Difference between revisions of "Bde mchog lha lnga'i mchod phreng"
(8 intermediate revisions by the same user not shown) | |||
Line 5: | Line 5: | ||
|Subject=Chakrasamvara | |Subject=Chakrasamvara | ||
|SubTopics=Offering verses | |SubTopics=Offering verses | ||
− | |BDRC link=[https:// | + | |BDRC link=[https://library.bdrc.io/show/bdr:MW3CN18508 BDRC W3CN18508 (p.394)]
[https://www.tbrc.org/#library_work_ViewByOutline-O4CZ3470804CZ354185%7CW8LS32723 BDRC W8LS32723 (p.23 older version? alt.)] |
|Notes=Linked to [[bde mchog lha lnga'i mchod khrigs]] | |Notes=Linked to [[bde mchog lha lnga'i mchod khrigs]] | ||

− | <span class="main_text" | + | ༄༅། །བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བཞུགས་སོ།།

ཤྲི་ཙཀྲ་སཾབྷ་ར་ན་མོཿ
ཡོན་ཏན་རྒྱ་མཚོ་བླ་མ་ལ། །དང་པའི་ཡིད་ཀྱིས་གུས་བཏུད་ནས། །དཔལ་ལྡན་འཁོར་ལོ་བདེ་མཆོག་གིས། །མཆོད་ཕྲེང་ལག་ལེན་བཞིན་དུ་བྲི།
དེ་ལ་དཔལ་བདེ་མཆོག་གི་མཆོད་སྤྲིན་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
དང་པོ་ནི། གནས་ཁང་དབེན་པར་ཕྱགས་དར་བྱ། དྲི་བཟངས་ཀྱིས་བྱུག །བླ་བྲེ་དང་ཡོལ་བ་བཀྲམ། རྟེན་དང་རས་བྲིས་རྣམས་བཞུགས་སོ། །དེར་དཀྱིལ་འཁོར་རྒྱས་བསྡུས་སམ། མཎྜལ་པད་མ་འདབ་བཞི་པ་མེ་ཏོག་དང་བཅས་པའི་ལྟེ་བར། ཀ་པཱ་ལ་བདུད་རྩིས་བཀང་པ་བགོད། དེ་ནས་མདུན་དུ་མཆོད་རྫས་རྣམས་དགོད་པར་བྱ་སྟེ། རང་གི་གཡོན་དུ་གསང་གཏོར་དང་། མཆོད་ཡོན་དུ་དྲི་བཟངས་དང་། མེ་ཏོག་དཀར་པོའོ། །ཞབས་བསིལ། ཞལ་བསིལ། དུང་དྲི་བཟངས་ཏེ་ཆུ་གསུམ་མོ། །གཡས་སུ་མེ་ཏོག །བདུག་སྤོས། དྲི་ཆབ། མར་མེ། ཞལ་ཟས། སིལ་སྙན་དང་བདུད་རྩིའོ། །གཏོར་མ་ཡང་ལྔ་ལ་སོགས་པ་བཤམ་མོ། །དེ་ལྟར་ཆུ་གསུམ་དང་མཆོད་པ་རྣམས་མཇུག་སྤྲོད་དང་། མགོ་སྤྲོད་གང་བདེ་བྱས་ནས། དཀྱིལ་འཁོར་མཆོད་པའི་བར་དུ། །སློབ་དཔོན་དང་སློབ་མ། བཟེད་ཞལ་གཉིས་སམ། རྡོ་རྗེ་དྲིལ་བུ་བཞག་པར་བྱའོ།
།གཉིས་པ་ལ་བདུན་ཏེ། སྒོ་དབྱེ་བར་གསོལ་བ་གདབ་པ། གྲལ་འཁོད་ལ་ཏིང་ངེ་འཛིན་ལ་བསྐུལ་བ། མཆོད་པ་བྱིན་གྱིས་བརླབ་ཅིང་སྤྱན་དྲངས། རྟེན་ལ་ཆུ་གསུམ་དང་གདན་དབུལ་བ། མཆོད་པ་བཞི་རྫོགས་སུ་དབུལ་བ། བསྟོད་པ་རྒྱས་བསྡུས་བྱ་བ། ཚོགས་ཀྱི་མཆོད་པ་བྱ་བའོ།
།དང་པོ་ནི། སློབ་མ་རྣམས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས་ལ། སྒོ་དྲུང་དུ་འདུག་སྟེ། ཡང་ལས་ཀྱི་སེམས་དཔའ་དབྱུག་སྔོན་ཅན་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་ནས། ནང་ན་འདུག་པ་ལ་གསོལ་བ་བཏབ་པར་བྱ་སྟེ།
ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྱིར་བཅིངས་པ། །ཕྱག་ན་དབྱུག་པ་བསྣམས་པ་ཀྱེ། །བཟང་པོས་སྒོ་འདི་ཕྱེ་སྟེ་གསོལ། །མཁའ་འགྲོ་མ་ཡི་ཚོགས་དབུས་སུ། །དཔའ་བོས་གནང་གི་བཏང་དུ་གསོལ།
།ཅེས་ལན་གསུམ་གསོལ་བ་བཏབ་པ་དང་། དབྱུག་སྔོན་ཅན་གྱིས་སྒོ་ཕྱེ་ནས། མར་མེ་དང་མེ་ཏོག་སྟན་ལ། བགེགས་བསྐྲད་དོ།
།གཉིས་པ་ནི། བླ་མ་ལ་མེ་ཏོག་ཕུལ། ཕྱག་བྱས་ནས། དཔའ་བོའི་གཡས་གྲལ། དཔའ་མོའི་གཡོན་གྲལ་དུ་འཁོད་པ་ལ། ཡང་ལས་ཀྱི་སེམས་དཔའ་བླ་མ་དང་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་ཕུལ་ནས།
ཀྱཻ། བླ་མ་རྡོ་རྗེ་འཛིན་པ་དང་། །འདིར་འདུས་རྣལ་འབྱོར་དབང་ཕྱུག་གིས། །བགེགས་གཏོར་བྱིན་རླབས་བསྲུང་འཁོར་དང་། །བསྐྱེད་རྫོགས་བཟླས་པ་མཛད་པར་ཞུ།
ཅེས་མེ་ཏོག་གཏོར་ལ་བགེགས་གཏོར་བཏང་བར་བྱའོ།
།གསུམ་པ་ལ་གསུམ་སྟེ། མཆོད་པ་བྱིན་གྱིས་བརླབ་པ་དང་། སྤྱན་དྲང་བ་དང་། ཕྱག་འཚལ་བའོ།
།དང་པོ་ནི། རང་ཉིད་བདེ་མཆོག་ཏུ་གསལ་བས་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱས་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རྡོ་རྗེ་དང་མེ་རིའི་བསྲུང་འཁོར་བྱས་ནས། གསང་གཏོར་དུ་བགེགས་མཐར་བྱེད་དམ། གདོང་བཞི་པའི་བསྐྱེད་གཞུང་བྱས་ལ། རྣམ་ལྔས་མཆོད་དོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ་སྭཱཧཱ། བཞིའམ། སུཾ་བྷ་ནི་བཟླས་ལ། ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་བསམ་སྟེ། དེར་རྡོ་རྗེ་བཅུག་ནས་གནས་ཁང་དང་། གཏོར་མ་དང་མཆོད་རྫས་རྣམས་ལ་གཏོར་བས། བགེགས་བསྐྲད་པར་བསམ་མོ། །དེ་ནས་དུང་ཆོས་ཀྱི་ཕྱག་རྒྱ་དང་། དེ་ནས། ཨོཾ་བཛྲ་ཨརྒྷཾ་ཧཱུྃ་གིས་མཆོད་ཡོན་ཐོགས་པའི་ལྷ་མོའོ། །ཆུ་གཉིས་སུ་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་བསྐྱེད་དོ། །དེ་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། ཨ་མྲྀ་ཏ། ཕྱག་རྒྱ་སེ་གོལ་དང་བཅས་པ་བརྗོད་པས། མེ་ཏོག་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བསྐྱེད་ཅིང་སྤྲུལ་ལོ། །མ་ད་ནར་ཨ་མྲྀ་ཏ་བཏབ་ལ་ཤ་ལྔ་བདུད་རྩི་ལྔ་༼ཐོགས་པའི་ལྷ་མོར་༽བསྐྱེད་དོ།
།དེ་ལྟར་ཡང་[[Rin chen rgya mtsho'i rgyud|རིན་ཆེན་རྒྱ་མཚོའི་རྒྱུད་]]ལས། ཕྱག་རྒྱ་བཞིས་བཏབ་གསང་གཏོར་བྱ། །མཆོད་ཡོན་ཞལ་བསིལ་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ལྷ་བཤོས་སིལ་སྙན་ཨ་མྲྀ་ཏ། །བགེགས་བསྐྲད་བྱིན་རླབས་དཔག་མེད་སྤྲུལ། ཅེས་པ་དང་།
རབ་ཏུ་མི་གནས་པ་ལས། ཕྱག་རྒྱ་བཞི་ཡི་བཏབ་ནས་ཀྱང་། །མཆོད་ཡོན་ཞལ་བསིལ་ཞབས་བསིལ་དང་། །མེ་ཏོག་སྤོས་དང་མར་མེ་ཕྲེང་། །དྲི་དང་ལྷ་བཤེས་རོལ་མོ་དང་། །དེ་སོགས་མཆོད་པ་བཤམས་ནས་ཀྱང་། །བྱིན་རླབས་བསྐྱེད་པ་ཡང་བྱ་སྟེ། ཅེས་སོ།
དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་པ་སྟེ། ཆོ་ག་གསུམ་མམ། ས་བོན་ནམ། སྐད་གཅིག་གིས་བསྐྱེད་ནས། རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པར་བྱ་སྟེ།
སཾ་པུ་ཊ་ལས། གཡས་པ་ཉི་མར་ཡང་དག་བསམ། །གཡོན་པར་ཡང་ནི་ཟླ་བ་ཉིད། །དེ་ནས་ལག་གཉིས་རབ་ཏུ་བརྐྱང་། །རྣམ་ལྔ་འདོད་པའི་བསྐོར་བ་བྱ།
ཞེས་པས་རང་ཉིད་ཡི་དམ་གྱི་ལག་གཉིས་ཉི་ཟླར་བསམ་ལ། ཧཱུྃ་ལས་རྡོ་རྗེ་གཡས་སུ་གཟུང་ནས།
ཧཱུྃ་གི་གླུ་ཡི་རྣམ་པ་ཡི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་གསོར་བ་མཛེས་པ་ཡི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་འདམ་དུ་བྱིང་བ་ཡིས། །སེམས་ཅན་སངས་རྒྱས་དོན་དུ་བསྐྲོལ།
ཅེས་པས་གནས་གསུམ་དུ་སྐྲོལ་ལོ།
གཉིས་པ་ནི། རང་གི་ཐུགས་ཁའི་ས་བོན་དང་། དམ་ཚིག་པའི་ཐུགས་ཀའི་ས་བོན་གཉིས་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་སྤྱན་དྲངས་ཏེ།
ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ཅིང། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་བདེ་མཆོག་འཁོར་བཅས་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝ་ར་ས་མ་ཡེ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་བསྟིམ་ནས།
གསུམ་པ་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མཿམེ་ཧཱུྃ། ཨོཾ་ན་མཿན་མོ་ཧཱུྃ། ཞེས་པས་རྟེན་གྱི་ཞབས་ལ་ཐུག་པའི་ཕྱག་རྒྱ་བྱའོ།
།བཞི་པ་ནི། རྣམ་དག་དྲི་མེད་སྦྱར་བའི་ཆུ། །དང་པས་སྐྱོན་མེད་ཡིད་དུ་འོང་། །འགྲོ་བའི་ཉོན་མོངས་དག་བྱའི་ཕྱིར། །བཅོམ་ལྡན་མཆོད་ཡོན་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། དུང་ཆོས་ཀྱི་ཕྱག་རྒྱས་ལྷ་མོ་མཆོད་ཡོན་ཐོགས་པས་མཆོད་ནས། བཟེད་ཞལ་དུའོ།
།ཧཱུྃ་ཡིད་འོང་དཀྱིལ་འཁོར་བྱོན་པ་ལེགས། །བདག་ཅག་བསོད་ནམས་བསྐལ་བར་ལྡན། །ཞལ་བསིལ་དམ་པ་འདི་དག་ཀྱང་། །འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་པྲ་ཏིཙྪ་ཡེ་ཧཱུྃ། གིས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས་ཕྱག་དང་ཞལ་བསིལ་ལོ།
།ཧཱུྃ། བཅོམ་ལྡན་ཆོས་ཉིད་ལ་བཞུགས་ཀྱང་། །འགྲོ་བའི་དུག་གསུམ་དག་བྱའི་ཕྱིར། །ཞབས་བསིལ་དམ་པ་འདི་འབུལ་གྱིས། །ངན་འགྲོའི་འཆིང་བ་ལས་གྲོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་རྟི་ཁཾ་རཾ་སྭཱཧཱ། །ཞེས་བུམ་ཆུས་ཞབས་བསིལ་ལོ།
།བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པད་མ་ཀ་མ་ལ་ས་མ་ཡེ་སྟྭཾ། །ཞེས་པས་རང་རང་གི་གདན་ལ་བཞུགས་པར་བསམ་མོ།
།ལྔ་པ་ལ་བཞི་སྟེ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་དོ།
།དང་པོ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི། །ལྷ་བཤོས་སིལ་སྙན་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་བརྩེ་དགོངས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའམ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་བཟེད་ཞལ་དུའོ། །དེ་བཞིན་དུ། བཛྲ་དྷུ་པེ། ཨ་ལོ་ཀེ །བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྡ་ཨཱཿཧཱུྃ་གིས་ལག་ལེན་ལྟར་བཟེད་ཞལ་དུའོ།
།གཟུགས་སྒྲ་དྲི་རོ་རེག་བྱ་དང་། །འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་བརྩེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། འདི་མན་ཆད་ལྱི་སྔགས་རྣམས་ལ་འདྲེའོ། །པཉྩ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཅེས་པའི། ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་མཆོད།
ཧཱུྃ། འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་དང་། །ཉེ་བའི་རིན་ཆེན་སྣ་བདུན་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །རཏྣ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པ་དང་། རིན་ཆེན་སྣ་བདུན་གྱི་སྔགས་དང་ཕྱག་རྒྱས་མཆོད་དོ། ༼།དེ་ནི་ཕྱིའི་མཆོད་པའོ།༽
།གཉིས་པ་ནི། ཧཱུྃ། མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་དང་མཁའ་འགྲོ་བཞིས། །ཤ་ལྔ་བདུད་རྩི་ཐོགས་ནས་ཀྱང་། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཆོད། །ག་ན་ཙཀྲ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་གིས་མ་ད་ནར་བདུད་རྩི་རིལ་བུ་བཏབ་ལ་བཟེད་ཞལ་དུའོ། །ནང་མཆོད་དོ།
།གསུམ་པ་ནི། ཧཱུྃ། བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡི། །ཟག་མེ་བདེ་བས་གཙོ་ལ་མཆོད། །མཧཱ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པས་གཉིས་སུ་མེད་པའི་ཕྱག་རྒྱ་བྱའོ། །གསང་མཆོད་དོ།
།བཞི་པ་ནི། མཆོད་བྱའི་ཡུལ་དང་མཆོད་པ་མཆོད་བྱེད་རྣམས། རང་བཞིན་མེད་པར་ཤེས་པར་བྱའོ།
དྲུག་པ་ལ་གཉིས། བླ་མ་ལ་བསྟོད་པ་དང་། དཀྱིལ་འཁོར་ལ་བསྟོད་པའོ།
།དང་པོ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཅེས་པ་ནས། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ་ཡན་ཆོད་དོ།
།གཉིས་པ་ནི། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། ཅེས་པ་ནི། རྣལ་འབྱོར་ཆེན་མོ་འོད་པའི་དབང་ཕྱུག་མངལ་འདུད་ཅེས་པས་བསྟོད་དོ།
ཧཱུྃ། སྐུ་མདོག་ཨུཏྤལ་སྔོན་པོ་འདྲ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་བརྒྱན། །ཡུམ་དང་གཉིས་མེད་གར་དགུས་མཛེས། །བཅོམ་ལྡན་བདེ་བའི་མཆོག་ལ་བསྟོད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །འགག་མེད་ཐུགས་རྗེ་ཆེན་པོ་ཡིས། །གང་འདུལ་གཟུགས་སྐུ་སྒྱུ་མར་སྟོན། །ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་པོ་རྣམ་དག་ཅིང་། །ཡེ་ཤེས་བཞིའི་ངོ་བོ་ཉིད། །མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།ཧཱུྃ། ཆོས་ཉིད་རྣམ་དག་ནམ་མཁའི་མདོག །སྣང་སྟོང་བདེ་ཆེན་མཚན་དཔེས་བརྒྱན། །གར་གྱི་ཉམས་ལྡན་ལོངས་སྤྱོད་རྫོགས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་ན་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ལུས་རྗེས་དྲན་པའི་ངོ་བོ་ཉིད། །མཱ་མ་ཀི་སྟེ་ཆུ་ཡི་ཁམས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡུམ། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཚོར་བ་རྗེས་དྲན་ངོ་བོ་ཉིད། །སྒྲོལ་མ་ཞེས་བྱ་རླུང་གི་ཁམས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡུམ། །ལཱ་ལ་དེ་ལ་ཕྱག་འཚལ་ལོ། །ཆོས་རྗེས་དྲན་པའི་ངོ་བོ་ཉིད། །གོས་དཀར་མོ་ནི་མེའི་ཁམས། །པད་མ་རིགས་ཀྱི་མཁའ་འགྲོ་ཡུམ། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སེམས་རྗེས་དྲན་པའི་ངོ་བོ་ཉིད། །སྤྱན་ཏེ་བཀྲ་བའི་བདག་ཉིད་ཅན། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡུམ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།བདུན་པ་ཚོགས་ཀྱི་མཆོད་པ་ལ་བཞི་སྟེ། ཚོགས་བྱིན་གྱིས་བརླབ་ཅིང་དབུལ་བ། ཕུན་སུམ་ཚོགས་པ་བསྟན་པ་དེ། འདྲེན་པ་བསོད་ནམས་མཐར་ཐུག་གོ
།དང་པོ་ནི། ཚོགས་ཀྱི་རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབ་པར་བྱ་སྟེ།
རབ་ཏུ་མི་གནས་པ་ལས། ལོངས་སྤྱོད་ཚོགས་དང་སྐོམ་སོགས་རྣམས། །བདུད་རྩིར་བྱིན་གྱིས་བརླབ་པར་བྱ། །མོས་པའི་ལོངས་སྤྱོད་ཆེན་པོར་བྱ། ཞེས་གསུངས་པས།
ཚོགས་རྫས་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། དེ་ནས་བླ་མ་རྣམས་ལ། འདོད་ཡོན་ལྔའི་རང་བཞིན་གྱིས་མཆོད་པ་ཕུལ་བས། ཟག་མེད་ཀྱི་བདེ་བས་རྒྱས་པར་བསམ་ནས། ཤྲཱི་གུ་རུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་བདུན་དབུལ་ལོ། །དེ་བཞིན་དུ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི། ལཱ་མ་ཡེ། ཁཎྜ་རོ་ཧི། རཱུ་པི་ནི། གྷ་ན་ཙཀྲ་ལྷ་ལྔ་ལའོ། །བུདྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤྭ་ས་མ་ཡ་སརྦ་ཌཱ་ཀི་ནིས་མཁའ་འགྲོ་རྣམས་ལའོ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་ཙཀྲས་ཆོས་སྐྱོང་རྣམས་ལ་དབུལ། དེ་ནས་ཚོགས་ཕུད་གཏོར་མར་བཅུག་ལ། བྱིན་གྱིས་བརླབས་ནས། དང་པོ། ཤྲི་མ་ཧཱ་གུ་རུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བླ་མ་རྣམས་ལ། གཉིས་པ་ལྷ་ལྔ་ལ། གསུམ་པ་ཆོས་སྐྱོང་། བཞི་པ་གཞི་བདག །ལྔ་པ་གནོད་བྱེད་ལ་སྦྱིན་ནོ།
།གཉིས་པ་ཕུན་སུམ་ཚོགས་པ་ལ་ལྔ། ཚོགས་ཀྱི་དུས་དང་། གནས་དང་། རྫས་དང་། གྲོགས་དང་། གསང་བའི་སྐད་ཕུན་སུམ་ཚོགས་པའོ།
།དང་པོ་༼ཚོགས་འཁོར་འབྱུང་པའི་དུས་༽ནི། དབང་༼བསྐུར་བ་དང་༽རབ་གནས་ལ་སོགས་པའི་དུས་སུ་འབྱུང་བ། ཉིན་མཚན་གྱི་ཆ་ནུབ་མོ་འབྱུང་བས་ཏེ།
གསང་བ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རློབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། ཞེས་སོ།
།གཉིས་པ་༼གནས་༽ནི། རབ་སྐྱེ་བོས་༼དང་ཐེག་དམན་གྱི་༽དབེན་པའི་གནས་ཏེ།
ཌོ་མྦི་ཧེ་རུ་ཀས། ཚོགས་ཀྱི་འཁོར་ལོ་བཐུན་བཅས་གནས་སུ་བསྐོར། བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག་ཉིད། ༼།ཅེས་དང་།༽
དགྱེས་རྡོར་ལས། དུར་ཁྲོད་རིའི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའི་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་སོ།
།གསུམ་པ་རྫས་ནི། དམ་ཚིག་བཀོད་པ་དང་། །མཁའ་འགྲོ་གསང་རྒྱུད་ལས། །དངོས་གྲུབ་རྩ་བ་ཤ་ཆང་སྟེ། །དེ་མེད་པར་ནི་དངོས་གྲུབ་མེད། །ཚེ་འདིར་སངས་རྒྱས་འདོད་པ་ཡིས། །ཤ་དང་ཆང་དང་ལྡན་པར་བྱ། །ཞེས་སོ།
།བཞི་པ་ནི། ༼གྲོགས་༽དབང་ཐོབ་ཅིང་གསང་བའི་དམ་ཚིག་ལ་གནས་པ་དང་། ཐེ་ཚོམ་མེད་པར་བག་དང་ལྡན་པས་སྟེ།
༼དེ་ཡང་གསང་པ་ནི།༽ དམ་ཚིག་བཀོད་པ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང༌། །ཅེས་སོ།
༼།ཐེ་ཚོམ་མེད་པ་ནི།༽ གསང་བ་རྒྱ་མཚོའི་རྒྱུད་ལས། དགེ་སློང་བྲམ་ཟེ་སྡོམ་པ་ཡང་། །ཐེ་ཚོམ་མེད་པར་སྣོད་ཅིག་རོལ། ༼།ཅེས་དང་།༽
གཉིས་མེད་རྣམ་རྒྱལ་ལས། སྣོད་ཅིག་བཟའ་བའི་དམ་ཚིག་ནི། །དུ་མར་གྱུར་པ་མ་ཡིན་གྱི། །ཚོགས་ཀྱི་འཁོར་ལོ་གཅིག་ཏུ་གྲགས། །ཅེས་སོ།
།དེ་ཡང་བག་དང་ལྡན་པ་ནི། ཡེ་ཤེས་རྒྱ་མཚོ་ལས། རྣལ་འབྱོར་འཆང་གིས་མྱོས་གྱུར་ན། །དམྱལ་བའི་གནས་སུ་མཚོད་པར་འགྱུར། །ཞེས་སོ།
།ལྔ་པ་ནི་༼ལོངས་སྤྱོད་པ་ནི།༽ ཚོགས་རྫས་རྣམས་ལ། ༼ཐ་མལ་གྱིས་མི་རྗོད། ཀྱཻ་རྡོ་རྗེ་ལས།༽ ཤ་ལ་བྷ་ལ། ཟན་ལ་སོགས་པའི་བཟའ་བ་རྣམས་ལ་ཏྲི་བི་ཏ། ཆང་ལ་མ་ད་ན། ཐོད་པ་ལ་༼སོགས་པའི་སྣོད་ཐམས་ཅད་ལ་༽པད་མ་བྷ་ཛ་ནཾ། ཚོད་མ་ལ་༼སོགས་པའི་བཏུད་བ་ཐམས་ཅད་ལ་༽ཏི་ད་ནཾ། ༼གནས་སུ་༽འདུ་བ་ལ་ཛ། འགྲོ་བ་ལ་ཁེ་ཊ། འོང་པ་ལ་ལེ་ཏ་ནཾ། བྱིན་གཅིག་ལ་ནི་སུ་ནཾ། ལོངས་གཅིག་ལ་ཙ་རུ་ཀར་ནའོ། །འདྲེན་པ་དེ་ཉིད་གསང་པའི་སྐད་ཀྱིས་མ་སྨྲས་ན།
རྟག་གཉིས་ལས། དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཙོམ་མེད། །ཅེས་སོ།
།གསུམ་པ་༼ཡང་འདྲེན་མཁན་དེ་༽ཡང་འདུ་ཤེས་གསུམ་དང་ལྡན་པའི་ལག་པས། ཀ་པཱ་ལ་བཟུང་ནས།
ཀྱེ་གཟིགས་གཅིག་མཛེས་པ་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་ཅིག་པས་དགོངས་ཏེ་རོལ། ཅེས་པས་དྲང་ངོ་། །ལེན་པ་པོས་ཀྱང་པད་ཀོར་བྱས་ནས།
བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་དང་བྲལ་བས། །གཟུང་འཛིན་རྣམ་པར་གྲོལ་བ་ཡིན། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། ཨ་ཧོ་སུ་ཁ། ཞེས་པས་སླང་ངོ་།
དེ་ལྟར་ཡང་དགྱེས་རྡོར་ལས། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། ༼འ་་་་ན་མཁན་༽།པད་མའི་ལག་པས་ལག་པ་དང་། ༼འདྲེན་པ་པོ་༽།དེ་ཉིད་ཀྱིས་ནི་ལག་པས་དབུལ། །ཡང་ནས་ཡང་དུ་རབ་བཏུང་བ། །དེ་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་སོ།
།བཞི་པ་ནི། སོ་སོ་སྐྱེ་བོ་ཉན་ཐོས་དཔག་ཏུ་མེད་པ་ལ་སྦྱིན་པ་བཏང་པ་ལས། ཚོགས་ཆུང་གཅིག་གི་བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་ལ། བསོད་ནམས་མཐར་ཐུག་ཚོགས་འཁོར་ཡིན་ཏེ།
བདེ་མཆོག་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། སྐྱེ་བོ་ཉན་ཐོས་མཐའ་ཡས་ལ། །སྦྱིན་དང་བསོད་ནམས་སྤེལ་བ་ཡིས། །ཚོགས་ཆུང་གཅིག་གི་བསོད་ནམས་ཀྱང་། །འབུམ་གྱི་ཆར་ཡང་མི་ཕོད་དོ། ༼།ཅེས་པ་དང་།༽ བསོད་ནམས་མཐར་ཐུག་ཚོགས་འཁོར་རོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །ཡང་ཚོགས་འཁོར་གྱིས་དོན་ཐམས་ཅད་འགྲུབ་པ་དང་། དངོས་གྲུབ་ཐམས་ཅད་འགྲུབ་སྟེ།
དགྱེས་པ་རྡོ་རྗེ་ལས། ཚོགས་ཀྱི་དཀྱིལ་འཁོར་གཟའ་བ་ཀུན། །ཉོན་གཅིག་ལྷ་མོ་མིག་ཡངས་མ། །གང་དུ་ཟོས་པའི་འདོད་དོན་ཀུན། །སྒྲུབ་པ་པོའི་དངོས་གྲུབ་འགྱུར། །ཞེས་སོ།
།གསུམ་པ་རྗེས་ལ་ལྔ་སྟེ། གཤེགས་པར་བྱ་བ། ལྷག་གཏོར་བཏང་བ། བཟོད་པར་གསོལ་བ། འགྲོན་གཤེགས་པ། བསྔོ་ཞིང་བཀྲ་ཤིས་བརྗོད་པའོ།
།དང་པོ་ནི། ༼རྩ་ལུང་༽བཅུ་བཞི་པའི་བཤགས་པ་དང་ཡི་གེ་བརྒྱ་པ་བརྗོད།
གཉིས་པ་ནི། ༼གཏོར་མ་བཏང་༽ལྷག་མ་རྣམས་བསྡུས་ཏེ། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། ༼ལག་པ་གཉིས་ལྷག་གཏོར་གྱི་ཁར།༽ འབར་བའི་ཕྱག་རྒྱ་བཅིང་པར་བྱའོ། ༼འབྲུ་གསུམ་དང་ཨ་ཀ་རོས་བྱིན་གྱིས་རླབས།༽ །ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙིཏྟ་བ་ལིཾ་ཏ་བྷཀྵ་སི་སྭཱཧཱ། ཞེས་གསུམ་བརྗོད་ལ་འབུལ་ལོ། །སྙིང་རྗེ་ལ་སོགས་ཉམས་ལྡན་པས། །དེ་བཞིན་བཀྲ་ཤིས་གླུ་བླང་བྱ། །ཞེས་པས། འབྱུང་པོ་དང་བྲན་རྣམས་ལ་སྦྱིན་ནོ།
།དེ་ལྟར་ཡང་གདན་བཞིའི་བཤད་རྒྱུད་ལས། ཡེ་ཤེས་ཅན་གྱི་དཔལ་འདོད་པས། །ལྷག་པའི་གཏོར་མ་སྦྱིན་པར་བྱ། །ཞེས་སོ།
།གསུམ་པ་ནི༼བཟོད་པར་གསོལ་བ༽། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉམས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། གཙོ་བོ་ནུས་པ་མ་མཆིས་དང་། །ལྷག་པ་དང་ནི་མ་ཚང་དང་། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཅེས་སོ།
།བཞི་པ་ནི༼འགྲེན་གཤེགས་པ༽། ༼ལག་པ་གཡོན་པས་༽རྡོ་རྗེ་བསྡུ་བས་དཀྱིལ་འཁོར་གཤེགས་ལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་རྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་དོ།
ལྔ་པ་༼བསྔོ་ཞིང་བཀྲ་ཤིས་བརྗོད།༽ནི། ༼རབ་ཏུ་མི་གནས་པའི་རྒྱུད་ལས།༽ དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེར་པར་བསྔོ། །ཅེས་སོ།
།ལེགས་པའི་ཡོན་ཏན་རབ་རྫོགས་པའི། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཞེས་པས་བཀྲ་ཤིས་བརྗོད་དོ།
།བཅོམ་ལྡན་བདེ་མཆོག་ལྷ་ལྔའི་མཆོད་ཁྲིགས། བླ་མའི་ལག་ལེན་ལྟར་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། མངྒ་ལཾ།།
འདིའི་རྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ།]] [[Khyungpo Neljor|མཁས་གྲུབ་ཁྱུང་པོ།]] [[Mokchokpa Rinchen Tsöndrü|མཉམ་མེད་རིན་རྩོན།]] [[Öntön Kyergangpa|ཆོས་ཀྱི་སེང་གེ]] [[Sangyé Nyentön|།ཆོས་ཀྱི་ཤེས་རབ།]] [[Sangyé Tönpa|བརྩོན་འགྲུས་སེང་གེ]] [[Tsangma Shangtön|།ཚུལ་ཁྲིམས་འབུམ།]] [[Gyeltsen Bum|རྒྱལ་མཚན་འབུམ།]] [[Jampa Pel|བྱམས་པ་དཔལ།]] [[Lodrö Pelsang|བློ་གྲོས་དཔལ་བ།]] [[Künga Pelsang|ཀུན་དགའ་དཔལ་བཟང་།]] [[Sönam Zangpo|ཕ་རྒོད་བསོད་ནམས་བཟང་པོ།]] [[མཁས་གྲུབ་ཡེ་ཤེས་རྒྱ་མཚོ།]] དེ་བདག་ལའོ།། |
Latest revision as of 10:56, 7 September 2024
Resource ID | Sup3 |

Title | bde mchog lha lnga'i mchod phreng |
Topics | Chakrasamvara |
Sub-Topics | Offering verses |
Link | BDRC W3CN18508 (p.394) BDRC W8LS32723 (p.23 older version? alt.) |
Notes | Linked to bde mchog lha lnga'i mchod khrigs |
༄༅། །བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བཞུགས་སོ།།
ཤྲི་ཙཀྲ་སཾབྷ་ར་ན་མོཿ
ཡོན་ཏན་རྒྱ་མཚོ་བླ་མ་ལ། །དང་པའི་ཡིད་ཀྱིས་གུས་བཏུད་ནས། །དཔལ་ལྡན་འཁོར་ལོ་བདེ་མཆོག་གིས། །མཆོད་ཕྲེང་ལག་ལེན་བཞིན་དུ་བྲི།
དེ་ལ་དཔལ་བདེ་མཆོག་གི་མཆོད་སྤྲིན་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
དང་པོ་ནི། གནས་ཁང་དབེན་པར་ཕྱགས་དར་བྱ། དྲི་བཟངས་ཀྱིས་བྱུག །བླ་བྲེ་དང་ཡོལ་བ་བཀྲམ། རྟེན་དང་རས་བྲིས་རྣམས་བཞུགས་སོ། །དེར་དཀྱིལ་འཁོར་རྒྱས་བསྡུས་སམ། མཎྜལ་པད་མ་འདབ་བཞི་པ་མེ་ཏོག་དང་བཅས་པའི་ལྟེ་བར། ཀ་པཱ་ལ་བདུད་རྩིས་བཀང་པ་བགོད། དེ་ནས་མདུན་དུ་མཆོད་རྫས་རྣམས་དགོད་པར་བྱ་སྟེ། རང་གི་གཡོན་དུ་གསང་གཏོར་དང་། མཆོད་ཡོན་དུ་དྲི་བཟངས་དང་། མེ་ཏོག་དཀར་པོའོ། །ཞབས་བསིལ། ཞལ་བསིལ། དུང་དྲི་བཟངས་ཏེ་ཆུ་གསུམ་མོ། །གཡས་སུ་མེ་ཏོག །བདུག་སྤོས། དྲི་ཆབ། མར་མེ། ཞལ་ཟས། སིལ་སྙན་དང་བདུད་རྩིའོ། །གཏོར་མ་ཡང་ལྔ་ལ་སོགས་པ་བཤམ་མོ། །དེ་ལྟར་ཆུ་གསུམ་དང་མཆོད་པ་རྣམས་མཇུག་སྤྲོད་དང་། མགོ་སྤྲོད་གང་བདེ་བྱས་ནས། དཀྱིལ་འཁོར་མཆོད་པའི་བར་དུ། །སློབ་དཔོན་དང་སློབ་མ། བཟེད་ཞལ་གཉིས་སམ། རྡོ་རྗེ་དྲིལ་བུ་བཞག་པར་བྱའོ།
།གཉིས་པ་ལ་བདུན་ཏེ། སྒོ་དབྱེ་བར་གསོལ་བ་གདབ་པ། གྲལ་འཁོད་ལ་ཏིང་ངེ་འཛིན་ལ་བསྐུལ་བ། མཆོད་པ་བྱིན་གྱིས་བརླབ་ཅིང་སྤྱན་དྲངས། རྟེན་ལ་ཆུ་གསུམ་དང་གདན་དབུལ་བ། མཆོད་པ་བཞི་རྫོགས་སུ་དབུལ་བ། བསྟོད་པ་རྒྱས་བསྡུས་བྱ་བ། ཚོགས་ཀྱི་མཆོད་པ་བྱ་བའོ།
།དང་པོ་ནི། སློབ་མ་རྣམས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས་ལ། སྒོ་དྲུང་དུ་འདུག་སྟེ། ཡང་ལས་ཀྱི་སེམས་དཔའ་དབྱུག་སྔོན་ཅན་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་ནས། ནང་ན་འདུག་པ་ལ་གསོལ་བ་བཏབ་པར་བྱ་སྟེ།
ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྱིར་བཅིངས་པ། །ཕྱག་ན་དབྱུག་པ་བསྣམས་པ་ཀྱེ། །བཟང་པོས་སྒོ་འདི་ཕྱེ་སྟེ་གསོལ། །མཁའ་འགྲོ་མ་ཡི་ཚོགས་དབུས་སུ། །དཔའ་བོས་གནང་གི་བཏང་དུ་གསོལ།
།ཅེས་ལན་གསུམ་གསོལ་བ་བཏབ་པ་དང་། དབྱུག་སྔོན་ཅན་གྱིས་སྒོ་ཕྱེ་ནས། མར་མེ་དང་མེ་ཏོག་སྟན་ལ། བགེགས་བསྐྲད་དོ།
།གཉིས་པ་ནི། བླ་མ་ལ་མེ་ཏོག་ཕུལ། ཕྱག་བྱས་ནས། དཔའ་བོའི་གཡས་གྲལ། དཔའ་མོའི་གཡོན་གྲལ་དུ་འཁོད་པ་ལ། ཡང་ལས་ཀྱི་སེམས་དཔའ་བླ་མ་དང་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་ཕུལ་ནས།
ཀྱཻ། བླ་མ་རྡོ་རྗེ་འཛིན་པ་དང་། །འདིར་འདུས་རྣལ་འབྱོར་དབང་ཕྱུག་གིས། །བགེགས་གཏོར་བྱིན་རླབས་བསྲུང་འཁོར་དང་། །བསྐྱེད་རྫོགས་བཟླས་པ་མཛད་པར་ཞུ།
ཅེས་མེ་ཏོག་གཏོར་ལ་བགེགས་གཏོར་བཏང་བར་བྱའོ།
།གསུམ་པ་ལ་གསུམ་སྟེ། མཆོད་པ་བྱིན་གྱིས་བརླབ་པ་དང་། སྤྱན་དྲང་བ་དང་། ཕྱག་འཚལ་བའོ།
།དང་པོ་ནི། རང་ཉིད་བདེ་མཆོག་ཏུ་གསལ་བས་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱས་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རྡོ་རྗེ་དང་མེ་རིའི་བསྲུང་འཁོར་བྱས་ནས། གསང་གཏོར་དུ་བགེགས་མཐར་བྱེད་དམ། གདོང་བཞི་པའི་བསྐྱེད་གཞུང་བྱས་ལ། རྣམ་ལྔས་མཆོད་དོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ་སྭཱཧཱ། བཞིའམ། སུཾ་བྷ་ནི་བཟླས་ལ། ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་བསམ་སྟེ། དེར་རྡོ་རྗེ་བཅུག་ནས་གནས་ཁང་དང་། གཏོར་མ་དང་མཆོད་རྫས་རྣམས་ལ་གཏོར་བས། བགེགས་བསྐྲད་པར་བསམ་མོ། །དེ་ནས་དུང་ཆོས་ཀྱི་ཕྱག་རྒྱ་དང་། དེ་ནས། ཨོཾ་བཛྲ་ཨརྒྷཾ་ཧཱུྃ་གིས་མཆོད་ཡོན་ཐོགས་པའི་ལྷ་མོའོ། །ཆུ་གཉིས་སུ་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་བསྐྱེད་དོ། །དེ་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། ཨ་མྲྀ་ཏ། ཕྱག་རྒྱ་སེ་གོལ་དང་བཅས་པ་བརྗོད་པས། མེ་ཏོག་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བསྐྱེད་ཅིང་སྤྲུལ་ལོ། །མ་ད་ནར་ཨ་མྲྀ་ཏ་བཏབ་ལ་ཤ་ལྔ་བདུད་རྩི་ལྔ་༼ཐོགས་པའི་ལྷ་མོར་༽བསྐྱེད་དོ།
།དེ་ལྟར་ཡང་རིན་ཆེན་རྒྱ་མཚོའི་རྒྱུད་ལས། ཕྱག་རྒྱ་བཞིས་བཏབ་གསང་གཏོར་བྱ། །མཆོད་ཡོན་ཞལ་བསིལ་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ལྷ་བཤོས་སིལ་སྙན་ཨ་མྲྀ་ཏ། །བགེགས་བསྐྲད་བྱིན་རླབས་དཔག་མེད་སྤྲུལ། ཅེས་པ་དང་།
རབ་ཏུ་མི་གནས་པ་ལས། ཕྱག་རྒྱ་བཞི་ཡི་བཏབ་ནས་ཀྱང་། །མཆོད་ཡོན་ཞལ་བསིལ་ཞབས་བསིལ་དང་། །མེ་ཏོག་སྤོས་དང་མར་མེ་ཕྲེང་། །དྲི་དང་ལྷ་བཤེས་རོལ་མོ་དང་། །དེ་སོགས་མཆོད་པ་བཤམས་ནས་ཀྱང་། །བྱིན་རླབས་བསྐྱེད་པ་ཡང་བྱ་སྟེ། ཅེས་སོ།
དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་པ་སྟེ། ཆོ་ག་གསུམ་མམ། ས་བོན་ནམ། སྐད་གཅིག་གིས་བསྐྱེད་ནས། རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པར་བྱ་སྟེ།
སཾ་པུ་ཊ་ལས། གཡས་པ་ཉི་མར་ཡང་དག་བསམ། །གཡོན་པར་ཡང་ནི་ཟླ་བ་ཉིད། །དེ་ནས་ལག་གཉིས་རབ་ཏུ་བརྐྱང་། །རྣམ་ལྔ་འདོད་པའི་བསྐོར་བ་བྱ།
ཞེས་པས་རང་ཉིད་ཡི་དམ་གྱི་ལག་གཉིས་ཉི་ཟླར་བསམ་ལ། ཧཱུྃ་ལས་རྡོ་རྗེ་གཡས་སུ་གཟུང་ནས།
ཧཱུྃ་གི་གླུ་ཡི་རྣམ་པ་ཡི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་གསོར་བ་མཛེས་པ་ཡི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་འདམ་དུ་བྱིང་བ་ཡིས། །སེམས་ཅན་སངས་རྒྱས་དོན་དུ་བསྐྲོལ།
ཅེས་པས་གནས་གསུམ་དུ་སྐྲོལ་ལོ།
གཉིས་པ་ནི། རང་གི་ཐུགས་ཁའི་ས་བོན་དང་། དམ་ཚིག་པའི་ཐུགས་ཀའི་ས་བོན་གཉིས་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་སྤྱན་དྲངས་ཏེ།
ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ཅིང། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་བདེ་མཆོག་འཁོར་བཅས་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝ་ར་ས་མ་ཡེ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་བསྟིམ་ནས།
གསུམ་པ་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མཿམེ་ཧཱུྃ། ཨོཾ་ན་མཿན་མོ་ཧཱུྃ། ཞེས་པས་རྟེན་གྱི་ཞབས་ལ་ཐུག་པའི་ཕྱག་རྒྱ་བྱའོ།
།བཞི་པ་ནི། རྣམ་དག་དྲི་མེད་སྦྱར་བའི་ཆུ། །དང་པས་སྐྱོན་མེད་ཡིད་དུ་འོང་། །འགྲོ་བའི་ཉོན་མོངས་དག་བྱའི་ཕྱིར། །བཅོམ་ལྡན་མཆོད་ཡོན་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། དུང་ཆོས་ཀྱི་ཕྱག་རྒྱས་ལྷ་མོ་མཆོད་ཡོན་ཐོགས་པས་མཆོད་ནས། བཟེད་ཞལ་དུའོ།
།ཧཱུྃ་ཡིད་འོང་དཀྱིལ་འཁོར་བྱོན་པ་ལེགས། །བདག་ཅག་བསོད་ནམས་བསྐལ་བར་ལྡན། །ཞལ་བསིལ་དམ་པ་འདི་དག་ཀྱང་། །འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་ར་པྲ་ཏིཙྪ་ཡེ་ཧཱུྃ། གིས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས་ཕྱག་དང་ཞལ་བསིལ་ལོ།
།ཧཱུྃ། བཅོམ་ལྡན་ཆོས་ཉིད་ལ་བཞུགས་ཀྱང་། །འགྲོ་བའི་དུག་གསུམ་དག་བྱའི་ཕྱིར། །ཞབས་བསིལ་དམ་པ་འདི་འབུལ་གྱིས། །ངན་འགྲོའི་འཆིང་བ་ལས་གྲོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་རྟི་ཁཾ་རཾ་སྭཱཧཱ། །ཞེས་བུམ་ཆུས་ཞབས་བསིལ་ལོ།
།བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པད་མ་ཀ་མ་ལ་ས་མ་ཡེ་སྟྭཾ། །ཞེས་པས་རང་རང་གི་གདན་ལ་བཞུགས་པར་བསམ་མོ།
།ལྔ་པ་ལ་བཞི་སྟེ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་དོ།
།དང་པོ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི། །ལྷ་བཤོས་སིལ་སྙན་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་བརྩེ་དགོངས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའམ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་བཟེད་ཞལ་དུའོ། །དེ་བཞིན་དུ། བཛྲ་དྷུ་པེ། ཨ་ལོ་ཀེ །བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྡ་ཨཱཿཧཱུྃ་གིས་ལག་ལེན་ལྟར་བཟེད་ཞལ་དུའོ།
།གཟུགས་སྒྲ་དྲི་རོ་རེག་བྱ་དང་། །འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་བརྩེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། འདི་མན་ཆད་ལྱི་སྔགས་རྣམས་ལ་འདྲེའོ། །པཉྩ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཅེས་པའི། ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་མཆོད།
ཧཱུྃ། འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་དང་། །ཉེ་བའི་རིན་ཆེན་སྣ་བདུན་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །རཏྣ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པ་དང་། རིན་ཆེན་སྣ་བདུན་གྱི་སྔགས་དང་ཕྱག་རྒྱས་མཆོད་དོ། ༼།དེ་ནི་ཕྱིའི་མཆོད་པའོ།༽
།གཉིས་པ་ནི། ཧཱུྃ། མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་དང་མཁའ་འགྲོ་བཞིས། །ཤ་ལྔ་བདུད་རྩི་ཐོགས་ནས་ཀྱང་། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཆོད། །ག་ན་ཙཀྲ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་གིས་མ་ད་ནར་བདུད་རྩི་རིལ་བུ་བཏབ་ལ་བཟེད་ཞལ་དུའོ། །ནང་མཆོད་དོ།
།གསུམ་པ་ནི། ཧཱུྃ། བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡི། །ཟག་མེ་བདེ་བས་གཙོ་ལ་མཆོད། །མཧཱ་པུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པས་གཉིས་སུ་མེད་པའི་ཕྱག་རྒྱ་བྱའོ། །གསང་མཆོད་དོ།
།བཞི་པ་ནི། མཆོད་བྱའི་ཡུལ་དང་མཆོད་པ་མཆོད་བྱེད་རྣམས། རང་བཞིན་མེད་པར་ཤེས་པར་བྱའོ།
དྲུག་པ་ལ་གཉིས། བླ་མ་ལ་བསྟོད་པ་དང་། དཀྱིལ་འཁོར་ལ་བསྟོད་པའོ།
།དང་པོ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཅེས་པ་ནས། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ་ཡན་ཆོད་དོ།
།གཉིས་པ་ནི། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། ཅེས་པ་ནི། རྣལ་འབྱོར་ཆེན་མོ་འོད་པའི་དབང་ཕྱུག་མངལ་འདུད་ཅེས་པས་བསྟོད་དོ།
ཧཱུྃ། སྐུ་མདོག་ཨུཏྤལ་སྔོན་པོ་འདྲ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་བརྒྱན། །ཡུམ་དང་གཉིས་མེད་གར་དགུས་མཛེས། །བཅོམ་ལྡན་བདེ་བའི་མཆོག་ལ་བསྟོད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །འགག་མེད་ཐུགས་རྗེ་ཆེན་པོ་ཡིས། །གང་འདུལ་གཟུགས་སྐུ་སྒྱུ་མར་སྟོན། །ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་པོ་རྣམ་དག་ཅིང་། །ཡེ་ཤེས་བཞིའི་ངོ་བོ་ཉིད། །མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།ཧཱུྃ། ཆོས་ཉིད་རྣམ་དག་ནམ་མཁའི་མདོག །སྣང་སྟོང་བདེ་ཆེན་མཚན་དཔེས་བརྒྱན། །གར་གྱི་ཉམས་ལྡན་ལོངས་སྤྱོད་རྫོགས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་ན་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ལུས་རྗེས་དྲན་པའི་ངོ་བོ་ཉིད། །མཱ་མ་ཀི་སྟེ་ཆུ་ཡི་ཁམས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡུམ། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཚོར་བ་རྗེས་དྲན་ངོ་བོ་ཉིད། །སྒྲོལ་མ་ཞེས་བྱ་རླུང་གི་ཁམས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡུམ། །ལཱ་ལ་དེ་ལ་ཕྱག་འཚལ་ལོ། །ཆོས་རྗེས་དྲན་པའི་ངོ་བོ་ཉིད། །གོས་དཀར་མོ་ནི་མེའི་ཁམས། །པད་མ་རིགས་ཀྱི་མཁའ་འགྲོ་ཡུམ། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སེམས་རྗེས་དྲན་པའི་ངོ་བོ་ཉིད། །སྤྱན་ཏེ་བཀྲ་བའི་བདག་ཉིད་ཅན། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡུམ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།བདུན་པ་ཚོགས་ཀྱི་མཆོད་པ་ལ་བཞི་སྟེ། ཚོགས་བྱིན་གྱིས་བརླབ་ཅིང་དབུལ་བ། ཕུན་སུམ་ཚོགས་པ་བསྟན་པ་དེ། འདྲེན་པ་བསོད་ནམས་མཐར་ཐུག་གོ
།དང་པོ་ནི། ཚོགས་ཀྱི་རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབ་པར་བྱ་སྟེ།
རབ་ཏུ་མི་གནས་པ་ལས། ལོངས་སྤྱོད་ཚོགས་དང་སྐོམ་སོགས་རྣམས། །བདུད་རྩིར་བྱིན་གྱིས་བརླབ་པར་བྱ། །མོས་པའི་ལོངས་སྤྱོད་ཆེན་པོར་བྱ། ཞེས་གསུངས་པས།
ཚོགས་རྫས་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། དེ་ནས་བླ་མ་རྣམས་ལ། འདོད་ཡོན་ལྔའི་རང་བཞིན་གྱིས་མཆོད་པ་ཕུལ་བས། ཟག་མེད་ཀྱི་བདེ་བས་རྒྱས་པར་བསམ་ནས། ཤྲཱི་གུ་རུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་བདུན་དབུལ་ལོ། །དེ་བཞིན་དུ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི། ལཱ་མ་ཡེ། ཁཎྜ་རོ་ཧི། རཱུ་པི་ནི། གྷ་ན་ཙཀྲ་ལྷ་ལྔ་ལའོ། །བུདྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤྭ་ས་མ་ཡ་སརྦ་ཌཱ་ཀི་ནིས་མཁའ་འགྲོ་རྣམས་ལའོ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་ཙཀྲས་ཆོས་སྐྱོང་རྣམས་ལ་དབུལ། དེ་ནས་ཚོགས་ཕུད་གཏོར་མར་བཅུག་ལ། བྱིན་གྱིས་བརླབས་ནས། དང་པོ། ཤྲི་མ་ཧཱ་གུ་རུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བླ་མ་རྣམས་ལ། གཉིས་པ་ལྷ་ལྔ་ལ། གསུམ་པ་ཆོས་སྐྱོང་། བཞི་པ་གཞི་བདག །ལྔ་པ་གནོད་བྱེད་ལ་སྦྱིན་ནོ།
།གཉིས་པ་ཕུན་སུམ་ཚོགས་པ་ལ་ལྔ། ཚོགས་ཀྱི་དུས་དང་། གནས་དང་། རྫས་དང་། གྲོགས་དང་། གསང་བའི་སྐད་ཕུན་སུམ་ཚོགས་པའོ།
།དང་པོ་༼ཚོགས་འཁོར་འབྱུང་པའི་དུས་༽ནི། དབང་༼བསྐུར་བ་དང་༽རབ་གནས་ལ་སོགས་པའི་དུས་སུ་འབྱུང་བ། ཉིན་མཚན་གྱི་ཆ་ནུབ་མོ་འབྱུང་བས་ཏེ།
གསང་བ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རློབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། ཞེས་སོ།
།གཉིས་པ་༼གནས་༽ནི། རབ་སྐྱེ་བོས་༼དང་ཐེག་དམན་གྱི་༽དབེན་པའི་གནས་ཏེ།
ཌོ་མྦི་ཧེ་རུ་ཀས། ཚོགས་ཀྱི་འཁོར་ལོ་བཐུན་བཅས་གནས་སུ་བསྐོར། བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག་ཉིད། ༼།ཅེས་དང་།༽
དགྱེས་རྡོར་ལས། དུར་ཁྲོད་རིའི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའི་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་སོ།
།གསུམ་པ་རྫས་ནི། དམ་ཚིག་བཀོད་པ་དང་། །མཁའ་འགྲོ་གསང་རྒྱུད་ལས། །དངོས་གྲུབ་རྩ་བ་ཤ་ཆང་སྟེ། །དེ་མེད་པར་ནི་དངོས་གྲུབ་མེད། །ཚེ་འདིར་སངས་རྒྱས་འདོད་པ་ཡིས། །ཤ་དང་ཆང་དང་ལྡན་པར་བྱ། །ཞེས་སོ།
།བཞི་པ་ནི། ༼གྲོགས་༽དབང་ཐོབ་ཅིང་གསང་བའི་དམ་ཚིག་ལ་གནས་པ་དང་། ཐེ་ཚོམ་མེད་པར་བག་དང་ལྡན་པས་སྟེ།
༼དེ་ཡང་གསང་པ་ནི།༽ དམ་ཚིག་བཀོད་པ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང༌། །ཅེས་སོ།
༼།ཐེ་ཚོམ་མེད་པ་ནི།༽ གསང་བ་རྒྱ་མཚོའི་རྒྱུད་ལས། དགེ་སློང་བྲམ་ཟེ་སྡོམ་པ་ཡང་། །ཐེ་ཚོམ་མེད་པར་སྣོད་ཅིག་རོལ། ༼།ཅེས་དང་།༽
གཉིས་མེད་རྣམ་རྒྱལ་ལས། སྣོད་ཅིག་བཟའ་བའི་དམ་ཚིག་ནི། །དུ་མར་གྱུར་པ་མ་ཡིན་གྱི། །ཚོགས་ཀྱི་འཁོར་ལོ་གཅིག་ཏུ་གྲགས། །ཅེས་སོ།
།དེ་ཡང་བག་དང་ལྡན་པ་ནི། ཡེ་ཤེས་རྒྱ་མཚོ་ལས། རྣལ་འབྱོར་འཆང་གིས་མྱོས་གྱུར་ན། །དམྱལ་བའི་གནས་སུ་མཚོད་པར་འགྱུར། །ཞེས་སོ།
།ལྔ་པ་ནི་༼ལོངས་སྤྱོད་པ་ནི།༽ ཚོགས་རྫས་རྣམས་ལ། ༼ཐ་མལ་གྱིས་མི་རྗོད། ཀྱཻ་རྡོ་རྗེ་ལས།༽ ཤ་ལ་བྷ་ལ། ཟན་ལ་སོགས་པའི་བཟའ་བ་རྣམས་ལ་ཏྲི་བི་ཏ། ཆང་ལ་མ་ད་ན། ཐོད་པ་ལ་༼སོགས་པའི་སྣོད་ཐམས་ཅད་ལ་༽པད་མ་བྷ་ཛ་ནཾ། ཚོད་མ་ལ་༼སོགས་པའི་བཏུད་བ་ཐམས་ཅད་ལ་༽ཏི་ད་ནཾ། ༼གནས་སུ་༽འདུ་བ་ལ་ཛ། འགྲོ་བ་ལ་ཁེ་ཊ། འོང་པ་ལ་ལེ་ཏ་ནཾ། བྱིན་གཅིག་ལ་ནི་སུ་ནཾ། ལོངས་གཅིག་ལ་ཙ་རུ་ཀར་ནའོ། །འདྲེན་པ་དེ་ཉིད་གསང་པའི་སྐད་ཀྱིས་མ་སྨྲས་ན།
རྟག་གཉིས་ལས། དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཙོམ་མེད། །ཅེས་སོ།
།གསུམ་པ་༼ཡང་འདྲེན་མཁན་དེ་༽ཡང་འདུ་ཤེས་གསུམ་དང་ལྡན་པའི་ལག་པས། ཀ་པཱ་ལ་བཟུང་ནས།
ཀྱེ་གཟིགས་གཅིག་མཛེས་པ་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་ཅིག་པས་དགོངས་ཏེ་རོལ། ཅེས་པས་དྲང་ངོ་། །ལེན་པ་པོས་ཀྱང་པད་ཀོར་བྱས་ནས།
བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་དང་བྲལ་བས། །གཟུང་འཛིན་རྣམ་པར་གྲོལ་བ་ཡིན། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། ཨ་ཧོ་སུ་ཁ། ཞེས་པས་སླང་ངོ་།
དེ་ལྟར་ཡང་དགྱེས་རྡོར་ལས། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། ༼འ་་་་ན་མཁན་༽།པད་མའི་ལག་པས་ལག་པ་དང་། ༼འདྲེན་པ་པོ་༽།དེ་ཉིད་ཀྱིས་ནི་ལག་པས་དབུལ། །ཡང་ནས་ཡང་དུ་རབ་བཏུང་བ། །དེ་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་སོ།
།བཞི་པ་ནི། སོ་སོ་སྐྱེ་བོ་ཉན་ཐོས་དཔག་ཏུ་མེད་པ་ལ་སྦྱིན་པ་བཏང་པ་ལས། ཚོགས་ཆུང་གཅིག་གི་བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་ལ། བསོད་ནམས་མཐར་ཐུག་ཚོགས་འཁོར་ཡིན་ཏེ།
བདེ་མཆོག་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། སྐྱེ་བོ་ཉན་ཐོས་མཐའ་ཡས་ལ། །སྦྱིན་དང་བསོད་ནམས་སྤེལ་བ་ཡིས། །ཚོགས་ཆུང་གཅིག་གི་བསོད་ནམས་ཀྱང་། །འབུམ་གྱི་ཆར་ཡང་མི་ཕོད་དོ། ༼།ཅེས་པ་དང་།༽ བསོད་ནམས་མཐར་ཐུག་ཚོགས་འཁོར་རོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །ཡང་ཚོགས་འཁོར་གྱིས་དོན་ཐམས་ཅད་འགྲུབ་པ་དང་། དངོས་གྲུབ་ཐམས་ཅད་འགྲུབ་སྟེ།
དགྱེས་པ་རྡོ་རྗེ་ལས། ཚོགས་ཀྱི་དཀྱིལ་འཁོར་གཟའ་བ་ཀུན། །ཉོན་གཅིག་ལྷ་མོ་མིག་ཡངས་མ། །གང་དུ་ཟོས་པའི་འདོད་དོན་ཀུན། །སྒྲུབ་པ་པོའི་དངོས་གྲུབ་འགྱུར། །ཞེས་སོ།
།གསུམ་པ་རྗེས་ལ་ལྔ་སྟེ། གཤེགས་པར་བྱ་བ། ལྷག་གཏོར་བཏང་བ། བཟོད་པར་གསོལ་བ། འགྲོན་གཤེགས་པ། བསྔོ་ཞིང་བཀྲ་ཤིས་བརྗོད་པའོ།
།དང་པོ་ནི། ༼རྩ་ལུང་༽བཅུ་བཞི་པའི་བཤགས་པ་དང་ཡི་གེ་བརྒྱ་པ་བརྗོད།
གཉིས་པ་ནི། ༼གཏོར་མ་བཏང་༽ལྷག་མ་རྣམས་བསྡུས་ཏེ། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། ༼ལག་པ་གཉིས་ལྷག་གཏོར་གྱི་ཁར།༽ འབར་བའི་ཕྱག་རྒྱ་བཅིང་པར་བྱའོ། ༼འབྲུ་གསུམ་དང་ཨ་ཀ་རོས་བྱིན་གྱིས་རླབས།༽ །ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙིཏྟ་བ་ལིཾ་ཏ་བྷཀྵ་སི་སྭཱཧཱ། ཞེས་གསུམ་བརྗོད་ལ་འབུལ་ལོ། །སྙིང་རྗེ་ལ་སོགས་ཉམས་ལྡན་པས། །དེ་བཞིན་བཀྲ་ཤིས་གླུ་བླང་བྱ། །ཞེས་པས། འབྱུང་པོ་དང་བྲན་རྣམས་ལ་སྦྱིན་ནོ།
།དེ་ལྟར་ཡང་གདན་བཞིའི་བཤད་རྒྱུད་ལས། ཡེ་ཤེས་ཅན་གྱི་དཔལ་འདོད་པས། །ལྷག་པའི་གཏོར་མ་སྦྱིན་པར་བྱ། །ཞེས་སོ།
།གསུམ་པ་ནི༼བཟོད་པར་གསོལ་བ༽། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉམས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། གཙོ་བོ་ནུས་པ་མ་མཆིས་དང་། །ལྷག་པ་དང་ནི་མ་ཚང་དང་། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཅེས་སོ།
།བཞི་པ་ནི༼འགྲེན་གཤེགས་པ༽། ༼ལག་པ་གཡོན་པས་༽རྡོ་རྗེ་བསྡུ་བས་དཀྱིལ་འཁོར་གཤེགས་ལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་རྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་དོ།
ལྔ་པ་༼བསྔོ་ཞིང་བཀྲ་ཤིས་བརྗོད།༽ནི། ༼རབ་ཏུ་མི་གནས་པའི་རྒྱུད་ལས།༽ དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེར་པར་བསྔོ། །ཅེས་སོ།
།ལེགས་པའི་ཡོན་ཏན་རབ་རྫོགས་པའི། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཞེས་པས་བཀྲ་ཤིས་བརྗོད་དོ།
།བཅོམ་ལྡན་བདེ་མཆོག་ལྷ་ལྔའི་མཆོད་ཁྲིགས། བླ་མའི་ལག་ལེན་ལྟར་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། མངྒ་ལཾ།།
འདིའི་རྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁས་གྲུབ་ཁྱུང་པོ། མཉམ་མེད་རིན་རྩོན། ཆོས་ཀྱི་སེང་གེ །ཆོས་ཀྱི་ཤེས་རབ། བརྩོན་འགྲུས་སེང་གེ །ཚུལ་ཁྲིམས་འབུམ། རྒྱལ་མཚན་འབུམ། བྱམས་པ་དཔལ། བློ་གྲོས་དཔལ་བ། ཀུན་དགའ་དཔལ་བཟང་། ཕ་རྒོད་བསོད་ནམས་བཟང་པོ། མཁས་གྲུབ་ཡེ་ཤེས་རྒྱ་མཚོ། དེ་བདག་ལའོ།།