Difference between revisions of "Dingma"

From Shangpa Resource Center
Line 5: Line 5:
 
|Coordinates=29°38'53"N 89°40'9"E
 
|Coordinates=29°38'53"N 89°40'9"E
 
|Events=Established: 1200
 
|Events=Established: 1200
|Notes=W3CN7069 p.35: སྲིད་གསུམ་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །བརྩེ་བའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས། །མཐུ་སྟོབས་དབང་ཕྱུག་ཁྲོ་རྒྱལ་མི་གཡོ་བ། འཕྲིན་ལས་མ་སོགས་བཞི་ཡི་ཞབས་ལ་འདུད། །བོད་ཡུལ་བསྟན་པའི་སྒྲོན་མེ་ཨ་ཏི་ཤ །དེ་སྲས་མཐུ་བོ་སྟོན་པ་རིན་པོ་ཆེ། །མཁྱེན་བརྩེའི་མངའ་བདག་བཤེས་གཉེན་པོ་ཏོ་བ། །བརྒྱུད་པའི་བླ་མ་རྣམས་ལ་གུས་པས་འདུད། །ཕུན་ཚོགས་དགེ་ལེགས་མ་ལུས་འབྱུང་བའི་གཞི། །འཁོར་བའི་འཇིག་ལས་སྐྱོབས་པའི་གནས་གཅིག་པུ། །དགོས་འདོད་ཀུན་འབྱུང་བླ་མ་རྡོ་རྗེ་འཆང་། །བཤེས་གཉེན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དེ་ཚེ་ཁྱེད་ནི་རྗེ་བཙུན་སྒྲོལ་མ་ཡིས། །བོད་ཡུལ་རྨོངས་པའི་མུན་ནག་སེལ་བ་ལ། །བསྟན་པའི་སྒྲོན་མེའི་མཆོག་ཏུ་རྒྱུད་བསྐུལ་ནས། །གངས་རིའི་ཁྲོད་འདིར་བསྟན་པཪ་མཛད་ལ་འདུད། །རྨུ་ཡི་གནས་སུ་བསླབ་གསུམ་རྒྱལ་མཚན་འཛིན། །པོ་ཏོར་ཡོངས་འཛིན་དགེ་བའི་བཤེས་ལ་བསྟན། །ལུང་རྟོགས་ཡོན་ཏན་ཀུན་གྱི་རྒྱ་མཚོར་གྱུར། །ངུར་སྨྲིག་འཛིན་པའི་མཆོག་འགྱུར་ཁྱེད་ལ་འདུད། །གང་ཐོས་གནས་འདིར་ཏིང་འཛིན་ངང་གིས་གནས། །དཀོན་མཆོག་གསུམ་གྱི་སྐྱབས་རྟེན་བཟང་མཛད་པའི། །སྣོད་ལྡན་གདུལ་བྱ་འདུལ་བའི་ཏིང་འཛིན་གནས། །བསམ་གཏན་བསྒོམ་པ་ལེགས་པར་མཛད་ལ་འདུད། །གང་གཱའི་ལྷ་མོས་དད་པས་ཕུལ་བ་འདི། །ངན་འགྲོའི་གདུང་སེལ་འོ་མའི་ཆུ་རྒྱུན་གྱིས། །འགྲོ་བའི་དྲི་མ་འཁྲུད་པར་བྱེད་པ་ལ། །གདུལ་བྱའི་དོན་དུ་སྤྲུལ་བར་མཛད་ལ་འདུད། ཅེས་པའི་ཚིགས་བཅད་ཀྱིས་སྔོན་བསུས་ཏེ། སྡིངས་མ་དགོན་གྱི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་ཞུ་བ་ལ། དགོན་དེའི་མཚན་རྒྱས་པར་གླེང་ན་རམ་སྡིངས་མ་དགོན་ཞེས་ཞུ།
+
|Notes=W3CN7069 p.35: ཆགས་ཡུལ་ནི་རྣམ་གླིང་རྫོང་འོད་ཡུག་མང་རྭ་ཡུལ་ཤོག །འཛོམས་ཐང་གྲོང་ཚོའི་རྒྱབ་རིར་གནས་ཤིང༌། སྟག་གྲུའི་ཟམ་ཆེན་ནས་ཤར་ངོས་སུ་སྤྱི་ལེ་༤༠ཙམ་བསྐྱོད་ན་མཇལ་རྒྱུ་ཡོད། དགོན་དེའི་ཕྱག་བཏབ་མཁན་ནི་རམ་སྡིངས་མ་བའམ་བདེ་བཤེགས་འབྱུང་གནས་རྡོ་རྗེ་ནི་བསྐལ་བ་གྲངས་མེད་ཀྱི་སྔོན་དུ་ཚོགས་བསགས་རྒྱུད་སྦྱངས་ཀྱི་སྨོན་ལམ་ལེགས་པར་བཏབ་ནས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་ལྷན་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་ཟིན་ཀྱང་། གདུལ་བྱ་དམུ་རྒོད་རྣམས་ཐར་ལམ་དུ་འགོད་ཕྱིར་རྣལ་འབྱོར་གྱི་སྐུར་སྟོན་པ་ཞིག་ཡིན། ཁོང་ཏིང་ངེ་འཛིན་ལ་བཞུགས་ཙ་ན་བསྐལ་བ་སྟོང་གི་སྐྱེ་བ་དྲན་ལ་དུས་རྒྱུན་དུ་སྐྱེ་བ་བཅུ་དྲུག་ཝ་ལེར་དྲན་ནོ། །སྐྱེ་བ་འདི་ཡི་གོང་་་
 
|Links=[http://purl.bdrc.io/resource/G1KR1528 G1KR1528]
 
|Links=[http://purl.bdrc.io/resource/G1KR1528 G1KR1528]
 
}}
 
}}

Revision as of 15:09, 20 June 2024





Resource ID G44
Place Type Monastery
Coordinates 29°38'53"N 89°40'9"E
Links G1KR1528

Name Variants

sdings ma
lding ma


History

  • Established: 1200

Notes

W3CN7069 p.35: ཆགས་ཡུལ་ནི་རྣམ་གླིང་རྫོང་འོད་ཡུག་མང་རྭ་ཡུལ་ཤོག །འཛོམས་ཐང་གྲོང་ཚོའི་རྒྱབ་རིར་གནས་ཤིང༌། སྟག་གྲུའི་ཟམ་ཆེན་ནས་ཤར་ངོས་སུ་སྤྱི་ལེ་༤༠ཙམ་བསྐྱོད་ན་མཇལ་རྒྱུ་ཡོད། དགོན་དེའི་ཕྱག་བཏབ་མཁན་ནི་རམ་སྡིངས་མ་བའམ་བདེ་བཤེགས་འབྱུང་གནས་རྡོ་རྗེ་ནི་བསྐལ་བ་གྲངས་མེད་ཀྱི་སྔོན་དུ་ཚོགས་བསགས་རྒྱུད་སྦྱངས་ཀྱི་སྨོན་ལམ་ལེགས་པར་བཏབ་ནས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་ལྷན་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་ཟིན་ཀྱང་། གདུལ་བྱ་དམུ་རྒོད་རྣམས་ཐར་ལམ་དུ་འགོད་ཕྱིར་རྣལ་འབྱོར་གྱི་སྐུར་སྟོན་པ་ཞིག་ཡིན། ཁོང་ཏིང་ངེ་འཛིན་ལ་བཞུགས་ཙ་ན་བསྐལ་བ་སྟོང་གི་སྐྱེ་བ་དྲན་ལ་དུས་རྒྱུན་དུ་སྐྱེ་བ་བཅུ་དྲུག་ཝ་ལེར་དྲན་ནོ། །སྐྱེ་བ་འདི་ཡི་གོང་་་

Loading map...