Difference between revisions of "Gsol 'debs mos gus 'dren pa'i gshog yangs"

From Shangpa Resource Center

(5 intermediate revisions by the same user not shown)
Line 1: Line 1:

{{Text

{{Text
|Text ID=Bok1

|Text ID=Bok2
|Tibetan Title=རང་གཞན་ལ་གྲོས་འདེབས་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ཡིད་ཀྱི་གདུང་སེལ།

|Tibetan Title=གསོལ་འདེབས་མོས་གུས་འདྲེན་པའི་གཤོག་ཡངས།
|Wylie Title=rang gzhan la gros 'debs dpyid kyi rgyal mo'i mgrin glu yid kyi gdung sel

|Wylie Title=gsol 'debs mos gus 'dren pa'i gshog yangs

|Subject=Chant

|Subject=Chant

|Author=Bokar Rinpoché

|Author=Bokar Rinpoché

༈ །།གསོལ་འདེབས་མོས་གུས་འདྲེན་པའི་གཤོག་ཡངས་ཞེས་བྱ་བ་བཞུགས་སོ།
བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །བྱིན་རླབས་འབྱུང་གནས་རྩ་བའི་བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །དངོས་གྲུབ་ཀུན་བདག་རྩ་བའི་བླ་མ་མཁྱེན།
།བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །ཕྲིན་ལས་ཀུན་སྒྲུབ་རྩ་བའི་བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཁྱེན་ནོ།
།བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །ངེས་འབྱུང་བྱང་ཆུབ་སེམས་དང་ཡང་དག་ལྟ། །མ་ནོར་ལམ་གྱི་རིམ་པའི་ཆོས་རྣམས་ཀུན། །ཇི་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།
།ཐར་པའི་ལམ་མཆོག་ཆོས་དང་བླ་མ་ལ། །ང་རྒྱལ་ལོག་རྟོག་སྐྱོན་གྱིས་མ་གོས་པར། །དད་མོས་དག་སྣང་འགྱུར་བ་མེད་པ་ཡིས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག
།གང་ཟག་རྒྱུད་པའི་བླ་མས་རང་ངོ་སྤྲད། །བདེ་གཤེགས་བཀའ་ཡི་བླ་མས་ངེས་ཤེས་བསྐྱེད། །སྣང་བ་བརྡ་ཡི་བླ་མས་ཉམས་མྱོང་སྤེལ། །དོན་དམ་ཆོས་ཉིད་བླ་མས་གནས་ལུགས་རྟོགས།
།མཐར་ཐུག་བླ་མ་རང་སེམས་དབྱེར་མེད་ངང་། །འཁོར་འདས་ཆོས་ཀུན་ཆོས་ཉིད་ཀློང་དུ་ཐིམ། །དགག་སྒྲུབ་མཚན་འཛིན་མཁན་པོ་དབྱིངས་སུ་ཡལ། །བྱར་མེད་ཆོས་སྐུའི་དགོངས་པ་མངོན་འགྱུར་ཤོག
།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག
།ཅེས་པའང་༡༩༩༥ལོར་ཕྱི་རྒྱལ་སློབ་ཕྲུག་རྣམས་ཀྱི་ཆེད་དུ་ལོ་ཙཱ་བ་བླ་མ་ཆོས་སྐྱིད་དང་རྣམ་རྒྱལ་གཉིས་ནས་འདི་བཞིན་རེ་བསྐུལ་ལྟར། [[Bokar Rinpoché|འབོ་དཀར་སྤྲུལ་མིང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་]]ཀྱིས་རང་གནས་མི་རིགས་དགོན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

Latest revision as of 09:12, 1 March 2019

Resource ID Bok2
Title gsol 'debs mos gus 'dren pa'i gshog yangs
Topics Chant
Author Bokar Rinpoché

༈ །།གསོལ་འདེབས་མོས་གུས་འདྲེན་པའི་གཤོག་ཡངས་ཞེས་བྱ་བ་བཞུགས་སོ།
བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །བྱིན་རླབས་འབྱུང་གནས་རྩ་བའི་བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །དངོས་གྲུབ་ཀུན་བདག་རྩ་བའི་བླ་མ་མཁྱེན།
།བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །ཕྲིན་ལས་ཀུན་སྒྲུབ་རྩ་བའི་བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་མཁྱེན་ནོ།
།བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །ངེས་འབྱུང་བྱང་ཆུབ་སེམས་དང་ཡང་དག་ལྟ། །མ་ནོར་ལམ་གྱི་རིམ་པའི་ཆོས་རྣམས་ཀུན། །ཇི་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།
།ཐར་པའི་ལམ་མཆོག་ཆོས་དང་བླ་མ་ལ། །ང་རྒྱལ་ལོག་རྟོག་སྐྱོན་གྱིས་མ་གོས་པར། །དད་མོས་དག་སྣང་འགྱུར་བ་མེད་པ་ཡིས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག
།གང་ཟག་རྒྱུད་པའི་བླ་མས་རང་ངོ་སྤྲད། །བདེ་གཤེགས་བཀའ་ཡི་བླ་མས་ངེས་ཤེས་བསྐྱེད། །སྣང་བ་བརྡ་ཡི་བླ་མས་ཉམས་མྱོང་སྤེལ། །དོན་དམ་ཆོས་ཉིད་བླ་མས་གནས་ལུགས་རྟོགས།
།མཐར་ཐུག་བླ་མ་རང་སེམས་དབྱེར་མེད་ངང་། །འཁོར་འདས་ཆོས་ཀུན་ཆོས་ཉིད་ཀློང་དུ་ཐིམ། །དགག་སྒྲུབ་མཚན་འཛིན་མཁན་པོ་དབྱིངས་སུ་ཡལ། །བྱར་མེད་ཆོས་སྐུའི་དགོངས་པ་མངོན་འགྱུར་ཤོག
།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག
།ཅེས་པའང་༡༩༩༥ལོར་ཕྱི་རྒྱལ་སློབ་ཕྲུག་རྣམས་ཀྱི་ཆེད་དུ་ལོ་ཙཱ་བ་བླ་མ་ཆོས་སྐྱིད་དང་རྣམ་རྒྱལ་གཉིས་ནས་འདི་བཞིན་རེ་བསྐུལ་ལྟར། འབོ་དཀར་སྤྲུལ་མིང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་རང་གནས་མི་རིགས་དགོན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།