Difference between revisions of "Zhus len zla ba'i dkyil 'khor"
(55 intermediate revisions by the same user not shown) | |||
Line 3: | Line 3: | ||
|Tibetan Title=ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ། | |Tibetan Title=ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ། | ||
|Wylie Title=zhus len zla ba'i dkyil 'khor nyon mongs gdung sel | |Wylie Title=zhus len zla ba'i dkyil 'khor nyon mongs gdung sel | ||
− | |Associated Person=Sangyé Nyentön | + | |Subject=Six doctrines of Niguma |
+ | |SubTopics=Instructions | ||
+ | |Author=Sangyé Tönpa | ||
+ | |Associated Person=Sangyé Nyentön | ||
+ | |BDRC link=[https://www.tbrc.org/#library_work_ViewByOutline-O3CN17353CN1921%7CW3CN766 BDRC W3CN766]
[http://purl.bdrc.io/resource/MW2PD20238_50AD7E BUDA MW2PD20238 (p.569 alt. version)]
[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p.140)]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v2p.486)]
[https://www.tbrc.org/#library_work_ViewByOutline-O4CZ3470804CZ354208%7CW8LS32723 BDRC W8LS32723]
[https://www.tbrc.org/#library_work_ViewInWIndow-W22103%7C0253%7C57%7C1%7C1%7C740 BDRC W22103 (p.340)] | ||

− | + | ༄༅། །ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་བཞུགས་སོ།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སྐུ་གསུམ་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ཀྱི། །རིན་ཆེན་མགུར་གྱིས་བུམ་པ་ནས། །ཚངས་པའི་དབྱངས་ཀྱིས་རྡོ་རྗེའི་ཚིག །སྐུ་གསུམ་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ཀྱི། །རིན་ཆེན་མགུར་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་རྡོ་རྗེའི་ཚིགས། །གསུངས་པ་ལེགས་པར་རྟོགས་བྱའི་ཕྱིར། །རང་གཞན་ཕན་ཕྱིར་ཞུས་ལེན་བྲི།
དེ་ལ་ཆོས་རྗེ་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། རྣམ་པར་སྨིན་པའི་ལུས་དང་། བག་ཆགས་ཀྱི་ལུས་དང་། ཡིད་ཀྱི་ལུས་དང་གསུམ་པོ་འདི་ལ། རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་གནད་འདི་མ་ཤེས་ཤིང་མ་རྟོག་ན། བརྩོན་འགྲུས་དྲག་པོ་དང་ལྡན་པས་ཉམས་སུ་བླངས་ཀྱང་། ངལ་བ་དོན་མེད་པར་འགྱུར་བས། འདིའི་གནད་ཤེས་པ་འདི་ཤིན་རྒྱུ་གལ་ཆེ་ཞེས་ཡང་དང་ཡང་བཀའ་རྩལ་གསུང་ན།

དེ་ཡང་རྣམ་པར་སྨིན་གྱི་ལུས་ལ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་དེ་ཇི་ལྟར་ཉམས་སུ་བླང་པ་ལས་འབྱུང་བ་ལགས་ཞུས་པས།
དཔལ་ལྡན་བླ་མའི་ཞལ་མངའ་ནས། རྣམ་སྨིན་གྱི་ལུས་འདི་ཉིད་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན་ཏེ། དེ་ཡང་བདེ་མཆོག་ཀྱཻ་རྡོར་ལ་སོགས་པ་ལྷའི་སྐུ། སྐུ་མདོག་ཕྱག་མཚན་བརྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ་དང་ལྡན་པ་སྦྱང་གཞི་སྦྱོང་བྱེད་༼ཀྱི་གཉེན་པོ་༽མེ་ལོང་གི་ནང་གི་གཟུགས་བརྙེན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བའི། བདེ་སྟོང་གཉིས་སུ་མེད་པར་བསྒོམ་པས། རྣམ་སྨིན་གྱི་ལུས་དག་ནས། དབང་པོ་རབ་ཚེ་འདིར་སངས་རྒྱས་པ་ཡིན་གསུང་ངོ་།

།རྣམ་སྨིན་གྱི་ལུས་ལ་དེ་ལྟར་ཉམས་སུ་བླངས་ཀྱང་། དེ་ཉིད་དུ་སངས་མ་རྒྱས་ཀྱང་བག་ཆགས་ཀྱི་ལུས་སུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་གནད་གང་ལགས་ཞུས་པས།
དཔལ་ལྡན་བླ་མའི་ཞལ་མངའ་ནས། དབང་པོ་འབྲིང་གི་ད་ལྟར་གྱི་དུས་སུ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ས་བོན་གྱི་ཚུལ་དུ་ཉམས་སུ་བླང་པས་བག་ཆགས་ཀྱི་དུས་སུ་ཡང་བདེ་མཆོག་ལ་སོགས་པའི་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་སྟེ། དེ་ཉིད་དུ་སངས་རྒྱ་བ་ཡིན་གསུང་ངོ་།

།དབང་པོ་ཐ་མར་གྱུར་པས། འདི་དང་བག་ཆགས་ཀྱི་ལུས་ལ་སངས་མ་རྒྱས་པ་རྣམས། ཡིད་ཀྱི་ལུས་སུ་སངས་ཇི་ལྟར་རྒྱ་བ་ལགས་ཞུས་པས།
རིན་པོ་ཆེ་བླ་མའི་ཞལ་ནས། དབང་པོ་ཐ་མ་དེས་རྣམ་སྨིན་དང་། བག་ཆགས་ཀྱི་ལུས་ལ་ལུས་ལ་ཉམས་སུ་བླངས་པས། དེ་ཉིད་དུ་སངས་མ་རྒྱས་ཀྱང་། གོང་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ས་བོན་གྱི་ཚུལ་དུ་ཉམས་སུ་བླངས་པས། དེའི་སྟོབས་ཀྱིས་རྣམ་སྨིན་གྱི་ལུས་ནམ་ཞིག་པ་དེའི་ཚེ། ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་ཞིང་། སངས་མི་རྒྱ་མི་སྲིད་པ་ཡིན་ཏེ། དེ་ཡང་འབྲུའི་ཚུལ་དུ་འབྱུང་བ་ཡིན་གསུང་ངོ་།

།རྣམ་སྨིན་དང་བག་ཆགས་༼ཡིད་༽ཀྱི་ལུས་ལ་རྒྱལ་བའི་སྐུ་འགྲུབ་པའི་རྒྱུ་མཚན་དེ་ལྟར་ལགས་ན། དེ་ཉིད་བསམ་པ་ཙམ་གྱིས་དོན་འགྲུབ་པ་དེ་གང་གིས་འགྲུབ་པ་ལགས། ཞུས་པས།
སྐུ་གསུམ་གྱི་ངོ་བོ་བླ་མའི་ཞལ་ནས། དེ་འདུན་པའི་གནད་ཡིན་དཔེར་ན། [[Öntön Kyergangpa|རིན་པོ་ཆེ་སྐྱེར་སྒང་པ]]ས། རྒྱ་གར་གྱི་མཆོད་རྟེན་དཔལ་ཡོན་ཅན་གཟིགས་ནས་ཡིད་ཀྱི་སྤྲུལ་པའི་མཆོད་པ་ཕུལ་བ་ལྟ་བུ་ཡིན་གསུང་ངོ་།

།དམིགས་པ་མེད་པའི་སྒྱུ་ལུས་འཁྱམ་པོའམ། རང་བཞིན་མེད་པ་དེ་གང་ལ་རྟེན་ནས་རྟོགས་པ་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། དེ་ཡང་བླ་མའི་བྱིན་བརླབས་ཞུགས་པ་ལ་རྟེན་ནས། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། སྒྱུ་མ་རང་ཤར་ཞེས་ཀྱང་བྱ། བློས་མ་བྱས་པ་ཞེས་ཀྱང་བྱ། ཞེན་པའི་དྲི་མ་ཐམས་ཅད་བྲལ་བར་རྟོགས་ནས་འོང་བ་ཡིན་ལ། དེ་ཡང་སྣང་བ་དང་སྟོང་པ་དབྱེར་མེད་པར་རྟོགས་པ་ལ་སྒྱུ་མའི་རྟོགས་པར་འདོད་པ་ཡིན་ཏེ། དེ་རྣམས་མིང་གི་རྣམ་གྲངས་ཡིན་གསུང་ངོ་།

།དེ་ལྟར་བླ་མ་ལ་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་པའམ། སྐྱེས་པས། བླ་མའི་བྱིན་བརླབས་ཞུགས་པ་དེའི་སྟོབས་ཀྱིས་རང་གི་སེམས་ཀྱིས་དེ་ལྟར་རྟོགས་པ་དེ་ལ། རང་སེམས་བླ་མ་དེ་སྐད་གསུང་ཟེར་བ་ལགས་པམ་ཞུས་པས།
འཇིག་རྟེན་མགོན་པོའི་ཞལ་ནས། [[Öntön Kyergangpa|བླ་མ་སྐྱེར་སྒང་པ་]]དུས་གསུམ་སངས་རྒྱས་དེ་ལ་དེ་ལྟར་དུ་རྟོགས་པ་ཡིན་ཡང་། རྣམ་པ་གཅིག་ཏུ་བླ་མ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བྱས་པས། དིའི་བྱིན་བརླབས་དེའི་ཤུགས་ཀྱིས། དཔེས་མཚོན་དུ་མེད་པ་གཅིག་ནང་ནས་ཡོང་བ་ཡིན་ཏེ། རང་གི་སེམས་ནི་བླ་མར་ཡོང་བར་ཡིན་གསུང་ངོ་།
།དེ་༼འང་༽ལུས་༼ངག་ཡིད་༽གསུམ་པོ་འདི་གནད་དེ་ལྟར་ཤེས་པ་འདི་ཤིན་དུ་གལ་ཆེ་བ་ཡིན་གསུང་ངོ་།

།བསྒྲུབ་པ་ཇི་ལྟ་བ་བཞིན་ཉམས་སུ་བླངས་བ་ལ་རྟེན་ནས། སྨིན་ཀ་ཚོལ་བ་ཡིན་ཏེ། དེ་དུས་སུ་འདུན་པ་མ་ལོག་པ་གཅིག་གལ་ཆེ་གསུང་པ་དེ་གང་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་གྱི་བྱ་བ་བློས་བཏང་ནས། སྒྲུབ་པ་ཚུལ་བཞིན་དུ་བྱས་ན་སྨིན་ཀ་ཚོལ་བ་ཡོང་སྟེ། དེ་ཡང་མཆོག་དང་ཐུན་མོང་གཉིས་ལས། ཐུན་མོང་ནི་རྣམ་པ་སྣ་ཚོགས་ཡོང་ཏེ། དེ་འདུན་པའི་གནད་ཡིན། དཔེར་ན་ངས་འཁམས་པའི་རྟ་ལ་འདུན་པ་སོང་བ་ལྟ་བུ་ཡིན་ཏེ། གང་བསམས་པ་དེ་ལྟར་འགྱུར་ནས་འགྲོ་བས། དེའི་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་རྟོགས་པ་ཡིད་ལ་བྱར་མི་བཏུབ་པ་ཡིན་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་འགོད་དགོས་སྙམ་པ་དེ་དང་སྐད་གཅིག་ཙམ་ཡང་མ་བྲལ་བར་བྱའོ་གསུང་ངོ་།

།དེ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་༼དང་༽མཐུན་དང་། ཐེག་པ་ཆེན་པོའི་ཆ་མཐུན་སྐྱེས་པ་གཅིག་པ་ལགས་སམ་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། དེ་གཉིས་ངོ་བོ་གཅིག་ལྡོག་པ་ཐ་དང་ཡིན་གསུང་ངོ་།

།ཐེག་པ་ཆེན་པོའི་ཆ་འཐུན་དེ་ལ། དབུ་མ་དང་གསང་སྔགས་གཉིས་ཀྱི། དེའི་ལྡོག་པ་ནས་གང་གིས་ཁྱད་འབྱེད་པ་ལགས་ཞུས་པས།
བླ་མ་སངས་རྒྱས་ཀྱི་ཞལ་ནས། ཐེག་པ་ཆེན་པོའི་ཆ་འཐུན་དབུ་མ་པ། བྲུབ་ཆེན་པོར་སེམས་བསྐྱེད་པ་ལ་ཐེག་པ་ཆེན་པོའི་ཆ་མཐུན་ཟེར་ལ། འདིར་དེ་སྟེང་ནས། བདེ་སྟོང་གཉིས་སུ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། མཐའ་དབུས་ཐམས་ཅད་དང་བྲལ་བར་རྟོགས་ཤིང་བསྒོམས་པས། གཞན་དོན་དུ་གཟུགས་སྐུ་གཉིས་རང་ཤར་དུ་འབྱུང་སྟེ། འབད་རྩོལ་མེད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པ་དེ་ཡིན་ནོ་གསུང་ངོ་།

།སྣང་བ་དགྲར་ལངས་ཀྱི་འཕྲང་དེ། ནད་དང་གདོན་དང་བགེགས་དང་། བདུད་ལ་སོགས་པ་མི་མཐུན་པ་སྣ་ཚོགས་ལྡང་བ་དེ་ལ་ཟེར་བ་ལགས་སམ། དེ་ལགས་ན། དེ་རྣམས་ཞི་བའི་ཐབས་གང་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས་། འཕྲང་དེ་ནང་དུ་དགེ་སྦྱོར་ཨེན་ཙམ་སྐྱེས་པའི་དུས་སུ། ཕྱི་རོལ་དུ་བདུད་དང་མི་མ་ཡིན་པ་དང་། ནད་ལ་སོགས་པ་མི་མཐུན་པ་སྣ་ཚོགས་སུ་འབྱུང་སྟེ། དེ་ཡང་མཚོན་ཆའི་ཆར་འབེབས་པ་དང་། སྣོར་པ་བདག་ཉིད་ལ་མི་མཐུན་པའི་ཕྱོགས་ཀྱི་རྐྱེན་སྣ་ཚོགས་འབྱུང་ཞིང་། སེམས་གཡེངས་ནས། དགེ་སྦྱོར་ལ་བར་དུ་གཅོད་པ་ཡིན། དེ་ཞི་བའི་ཐབས་ནི། དེ་རྣམས་ཀྱིས་རང་བཞིན་ཤེས་པ་ཡིན་སྟེ། དེ་སྣམས་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན། མི་བདེན་པ་རྫུན་པའི་རང་བཞིན་ཅན་ཡིན་ཨང་། སྙམ་དུ་བསྒོམ། སྒྱུ་མ་ཡིན། རྨི་ལམ་ཡིན་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བ་མཚན་ཉིད་བློའི་ཡུལ་ལས་འདས་པ་ཡིན་སྙམ་པའི་དོན་རྟོགས་པར་བྱ། དེ་ལྟ་བུ་སྐག་གི་མ་རེ་སྐྱེས་པས་ཀྱང་གོང་གི་དེ་རྣམས་སེལ་ཞིང་བར་ཆད་ཐམས་ཅད་ལམ་དུ་སློངས་ནས། བདུད་དང་གདོན་འགེགས་རྣམས་དབང་དུ་འདུས་ཏེ། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་གཏེར་ཞིང་བྲན་བཞིན་དུ་བྱེད་དེ། དཔེར་ན། སློབ་དཔོན་པད་མ་འམ། རྣལ་འབྱོར་གྱི་དབང་ཕྱུག་མིད་ལ་ལྟ་བུ་ཡིན། དེ་ལྟར་སྐད་གཅིག་མ་རེ་རྟོགསཔ་ལ། དེ་ལྟ་བུ་ཡོད་པ་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྨོས་ཅི་དགོས། གསུངངོ་།

།སྣང་པ་འདི་རང་བཞིན་མེད་པར་རྟོགས་ནས། ཐབས་ཀྱིས་མ་ཟིན་པའི་སྟོང་ཉིད་རྐྱང་པར་ཤོར་སྟེ། སྟོང་ཉིད་ཁ་འབྱམས་སུ་སོང་པ་དེ་ལ་སྟོང་པ་དགྲར་ལངས་ཀྱི་འཕྲང་ཟེར་བ་ལགས་སམ། ཞུས་པས།
རིན་ཆེན་བླ་མའི་ཞལ་ནས་། སྟོང་པ་དགྲར་ལངས་ཀྱི་འཕྲང་དེ་ལྷ་ང་བླ་མ་ལ་མཆོད་པ་དང་། གཞན་དོན་བྱ་རྒྱུ་ཡང་མ་གྲུབ་པར་འདུག་ལ། ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མ་གྲུབ་འདུག་སྙམ་ནས། བླ་མ་དང་ཡི་དམ་མཆོད་པ་ལ་སོགས་པ་ཐབས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཡངས་ནས་སྟོང་ཉིད་ཁ་འབྱམས་སུ་གོལ་བ་དེ་ལ་ཟེར་ཏེ། དེའི་དུས་སུ་ཐམས་ཅད་ཀྱི་རང་བཞིན་དུ་སྙིང་རྗེས་འགྲོ་བའི་དོན་ལ་འབད་པ་དང་། ལས་རྒྱུ་འབྲས་ཁྱད་དུ་མི་གསད་ཅིང་དེ་ལ་ཡིད་ཆེས་པར་བྱ་བ་དང་། བླ་མ་མཆོད་ཅིང་བསྒོམ་པ་དང་དུས་ཐམས་ཅད་དུ་སྐད་ཅིག་ཙམ་ཡང་མི་འབྲལ་བར་བྱའོ། །མདོར་ན་སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་བསྒོམ་དགོས་པ་ཡིན། དེ་ལྟ་བུའི་གནད་དེ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དེ་རྣམས་ནི་ཚེ་འདི་ཉིད་དུ་སངས་རྒྱ་བ་གྲུབ་ཐོབ་བརྒྱུད་པ་འབའ་ཞིག་གི་ཞལ་གྱི་བདུད་རྩི་དང་། དཔའ་བོ་ཌ་ཀི་དངོས་སུ་འདུ་ཞིང་བྱིན་གྱིས་བརླབས་པའི་གདམ་ངག་དུས་གསུམ་གྱི། སངས་སྲས་དང་བཅས་པ་རྣམས་ཀྱིས་མདོ་རྒྱུད་ཇི་ལྟར་གསུངས་པའི་དགོངས་པ་མཐར་ཕྱིན་པ། བླ་མ་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་བཅུད་དམ་ཉིང་ཁུ་ལྟ་བུ་ཡིན། ངས་ཀྱང་ཉམས་སུ་བླངས་པས་དོན་ཇི་ལྟ་བ་བཞིན་དུ་གྲུབ་པའི་གདམ་ངག་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་འཇིག་རྟེན་འདིའི་སྙན་གྲུགས་ལ་སོགས་པ་ཐམས་ཅད་མི་རྟག་པ་དར་གཅིག་ཡིན་པས། འདི་བློས་བཏང་སྟེ་ཆོས་བརྒྱད་དང་མ་འདྲེས་པར་བྱས་ནས། གཅིག་སུ་གཉིས་སུ་མེད་པར་རི་ཁྲོད་འགྲིམས་ཤིང་ཉམས་སུ་བླངས་ན་ཇི་ལྟར་བ་བཞིན་དུ་འབྱུང་སྟེ། དེའི་རྒྱུ་མཚན་ཡང་ཟླ་བ་ཙམ་དང་། ལོ་ཙམ་གྱིས་སངས་རྒྱས་བའི་གདམས་པ་འདི་ཡིན་པས་དེ་བཞིན་དུ་ཉམས་སུ་ལོང་། མདོར་ན་སེམས་དང་ཆོས་སུ་འདྲེས་པ་གལ་ཤིན་དུ་ཆེ་བར་འདུག་གསུང་ངོ་།

།བདེ་བའི་འབྱུང་གནས་[[Rigong|རི་གོང་]]ཡང་དགོན་དུ། །མཚུངས་མེད་[[Sangyé Nyentön|སངས་རྒྱས་གཉན་སྟོན་]]རིན་ཆེན་ལ། །གུས་པས་མཆོག་ཐོབ་[[Sangyé Nyentön|དྷ་རྨ་པྲ་ཛྙ་]]ཡིས། །ཕུན་སུམ་ཚོགས་པ་ཡར་ངོའི་ཚེས་བརྒྱད་ལ། །གུས་པས་རང་གཞན་རྣམས་ལ་ཕན་བྱའི་ཕྱིར། །ཞུས་ལན་ཉོན་མོངས་མ་ལུས་སེལ་བྱེད་པའི། །ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འདི། །ཡང་ཡང་ཞུས་པ་ཡི་གེར་བཀོད་པ་ལས། །དགེ་བ་དྲི་མེད་གངས་རི་ལྟར་དཀར་དེས། །འགྲོ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག
།ཞུས་པ་དང་ཞུས་པའི་ལན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་ཞེས་བྱ་བ་ཡི་གེར་བཀོད་པ་རྫོགས་སོ།

(BUDA MW2PD20238 p.577 །འདི་རྣམས་ཀྱི་རྒྱུད་པ་ནི། རིན་ཆེན་བདུན། མཁས་བཙུན་[[Shönu Drup|གཞོན་ནུ་གྲུབ།]] གྲུབ་ཐོབ་[[Nenyingpa Aï Sengé|ཨ་སེང་]]། [[Serlingpa Tashi Pel|གསེར་གླིང་པ།]] [[Dorjé Pel|རྡོ་རྗེ་དཔལ།]] ཆོས་སྒོ་[[ཆོས་དཔལ་ཤེས་རབ]]། བསམ་ཡས་པ་[[ཆོས་ཀྱི་རྒྱལ་མཚན]]། [[འཁྲུལ་ཞིག་གཞོན་ནུ་འོད]]། [[Dükhorwa Phakpa Rinchen|ཆོས་ཀྱི་རྗེ་དུས་འཁོར་བ་འཕགས་པ་རིན་ཆེན།]] དེས་བདག་[[Rinchen Chökyi Gyelpo|རིན་ཆེན་ཆོས་ཀྱི་རྒྱལ་པོ་]]ལ་གནང་ངོ་། །ཡང་[[Sangyé Tönpa|སངས་རྒྱས་སྟོན་པ]]། [[Tsangma Shangtön|ཤངས་སྟོན་ཚུལ་ཁྲིམས་འབུམ།]] [[Gyeltsen Bum|རྒྱལ་མཚན་འབུམ།]] [[Jampa Pel|བྱམས་པ་དཔལ།]] [[སངས་རྒྱས་དར།]] [[Sangyé Pelsang|སངས་རྒྱས་དཔལ།]] [[Dükhorwa Phakpa Rinchen|དུས་འཁོར་བ་འཕགས་པ་རིན་ཆེན།]] དེ་[[Rinchen Chökyi Gyelpo|བདག་]]ལའོ། །ཡང་[[Tsangma Shangtön|ཤངས་སྟོན།]] [[Khyungpo Tsültrim Gönpo|ཁྱུང་པོ་ཚུལ་ཁྲིམས་མགོན་པོ།]] རས་ཆེན་ཁམས་པ་[[Sangyé Sengé|སངས་རྒྱས་སེང་གེ]] [[Shangkarwa Rinchen Gyeltsen|།ཤངས་དཀར་བ་རིན་ཆེན་རྒྱལ་མཚན།]] སྐུངས་ལུངས་པ་[[Sangyé Pelsang|སངས་རྒྱས་དཔལ།]] ཆོས་ཀྱི་རྗེ་[[Dükhorwa Phakpa Rinchen|དུས་འཁོར་བ།]] ) |
Latest revision as of 20:58, 6 April 2024
Resource ID | Kinnaur12 |

Title | zhus len zla ba'i dkyil 'khor nyon mongs gdung sel |
Topics | Six doctrines of Niguma |
Sub-Topics | Instructions |
Author | Sangyé Tönpa |
Associated Person | Sangyé Nyentön |
Link | BDRC W3CN766 BUDA MW2PD20238 (p.569 alt. version) BDRC W4CZ58783 (p.140) BDRC W3CN18508 (v2p.486) BDRC W8LS32723 BDRC W22103 (p.340) |
༄༅། །ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་བཞུགས་སོ།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སྐུ་གསུམ་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ཀྱི། །རིན་ཆེན་མགུར་གྱིས་བུམ་པ་ནས། །ཚངས་པའི་དབྱངས་ཀྱིས་རྡོ་རྗེའི་ཚིག །སྐུ་གསུམ་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ཀྱི། །རིན་ཆེན་མགུར་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་རྡོ་རྗེའི་ཚིགས། །གསུངས་པ་ལེགས་པར་རྟོགས་བྱའི་ཕྱིར། །རང་གཞན་ཕན་ཕྱིར་ཞུས་ལེན་བྲི།
དེ་ལ་ཆོས་རྗེ་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། རྣམ་པར་སྨིན་པའི་ལུས་དང་། བག་ཆགས་ཀྱི་ལུས་དང་། ཡིད་ཀྱི་ལུས་དང་གསུམ་པོ་འདི་ལ། རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་གནད་འདི་མ་ཤེས་ཤིང་མ་རྟོག་ན། བརྩོན་འགྲུས་དྲག་པོ་དང་ལྡན་པས་ཉམས་སུ་བླངས་ཀྱང་། ངལ་བ་དོན་མེད་པར་འགྱུར་བས། འདིའི་གནད་ཤེས་པ་འདི་ཤིན་རྒྱུ་གལ་ཆེ་ཞེས་ཡང་དང་ཡང་བཀའ་རྩལ་གསུང་ན།
དེ་ཡང་རྣམ་པར་སྨིན་གྱི་ལུས་ལ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་དེ་ཇི་ལྟར་ཉམས་སུ་བླང་པ་ལས་འབྱུང་བ་ལགས་ཞུས་པས།
དཔལ་ལྡན་བླ་མའི་ཞལ་མངའ་ནས། རྣམ་སྨིན་གྱི་ལུས་འདི་ཉིད་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན་ཏེ། དེ་ཡང་བདེ་མཆོག་ཀྱཻ་རྡོར་ལ་སོགས་པ་ལྷའི་སྐུ། སྐུ་མདོག་ཕྱག་མཚན་བརྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ་དང་ལྡན་པ་སྦྱང་གཞི་སྦྱོང་བྱེད་༼ཀྱི་གཉེན་པོ་༽མེ་ལོང་གི་ནང་གི་གཟུགས་བརྙེན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བའི། བདེ་སྟོང་གཉིས་སུ་མེད་པར་བསྒོམ་པས། རྣམ་སྨིན་གྱི་ལུས་དག་ནས། དབང་པོ་རབ་ཚེ་འདིར་སངས་རྒྱས་པ་ཡིན་གསུང་ངོ་།
།རྣམ་སྨིན་གྱི་ལུས་ལ་དེ་ལྟར་ཉམས་སུ་བླངས་ཀྱང་། དེ་ཉིད་དུ་སངས་མ་རྒྱས་ཀྱང་བག་ཆགས་ཀྱི་ལུས་སུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་གནད་གང་ལགས་ཞུས་པས།
དཔལ་ལྡན་བླ་མའི་ཞལ་མངའ་ནས། དབང་པོ་འབྲིང་གི་ད་ལྟར་གྱི་དུས་སུ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ས་བོན་གྱི་ཚུལ་དུ་ཉམས་སུ་བླང་པས་བག་ཆགས་ཀྱི་དུས་སུ་ཡང་བདེ་མཆོག་ལ་སོགས་པའི་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་སྟེ། དེ་ཉིད་དུ་སངས་རྒྱ་བ་ཡིན་གསུང་ངོ་།
།དབང་པོ་ཐ་མར་གྱུར་པས། འདི་དང་བག་ཆགས་ཀྱི་ལུས་ལ་སངས་མ་རྒྱས་པ་རྣམས། ཡིད་ཀྱི་ལུས་སུ་སངས་ཇི་ལྟར་རྒྱ་བ་ལགས་ཞུས་པས།
རིན་པོ་ཆེ་བླ་མའི་ཞལ་ནས། དབང་པོ་ཐ་མ་དེས་རྣམ་སྨིན་དང་། བག་ཆགས་ཀྱི་ལུས་ལ་ལུས་ལ་ཉམས་སུ་བླངས་པས། དེ་ཉིད་དུ་སངས་མ་རྒྱས་ཀྱང་། གོང་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ས་བོན་གྱི་ཚུལ་དུ་ཉམས་སུ་བླངས་པས། དེའི་སྟོབས་ཀྱིས་རྣམ་སྨིན་གྱི་ལུས་ནམ་ཞིག་པ་དེའི་ཚེ། ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་ཞིང་། སངས་མི་རྒྱ་མི་སྲིད་པ་ཡིན་ཏེ། དེ་ཡང་འབྲུའི་ཚུལ་དུ་འབྱུང་བ་ཡིན་གསུང་ངོ་།
།རྣམ་སྨིན་དང་བག་ཆགས་༼ཡིད་༽ཀྱི་ལུས་ལ་རྒྱལ་བའི་སྐུ་འགྲུབ་པའི་རྒྱུ་མཚན་དེ་ལྟར་ལགས་ན། དེ་ཉིད་བསམ་པ་ཙམ་གྱིས་དོན་འགྲུབ་པ་དེ་གང་གིས་འགྲུབ་པ་ལགས། ཞུས་པས།
སྐུ་གསུམ་གྱི་ངོ་བོ་བླ་མའི་ཞལ་ནས། དེ་འདུན་པའི་གནད་ཡིན་དཔེར་ན། རིན་པོ་ཆེ་སྐྱེར་སྒང་པས། རྒྱ་གར་གྱི་མཆོད་རྟེན་དཔལ་ཡོན་ཅན་གཟིགས་ནས་ཡིད་ཀྱི་སྤྲུལ་པའི་མཆོད་པ་ཕུལ་བ་ལྟ་བུ་ཡིན་གསུང་ངོ་།
།དམིགས་པ་མེད་པའི་སྒྱུ་ལུས་འཁྱམ་པོའམ། རང་བཞིན་མེད་པ་དེ་གང་ལ་རྟེན་ནས་རྟོགས་པ་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། དེ་ཡང་བླ་མའི་བྱིན་བརླབས་ཞུགས་པ་ལ་རྟེན་ནས། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། སྒྱུ་མ་རང་ཤར་ཞེས་ཀྱང་བྱ། བློས་མ་བྱས་པ་ཞེས་ཀྱང་བྱ། ཞེན་པའི་དྲི་མ་ཐམས་ཅད་བྲལ་བར་རྟོགས་ནས་འོང་བ་ཡིན་ལ། དེ་ཡང་སྣང་བ་དང་སྟོང་པ་དབྱེར་མེད་པར་རྟོགས་པ་ལ་སྒྱུ་མའི་རྟོགས་པར་འདོད་པ་ཡིན་ཏེ། དེ་རྣམས་མིང་གི་རྣམ་གྲངས་ཡིན་གསུང་ངོ་།
།དེ་ལྟར་བླ་མ་ལ་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་པའམ། སྐྱེས་པས། བླ་མའི་བྱིན་བརླབས་ཞུགས་པ་དེའི་སྟོབས་ཀྱིས་རང་གི་སེམས་ཀྱིས་དེ་ལྟར་རྟོགས་པ་དེ་ལ། རང་སེམས་བླ་མ་དེ་སྐད་གསུང་ཟེར་བ་ལགས་པམ་ཞུས་པས།
འཇིག་རྟེན་མགོན་པོའི་ཞལ་ནས། བླ་མ་སྐྱེར་སྒང་པ་དུས་གསུམ་སངས་རྒྱས་དེ་ལ་དེ་ལྟར་དུ་རྟོགས་པ་ཡིན་ཡང་། རྣམ་པ་གཅིག་ཏུ་བླ་མ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བྱས་པས། དིའི་བྱིན་བརླབས་དེའི་ཤུགས་ཀྱིས། དཔེས་མཚོན་དུ་མེད་པ་གཅིག་ནང་ནས་ཡོང་བ་ཡིན་ཏེ། རང་གི་སེམས་ནི་བླ་མར་ཡོང་བར་ཡིན་གསུང་ངོ་།
།དེ་༼འང་༽ལུས་༼ངག་ཡིད་༽གསུམ་པོ་འདི་གནད་དེ་ལྟར་ཤེས་པ་འདི་ཤིན་དུ་གལ་ཆེ་བ་ཡིན་གསུང་ངོ་།
།བསྒྲུབ་པ་ཇི་ལྟ་བ་བཞིན་ཉམས་སུ་བླངས་བ་ལ་རྟེན་ནས། སྨིན་ཀ་ཚོལ་བ་ཡིན་ཏེ། དེ་དུས་སུ་འདུན་པ་མ་ལོག་པ་གཅིག་གལ་ཆེ་གསུང་པ་དེ་གང་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་གྱི་བྱ་བ་བློས་བཏང་ནས། སྒྲུབ་པ་ཚུལ་བཞིན་དུ་བྱས་ན་སྨིན་ཀ་ཚོལ་བ་ཡོང་སྟེ། དེ་ཡང་མཆོག་དང་ཐུན་མོང་གཉིས་ལས། ཐུན་མོང་ནི་རྣམ་པ་སྣ་ཚོགས་ཡོང་ཏེ། དེ་འདུན་པའི་གནད་ཡིན། དཔེར་ན་ངས་འཁམས་པའི་རྟ་ལ་འདུན་པ་སོང་བ་ལྟ་བུ་ཡིན་ཏེ། གང་བསམས་པ་དེ་ལྟར་འགྱུར་ནས་འགྲོ་བས། དེའི་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་རྟོགས་པ་ཡིད་ལ་བྱར་མི་བཏུབ་པ་ཡིན་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་འགོད་དགོས་སྙམ་པ་དེ་དང་སྐད་གཅིག་ཙམ་ཡང་མ་བྲལ་བར་བྱའོ་གསུང་ངོ་།
།དེ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་༼དང་༽མཐུན་དང་། ཐེག་པ་ཆེན་པོའི་ཆ་མཐུན་སྐྱེས་པ་གཅིག་པ་ལགས་སམ་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས། དེ་གཉིས་ངོ་བོ་གཅིག་ལྡོག་པ་ཐ་དང་ཡིན་གསུང་ངོ་།
།ཐེག་པ་ཆེན་པོའི་ཆ་འཐུན་དེ་ལ། དབུ་མ་དང་གསང་སྔགས་གཉིས་ཀྱི། དེའི་ལྡོག་པ་ནས་གང་གིས་ཁྱད་འབྱེད་པ་ལགས་ཞུས་པས།
བླ་མ་སངས་རྒྱས་ཀྱི་ཞལ་ནས། ཐེག་པ་ཆེན་པོའི་ཆ་འཐུན་དབུ་མ་པ། བྲུབ་ཆེན་པོར་སེམས་བསྐྱེད་པ་ལ་ཐེག་པ་ཆེན་པོའི་ཆ་མཐུན་ཟེར་ལ། འདིར་དེ་སྟེང་ནས། བདེ་སྟོང་གཉིས་སུ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། མཐའ་དབུས་ཐམས་ཅད་དང་བྲལ་བར་རྟོགས་ཤིང་བསྒོམས་པས། གཞན་དོན་དུ་གཟུགས་སྐུ་གཉིས་རང་ཤར་དུ་འབྱུང་སྟེ། འབད་རྩོལ་མེད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པ་དེ་ཡིན་ནོ་གསུང་ངོ་།
།སྣང་བ་དགྲར་ལངས་ཀྱི་འཕྲང་དེ། ནད་དང་གདོན་དང་བགེགས་དང་། བདུད་ལ་སོགས་པ་མི་མཐུན་པ་སྣ་ཚོགས་ལྡང་བ་དེ་ལ་ཟེར་བ་ལགས་སམ། དེ་ལགས་ན། དེ་རྣམས་ཞི་བའི་ཐབས་གང་ལགས་ཞུས་པས།
བླ་མ་རིན་པོ་ཆེའི་ཞལ་ནས་། འཕྲང་དེ་ནང་དུ་དགེ་སྦྱོར་ཨེན་ཙམ་སྐྱེས་པའི་དུས་སུ། ཕྱི་རོལ་དུ་བདུད་དང་མི་མ་ཡིན་པ་དང་། ནད་ལ་སོགས་པ་མི་མཐུན་པ་སྣ་ཚོགས་སུ་འབྱུང་སྟེ། དེ་ཡང་མཚོན་ཆའི་ཆར་འབེབས་པ་དང་། སྣོར་པ་བདག་ཉིད་ལ་མི་མཐུན་པའི་ཕྱོགས་ཀྱི་རྐྱེན་སྣ་ཚོགས་འབྱུང་ཞིང་། སེམས་གཡེངས་ནས། དགེ་སྦྱོར་ལ་བར་དུ་གཅོད་པ་ཡིན། དེ་ཞི་བའི་ཐབས་ནི། དེ་རྣམས་ཀྱིས་རང་བཞིན་ཤེས་པ་ཡིན་སྟེ། དེ་སྣམས་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན། མི་བདེན་པ་རྫུན་པའི་རང་བཞིན་ཅན་ཡིན་ཨང་། སྙམ་དུ་བསྒོམ། སྒྱུ་མ་ཡིན། རྨི་ལམ་ཡིན་ངོ་བོ་ངོས་གཟུང་ཐམས་ཅད་དང་བྲལ་བ་མཚན་ཉིད་བློའི་ཡུལ་ལས་འདས་པ་ཡིན་སྙམ་པའི་དོན་རྟོགས་པར་བྱ། དེ་ལྟ་བུ་སྐག་གི་མ་རེ་སྐྱེས་པས་ཀྱང་གོང་གི་དེ་རྣམས་སེལ་ཞིང་བར་ཆད་ཐམས་ཅད་ལམ་དུ་སློངས་ནས། བདུད་དང་གདོན་འགེགས་རྣམས་དབང་དུ་འདུས་ཏེ། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་གཏེར་ཞིང་བྲན་བཞིན་དུ་བྱེད་དེ། དཔེར་ན། སློབ་དཔོན་པད་མ་འམ། རྣལ་འབྱོར་གྱི་དབང་ཕྱུག་མིད་ལ་ལྟ་བུ་ཡིན། དེ་ལྟར་སྐད་གཅིག་མ་རེ་རྟོགསཔ་ལ། དེ་ལྟ་བུ་ཡོད་པ་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྨོས་ཅི་དགོས། གསུངངོ་།
།སྣང་པ་འདི་རང་བཞིན་མེད་པར་རྟོགས་ནས། ཐབས་ཀྱིས་མ་ཟིན་པའི་སྟོང་ཉིད་རྐྱང་པར་ཤོར་སྟེ། སྟོང་ཉིད་ཁ་འབྱམས་སུ་སོང་པ་དེ་ལ་སྟོང་པ་དགྲར་ལངས་ཀྱི་འཕྲང་ཟེར་བ་ལགས་སམ། ཞུས་པས།
རིན་ཆེན་བླ་མའི་ཞལ་ནས་། སྟོང་པ་དགྲར་ལངས་ཀྱི་འཕྲང་དེ་ལྷ་ང་བླ་མ་ལ་མཆོད་པ་དང་། གཞན་དོན་བྱ་རྒྱུ་ཡང་མ་གྲུབ་པར་འདུག་ལ། ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མ་གྲུབ་འདུག་སྙམ་ནས། བླ་མ་དང་ཡི་དམ་མཆོད་པ་ལ་སོགས་པ་ཐབས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཡངས་ནས་སྟོང་ཉིད་ཁ་འབྱམས་སུ་གོལ་བ་དེ་ལ་ཟེར་ཏེ། དེའི་དུས་སུ་ཐམས་ཅད་ཀྱི་རང་བཞིན་དུ་སྙིང་རྗེས་འགྲོ་བའི་དོན་ལ་འབད་པ་དང་། ལས་རྒྱུ་འབྲས་ཁྱད་དུ་མི་གསད་ཅིང་དེ་ལ་ཡིད་ཆེས་པར་བྱ་བ་དང་། བླ་མ་མཆོད་ཅིང་བསྒོམ་པ་དང་དུས་ཐམས་ཅད་དུ་སྐད་ཅིག་ཙམ་ཡང་མི་འབྲལ་བར་བྱའོ། །མདོར་ན་སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་བསྒོམ་དགོས་པ་ཡིན། དེ་ལྟ་བུའི་གནད་དེ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དེ་རྣམས་ནི་ཚེ་འདི་ཉིད་དུ་སངས་རྒྱ་བ་གྲུབ་ཐོབ་བརྒྱུད་པ་འབའ་ཞིག་གི་ཞལ་གྱི་བདུད་རྩི་དང་། དཔའ་བོ་ཌ་ཀི་དངོས་སུ་འདུ་ཞིང་བྱིན་གྱིས་བརླབས་པའི་གདམ་ངག་དུས་གསུམ་གྱི། སངས་སྲས་དང་བཅས་པ་རྣམས་ཀྱིས་མདོ་རྒྱུད་ཇི་ལྟར་གསུངས་པའི་དགོངས་པ་མཐར་ཕྱིན་པ། བླ་མ་གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་བཅུད་དམ་ཉིང་ཁུ་ལྟ་བུ་ཡིན། ངས་ཀྱང་ཉམས་སུ་བླངས་པས་དོན་ཇི་ལྟ་བ་བཞིན་དུ་གྲུབ་པའི་གདམ་ངག་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་འཇིག་རྟེན་འདིའི་སྙན་གྲུགས་ལ་སོགས་པ་ཐམས་ཅད་མི་རྟག་པ་དར་གཅིག་ཡིན་པས། འདི་བློས་བཏང་སྟེ་ཆོས་བརྒྱད་དང་མ་འདྲེས་པར་བྱས་ནས། གཅིག་སུ་གཉིས་སུ་མེད་པར་རི་ཁྲོད་འགྲིམས་ཤིང་ཉམས་སུ་བླངས་ན་ཇི་ལྟར་བ་བཞིན་དུ་འབྱུང་སྟེ། དེའི་རྒྱུ་མཚན་ཡང་ཟླ་བ་ཙམ་དང་། ལོ་ཙམ་གྱིས་སངས་རྒྱས་བའི་གདམས་པ་འདི་ཡིན་པས་དེ་བཞིན་དུ་ཉམས་སུ་ལོང་། མདོར་ན་སེམས་དང་ཆོས་སུ་འདྲེས་པ་གལ་ཤིན་དུ་ཆེ་བར་འདུག་གསུང་ངོ་།
།བདེ་བའི་འབྱུང་གནས་རི་གོང་ཡང་དགོན་དུ། །མཚུངས་མེད་སངས་རྒྱས་གཉན་སྟོན་རིན་ཆེན་ལ། །གུས་པས་མཆོག་ཐོབ་དྷ་རྨ་པྲ་ཛྙ་ཡིས། །ཕུན་སུམ་ཚོགས་པ་ཡར་ངོའི་ཚེས་བརྒྱད་ལ། །གུས་པས་རང་གཞན་རྣམས་ལ་ཕན་བྱའི་ཕྱིར། །ཞུས་ལན་ཉོན་མོངས་མ་ལུས་སེལ་བྱེད་པའི། །ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འདི། །ཡང་ཡང་ཞུས་པ་ཡི་གེར་བཀོད་པ་ལས། །དགེ་བ་དྲི་མེད་གངས་རི་ལྟར་དཀར་དེས། །འགྲོ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག
།ཞུས་པ་དང་ཞུས་པའི་ལན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་ཞེས་བྱ་བ་ཡི་གེར་བཀོད་པ་རྫོགས་སོ།
(BUDA MW2PD20238 p.577 །འདི་རྣམས་ཀྱི་རྒྱུད་པ་ནི། རིན་ཆེན་བདུན། མཁས་བཙུན་གཞོན་ནུ་གྲུབ། གྲུབ་ཐོབ་ཨ་སེང་། གསེར་གླིང་པ། རྡོ་རྗེ་དཔལ། ཆོས་སྒོ་ཆོས་དཔལ་ཤེས་རབ། བསམ་ཡས་པ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་གཞོན་ནུ་འོད། ཆོས་ཀྱི་རྗེ་དུས་འཁོར་བ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་གནང་ངོ་། །ཡང་སངས་རྒྱས་སྟོན་པ། ཤངས་སྟོན་ཚུལ་ཁྲིམས་འབུམ། རྒྱལ་མཚན་འབུམ། བྱམས་པ་དཔལ། སངས་རྒྱས་དར། སངས་རྒྱས་དཔལ། དུས་འཁོར་བ་འཕགས་པ་རིན་ཆེན། དེ་བདག་ལའོ། །ཡང་ཤངས་སྟོན། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རས་ཆེན་ཁམས་པ་སངས་རྒྱས་སེང་གེ །ཤངས་དཀར་བ་རིན་ཆེན་རྒྱལ་མཚན། སྐུངས་ལུངས་པ་སངས་རྒྱས་དཔལ། ཆོས་ཀྱི་རྗེ་དུས་འཁོར་བ། )