Difference between revisions of "Ni gu'i bla brgyud kha skong"

From Shangpa Resource Center
(No difference)

Revision as of 14:06, 6 July 2019








Resource ID SCv10p232
Title nai gu'i bla brgyud kha skong
Topics Lineage prayer
Link BDRC W23922
BDRC W8LS32723
Notes See Gtso 'dus brgyud pa'i gsol 'debs dngos grub char 'bebs

༅། །ནཻ་གུའི་བླ་བརྒྱུད་ཁ་སྐོང་།

རྡོ་འཆང་ནཻ་གུ་ཁྱུང་པོ་རྨོག་ལྕོག་པ། །སྐྱེར་སྒང་གཉན་སྟོན་སངས་༼རྒྱས་༽སྟོན་ཤངས་སྟོན་པ། །༼ཁྱུང་པོ་༽ཚུལ་མགོན་རས་ཆེན་ཤངས་ཀར་ཀུ་ལུང་པ། །ནམ་རྒྱལ་རྒྱ་སྒོམ་རྗེ་ལ་གསོལ་བ་འདེབས།
།གཏུམ་མོའི་བདེ་དྲོད་སྒྱུ་མའི་རང་ཉམས་དང་། །རྨི་ལམ་ལེགས་ཟིན་རྩོལ་མེད་འོད་གསལ་འཆར། །འཕོ་མེད་ལེགས་རྟོགས་བར་དོ་དང་པོ་ལ། །རང་སེམས་ལོངས་སྐུར་འཆར་བར་བྱིན་གྱིས་བརློབས།།
༈ ཕྱག་ཆེན་གའུ་མའི།
བརྒྱུད་འདེབས་དེ་ཉིད་ལ། སྔོན་འགྲོ་རང་བབ་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་བཞི་རང་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ་ཕྱག་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།།
༈ ལམ་ཁྱེར་རྣམ་གསུམ་གྱི།
བརྒྱུད་འདེབས་འདི་ཉིད་ལ། །སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མ་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གཞད་ཀྱིས་ནི། །མཚན་རྟོགས་རང་སར་གྲོལ་བར་བྱིན་གྱིས་རློབས།།
༈ འཆི་མེད་ཀྱི།
བརྒྱུད་འདེབས་དེ་ཉིད་ལ། བློས་བྱས་རྩོལ་བའི་དྲི་མ་ཀུན་སྤངས་ཤིང་། །ཐ་མལ་ཞེན་པའི་འཛིན་པ་རང་དག་ནས། །སྣང་ལ་རང་བཞིན་མེད་པ་ལྷ་ཡི་སྐུ། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས།།
༈ སུ་ཁ་མའི་ཆོས་དྲུག་གི
།རྡོ་འཆང་བདག་མེད་བི་རུ་སུ་ཁ་སི་༼དྷི་༽། །ཁྱུང་པོ་རྨོག་ལྕོག་སྐྱེར་སྒང་གཉན་སྟོན་པ། །སངས་༼རྒྱས༽སྟོན་ཤངས་སྟོན་རིག་༼པའི་༽རྡོར་༼རྗེ་༽༼ཁུས་སྟོན་༽ཚུལ་ཁྲིམས་མགོན། །ཆོས་དཔལ་༼བཟང་པོ་༽ཚུལ་རྒྱལ་ཞྭ་ལུ་མཁྱེན་རབ་རྗེ། །གཞོན་ནུ་ཆོས་གྲུབ་རྣམས་ལ་གསོལ་བ་འདེབས། །གཏུམ་མོས་གཞི་བཟུང་སྒྱུ་ལུས་ལེགས་འབྱོངས་ཤིང་། །རྨི་ལམ་དབང་འབྱོར་འོད་གསལ་མངོན་གྱུར་ནས། །འཕོ་བ་བར་དེ་ཆོས་དྲུག་ཉམས་ལེན་གྱིས། །མཐར་ཐུག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས།།
༈ ལྟེ་བ་སྤྲུལ་པའི།
རྡོར་འཆང་བདག་མེད་སུ་ཁ་ཨཱརྱ་དེ། །ཁྱུང་པོ་རྨོག་ལྕོག་སྐྱེར་སྒང་གཉན་སྟོན་པ། །སངས་༼རྒྱས་༽སྟོན་ཤངས་སྟོན་༼ཁྱུང་པོ་༽ཚུལ་མགོན་༼རི་ཁྲོད་༽རས་ཆེན་པ། །ཤངས་དཀར་སངས་༼རྒྱས་༽དཔལ་ནམ་མཁའ་རྒྱལ་མཚན་དང་། །རྒྱ་སྒོམ་སྦས་པའི་བླ་མར་གསོལ་བ་འདེབས། །ལྟེ་བ་སྤྲུལ་འཁོར་རང་ལུས་རྟེན་གྱི་ཞིང་། །རྩ་རླུང་ཐིག་ལེའི་ཉམས་ལེན་སོས་ཆར་གྱིས། །ཟག་མེད་བདེ་ཆེན་འབྲས་བུ་ཡོངས་སྨིན་ནས། །དངོས་གྲུབ་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས།།
༈ སྨར་ཁྲིད་སྐྱེར་སྒང་ལུགས་ཀྱི།
སྤྱན་གཟིགས་ར་ཧུ་ལ་དང་ཨ་ཏི་ཤ །ནགས་ཚོ་རོང་པ་ཤེས་རྒྱལ་ལྕེ་སྒོམ་པ། །སྐྱེར་སྒང་གཉན་སྟོན་སངས་སྟོན་ཤངས་སྟོན་པ། །༼ཁྱུང་པོ་༽ཚུལ་མགོན་༼བྱ་བྲལ་༽རས་ཆེན་ཤངས་དཀར་༼བ་རིན་ཆེན་རྒྱལ་མཚན་༽སངས་རྒྱས་དཔལ། །ནམ་༼མཁའ་༽རྒྱལ་རྒྱ་སྒོམ་ཆེན་པོར་གསོལ་བ་འདེསས། །སྐྱབས་འགྲོ་སེམས་སྐྱེད་ཟུང་སྦྱོར་སྔོན་འགྲོ་དང་། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞི་ཉམས་ལེན་སྲོག །རྗེས་སྤྱོད་ཆུ་པོ་རྒྱུན་གྱི་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དངང་འགྲུབ་པར་བྱིན་གྱིས་རློབས།།
སརྦ་མངྒ་ལཾ།། ཤུ་བྷཾ།། །།