Difference between revisions of "Zhal gdams thor bu ba rnams tshang bar"
Line 8: | Line 8: | ||
|BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (vol1 p.368)] | |BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (vol1 p.368)] | ||

༄༅། །ཞལ་གདམས་ཐོར་བུ་བ་རྣམས་ཚང་བར་བཞུགས།།

བླ་མ་དམ་པའི་ཞལ་ནས། ལྷ་སྐུ་ལ་ཉིན་མཚན་གཉིས་ཀ་སྦྱོང་ན། དགེ་སྦྱོར་དག་མདོ་ཙམ་དུ་འདུག་གི་གསུང་། ཉིན་པར་མདུན་དུ་ལྷ་སྐུ་གསལ་དངས་ཤར་མ་བྱུང་ཙ་ན། ལྷ་དེ་ལ་མིག་ཕུར་ཚུགས་སུ་གཅེར་རེ་བལྟས་པ་ལ་རང་ལུས་གསལ་སྟོང་འཛིན་མེད་དུ་ཕྱམ་མེ་བ། གསལ་ལ་རྟོག་པ་མེད་པའི་ལྷ་སྐུ་དེ་ལ་སེམས་མ་ཡེངས་པར་བཟུང་གིན་བསྒོམས་པས། ལྷ་སྐུའི་གསལ་སྣང་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། བདེ་བའི་གེགས་བྱུང་ན་འོག་རླུང་བསྐུམ་པ་ཙམ་བྱས་ལ་རྗེ་བཙུན་མ་ལྟ་བུ་ལ་གསང་གནས་སུ་སེམས་གཏད། བདེ་མཆོག་ལའང་དེ་བཞིན་དུ་བྱ། བདེ་སྟོང་གཉིས་སུ་མེད་པའི་ལྷ་བཤའ་མ་ཅིག་འོང་། རྨི་ལམ་ལུས་དང་འོད་གསལ་དང་། །ལྷ་སྐུ་འདྲེས་པའི་ལུས་དེ་ལ། །ན་རྒྱུ་འཆི་རྒྱུ་མེད་པར་རྟོགས། །ཟེར་བའང་དེ་ལ་ཟེར་བ་ཡིན། དེ་ལྟར་ཉིན་པར་སྦྱངས་པའི་གང་ཟག་དེས་ནུབ་མོ་རྨི་ལམ་གྱི་དུས་སུ། བླ་མས་ངོ་སྤྲད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་དགོས་སྙམ་པ་བྱས་ལ། ཉིན་པར་བཞིན་བསྒོམས་པས་བདེ་སྟོང་གཉིས་སུ་མེད་པའི་ལྷ་སྐུ་བཤའ་མ་ཅིག་འོང་སྟེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཟེར་བའང་དེ་ལ་ཟེར་བ་ཡིན། ཕྱག་མཚན་ཇི་ལྟར་བསྟན་ཀྱང་། འདི་ལྟར་མི་འོང་། དེ་ལྟར་ཉམས་སུ་བླངས་པས་ཞལ་མཐོང་པ་ལ་ཚེགས་མེད་གསུང་། གདམ་ངག་འདི། སློབ་མ་རྟོག་པ་ཡོད་པ་མིན་པ་ལ་སྦྱིན་དུ་མི་རུང་གསུང་སྟེ། བཀའ་རྒྱ་ཡོད། སྟེར་བའི་དུས་སུ་ཚོགས་འཁོར་དགོས་གསུང་ངོ་། ཨྀཐི།

ན་མོ་གུ་རུ།
སེམས་བསྐྱེད་ལ་བླ་མ་ལ་གསོལ་བ་དྲག་པོ་བཏབ་པོ། བཏབ་པའི་རྗེས་ལ་རང་བདེ་མཆོག་ཡབ་ཡུམ་དང་གཉིས་སུ་མེད་པར་བསམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ནམ་མཁའ་སྔོ་ཕྱམ་ཕྱམ། སྟོང་སངས་སངས་པ་གཅིག་བསྒོམ། རང་བདེ་མཆོག་སྔོ་སངས་པ་ལ་ཡབ་ཡུམ་གཉིས་སུ་མེད་པ་གཅིག་བསམས་པའི་ཁོང་པའི་ནང་དུ། རྗེ་བཙུན་མ་གཡས་གྲི་གུག་ཌཱ་མ་རུ་བསྣམས་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། གར་གྱི་འགྱིང་ཐབས་ལོག་ལོག་པ་གཅིག་རང་གི་ཁོང་པའི་ནང་ན་ཡར་འགྲོ་མར་འགྲོ་བྱེད་པར་བསམས་ལ། རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་བྱེད་ཅིང་། བདེ་མཆོག་གམ་རྗེ་བཙུན་མའི་བསྙེན་པ་བསྐྱལ། འདིས་སྒྱུ་མ་རང་ཤར་དང་རྨི་ལམ་རང་ཟིན་འོང་། འདི་བླ་མའི་ཐུགས་དམ་ཡིན་གསུང་ངོ་། །གཉིད་དང་རྨི་ལམ་གྱི་བར་ན་གང་བསམས་པའི་དོན་འགྲུབ་པར་བྱེད་ན། རང་གང་ཡིད་དང་མཐུན་པ་ཅིག་བློས་མ་བྱས་པར་གཉིད་ཐུམ་གྱི་སྐབས་སུ་འབྱུང་སྟེ། དཔེར་ན་བུད་མེད་ལྟ་བུ་རང་གི་ཡིད་དང་མཐུན་པ་གཅིག་བྱུང་ན་དེ་ལ་བྱམས་པ་བསྒོམ་ཞིང་མང་པོ་དཔག་ཏུ་མེད་པར་སྤྲུལ་ནས་རྗེ་བཙུན་མ་ལ་རྩོལ་བ་མེད་པར་དབང་དུ་འདུས་ནས་འོང་། མཆོག་ཐམས་ཅད་དེར་གསལ་ནས་འགྲོ་བས། འདི་བཀའ་རྒྱ་ཡོད་དོ།
།རང་ལུས་ཡི་དམ་ལྷར་གསལ་བ་དང་སྤྱི་བོར་བླ་མ་བསྒོམ། མིག་གླང་པོ་ཆེའི་ལྟ་སྟངས་ཀྱིས་མ་ཡེངས་པར་གསོལ་བ་བཏབ་པས། གདུང་ཤུགས་དང་། ཡི་དམ་གྱི་གསལ་སྣང་དང་ཕྱག་རྒྱ་ཆེན་པོ་གསུམ་དུས་གཅིག་ལ་འོང་། ལར་ཡང་རྣམ་རྟོག་ལ་ཐོག་བརྫིས་བྱེད་དགོས། སངས་རྒྱ་བ་ལ་རྒྱ་ལུགས་གསུམ་སྟེ། རྨི་ལམ་ཟིན་པ་སྦྱོང་སྤེལ་བཏུབ་པ་དེ་བར་དོར་སྤྲུལ་སྐུར་སངས་རྒྱ། རྨི་ལམ་གྱི་དུས་སུ་ལྷ་སྐུ་རང་ཤར་རམ། བསྒོམས་པས་ལྷ་སྐུ་རང་བར་ན་བར་དོར་ལོངས་སྐུར་སངས་རྒྱས་ཐོབ། གཉིད་རྨི་ལམ་གྱི་བར་ན་འོད་གསལ་ཤར་རམ། རྨི་ལམ་གྱི་དུས་སུ་འོད་གསལ་ལ་འདྲོངས་ན་བར་དོར་ལོངས་སྐུར་སངས་རྒྱས་ཐོབ་བོ། །རྨི་ལམ་ཟིན་པ་རྒྱ་མཚོ་ལ་སོགས་པའི་འོག་ཏུ་འགྲོ་བར་འདོད་ན། སྟེང་རླུང་མནན་པས་ཇི་ལྟར་འདོད་པ་བཞིན་འོང་གསུམ་ངོ་། ཨྀཐི།

ན་མོ་གུ་རུ།
[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞལ་ནས། རང་ལ་ཉི་མ་ཕོག་པའི་དུས་སུ་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་ཤིང་སྐམས་པ་ཡིན་སྙམ་དུ་བསམ། ཁ་བ་བབས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རང་གི་ལུས་ལ་སིབ་སིབ་ཐིམ་པར་བསམ། དེ་བཞིན་དུ་ཆར་པའང་བསྒོམ་གསུང་ལམ་ཁྱེར་གྱི་ཆོས་ཟབ། ཨྀཐི།

༼རྨི་ལམ་འཛིན་པའི་ཞལ་གདམས།༽
ཡང་རབ་ཟིན་པ་དང་རྨི་ལམ་གྱི་སྦྱོང་སྤེལ་དུས་གཅིག་ལ་ཡོད། ཡང་རབ་རྨི་ལམ་འཛིན་པར་འདོད་ན། རང་བདེ་མཆོག་དུ་བསྐྱེད་ལ། སྤྱི་བོར་མཁའ་སྤྱོད་མ་ཤིན་ཏུ་གསལ་བ་ནམ་མཁའ་དངས་པ་འདྲ་བ་བཞིན་བསམས་ལ་དྲན་འདུན་བཏང་། དེས་ཟིན་པ་དང་ལྷ་སྐུ་རང་ཤར་འོང་། གཏི་མུག་སྐྱེས་ན་རང་བདེ་མཆོག་ཏུ་བསྐྱེད་པའི་ཁོང་པའི་ནང་ན་ཡར་ཟང་མར་ཟང་བྱེད་པ་ལ་ཤེས་པ་གཏད་ལ་དྲན་འདུན་བཏང་། དེས་ཟིན་པ་དང་སྦྱོང་སྤེལ་དུས་གཅིག་འོང་། ཡང་གཉིད་ཐུམ་གྱི་སྐབས་སུ་ཁྱི་འམ། གཅན་ཟན་ལ་སོགས་པ་བྱུང་ན། ནམ་མཁའ་ལ་འགྲོ་བ་དང་ཡར་ཐལ་མར་ཐལ། ཕར་ཐལ་ཚུར་ཐལ་སྦྱངས་པས། རྨི་ལམ་ཟིན་པ་དང་སྦྱོང་སྤེལ་གདོན་ཐུལ་བ་དང་གསུམ་དུས་གཅིག་ལ་འབྱུང་པས་ཤིན་ཏུ་ཟབ་པོ། ཨྀཐི།

ན་མོ་གུ་ར་ཝེ།
རང་ལུས་ཡི་དམ་དུ་བསྒོམས་པའི་སྨིན་སྤྲག་དུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ཡི་གེ་ཨ་གཅིག་བསམ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཞལ་སྦྱོར་དུ་བསམ། དེ་ནས་སྨིན་སྤྲག་གི་ཨ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་སྣ་ལ་ཕྱི་མཆོད་ཐོགས་པའི་ལྷ་མོ་དང་། ནང་མཆོད་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། མདུན་གྱི་དེ་རྣམས་ལ་དབུལ། གསང་བའི་མཆོད་པ་དེ་རྣམས་སྙོམས་འཇུག །དེ་རྣམས་སེམས་བསྐྱེད་དེ་ཕྱག་རྒྱ་ཆེན་པོར་ཤེས་པ། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་རྣམས་ཕུལ་བའི་བཟང་ལན་དུ། སྐུ་ལུས་ལས་ཡེ་ཤེས་ཀྱི་བདུད་རྩི་སྐྱ་ན་ར་ར་བྱོན། རང་གི་ལུས་ཕྱི་ནང་ཐམས་ཅད་ན་མར་སོང་པ་དང་། ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སངས་དག་པར་བསྒོམ། ངག་གི་ཨོཾ་གསུམ་མའམ་བཻ་རོ་ཙ་ནི་ཅི་ནུས་ཚད་བཟླས། མ་མཐའ་ཡང་གསུམ་བརྒྱ་ཙལ་བཟླས་པོ་གསུང་ངོ་། །ཡང་རང་གི་མགྲིན་པར་པད་མ་དམར་པོ་འདབ་བཞིའི་སྟེང་དུ་རྗེ་བཙུན་མ་གྲི་གུག་དང་ཐོད་པ་ཁ་ཊྭཾ་ག་དང་བཅས་པ་གཅིག་བསམ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པར་བཞུགས་པར་བསྒོམ། དེ་ནས་རྗེ་བཙུན་མ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་སྣ་ནས་ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཕུལ་ནས། དེའི་བཟང་ལན་དུ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ། རང་གི་མགྲིན་པར་ཐིམ་པ་དང་། ངག་གི་སྡིག་སྒྲིབ་སངས་ངག་པར་བསམ་ཞིང་ཨོཾ་གསུམ་བཟླས། ཡང་སྙིང་གར་ཆོས་འབྱུང་གྲུ་གསུམ་མཐིང་ག་གཅིག་གི་ནང་དུ། རྗེ་བཙུན་མ་སྐུ་མདོག་མཐིང་ག་གཅིག་གིས་གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་བསྣམས་པ་གཅིག་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་མཆོད་པའི་ཚོགས་དཔག་ཏུ་མེད་པ་གོང་ནས་གོང་བཞིན་དུ་ཕུལ་བས། མདུན་གྱི་དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩི་ན་ར་ར་བྱོན་རང་གི་སྙིང་གར་ཕོག་པ་དང་། ཡིད་ཀྱིས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག་པར་བསམ་ཞིང་། བཟླས་པ་བྱ། ཡང་རང་གི་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། ཁ། ཆུ་སོ། གཤང་ལམ་དང་སྒོ་དགུ་ཏུ་ཡི་གེ་ཧཱུྃ་རེ་བསྒོམ། ཡན་ལག་གི་སྣ་དང་ཚིགས་སུ་ཧཱུྃ་སྔོན་པོ་རེ་རེ་བསྒོམས་ནས་ཡི་གེ་བདུན་པ་བཟླས་པ་དང་། ཧཱུྃ་རྣམས་ཐིག་ལེར་གྱུར་ནས་ལུས་ཀྱི་ནང་དུ་འདུས་པ་དང་། ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་དག་ནས་སྙིང་གི་དཀྱིལ་དུ་གཅིག་ཏུ་གྱུར་པ་ལས། ཡི་དམ་བདེ་མཆོག་ཡབ་ཡུམ་དུ་གསལ་བར་བསྒོམས་པའི་ཐུགས་ཀར། སྤུས་བྲིས་པ་ལྟ་བུའི་ཡི་གེ་ཧཱུྃ་གཅིག་བསྒོམ། དེ་ལ་དམིགས་ནས་ཡི་གེ་བདུན་པ་བཟླས་པ་དང་། གཟུགས་སུ་སྣང་པ་ཐམས་ཅད་ཡི་དམ། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་སྐྱེ་མེད་ཆོས་ཀྱི་སྐུར་བསྒོམ་ཞིང་། རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་བཏང་གསུང་། དེ་ལྟར་མིག་གཉིས་སུ་བསྒོམས་པས། གཟུགས་སྡུག་པ་དང་མི་སྡུག་པ་ཐམས་ཅད་བཀག །རྣ་བར་བསྒོམས་པས་སྒྲ་སྙན་པ་དང་མི་སྙན་པ་ཐམས་ཅད་བཀག །དེ་བཞིན་དུ་དྲི་ལ་སོགས་པ་ཐམས་ཅད་དག་ནས་སྒྱུ་མ་ལྟ་བུར་འཆར་གསུང་ངོ་། །ཡང་རང་གི་ལུས་ཐ་མལ་དུ་བསྒོམས་པའི་རྩ་དབུ་མ་ཡར་རྩེ་ཚངས་བུག་ཏུ་སླེབ་པ། མར་སྣ་གསང་གནས་སུ་ཟུག་པ་གཅིག་གི །མགྲིན་པའི་ཐད་ཀ་དབུ་མའི་ནང་དུ་ཡི་གེ་ཨ་གཅིག་བསམ། ཨ་ཞེས་ཀྱང་བྱ། སྟོང་པ་ཞེས་ཀྱང་བྱ། དེ་རྗེ་ཆེ་ཇེ་ཆེར་ལུས་ཐམས་ཅད་སྟོང་སངས་ཏེ་སོང་པར་བསམ། དེའི་ངང་ནས་ཡི་དམ་གྱི་ལྷ་བདེ་མཆོག་ཡབ་ཡུམ་སྣང་པ་གཟུགས་སུ་སྣང་ཡང་། རེག་པ་གཟུགས་སུ་མ་གྲུབ་པ་གཅིག་ཏུ་གསམ་ལམ་གྱིས་བསྒོམས་ལ་ཡི་གེ་བདུན་པ་བཟླས། སྤྱི་བོའི་གཙུག་ཏུ་བླ་མ་བསྒོམས་ལ་གསོལ་བ་གདབ། མོས་གུས་དྲག་པོ་བྱ་གསུང་། མི་བདེན་རྫུན་པའི་རང་བཞིན་སྒྱུ་མ་ལྟ་བུར་བསྒོམ་ཞིང་དྲན་འདུན་དྲག་པོ་བཏང་ངོ་། །རང་ལུས་ཡི་དམ་དུ་བསྒོམས་པའི་སྤྱི་བོར་བླ་མ་དང་། ཡི་དམ་དབྱེར་མེད་དུ་བསྒོམ། དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམས་ལ། མཆོད་པའི་ཚོགས་དཔག་ཏུ་མེད་པ་དངོས་དང་ཡིད་ཀྱིས་ལྕོགས་ཚད་དབུལ་གསུང་། དངོས་སུ་ཚོགས་འཁོར་ལ་སོགས་ཡོད་ན་བཟང་གསུང་། མ་ཟིན་འབྱམས་དང་གོལ་པ་གསུམ། བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། ཞེས་པའི་ཉེ་བར་འགྲུབ། ཅེས་པའི་དོན་གསུང་། དེ་ནས་རང་ཡི་དམ་གྱི་སྨིན་སྤྲག་ཏུ། ཆོས་འབྱུང་གྲུ་གསུམ་དཀར་བ་གཅིག་གི་ནང་དུ། སྐྱེ་བ་མེད་པའི་ཡི་གེ་ཨ་གཅིག་བསམ། དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས། ཁྱད་པར་དུ་རང་གང་བལྟ་སྙམ་པའི་ལྷ་ལྟ་བུར་འོད་ཟེར་ནར་གྱིས་སེམས་འགྲོགས་ཏེ། མུན་ནག་དུ་མར་མེ་བཏེག་པ་བཞིན་དུ་གསལ་ལམ་གྱིས་བསྒོམ། དེས་ཇི་ལྟ་བ་བཞིན་མཐོང་གསུང་། ཡང་རང་གི་ལྟེ་བའི་དབུས་སུ་ཆོས་འབྱུང་སེར་པོ་གྲུ་གསུམ་པའི་དབུས་སུ་ཡི་གེ་ཧཱུྃ་གཅིག་བསམ། དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྩི་ཤིང་ནགས་ཚལ་རི་དང་ཁང་པ་ཐམས་ཅད་ཡི་དམ་ལྷར་བསྒོམས་ལ། རང་གི་སྔགས་བཟླས་པ་དང་། ཡི་དམ་དེ་རྣམས་ཀྱིས་ཀྱང་བཟླས་པར་བསམ། དེའི་ངང་ནས་གཟུགས་སྣང་པ་ཐམས་ཅད་ཡི་དམ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་བསྒོམ་གསུང་ངོ་། །དེ་ནས་ཡི་དམ་དེ་རྣམས་འོད་དུ་གྱུར། འོད་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་དེ་གྱུར་པ་ལས་བདེ་མཆོག །དེའི་ཐུགས་ཀར་ཧཱུྃ་འོད་ཀྱི་རང་བཞིན་ཅན་གཅིག་ལ་སེམས་གཏད། དྲན་རིག་དྲན་རྟོག་ཐམས་ཅད་རྨི་ལམ་དུ་བསྒོམས་ནས་ཉལ་བས་ཟིན་པ་དང་། འབྱོངས་པ་མཉམ་དུ་འོང་། གསུང་ངོ་། །ཞལ་གྱི་གདམས་པ་ཨྀཐི།

༼ཚེ་སྒྲུབ།༽
ན་མོ་གུ་རུ།
ཡེ་ཤེས་སྐར་ཁུང་མའི་སྐབས་སུ་ཨ་སྤྱི་བོར་བསམ། ཨ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བབས་པས། ཆོས་འབྱུང་ཁེངས་པས་ཚེ་བསྲིང་ལ། བླ་མའི་ཞལ་གདམས་ཀྱི་རྐང་མཐིལ་ནས་སྤྱི་བོ་མན་ཆད་བདུད་རྩིས་ཁྲག་གིས་ཁེངས་པར་བསྒོམ་གསུང་ངོ་། །དེ་ནས་ཨ་ཞུ་བས་ཐོད་པ་སྔར་བས་ཁྲེགས་ཤིང་འཐུག་པར་བསམ་གསུང་། ཨྀཐི།

བར་དོ་དང་པོ་དང་ཐ་མའི་དམིགས་པ་བསྡུས་པ་ཡིན་ནོ།
བར་དོ་དང་པོ་ཐ་མའི་དུས་སུ། ཆོས་འབྱུང་གི་ནང་དུ་རང་གི་སེམས་ཧཱུྃ་དུ་གྱུར་ནས། ཧཱུྃ་ལས་འོད་འཕྲོས་པས་འདས་པའི་མངལ་གྱི་ལན་ཆགས་སྦྱངས། ད་ལྟར་གྱི་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུྃ་དེ་གྱུར་པ་ལས་རང་བདེ་མཆོག་ཡབ་ཡུམ་དང་གཉིས་སུ་མེད་པར་བསམ། སྤྱིར་ཕོ་ཐམས་ཅད་བདེ་མཆོག་དཔའ་བོ་གཅིག་པར་བསམ། ཁྱད་པར་ཞེ་སྡང་གང་སྐྱེ་བའི་ཡུལ་དེ་ཆོས་འབྱུང་གི་ནང་། རང་གི་གཡོན་ངོས་སུ་བདེ་མཆོག་དཔའ་བོ་གཅིག་པར་བསམས་ལ་སྦྱང་པར་བྱའོ། །སྤྱིར་མོ་ཐམས་ཅད་རྗེ་བཙུན་མར་བསྒོམ། ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་རང་གི་གཡས་སུ་རྗེ་བཙུན་མར་བསྒོམས་ལ་ཆགས་སྡང་དང་མིག་སེར་ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ཏུ་སྦྱང་པར་བྱའོ།

ཨ་ཡི་འོད་ཀྱིས་མཆོད་པ་ཡིན།
།དགོས་འདོད་ཐམས་ཅད་འབྱུང་པ་ཡི། [[Öntön Kyergangpa|སྐྱེར་སྒང་པ་]]ཡི་ཞབས་ལ་འདུད། ཨ་ཡི་འོད་ཀྱིས་མཆོད་པ་ནི། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པ་ལ། དུས་གསུམ་བསགས་པའི་དགེ་བ་རྣམས་མཆོད་པར་འབུལ། དཔྲལ་བའི་ཨཱཿདཀར་པོ་ལས་འོད་ཟེར་མཆོད་པའི་རང་བཞིན་དུ་སྤྲོས་ཏེ། ནམ་མཁའི་ལྷ་ཚོགས་ལ་ཕུལ་བས། དེའི་བཟང་ལན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཀར་ནར་བྱུང་ནས་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག་པར་བསྒོམ། མཁའ་འགྲོ་བང་ཆེན་པ་ནི། མགྲིན་པར་པད་མ་འདབ་བཞིའི་སྟེང་དུ་རྗེ་བཙུན་མ་བསམ། དེའི་ཐུགས་ཀ་ནས་འོད་འཕྲོས། མཆོད་པ་ཕུལ་བས་བཟང་ལན་དུ། ཡེ་ཤེས་ཀྱི་ཆུ་རྒྱུན་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག །སྙིང་གའི་རྗེ་བཙུན་མ་ལས་གོང་བཞིན་སྤྲོས་པས། བཟང་ལན་དུ་ཡེ་ཤེས་ཀྱི་བདུད་རྩི་བྱུང་ནས་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས། ཉམས་རྟོག་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསྒོམ་མོ། །སྙིང་རྗེའི་རྒྱུན་ནི། སེམས་ཅན་ཐམས་ཅད་མ་ཡིན། མ་འདི་རྣམས་འཁོར་བའི་བཙོན་རར་འཁྱམས་པ་སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ་པས། ཐུགས་ཀ་ནས་སྙིང་རྗེའི་ཆུ་རྒྱུན་དཀར་ན་ར་ར་བྱུང་ནས། རང་དང་གནོད་བྱེད་ལ་ཕོག་པས། ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ། ཁྱད་པར་དུ་འཕགས་པའི་གསོལ་འདེབས་ནི། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། དཔའ་བོ་དང་དཔའ་མོར་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དུས་ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ ཅེས་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཆར་བཞིན་དུ་ལུས་ལ་སིབ་སིབ་ཐིམ་པར་བསྒོམ་མོ། །ནུས་མཐུ་ལ་སོགས་པའི་དམིགས་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །གདམས་པ་ཆིག་ཆོག་མ་ཞེས་བྱ་བ་འདི། ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དངོས་སུ་གསུངས་པ་ཡིན་པས། ཚོགས་འཁོར་ལྔའམ་བདུན་བྱས་ནས་རེ་རེ་ལ་སྦྱིན་ནོ། །དེ་མ་ཡིན་པར་མི་སྦྱིན་ནོ། །མངྒ་ལཾ།

ན་མོ་གུ་རུ།
[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞལ་ནས། འཁོར་བ་ལྡོག་པ་དང་། ཡེ་ཤེས་ཀྱིས་སླེབ་པ་ལ་བཞིར་བྱེད་དོ་གསུང་ངོ་།
།འཁོར་བ་ལྡོག་པའི་དུས་དང་། འཁོར་བ་ལྡོག་པར་བྱེད་པ་གཉིས་ཡིན་གསུང་།
འཁོར་བ་ལྡོག་པའི་དུས་ནི། དགེ་སྦྱོར་གནད་དུ་སོང་པས། ཉིན་པར་ཉམས་ཀྱི་སྒྱུ་མ། བདེན་མེད་དུ་བུན་བུན་འོང་པ། ནུབ་མོ་རྨི་ལམ་སྐྱམ་སྐྱམ་ཟིན་པའི་དུས་སུ་སྔོན་གྱི་ལས་ངན་ཐམས་ཅད་སློངས་ཏེ། འཁོར་བ་ལྡོག་པའི་དུས་ཡིན།
ལྡོག་པར་བྱེད་པ་ཡང་ཉོན་མོངས་ཆགས་སྡང་ལ་སོགས་པ་བཟོད་ཐབས་མེད་པ་སྐྱེས་ནས། འཁོར་བ་ལྡོག་པར་བྱེད་དོ། ཡེ་ཤེས་ལ་ཡང་གཉིས་སུ་བྱེད་གསུང་།
ཡེ་ཤེས་ཀྱིས་སླེབ་པ་དང་། ཡེ་ཤེས་ཀྱི་སླེབ་པའི་ཚད་གཉིས་ཡིན་གསུང་།
ཡེ་ཤེས་ཀྱིས་སླེབ་པ་ནི། ཉོན་མོངས་པ་དྲན་པ་དང་། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་བྱས་ནས་མགོ་གནོན་པའོ།
།སླེབ་པའི་ཚད་ནི། བླ་མ་ལ་གསོལ་བ་དྲག་པོ་བཏབ་པས། སྣང་པ་འདི་བདེན་མེད་བཤའ་མར་རྟོགས་པའོ།
།[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞལ་ནས། ནམ་དྲོད་ཀྱི་དུས་སུ་བདུད་ཀྱི་དམག་དང་བར་ཆོད་འོང་པས། མགོན་པོ་ལ་གསོལ་བ་དྲག་པོ་འདེབས་པ་དང་། བསྙེན་པ་སྐྱེལ་དགོས་པ་ཡིན། མགོན་པོ་ཡང་འབྱོན་པ་ཡིན་གསུང་། ཐོ་རངས་མགོན་པོ་ལ་གསོལ་བ་བཏབ་པས། ཉིན་ཞག་ཕྲུགས་གཅིག་གི་བར་ཆད་ཐམས་ཅད་སེལ་བ་ཡིན་གསུང་། ལར་ཀྱང་སེམས་བསྐྱེད་པ་དང་། བླ་མ་བསྒོམ་པ་དང་། ཚེ་བསྲིང་བ་ལ་སོགས་པ་ཐོ་རེངས་བྱེད་དགོས་པ་ཡིན། བསྲུང་པའི་འཁོར་ལོ་བསྒོམ་པ་དང་དྲག་སྔགས་ཐམས་ཅད་དགོངས་མོ་བྱེད་དགོས་པ་ཡིན། གྲིབ་ཆེན་པོ་ཕོག་པ་དང་། ཕོག་གྲབས་བྱེད་ན། བླ་མ་རང་ལ་གསོལ་བ་དྲག་པོ་མ་བཏབ་ན། གཞན་ཅིས་ཀྱང་མི་སེལ་བ་འདུག་གསུང་ངོ་།
།ཡང་བླ་མ་སངས་རྒྱས་དེའི་ཞལ་ནས། རང་ལུས་ཡི་དམ་དུ་མ་ཡེངས་པར་བསྒོམ་པ་དང་གཅིག
།སྤྱི་བོར་བླ་མ་བསམས་ནས། ངའི་བླ་མ་སྙམ་པའི་མོས་གུས་དུངས་དུངས་པ་རྒྱུན་ཆད་མེད་པ་དང་གཉིས།
ངག་པའི་སྣང་བ་ཕྱོགས་མེད་དུ་སྦྱངས་ནས་ཐམས་ཅད་གོང་དུ་འཁུར་བ་དང་གསུམ།
ཨ་པ་ང་གཉིད་དུ་སོང་ནས་འདུག་པ། སྣང་པ་འདི་རྨི་ལམ་ཡིན་པར་འདུག །ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན། བདེན་མེད་ཡིན་པ་དང་བཞི།
ང་དོ་ནུབ་འཆི་འམ་སང་འཆི་ཅིས་ཀྱང་ཅི་བྱེད་སྙམ་པའི་མི་རྟག་འཆི་བ་དྲན་པ་དང་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག །སྐྱིད་པར་གྱུར་ཅིག་སྙམ་པ་དང་ལྔ་པོ་དེས་དུས་འདའ་དགོས་པ་ཡིན་གསུང་།
ལར་ཡང་སྦྱོར་བ་སེམས་བསྐྱེད། དངོས་གཞི་མི་དམིགས་པ། རྗེས་བསྔོ་བའོ།
།ཡེ་ཤེས་རྒྱ་མཚོ་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ལ། །མཁས་པས་ཡོངས་སུ་ཤེས་པར་བྱ།
ཡེ་ཤེས་མངོན་འབྱུང་ལས། སྣང་པའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་ཏེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པའོ། །ཞེས་སོ།
།ཡེ་ཤེས་གསལ་སྒྲོན་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། ཅེས་སོ།
།འགྲོ་འདུག །འཕོ་སྐྱས། བློ་སྣ་བལྟ་རྟོག་མང་པོ་དགེ་སྦྱོར་གྱི་སད་ཡིན་པས། སད་བཞིས་མ་ཁྱེར་བ་གལ་ཆེའོ།
།མངྒ་ལཾ།། །། | + |
༄༅། །ཞལ་གདམས་ཐོར་བུ་བ་རྣམས་ཚང་བར་བཞུགས།།

༼ལྷ་སྐུ་ཕྱག་རྒྱ་ཆེན་པོ།༽

།མངྒ་ལཾ།། །། |
Revision as of 09:43, 2 April 2024
Resource ID | GB2 |

Title | zhal gdams thor bu ba rnams tshang bar |
Topics | Various |
Sub-Topics | Various instructions |
Associated Person | Sangyé Tönpa Öntön Kyergangpa |
Link | BDRC W3CN18508 (vol1 p.368) |

སངས་རྒྱས་སྟོན་པའི་ཞལ་ནས། རང་ལ་ཉི་མ་ཕོག་པའི་དུས་སུ་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་ཤིང་སྐམས་པ་ཡིན་སྙམ་དུ་བསམ། ཁ་བ་བབས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རང་གི་ལུས་ལ་སིབ་སིབ་ཐིམ་པར་བསམ། དེ་བཞིན་དུ་ཆར་པའང་བསྒོམ་གསུང་ལམ་ཁྱེར་གྱི་ཆོས་ཟབ། ཨྀཐི།

།དགོས་འདོད་ཐམས་ཅད་འབྱུང་པ་ཡི། སྐྱེར་སྒང་པ་ཡི་ཞབས་ལ་འདུད། ཨ་ཡི་འོད་ཀྱིས་མཆོད་པ་ནི། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པ་ལ། དུས་གསུམ་བསགས་པའི་དགེ་བ་རྣམས་མཆོད་པར་འབུལ། དཔྲལ་བའི་ཨཱཿདཀར་པོ་ལས་འོད་ཟེར་མཆོད་པའི་རང་བཞིན་དུ་སྤྲོས་ཏེ། ནམ་མཁའི་ལྷ་ཚོགས་ལ་ཕུལ་བས། དེའི་བཟང་ལན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཀར་ནར་བྱུང་ནས་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག་པར་བསྒོམ། མཁའ་འགྲོ་བང་ཆེན་པ་ནི། མགྲིན་པར་པད་མ་འདབ་བཞིའི་སྟེང་དུ་རྗེ་བཙུན་མ་བསམ། དེའི་ཐུགས་ཀ་ནས་འོད་འཕྲོས། མཆོད་པ་ཕུལ་བས་བཟང་ལན་དུ། ཡེ་ཤེས་ཀྱི་ཆུ་རྒྱུན་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག །སྙིང་གའི་རྗེ་བཙུན་མ་ལས་གོང་བཞིན་སྤྲོས་པས། བཟང་ལན་དུ་ཡེ་ཤེས་ཀྱི་བདུད་རྩི་བྱུང་ནས་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས། ཉམས་རྟོག་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསྒོམ་མོ། །སྙིང་རྗེའི་རྒྱུན་ནི། སེམས་ཅན་ཐམས་ཅད་མ་ཡིན། མ་འདི་རྣམས་འཁོར་བའི་བཙོན་རར་འཁྱམས་པ་སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ་པས། ཐུགས་ཀ་ནས་སྙིང་རྗེའི་ཆུ་རྒྱུན་དཀར་ན་ར་ར་བྱུང་ནས། རང་དང་གནོད་བྱེད་ལ་ཕོག་པས། ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ། ཁྱད་པར་དུ་འཕགས་པའི་གསོལ་འདེབས་ནི། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། དཔའ་བོ་དང་དཔའ་མོར་བཅས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དུས་ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ ཅེས་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཆར་བཞིན་དུ་ལུས་ལ་སིབ་སིབ་ཐིམ་པར་བསྒོམ་མོ། །ནུས་མཐུ་ལ་སོགས་པའི་དམིགས་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །གདམས་པ་ཆིག་ཆོག་མ་ཞེས་བྱ་བ་འདི། ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དངོས་སུ་གསུངས་པ་ཡིན་པས། ཚོགས་འཁོར་ལྔའམ་བདུན་བྱས་ནས་རེ་རེ་ལ་སྦྱིན་ནོ། །དེ་མ་ཡིན་པར་མི་སྦྱིན་ནོ། །མངྒ་ལཾ།
ན་མོ་གུ་རུ།
སངས་རྒྱས་སྟོན་པའི་ཞལ་ནས། འཁོར་བ་ལྡོག་པ་དང་། ཡེ་ཤེས་ཀྱིས་སླེབ་པ་ལ་བཞིར་བྱེད་དོ་གསུང་ངོ་།
།འཁོར་བ་ལྡོག་པའི་དུས་དང་། འཁོར་བ་ལྡོག་པར་བྱེད་པ་གཉིས་ཡིན་གསུང་།
འཁོར་བ་ལྡོག་པའི་དུས་ནི། དགེ་སྦྱོར་གནད་དུ་སོང་པས། ཉིན་པར་ཉམས་ཀྱི་སྒྱུ་མ། བདེན་མེད་དུ་བུན་བུན་འོང་པ། ནུབ་མོ་རྨི་ལམ་སྐྱམ་སྐྱམ་ཟིན་པའི་དུས་སུ་སྔོན་གྱི་ལས་ངན་ཐམས་ཅད་སློངས་ཏེ། འཁོར་བ་ལྡོག་པའི་དུས་ཡིན།
ལྡོག་པར་བྱེད་པ་ཡང་ཉོན་མོངས་ཆགས་སྡང་ལ་སོགས་པ་བཟོད་ཐབས་མེད་པ་སྐྱེས་ནས། འཁོར་བ་ལྡོག་པར་བྱེད་དོ། ཡེ་ཤེས་ལ་ཡང་གཉིས་སུ་བྱེད་གསུང་།
ཡེ་ཤེས་ཀྱིས་སླེབ་པ་དང་། ཡེ་ཤེས་ཀྱི་སླེབ་པའི་ཚད་གཉིས་ཡིན་གསུང་།
ཡེ་ཤེས་ཀྱིས་སླེབ་པ་ནི། ཉོན་མོངས་པ་དྲན་པ་དང་། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་བྱས་ནས་མགོ་གནོན་པའོ།
།སླེབ་པའི་ཚད་ནི། བླ་མ་ལ་གསོལ་བ་དྲག་པོ་བཏབ་པས། སྣང་པ་འདི་བདེན་མེད་བཤའ་མར་རྟོགས་པའོ།
།སངས་རྒྱས་སྟོན་པའི་ཞལ་ནས། ནམ་དྲོད་ཀྱི་དུས་སུ་བདུད་ཀྱི་དམག་དང་བར་ཆོད་འོང་པས། མགོན་པོ་ལ་གསོལ་བ་དྲག་པོ་འདེབས་པ་དང་། བསྙེན་པ་སྐྱེལ་དགོས་པ་ཡིན། མགོན་པོ་ཡང་འབྱོན་པ་ཡིན་གསུང་། ཐོ་རངས་མགོན་པོ་ལ་གསོལ་བ་བཏབ་པས། ཉིན་ཞག་ཕྲུགས་གཅིག་གི་བར་ཆད་ཐམས་ཅད་སེལ་བ་ཡིན་གསུང་། ལར་ཀྱང་སེམས་བསྐྱེད་པ་དང་། བླ་མ་བསྒོམ་པ་དང་། ཚེ་བསྲིང་བ་ལ་སོགས་པ་ཐོ་རེངས་བྱེད་དགོས་པ་ཡིན། བསྲུང་པའི་འཁོར་ལོ་བསྒོམ་པ་དང་དྲག་སྔགས་ཐམས་ཅད་དགོངས་མོ་བྱེད་དགོས་པ་ཡིན། གྲིབ་ཆེན་པོ་ཕོག་པ་དང་། ཕོག་གྲབས་བྱེད་ན། བླ་མ་རང་ལ་གསོལ་བ་དྲག་པོ་མ་བཏབ་ན། གཞན་ཅིས་ཀྱང་མི་སེལ་བ་འདུག་གསུང་ངོ་།

།མངྒ་ལཾ།། །།