Difference between revisions of "Dug gsum dag byed zhal gyi bdud rtsi"
(50 intermediate revisions by the same user not shown) | |||
Line 4: | Line 4: | ||
|Wylie Title=dug gsum dag byed zhal gyi bdud rtsi | |Wylie Title=dug gsum dag byed zhal gyi bdud rtsi | ||
|Other titles=dug gsum dag byed bdud rtsi | |Other titles=dug gsum dag byed bdud rtsi | ||
− | |Author=Sangyé Nyentön | + | |Subject=Various |
+ | |SubTopics=Three poisons | ||
+ | |Author=Sangyé Tönpa | ||
+ | |Associated Person=Sangyé Nyentön | ||
+ | |BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (v2p.600)]
[http://purl.bdrc.io/resource/MW2PD20238_50AD7E BUDA MW2PD20238 (p.210+p.535 alt. version)]
[http://purl.bdrc.io/resource/MW8LS36545 BDRC W8LS36545 (p.182 alt. version)] | ||

− | ༄༅། །དུག་གསུམ་དག་བྱེད་ཞལ་གྱི་བདུད་རྩི་བཞུགས་སོ།།

ན་མོ་གུ་རུ།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་གཉེན་པོར། | + | ༄༅། །དུག་གསུམ་དག་བྱེད་ཞལ་གྱི་བདུད་རྩི་བཞུགས་སོ།།

ན་མོ་གུ་རུ།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། ཉོན་མོངས་པ་སྤོང་བའི་གཉེན་པོར་བཐུན་ནོ།
།དེ་ཡང་ཉོན་མོངས་པ་དེ་རྣམས་བསྡུ་ན། གསུམ་དུ་འདུས་འདུས་ཏེ། འདོད་ཆགས། ཞེ་སྡང་། གཏི་མུག་གོ
།དེ་ལྟར་དུག་གསུམ་པོ་སྤང་དགོས་ཏེ། དེ་མ་སྤངས་ན། གནས་སྐབས་མཐར་ཐུག་ཐམས་ཅད་ལ་གནོད་པ་བྱེད་དེ། གནས་སྐབས་སུ་ནད་གདོན་ཐམས་ཅད་བསྐྱེད་པར་བྱེད། མཐར་ཐུག་ངན་སོང་དུ་སྐྱེས་ནས། སྡུག་བསྔལ་མཐའ་དག་ཉམས་སུ་མྱོང་བར་བྱེད་པས། དེ་སྤང་དགོས། དེ་སྤོང་བའི་ཐབས་ལ། འདོད་ཆགས་ལ་མི་སྡུག་པ་རྒྱན་གྱི་འཁོར་ལོ། ཞེ་སྡང་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ། གཏི་མུག་ལ་སོ་སོར་རྟོག་པའི་ཤེས་རབ་བསྒོམ་གསུང་ངོ་།
།དེ་ལ་ཉོན་མོངས་པ་འདོད་ཆགས་ལྟ་བུ་གཅིག་འཕེལ་ན། གནས་སྐབས་སུ་མོ་གདོན་གྱི་གནོད་པ་འབྱུང་། དེས་བསྐྱེད་པའི་ནད་ལྡང་དུབ་ལ་སོགས་པ་འབྱུང་ངོ་། །མཐར་ཐུག་ཡི་དགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ངོ་།
།དེ་ལ་རང་གི་སྤྱི་གཙུག་ཏུ་བླ་མ་དམ་པ་བསམ་ལ། མདུན་དུ་བདག་ལ་གནོད་པར་བྱེད་པའི་གདོན་ཐམས་ཅད་འུབ་ཀྱི་འདུས་པར་བསམ་ལ། བླ་མའི་ཐུགས་ཀ་ནས་འོད་བྱུང་པས། བདག་གི་ལུས་ལ་ཕོག །དེས་༼ཡང་ན་སྨིན་སྤྲག་ཏུ་འོད་ཀྱི་ཐིག་ལེ་སྲན་མ་ཙམ་གཉིས་བསམ། དེ་ཇེ་ཆེ་ཇེ་ཆེར་སོང་པས་༽རྐྱེན་བྱས་པ་བཞིན་སོང་ནས། རང་གི་ཤ་དང་ལྤགས་པ་དང་། ནང་འཁྲོལ་དང་བཅས་པ། ཟུལ་གྱི་ཕུད་ནས། མདུན་གྱི་གནོད་བྱེད་ལ་བློས་ལིངས་ཀྱིས་བྱིན་ནས། ཁྱེད་དགའ་ན་བྱིན་པས་ཆོག་སྙམ་དུ་ཡང་ཡང་བསམ་མོ།
།དེ་ལྟར་བྱས་ནས་རང་གི་ལུས་འདི་ཀེང་རུས་དཀར་པོ་མིག་ཁུང་ཧ་རེ་བ། སོ་སྐྱ་ཙིག་གེ་བ། རུས་པ་སྐྱ་ཏལ་ལེ་བ། རྩིབ་མ་བཀྲ་ཡལ་བ་གཅིག་ཏུ་བསྒོམ་པས་ནས། དེ་ལ་ཡུན་རིང་དུ་གནས་པར་བྱས་ན་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་ལ་སོགས་པ་རང་དག །ཁྱད་པར་དུ་མོ་གདོན་གྱི་གནོད་པས་མི་ཚུགས་༼བདག་མེད་མའི་ནང་ཁྲིད་དང་བལྟའོ། འཆི་བ་ཐམས་ཅད་ཀྱང་འདིས་བསྡུས་པར་བྱེད། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱའོ།༽ཆོག་༼ཁྱད་པར་ནེ་གུ་མའི་ཞལ་གདམས་ཀྱི་ཡི་གེར་བལྟའོ།༽གསུང་ངོ་།
།ཡང་ལུགས་གཅིག་ལ། རང་གི་སྨིན་ཁྲག་ཏུ་ཤུ་བ་ལྟ་བུའི་རྨ་གཅིག་ནས་མཚམས་བྱེད་ན། ཤ་ལ་སོགས་པ་ཀུན་གོང་ལྟར་གནོད་བྱེད་ལ་སྟེར་བར་བྱེད་པ་འདི་ཡང་ལུགས་གཅིག་ཡིན་གསུང་སྟེ། ཕྱག་བཞེས་གོང་མ་ལ་མཛད་དོ།
།འདིའི་ཆ་ལག་ཏུ་༼ནཻ་གུ་མའི་བཞད་པས་༽གདོན་ཁྲིད་ལྟ་བུ་བྱེད་ན། གོང་ལྟར་ཀེང་རུས་སུ་བསྒོམས་པའི་ཁོང་པའི་ནང་དུ། ཡི་དམ་གྱི་ས་བོན་ཧཱུྃ་བསྒོམ་པའམ། ཧཱུྃ་ལས་མེ་འབར་བ་འམ། ལྷ་སྐུ་ཡོངས་སུ་རྫོགས་པར་བསྒོམ་པ་འམ། འཇམ་རྩུབ་ཀྱི་ཚད་བཟུང་ནས་བསྒོམ་པར་བྱ། དེ་དམིགས་པ་རྐྱང་པར་བསྒོམ་པའམ། བཟླས་པ་དང་སྦྲགས་པ་ལ་ཡང་གོང་ལྟར་བྱས་པས་ཆོག་གསུང་།
ཡང་རང་གི་རྒྱུད་ལ་ཉོན་མོངས་པ་ཞེ་སྡང་ལྟ་བུ་གཅིག་འཕེལ་ན། དེས་བསྐྱེད་པའི་གདོན་ཕོ་གདོན་གནོད། ནད་ཟུག་གཟེར་ཅན་སྟོད་དུ་ན། འབྲས་བུ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ།
།དེ་སྤོང་བར་བྱེད་པའི་ཐབས་བྱམས་པ་དང་སྙིང་རྗེ་བྱུབ་ཀྱི་སེམས་ཡིན་པས། འདི་ལྟར་གནོད་བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མདུན་དུ་བསམ་སྟེ། ཇི་སྲིད་མ་སྐྱེས་ཀྱི་རིང་ལ་བསྒོམ་པར་བྱེད་པ་ཡིན། དེ་ཡང་མ་ཡིན་པ་ལྟ་བུ་གཅིག་ལ། མ་བཅོལ་ནས་བྱེད་པ་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པའི་མེད་ལས་ཀྱང་། མའི་མཐར་ཐུག་རྒྱ་ཤུག་ཐི་གུ་ཙམ། རིལ་ལུར་བགྲངས་ཀྱང་པའི་ལང་མི་འགྱུར། ཞེས་གསུངས་སོ།
།དེ་ལྟ་བུའི་བྱམས་པས་ལ་བརྟེན་ནས་སྙིང་རྗེ་སྐྱེ་སྟེ། དེ་ཡང་མ་འདི་རྣམས་འཁོར་བ་ན་འཁྱམས་ནས། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་སྙིང་རེ་རྗེ་སྙམ་དུ་མཆིལ་མ་གུ་ཐུལ་བས་བསྒོམ་པར་བྱེད་པ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་སྐྱེས་ནས་དགའ་བ་རང་ཤུག་ཀྱིས་སྐྱེ་ཏེ། དེ་ཡང་མ་འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ན་དགའ་བ་ལ་སྙམ་དུ་བསམ། དེ་ལྟར་ཚད་མེད་པ་གསུམ་བསྒོམ་པ་བཏང་སྙོམས་ངང་གིས་ཐོབ་པོ། །དེ་ལྟར་ཚད་མེད་པ་བཞི་པོ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་ནས་གལ་ཆེ་བར་གསུངས་པ་ཡིན་ནོ། ༼ཇོ་བོ་རྗེ་བཞེད་དོ།༽
།ཡང་བྱང་ཆུབ་ཀྱི་སེམས་སྨོན་མཇུག་གཉིས་སུ་དྲིལ་ནས་བསྒོམ་པར་བྱེད་ན། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གི་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བསམས། དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་མ་བྱས་པ་མེད་ཨང་སྙམ་དུ་བསམ། མ་འདི་འཁོར་བ་གཅིག་འཁྱམས་པ་སྙིང་རེ་རྗེ་ཨང་སྙམ་དུ་བསམ་ལ། དེ་ནས་རང་གི་བདེ་བ་ཅི་ཡོད་པ་ཐམས་ཅད་བློས་ལིངས་ཀྱི་སྟེར་བར་བྱེད་པ་ཡིན་ཡང་ཚུར་འོང་པ་དང་སྡོངས་ནས་སེམས་ཅན་གྱི་སྡུག་བསྔལ་ཅི་ཡོད་ཐམས་ཅད་འུབ་ཀྱིས་བློས་ལེན་པར་བྱེད་པ་ཡིན། དེ་ལྟ་བུའི་གཏོང་ལེན་དུ་བྱས་ནས་རྗེས་ལ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་ཡིན་ནོ།
།དེ་ལྟ་བུ་ལ་དགོངས་ནས་[[Shantideva|སློབ་དཔོན་ཞི་བ་ལྷ]]འི་བློ་སྦྱོང་ལས། བདག་གི་བདེ་བ་ཕར་ལ་སྦྱིན། །གཞན་གྱི་སྡུག་བསྔལ་ཚུར་ལ་བསྡུ། །གཏོང་ལེན་གཉིས་པོ་སྤེལ་མར་བསྒོམ། གསུང་ངོ་། །དེ་གཉིས་རླུང་གི་རྟ་ལ་སྐྱོན་ཟེར་ནས་མན་ངག་ཏུ་བྱེད་པ་ཡིན་གསུང་ངོ་།
།དེ་ལྟར་བྱང་ཆུབ་ཀྱི་སེམས་བསྒོམ་པས། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་རང་དག །ཁྱད་པར་དུ་ཕོ་གདོན་གྱི་གནོད་པས་མི་ཚུགས། དེས་བསྐྱེད་པའི་ཟུག་གཟེར་ཞིའོ། ༼སྤེན་སྤྲུག་ཏུ་བླ་མ་སྐྱེར་སྒང་པས་ཞུས་སོ། །མཐར་ཐུག་སྤྲུལ་སྐུ་ཐོབ།༽
ཡང་༼ནཻ་གུ་མའི་བཞེད།༽རང་ལ་ཉོན་མོངས་པ་གཏི་མུག་འཕེལ་ན། གནས་སྐབས་སུ་དེ་བསྐྱེད་པའི་ཀླུ་གདོན་ལྡང་། ནད་བྱིངས་ཅན་ཁོང་ནད་ལྟ་བུ་འབྱུང་། མཐར་ཐུག་དུད་འགྲོའི་སྡུག་བསྔལ་ཉམས་སུ་མྱོང་། དེ་སྤོང་བར་བྱེད་པའི་ཐབས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་བསྒོམ་སྙམ་དུ་བསམ། དེ་ནས་རང་གི་སྙིང་ཀར་པདྨ་དང་ཟླ་བའི་གདན་ལ། བླ་མ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་གསལ་བ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གཅིག་ལམ་གྱིས་བསྒོམས་ལ། དེའི་སྟོབས་ཀྱིས་རང་གི་ལུས་འདི་ཡང་འོད་ཀྱི་རང་བཞིན་དུ་གསལ་སྣང་མ་སྐྱེས་རིན་ལ་བསྒོམ་༼ཉིན་པར་དེ་ལྟར་བསྒོམས་ནས་གཉིད་དུ་འགྲོ་ཁར་བླ་མའི་ཐུགས་ཀར་དམིགས་པ་གཏད་དོ།༽ན། གཏི་མུག་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་རང་དག་ནས། ཀླུ་གདོན་གྱི་གནོད་པ་མི་འབྱུང་སྟེ། དེ་བསྐྱེད་པའི་ནད་བྱིངས་ཅན་ནམ། ཁོང་ནས་ལྟ་བུ་བཞིའོ། ༼མཐར་ཐུག་ཆོས་སྐུ་ཐོབ་པོ།༽
།དེ་ཡང་སྤྱི་ཁྱབ་ཏུ་བདག་འཛིན་བློས་བཏང་པ་དང་དགའ་བ་བསྒོམ་པ་གཉིས་མན་ངག་གིས་གནད་དུ་ཆེ་བ་ཡིན་ཏེ། བྱུང་གིས་དོག་ནས་སྤྱན་དྲངས་བསྡད་ཀྱི་དོགས་ནས་གཤོལ་གདབ་བྱ་བ་ཡིན་གསུང་ངོ་།
།དེ་ལྟར་དུག་གསུམ་ལ་གཉེན་པེ་བརྟེན་པས་རང་དག །དེ་ཡང་དུག་གསུམ་དང་བྲལ་བའི་གགས་སེལ། འཁོར་བ་ཚོལ་དང་མི་སྙེད་བསྒོམ་ཆེན་ཀུན་གསུང་ངོ་།
དེ་ཡང་། [[Nagarjuna|སློབ་དཔོན་ཀླུ་སྒྲུབ་]]ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་བསྐྱེད་ལས་ནི་མི་དགེ་བ། ཞེས་དང་།
སཾ་བྷུ་ཏ་ལས། རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་མངོན། །ཞེས་པ་ལ་སོགས་པ་དུ་མ་གསུངས་ཀྱང་།
ཉོན་མོངས་པ་དང་རྣམ་པར་རྟོག་པ་སྤོང་པར་མཐུན་ཏེ། སྤངས་པའི་འབྲས་བུ་དེ་ཀ་ལ། སངས་རྒྱས་ཀྱི་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་ཟེར་རེ། (MW2PD20238: སངས་རྒྱ་བར་བྱེད་པའི་ལམ་ཚང་ལ་མ་ནོར་བ་འདི་ལྟ་བུ་གཅིག་དགོས་གསུང་ངོ་། དེ་ཡང་འདི་རྣམས་རིམ་པར་འདོད་པ་ལྟ་བུ་མ་ཡིན་ནེ།) རེ་རེས་ཀྱང་འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ཐབས་ཡིན་གསུང་ངོ་།
འཕྲིན་ལས་སྒྲུབ་པར་བྱེད་པ། བླ་མའི་སྒོ་ནས་མི་དང་མི་མ་ཡིན་པ་དབང་དུ་བྱེད་པ་དང་། དམིགས་པ་གཞན་དག་ཕྲན་རྣམས་ནི་བླ་མའི་ཞལ་ལས་རྟོག་པར་བྱའོ།
(MW2PD20238 : བྱི་བ་ལོའི་དབྱར་ཟླ་འབྲིང་པོ་ལ་[[Rigong|རི་གོང་]]དུ་བླ་མའི་གསུང་ལ་བརྟེན་ནས། [[Sangyé Tönpa|སངས་རྒྱས་སྟོན་པ]]ས་བཀོད་པ་་རྫོགས་སོ།
།འདིའི་རྒྱུད་པ་ནི། རིན་ཆེན་བདུན། མཁས་བཙུན་[[Shönu Drup|གཞོན་ནུ་གྲུབ།]] གྲུབ་ཐོབ་[[Nenyingpa Aï Sengé|ཨ་སེང་]]། [[Serlingpa Tashi Pel|གསེར་གླིང་པ་བཀྲ་ཤི་དཔལ།]] [[Dorjé Pel|རྡོ་རྗེ་དཔལ།]] ཆོས་སྒོ་[[Chöpel Sherab|ཆོས་དཔལ་ཤེས་རབ]]། བསམ་ཡས་པ་[[ཆོས་ཀྱི་རྒྱལ་མཚན]]། [[འཁྲུལ་ཞིག་གཞོན་ནུ་འོད]]། [[Dükhorwa Phakpa Rinchen|དུས་འཁོར་བ་འཕགས་པ་རིན་ཆེན།]] དེས་བདག་[[Rinchen Chökyi Gyelpo|རིན་ཆེན་ཆོས་ཀྱི་རྒྱལ་པོ་]]ལ་གནང་ངོ་།)
།དུག་གསུམ་གནད་འགྱུར་ཞལ་གྱི་བདུད་རྩི་འདི། །བླ་མའི་གསུང་བཞིན་བདག་གིས་ཡི་གེར་བཀོད། །དགེ་བ་དྲི་མེད་རྒྱ་ཆེན་གྱུར་པ་དེས། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག
།དུག་གསུམ་དག་བྱེད་བདུད་རྩི་ཞེས་བྱ་བ་རྫོགས་སོ། །ཤུ་བྷཾམསྟུསརྦཛགཏི།
[[Sangyé Nyentön|སངས་རྒྱས་གཉན་སྟོན་]]གྱིས་གསུང་ངོ་། |
Latest revision as of 18:08, 24 September 2024
Resource ID | SN1 |

Title | dug gsum dag byed zhal gyi bdud rtsi |
Alt. title | dug gsum dag byed bdud rtsi |
Topics | Various |
Sub-Topics | Three poisons |
Author | Sangyé Tönpa |
Associated Person | Sangyé Nyentön |
Link | BDRC W3CN18508 (v2p.600) BUDA MW2PD20238 (p.210+p.535 alt. version) BDRC W8LS36545 (p.182 alt. version) |
༄༅། །དུག་གསུམ་དག་བྱེད་ཞལ་གྱི་བདུད་རྩི་བཞུགས་སོ།།
ན་མོ་གུ་རུ།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་གཉེན་པོར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། ཉོན་མོངས་པ་སྤོང་བའི་གཉེན་པོར་བཐུན་ནོ།
།དེ་ཡང་ཉོན་མོངས་པ་དེ་རྣམས་བསྡུ་ན། གསུམ་དུ་འདུས་འདུས་ཏེ། འདོད་ཆགས། ཞེ་སྡང་། གཏི་མུག་གོ
།དེ་ལྟར་དུག་གསུམ་པོ་སྤང་དགོས་ཏེ། དེ་མ་སྤངས་ན། གནས་སྐབས་མཐར་ཐུག་ཐམས་ཅད་ལ་གནོད་པ་བྱེད་དེ། གནས་སྐབས་སུ་ནད་གདོན་ཐམས་ཅད་བསྐྱེད་པར་བྱེད། མཐར་ཐུག་ངན་སོང་དུ་སྐྱེས་ནས། སྡུག་བསྔལ་མཐའ་དག་ཉམས་སུ་མྱོང་བར་བྱེད་པས། དེ་སྤང་དགོས། དེ་སྤོང་བའི་ཐབས་ལ། འདོད་ཆགས་ལ་མི་སྡུག་པ་རྒྱན་གྱི་འཁོར་ལོ། ཞེ་སྡང་ལ་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ། གཏི་མུག་ལ་སོ་སོར་རྟོག་པའི་ཤེས་རབ་བསྒོམ་གསུང་ངོ་།
།དེ་ལ་ཉོན་མོངས་པ་འདོད་ཆགས་ལྟ་བུ་གཅིག་འཕེལ་ན། གནས་སྐབས་སུ་མོ་གདོན་གྱི་གནོད་པ་འབྱུང་། དེས་བསྐྱེད་པའི་ནད་ལྡང་དུབ་ལ་སོགས་པ་འབྱུང་ངོ་། །མཐར་ཐུག་ཡི་དགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ངོ་།
།དེ་ལ་རང་གི་སྤྱི་གཙུག་ཏུ་བླ་མ་དམ་པ་བསམ་ལ། མདུན་དུ་བདག་ལ་གནོད་པར་བྱེད་པའི་གདོན་ཐམས་ཅད་འུབ་ཀྱི་འདུས་པར་བསམ་ལ། བླ་མའི་ཐུགས་ཀ་ནས་འོད་བྱུང་པས། བདག་གི་ལུས་ལ་ཕོག །དེས་༼ཡང་ན་སྨིན་སྤྲག་ཏུ་འོད་ཀྱི་ཐིག་ལེ་སྲན་མ་ཙམ་གཉིས་བསམ། དེ་ཇེ་ཆེ་ཇེ་ཆེར་སོང་པས་༽རྐྱེན་བྱས་པ་བཞིན་སོང་ནས། རང་གི་ཤ་དང་ལྤགས་པ་དང་། ནང་འཁྲོལ་དང་བཅས་པ། ཟུལ་གྱི་ཕུད་ནས། མདུན་གྱི་གནོད་བྱེད་ལ་བློས་ལིངས་ཀྱིས་བྱིན་ནས། ཁྱེད་དགའ་ན་བྱིན་པས་ཆོག་སྙམ་དུ་ཡང་ཡང་བསམ་མོ།
།དེ་ལྟར་བྱས་ནས་རང་གི་ལུས་འདི་ཀེང་རུས་དཀར་པོ་མིག་ཁུང་ཧ་རེ་བ། སོ་སྐྱ་ཙིག་གེ་བ། རུས་པ་སྐྱ་ཏལ་ལེ་བ། རྩིབ་མ་བཀྲ་ཡལ་བ་གཅིག་ཏུ་བསྒོམ་པས་ནས། དེ་ལ་ཡུན་རིང་དུ་གནས་པར་བྱས་ན་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་ལ་སོགས་པ་རང་དག །ཁྱད་པར་དུ་མོ་གདོན་གྱི་གནོད་པས་མི་ཚུགས་༼བདག་མེད་མའི་ནང་ཁྲིད་དང་བལྟའོ། འཆི་བ་ཐམས་ཅད་ཀྱང་འདིས་བསྡུས་པར་བྱེད། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱའོ།༽ཆོག་༼ཁྱད་པར་ནེ་གུ་མའི་ཞལ་གདམས་ཀྱི་ཡི་གེར་བལྟའོ།༽གསུང་ངོ་།
།ཡང་ལུགས་གཅིག་ལ། རང་གི་སྨིན་ཁྲག་ཏུ་ཤུ་བ་ལྟ་བུའི་རྨ་གཅིག་ནས་མཚམས་བྱེད་ན། ཤ་ལ་སོགས་པ་ཀུན་གོང་ལྟར་གནོད་བྱེད་ལ་སྟེར་བར་བྱེད་པ་འདི་ཡང་ལུགས་གཅིག་ཡིན་གསུང་སྟེ། ཕྱག་བཞེས་གོང་མ་ལ་མཛད་དོ།
།འདིའི་ཆ་ལག་ཏུ་༼ནཻ་གུ་མའི་བཞད་པས་༽གདོན་ཁྲིད་ལྟ་བུ་བྱེད་ན། གོང་ལྟར་ཀེང་རུས་སུ་བསྒོམས་པའི་ཁོང་པའི་ནང་དུ། ཡི་དམ་གྱི་ས་བོན་ཧཱུྃ་བསྒོམ་པའམ། ཧཱུྃ་ལས་མེ་འབར་བ་འམ། ལྷ་སྐུ་ཡོངས་སུ་རྫོགས་པར་བསྒོམ་པ་འམ། འཇམ་རྩུབ་ཀྱི་ཚད་བཟུང་ནས་བསྒོམ་པར་བྱ། དེ་དམིགས་པ་རྐྱང་པར་བསྒོམ་པའམ། བཟླས་པ་དང་སྦྲགས་པ་ལ་ཡང་གོང་ལྟར་བྱས་པས་ཆོག་གསུང་།
ཡང་རང་གི་རྒྱུད་ལ་ཉོན་མོངས་པ་ཞེ་སྡང་ལྟ་བུ་གཅིག་འཕེལ་ན། དེས་བསྐྱེད་པའི་གདོན་ཕོ་གདོན་གནོད། ནད་ཟུག་གཟེར་ཅན་སྟོད་དུ་ན། འབྲས་བུ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ།
།དེ་སྤོང་བར་བྱེད་པའི་ཐབས་བྱམས་པ་དང་སྙིང་རྗེ་བྱུབ་ཀྱི་སེམས་ཡིན་པས། འདི་ལྟར་གནོད་བྱེད་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མདུན་དུ་བསམ་སྟེ། ཇི་སྲིད་མ་སྐྱེས་ཀྱི་རིང་ལ་བསྒོམ་པར་བྱེད་པ་ཡིན། དེ་ཡང་མ་ཡིན་པ་ལྟ་བུ་གཅིག་ལ། མ་བཅོལ་ནས་བྱེད་པ་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པའི་མེད་ལས་ཀྱང་། མའི་མཐར་ཐུག་རྒྱ་ཤུག་ཐི་གུ་ཙམ། རིལ་ལུར་བགྲངས་ཀྱང་པའི་ལང་མི་འགྱུར། ཞེས་གསུངས་སོ།
།དེ་ལྟ་བུའི་བྱམས་པས་ལ་བརྟེན་ནས་སྙིང་རྗེ་སྐྱེ་སྟེ། དེ་ཡང་མ་འདི་རྣམས་འཁོར་བ་ན་འཁྱམས་ནས། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་སྙིང་རེ་རྗེ་སྙམ་དུ་མཆིལ་མ་གུ་ཐུལ་བས་བསྒོམ་པར་བྱེད་པ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་སྐྱེས་ནས་དགའ་བ་རང་ཤུག་ཀྱིས་སྐྱེ་ཏེ། དེ་ཡང་མ་འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ན་དགའ་བ་ལ་སྙམ་དུ་བསམ། དེ་ལྟར་ཚད་མེད་པ་གསུམ་བསྒོམ་པ་བཏང་སྙོམས་ངང་གིས་ཐོབ་པོ། །དེ་ལྟར་ཚད་མེད་པ་བཞི་པོ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་ནས་གལ་ཆེ་བར་གསུངས་པ་ཡིན་ནོ། ༼ཇོ་བོ་རྗེ་བཞེད་དོ།༽
།ཡང་བྱང་ཆུབ་ཀྱི་སེམས་སྨོན་མཇུག་གཉིས་སུ་དྲིལ་ནས་བསྒོམ་པར་བྱེད་ན། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གི་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བསམས། དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་མ་བྱས་པ་མེད་ཨང་སྙམ་དུ་བསམ། མ་འདི་འཁོར་བ་གཅིག་འཁྱམས་པ་སྙིང་རེ་རྗེ་ཨང་སྙམ་དུ་བསམ་ལ། དེ་ནས་རང་གི་བདེ་བ་ཅི་ཡོད་པ་ཐམས་ཅད་བློས་ལིངས་ཀྱི་སྟེར་བར་བྱེད་པ་ཡིན་ཡང་ཚུར་འོང་པ་དང་སྡོངས་ནས་སེམས་ཅན་གྱི་སྡུག་བསྔལ་ཅི་ཡོད་ཐམས་ཅད་འུབ་ཀྱིས་བློས་ལེན་པར་བྱེད་པ་ཡིན། དེ་ལྟ་བུའི་གཏོང་ལེན་དུ་བྱས་ནས་རྗེས་ལ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་ཡིན་ནོ།
།དེ་ལྟ་བུ་ལ་དགོངས་ནས་སློབ་དཔོན་ཞི་བ་ལྷའི་བློ་སྦྱོང་ལས། བདག་གི་བདེ་བ་ཕར་ལ་སྦྱིན། །གཞན་གྱི་སྡུག་བསྔལ་ཚུར་ལ་བསྡུ། །གཏོང་ལེན་གཉིས་པོ་སྤེལ་མར་བསྒོམ། གསུང་ངོ་། །དེ་གཉིས་རླུང་གི་རྟ་ལ་སྐྱོན་ཟེར་ནས་མན་ངག་ཏུ་བྱེད་པ་ཡིན་གསུང་ངོ་།
།དེ་ལྟར་བྱང་ཆུབ་ཀྱི་སེམས་བསྒོམ་པས། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་རང་དག །ཁྱད་པར་དུ་ཕོ་གདོན་གྱི་གནོད་པས་མི་ཚུགས། དེས་བསྐྱེད་པའི་ཟུག་གཟེར་ཞིའོ། ༼སྤེན་སྤྲུག་ཏུ་བླ་མ་སྐྱེར་སྒང་པས་ཞུས་སོ། །མཐར་ཐུག་སྤྲུལ་སྐུ་ཐོབ།༽
ཡང་༼ནཻ་གུ་མའི་བཞེད།༽རང་ལ་ཉོན་མོངས་པ་གཏི་མུག་འཕེལ་ན། གནས་སྐབས་སུ་དེ་བསྐྱེད་པའི་ཀླུ་གདོན་ལྡང་། ནད་བྱིངས་ཅན་ཁོང་ནད་ལྟ་བུ་འབྱུང་། མཐར་ཐུག་དུད་འགྲོའི་སྡུག་བསྔལ་ཉམས་སུ་མྱོང་། དེ་སྤོང་བར་བྱེད་པའི་ཐབས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་བསྒོམ་སྙམ་དུ་བསམ། དེ་ནས་རང་གི་སྙིང་ཀར་པདྨ་དང་ཟླ་བའི་གདན་ལ། བླ་མ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་གསལ་བ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གཅིག་ལམ་གྱིས་བསྒོམས་ལ། དེའི་སྟོབས་ཀྱིས་རང་གི་ལུས་འདི་ཡང་འོད་ཀྱི་རང་བཞིན་དུ་གསལ་སྣང་མ་སྐྱེས་རིན་ལ་བསྒོམ་༼ཉིན་པར་དེ་ལྟར་བསྒོམས་ནས་གཉིད་དུ་འགྲོ་ཁར་བླ་མའི་ཐུགས་ཀར་དམིགས་པ་གཏད་དོ།༽ན། གཏི་མུག་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་རང་དག་ནས། ཀླུ་གདོན་གྱི་གནོད་པ་མི་འབྱུང་སྟེ། དེ་བསྐྱེད་པའི་ནད་བྱིངས་ཅན་ནམ། ཁོང་ནས་ལྟ་བུ་བཞིའོ། ༼མཐར་ཐུག་ཆོས་སྐུ་ཐོབ་པོ།༽
།དེ་ཡང་སྤྱི་ཁྱབ་ཏུ་བདག་འཛིན་བློས་བཏང་པ་དང་དགའ་བ་བསྒོམ་པ་གཉིས་མན་ངག་གིས་གནད་དུ་ཆེ་བ་ཡིན་ཏེ། བྱུང་གིས་དོག་ནས་སྤྱན་དྲངས་བསྡད་ཀྱི་དོགས་ནས་གཤོལ་གདབ་བྱ་བ་ཡིན་གསུང་ངོ་།
།དེ་ལྟར་དུག་གསུམ་ལ་གཉེན་པེ་བརྟེན་པས་རང་དག །དེ་ཡང་དུག་གསུམ་དང་བྲལ་བའི་གགས་སེལ། འཁོར་བ་ཚོལ་དང་མི་སྙེད་བསྒོམ་ཆེན་ཀུན་གསུང་ངོ་།
དེ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་བསྐྱེད་ལས་ནི་མི་དགེ་བ། ཞེས་དང་།
སཾ་བྷུ་ཏ་ལས། རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་མངོན། །ཞེས་པ་ལ་སོགས་པ་དུ་མ་གསུངས་ཀྱང་།
ཉོན་མོངས་པ་དང་རྣམ་པར་རྟོག་པ་སྤོང་པར་མཐུན་ཏེ། སྤངས་པའི་འབྲས་བུ་དེ་ཀ་ལ། སངས་རྒྱས་ཀྱི་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་ཟེར་རེ། (MW2PD20238: སངས་རྒྱ་བར་བྱེད་པའི་ལམ་ཚང་ལ་མ་ནོར་བ་འདི་ལྟ་བུ་གཅིག་དགོས་གསུང་ངོ་། དེ་ཡང་འདི་རྣམས་རིམ་པར་འདོད་པ་ལྟ་བུ་མ་ཡིན་ནེ།) རེ་རེས་ཀྱང་འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ཐབས་ཡིན་གསུང་ངོ་།
འཕྲིན་ལས་སྒྲུབ་པར་བྱེད་པ། བླ་མའི་སྒོ་ནས་མི་དང་མི་མ་ཡིན་པ་དབང་དུ་བྱེད་པ་དང་། དམིགས་པ་གཞན་དག་ཕྲན་རྣམས་ནི་བླ་མའི་ཞལ་ལས་རྟོག་པར་བྱའོ།
(MW2PD20238 : བྱི་བ་ལོའི་དབྱར་ཟླ་འབྲིང་པོ་ལ་རི་གོང་དུ་བླ་མའི་གསུང་ལ་བརྟེན་ནས། སངས་རྒྱས་སྟོན་པས་བཀོད་པ་་རྫོགས་སོ།
།འདིའི་རྒྱུད་པ་ནི། རིན་ཆེན་བདུན། མཁས་བཙུན་གཞོན་ནུ་གྲུབ། གྲུབ་ཐོབ་ཨ་སེང་། གསེར་གླིང་པ་བཀྲ་ཤི་དཔལ། རྡོ་རྗེ་དཔལ། ཆོས་སྒོ་ཆོས་དཔལ་ཤེས་རབ། བསམ་ཡས་པ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་གཞོན་ནུ་འོད། དུས་འཁོར་བ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་གནང་ངོ་།)
།དུག་གསུམ་གནད་འགྱུར་ཞལ་གྱི་བདུད་རྩི་འདི། །བླ་མའི་གསུང་བཞིན་བདག་གིས་ཡི་གེར་བཀོད། །དགེ་བ་དྲི་མེད་རྒྱ་ཆེན་གྱུར་པ་དེས། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག
།དུག་གསུམ་དག་བྱེད་བདུད་རྩི་ཞེས་བྱ་བ་རྫོགས་སོ། །ཤུ་བྷཾམསྟུསརྦཛགཏི།
སངས་རྒྱས་གཉན་སྟོན་གྱིས་གསུང་ངོ་།