Difference between revisions of "Klu la dngos grub blang ba"
(17 intermediate revisions by the same user not shown) | |||
Line 4: | Line 4: | ||
|Wylie Title=dngos grub blang ba | |Wylie Title=dngos grub blang ba | ||
|Subject=Various | |Subject=Various | ||
+ | |SubTopics=Various by Jampa Rinchen Zangpo | ||
|Associated Person=Jampa Rinchen Zangpo | |Associated Person=Jampa Rinchen Zangpo | ||
− | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095212%7CW23922 BDRC W23922]
[https://www.tbrc.org/#!rid=W3CN18508 BDRC W3CN18508] | + | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095212%7CW23922 BDRC W23922]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v2p.483)] |

− | ༈ དངོས་གྲུབ་བླང་བ་ནི།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
| + | ༈ དངོས་གྲུབ་བླང་བ་ནི།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།རང་ཡི་དམ་ལྷར་སྐད་ཅིག་གིས་བསྒོམས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ།
།ཀླུའི་རྒྱལ་པོ་མཆོག་སྦྱིན་ལ་སདྡྷི་བླང་བ་ནི། རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་གཏིང་ཟབ་པ། ཁ་ཆེ་བ་གཅིག་གི་ནང་དུ་མཆོད་རྟེན་དཀར་པོ་བློས་མཁྱུད་ཚད་གཅིག་བསྒོམ། དེའི་རྩ་བར་ཡི་གེ་པུ་ལས་ཀླུའི་རྒྱལ་པོ་མཆོག་སྟེར་རོ་སྨད་སྦྲུལ་དུ་འདུག་པ། མཆོད་རྟེན་གྱི་བང་རིམ་ལ་འཁྲིལ་བ། རོ་སྟོད་སྐྱེས་བུའི་གཟུགས་སུ་འདུག་པ་ལ། ལག་པ་གཡོན་པས་བུམ་པ་ལ་འཁྱུད་པ། གཡས་བརྐྱང་པའི་ཕྱག་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྃ་དམར་སེར་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་བསམ། སྣོད་དེ་ལ་དམིགས་ནས་སྔགས་འདི་བརྗོད།
ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ་བི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ཁཾ་ཨུད་ག་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་མཾ་སྭཱ་ཧཱ། ཞེས་བརྗོད་པས།
སྣོད་དེ་ལྷ་མིའི་བཅུད་ཕུན་སུམ་ཚོགས་པས་གང་ནས། ཡར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བསྲུང་མ་རྣམས་ལ་མཆོད། བར་དུ་ཀླུ་ཉིད་ཀྱིས་གསོལ་བས། སྐུ་རྒྱས་ཤིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། དེ་ནས་བདག་ལ་བྱིན་པས། སྟོབས་བསྐྱེད་ནས་ཚེ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་གནང་ནས། བར་དུ་གཅོད་པའི་གནོད་པ་ཐམས་ཅད་བསལ་ནས། བཀྲིས་ཕུན་སུམ་ཆོགས་པར་བསམ། ཚེ་དར་ལོངས་སྤྱོད་རྒྱས་པར་འདོད་ན་སྐུ་མདོག་སེར་པོ། གཞན་དབང་དུ་སྡུད་ན་དམར་པོ། བགེགས་དང་ལོག་འདྲེན་བསལ་བར་འདོད་ན་སྔོན་པོ། ཕྲིན་ལས་སོ་སོ་ལ་ལྗང་གུ་ཞེས། རྒྱུད་རིན་པོ་ཆེ་དཔུང་བཟང་ནས་བཤད་དོ།
བརྒྱུད་པ་ནི། རིན་ཆེན་མཁས་གྲུབ་པ། [[བླ་མ་བསམ་གཏན་རིན་ཆེན]]། [[Serlingpa Tashi Pel|གསེར་གླིང་པ]]། [[Dorjé Pel|བཛྲ་ཤྲཱི]]། [[ཆོས་གྲགས་པ]]། [[Sangyé Pelsang|བུདྡྷ་ཤྲཱི]]། དེས་[[Namkha Gyeltsen|ནམ་མཁའ་རྒྱལ་མཚན་]]དང་། ལྷོངས་[[Shakya Rinchen|ཤཀ་རིན]] །དེ་གཉིས་ཀ་ལ་[[Künzang Ngawang Lodrö|སྤྲུལ་སྐུ་ངག་གི་དབང་པོ]]། དེས་བདག [[Jampa Rinchen Zangpo|།བྱམས་པ་རིན་ཆེན་བཟང་པོ་]]ལའོ། མད་ལཾ།། །།
༼BUDA MW2PD20238 p.315: བརྒྱུད་པ་རིན་ཆེན་བདུན། མཁས་གྲུབ་པ། བླ་མ་བསམ་གཏན་རིན་ཆེན། གསེར་གླིང་པ། བཛྲ་ཤྲཱི། དྷརྨ་ཤྲི། ཆོས་གྲགས་པ། [[Sangyé Pelsang|སངས་རྒྱས་དཔལ།]] འཕགས་པ་རིན་ཆེན། བདག་གོ།༽ |
Latest revision as of 19:12, 1 April 2024
Resource ID | SCv8p758 |

Title | dngos grub blang ba |
Topics | Various |
Sub-Topics | Various by Jampa Rinchen Zangpo |
Associated Person | Jampa Rinchen Zangpo |
Link | BDRC W23922 BDRC W3CN18508 (v2p.483) |
༈ དངོས་གྲུབ་བླང་བ་ནི།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།རང་ཡི་དམ་ལྷར་སྐད་ཅིག་གིས་བསྒོམས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ།
།ཀླུའི་རྒྱལ་པོ་མཆོག་སྦྱིན་ལ་སདྡྷི་བླང་བ་ནི། རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་གཏིང་ཟབ་པ། ཁ་ཆེ་བ་གཅིག་གི་ནང་དུ་མཆོད་རྟེན་དཀར་པོ་བློས་མཁྱུད་ཚད་གཅིག་བསྒོམ། དེའི་རྩ་བར་ཡི་གེ་པུ་ལས་ཀླུའི་རྒྱལ་པོ་མཆོག་སྟེར་རོ་སྨད་སྦྲུལ་དུ་འདུག་པ། མཆོད་རྟེན་གྱི་བང་རིམ་ལ་འཁྲིལ་བ། རོ་སྟོད་སྐྱེས་བུའི་གཟུགས་སུ་འདུག་པ་ལ། ལག་པ་གཡོན་པས་བུམ་པ་ལ་འཁྱུད་པ། གཡས་བརྐྱང་པའི་ཕྱག་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྃ་དམར་སེར་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་བསམ། སྣོད་དེ་ལ་དམིགས་ནས་སྔགས་འདི་བརྗོད།
ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ་བི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ཁཾ་ཨུད་ག་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་མཾ་སྭཱ་ཧཱ། ཞེས་བརྗོད་པས།
སྣོད་དེ་ལྷ་མིའི་བཅུད་ཕུན་སུམ་ཚོགས་པས་གང་ནས། ཡར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བསྲུང་མ་རྣམས་ལ་མཆོད། བར་དུ་ཀླུ་ཉིད་ཀྱིས་གསོལ་བས། སྐུ་རྒྱས་ཤིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། དེ་ནས་བདག་ལ་བྱིན་པས། སྟོབས་བསྐྱེད་ནས་ཚེ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་གནང་ནས། བར་དུ་གཅོད་པའི་གནོད་པ་ཐམས་ཅད་བསལ་ནས། བཀྲིས་ཕུན་སུམ་ཆོགས་པར་བསམ། ཚེ་དར་ལོངས་སྤྱོད་རྒྱས་པར་འདོད་ན་སྐུ་མདོག་སེར་པོ། གཞན་དབང་དུ་སྡུད་ན་དམར་པོ། བགེགས་དང་ལོག་འདྲེན་བསལ་བར་འདོད་ན་སྔོན་པོ། ཕྲིན་ལས་སོ་སོ་ལ་ལྗང་གུ་ཞེས། རྒྱུད་རིན་པོ་ཆེ་དཔུང་བཟང་ནས་བཤད་དོ།
བརྒྱུད་པ་ནི། རིན་ཆེན་མཁས་གྲུབ་པ། བླ་མ་བསམ་གཏན་རིན་ཆེན། གསེར་གླིང་པ། བཛྲ་ཤྲཱི། ཆོས་གྲགས་པ། བུདྡྷ་ཤྲཱི། དེས་ནམ་མཁའ་རྒྱལ་མཚན་དང་། ལྷོངས་ཤཀ་རིན །དེ་གཉིས་ཀ་ལ་སྤྲུལ་སྐུ་ངག་གི་དབང་པོ། དེས་བདག །བྱམས་པ་རིན་ཆེན་བཟང་པོ་ལའོ། མད་ལཾ།། །།
༼BUDA MW2PD20238 p.315: བརྒྱུད་པ་རིན་ཆེན་བདུན། མཁས་གྲུབ་པ། བླ་མ་བསམ་གཏན་རིན་ཆེན། གསེར་གླིང་པ། བཛྲ་ཤྲཱི། དྷརྨ་ཤྲི། ཆོས་གྲགས་པ། སངས་རྒྱས་དཔལ། འཕགས་པ་རིན་ཆེན། བདག་གོ།༽