱུང་བ་འདྲེས་པས་བུ་ག་དྲོད་དབུགས་ཤ་ཁྲག་སྟེ་འབྱུང་བ་ལྔ་འདུས་པའི་གདོས་བཅས་རྣམ་པར་སྨིན་པའི་གཟུགས་ཀྱི་ཕུང་པོ་རག་པ་གྲུབ་དེ་ལ་རྟེན་མིག་རྣ་བ་སྣ་ལྕེ་ལུས་སེམས་ཏེ་དབང་པོ་དྲུག་བྱུང་། དེ་ལ་རྟེན་པ་རྒྱལ་པོའི་སྲས་ལྟ་བུའི་རྣམ་ཤེས་ཀྱི་ཆ་ལས་བྱུང་བའི་མི་དགེ་བ་ཉོན་མོངས་པའི་ཡིད་དང་། ཡེ་ཤེས་ཀྱི་ཆ་ལས་དད་པ་དང་སྙིང་རྗེ་ཤེས་རབ་སོགས་དགེ་བའི་ཡིད་ཡོད་པ་ཞིག་བྱུང་། དེའི་ཕོ་ཉ་བ་ལྟ་བུའི་རྣམ་ཤེས་ཚོགས་དྲུག་བྱུང་། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སྟེ་ཡུལ་དྲུག་བྱུང་། དེ་ནས་རྒྱལ་སྲས་ལྟ་བུའི་ཉོན་ཡིད་ཀྱི་གྲོས་མགོ་འཛིན་དབང་ཡུལ་རྣམ་ཤེས་དེ་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་འཚོགས་སྟེ་འཁྲུལ་རྟོག་བརྒྱ་ཕྲག་མང་པོས་ལུས་ངག་ཡིད་གསུམ་བྲན་དུ་བཀོལ་ཏེ་ལས་སྣ་ཚོགས་པ་བྱས་པས་བག་ཆགས་ས་བོན་ལྟ་བུ་དེ་ཀུན་གཞིའི་རྣམ་ཤེས་ས་གཞི་ལྟ་བུ་དེ་ལ་གཏབ་པས། དཔེར་ན་ལོ་ཏོག་ལ་་་་་ལུད་དྲོད་གཤེར་སོགས་རྟེན་འབྲེལ་མང་པོ་འཛོམས་པ་དང་། ས་བོན་ལས་རྒྱུ་དང་འབྲས་བུ་བྱུང་བ་བཞིན། སྔོན་ལས་ཀྱི་ས་བོན་ལ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་འཛོམས་པས་དགེ་བའི་རྒྱུ་ལས་མཐོ་རིས་དང་ཐར་པ། མི་དགེ་བའི་ལས་འཁོར་བ་དང་ངན་སོང་རྣམས་བྱུང་བ་ཡིན་ནོ།