Difference between revisions of "Sde brgyad srog gi 'khor lo"

From Shangpa Resource Center
(Created page with "{{Text |Text ID=Sup22 }}")

(11 intermediate revisions by the same user not shown)
Line 1: Line 1:

{{Text

{{Text

|Text ID=Sup22

|Text ID=Sup22

|Tibetan Title=སྡེ་བརྒྱད་སྲོག་གི་འཁོར་ལོ།

|Wylie Title=sde brgyad srog gi 'khor lo

|Subject=Various

|SubTopics=Various by Khyungpo Neljor

|Author=Khyungpo Neljor

|BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (v3p.94)]

སྡེ་བརྒྱད་སྲོག་གི་འཁོར་ལོ། དགྲ་བོ་རང་བཤེད་རང་ལ་དབབ་པ་ཞེ་་་་་་་། ངག་མནན་པ། ཕྱིར་ཟློག ཁྱུང་པོའི་གདམས་པ་་་་་ན་ཚུལ་ཅན།

ན་མོ་གུ་རུ། སྡེ་བརྒྱད་སྲོག་གི་འཁོར་ལོ། དགྲ་རང་བཤེད་རང་ལ་གདབ་པའི་གདམ་ངག་འདི་ལ་གཉིས། ངག་མནན་པ་དང་། ཕྱིར་ཟློག་པའི་འཁོར་ལོས་རང་བཤེད་དུ་དབབ་པའོ།
།ངག་མནན་པ་ལ་གསུམ། རང་༼དགྱེས་རྡོར་གྱི་༽ལྷའི་རྣལ་འབྱོར་གང་ཡིན་དུ་སྐྱེད་ཅིང་། མདུན་དུ་ཆོས་སྐྱོང་སྐྱེད་པ་དང་། དམ་ཅན་དབང་དུ་བསྡུས་ཤིང་། ངག་གི་མཐུ་ཉམས་པར་བྱ་བ་དང་། སྡེ་བརྒྱད་གཅིག་ཏུ་དྲིལ་ཞིང་རང་བཤེད་དུ་དབབ་པའོ།
།དང་པོ་ནི་༼ཡི་དམ་ཆོས་སྐྱོང་གཞུང་བཞིན་༽མན་ངག་གིས་ཤེས་པར་བྱའོ།
།གཉིས་པ་ལ་དབང་དུ་བསྡུ་བ་དང་། མཐུ་ཉམས་པར་བྱ་བ་གཉིས་ལ་གཉིས། འཁོར་ལོ་སྒོམ་པ་དང་། སྔགས་བཟླས་ཤིང་སྔགས་ཀྱི་དོན་སྒོམ་པའོ།
།འཁོར་ལོ་སྒོམ་པ་ནི། རང་ལྷའི་འདུན་དུ་ཀཾ་ནག་པོ་ལས་ལྕགས་ཀྱི་འཁོར་ལོ་རྩིབ་བརྒྱད་པ་གཅིག་བསམ། དེའི་དབུས་སུ་བསྒྲུབ་བྱའི་ས་བོན་ནྲི་བསམ། ནྲི་ལས་བསྒྲུབ་བྱ་གང་ཡིན་དུ་སྐྱེད་ལ། དེ་ལ་དགུག་བཞུག་བྱ་བ་ནི། རང་༼ཡི་དམ་༽གི་ཐུགས་ཁའི་ས་བོན་ལས་འོད་ཟེར་ལྕགས་སྐྱུ་ལྟ་བུ་སྤྲོས་པས། བསྒྲུབ་བྱའི་སྙིང་ཁ་ནས་དྲངས། མདུན་གྱི་ཆོས་སྐྱོང་ལས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱ་དེ་རང་དབང་མེད་པར་བཀུག་སྟེ། མདུན་དུ་སྐྱེད་པའི་བསྒྲུབ་བྱ་ལ་ཛ་ཧཱུྃ་བཾ་གྱིས་དགུག་བཞུག་བཅིང་བར་བྱས་ལ། སྒྲུབ་བྱ་དེ་རིད་པ་འདར་པར་བྱས་སམ་སྟེ།
དེ་ནས་བཟླས་པ་བྱ་བ་ནི། རང་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས་མདུན་དུ་ཆོས་སྐྱོང་གི་སྔགས་ལ་ཐུམ་རིལ་བཏགས་ལ་༼དོན་སྒོ་ཞིང་༽བཟླས་པ་བྱ་བ་ནི་ངག་གི་མཐུ་ཉམས་པར་བྱེད་པའོ།
།གསུམ་ཐུམ་རིལ། དྲུག་ཐུམ་རིལ། ཀུན་ཐུམ་རིལ། རུ་ཐུམ་རིལ།
བན་དྷེ་ཤ་ཡ། བན་དྷེ་ཤ་ཡ། ཧ་ཧ་སྟཾ་སྟཾ། ཆཻ་མོ་མཱ་ར་ཡ་ཕཊ།
གསུམ་ནི་ལུས་ངག་ཡིད་གསུམ། ཐུམ་རིལ་ནི་དེ་གསུམ་ཁུག་ལ་ངག་གི་མཐུ་ཉམས་པར་གྱིས་གཅིག་པའོ།
།དྲུག་ནི་རྣམ་པར་ཤེས་པའི་ཚོགས་དྲུག །ཐུམ་རིལ་ནི་དེ་རྣམས་ཁུག་ལ་མཐུ་ཉམས་པར་གྱིས་གཅིག་པའོ།
།ཀུན་ནི་དེ་རྣམས་ཐམས་ཅད་དོ། །ཐུམ་རིལ་ནི་གནོད་བྱེད་ཐམས་ཅད་ཐུམས་གཅིག་པའོ།
།རུ་ནི་གཟུང་འཛིན་གཉིས་ཁུག་གཅིག་པའོ། །ཐུམ་རིལ་ནི་བཟུང་འཛིན་གྱི་དངོས་པོ་དེ་ཐམས་ཅད་ཟློག་པར་གྱིས་གཅིག་པའོ།
།བན་དྷེ་ནི་ཆཻ་མོའོ། །ཤ་ཡ་ཤ་ཡ་ནི་དེ་༼བསྒྲུབ་བྱ་གང་ཡིན་༽ལྷ་དང་ཕྲོལ་གཅིག་པའོ། །ཧ་ཧ་ནི་དེ་རླག་པར་གྱིས་གཅིག་པའོ། །སྟཾ་སྟཾ་ནི་ངག་ནོན་གཅིག་པའོ། །ཆཻ་མོ་གང་ལ་བྱ་བའི་མིང་ངོ་། །མཱ་ར་ཡ་ནི་སོད་གཅིག་པའོ། །ཕཊ་ནི་ཐམས་ཅད་གཏོར་གཅིག་པའོ། །དེ་ལྟར་སྔགས་ཀྱི་དོན་བསྒོམ་པའོ།
བདུད་ཁུཾ་སྟཾ། མ་མོ་ཁུཾ་སྟཾ། སྨུ་ཁུཾ་སྟཾ། བཙན་ཁུཾ་སྟཾ། རྒྱལ་པོ་ཁུཾ་སྟཾ། གཤིན་རྗེ་ཁུཾ་སྟཾ། ཡུལ་ལྷ་ཡུལ་སྨད་ཁུཾ་སྟཾ། གྲིཾ་དྲིལ། གྷྲིཾ་དྲིལ། ཆཻ་མོ་ལ་གྲིཾ་དྲིལ། གྷྲིཾ་དྲིལ། ཆཻ་མོ་རུ་ཡ་ཕཊ། སྨོད་བྱད་བྱེད་པ་ཐམས་ཅད་སྡེ་བརྒྱད་ལས་མ་འདས་པས་ན་སྡེ་བརྒྱད་དུ་དྲིལ་བའོ།
།རང་བཤེད་རང་ལ་དབབ་པའི་མན་ངག་ནི། གོང་གི་འཁོར་ལོ་དེ་གཡོན་དུ་འཁོར་བས་སྒྲུབ་བྱ་དེ་ཉལ་ཉལ་སྟུབ་པར་བསམ་ལ། སྒྲུབ་བྱ་རང་གི་ལྷ་བསྲུངས་རྣམས་ཀྱིས། ཁོང་རང་གི་ཤ་ཟ། ཁྲག་འཐུང་པར་བསམ་ཞིང་བཟླས་པ་དྲག་ཏུ་བྱེད་པ་ནི་རང་བཤེད་དུ་དབབ་པའོ། །དེ་ནས་བཟླས་པ་བྱེད་པའི་དུས་སུ། སྔགས་གོང་མ་ལ་ཇི་ཙམ་བཟླས་པ་བྱེད་པའི་སུམ་ཆ་འོག་མ་ལ་བཟླས་སོ། །དེ་ལྟར་ཐུན་རེ་ལ་མ་ཆག་པར་བྱས་ན། ངག་མི་ནོན་མི་སྲིད་དོ།
།གཉིས་པ་ཕྱིར་ཟློག་པ་ལ་ལྔ། འཁྲུལ་འཁོར་བཅའ་བ་དང་། འབྲུབ་ཁུང་དང་མཆོད་རྟེན་བཅའ་བ་དང་། སྒྲུབ་བྱ་སྐྱེད་ལ་དབུགས་འདྲེན་བྱ་བ་དང་། སྔགས་བཟླས་ཀྱིན་འཁོར་ལོ་སྐོར་བ་དང་། མནན་པ་བྱ་བའོ།
།འཁོར་ལོ་བཅའ་བ་ནི། དཔེའ་ཆུང་༼་་་༽བཞིན་ནོ།
།འབྲུབ་ཁུང་འཇིམ་པ་ནག་པོ་ལ་འབྲུབ་ཁུང་དང་། ཚ་ཚ་རྟེན་འབྲེལ་ཡོད་པའམ། མཆོད་རྟེན་དུ་རྟེན་འབྲེལ་གྱི་བཟུངས་བྲིས་ལ་བཞུག་གོ
།གསུམ་པ་དབུགས་འདྲེན་བྱ་བ་ནི། འཁོར་ལོ་གཉིས་པོ་མི་དམིགས་པ་ལས། ཀཾ་ནག་པོ་གཅིག་བསམ། དེ་གྱུར་པ་ལས་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་སྐྱེད་ལ། དེ་གཉིས་ཀྱི་བར་དུ་ནྲི་བསམ། ནྲི་ལས་གནོད་བྱེད་གང་ཡིན་དུ་སྐྱེད་ལ། སྒྲུབ་བྱ་དབུག་སྟེ། དེ་ལ་དམིགས་པ་ནི། རང་ལྷའི་ང་རྒྱལ་དང་ལྡན་པས། མདུན་དུ་ཆོས་སྐྱོང་སྐྱེད་ལ་སྤྱན་དྲང་པ་ལ་སོགས་པ་ཚུལ་བཞིན་དུ་བྱས་ཏེ། དེ་ནས་རང་གི་ས་བོན་ལས་འོད་ཟེར་ལྕགས་སྐྱུ་ལྟ་བུ་སྤྲོས་པས་ཀྱང་བཀུག་པར་བསམ། མདུན་གྱི་ཆོས་སྐྱོང་ལས་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་སྟེ། ཞགས་པ་ཅན་གྱིས་སྐེ་ནས་བཏགས། ཐོ་བ་ལ་སོགས་མཚོན་ཆ་ཐོགས་པ་རྣམས་ཀྱིས་རྒྱབ་ནས་ཕུལ། ལྕགས་སྐྱུ་ཐོགས་པ་རྣམས་ཀྱིས་སྙིང་ཁ་ནས་དྲངས་པར་བསམ་ཞིང་། བདག་གིས་ཛ་ཧཱུྃ་བཾ་ཞེས་པས་དགུག་བཞུག་བཅིང་པར་བྱའོ། །དེ་ནས་དེ་ཚོན་སྐུད་དམ་ཡུགས་པ་མོའི་རོའི་སྐྲས་སྐུད་པ་སྤྱིང་ཀ་ལོག་ལ་རྒྱ་གྲམ་དུ་དཀྲིའོ། །གྲུ་གསུམ་གྱི་ནང་དུ་བཞུག་གོ །དེ་ནས་མཆོད་རྟེན་གྱི་ཞབས་སུ་རྡོ་རྗེ་རྒྱ་གྲམ་བྲི། དེའི་ཞབས་སུ་སྟཾ་ས་ཡ་ནན་བྲི། རྭ་བཞི་ལ་ཧཱུྃ་ལཾ་བྲིས་ལ་དེ་ལ་རབ་གགས་བྱས་མ་གྲུ་གསུམ་གྱི་སྟེང་དུ་བཞག་གོ །དེ་ནས་བར་འདིར་ཡང་དགུག་བཞུག་གཅིག་བྱའོ།
།བཞི་པ་སྔགས་བཟླས་ཤིང་འཁོར་ལོ་སྐོར་བ་ནི། གྲུ་གསུམ་དེ་མི་དམིགས་པ་ལས་ཀཾ་ནག་པོ་གཅིག་བསམ། དེ་ཞུ་བ་ལས་ལྕགས་ཀྱི་ཁང་པ་མེ་འབར་བ་དང་གྲུ་གསུམ་པ་དོད་པ་རྒྱ་ཆེ་བ་སྤངས་མཐོ་བ་གཅིག་ཏུ་བསམས་ཆོས་སྐྱོང་གི་སྔགས་ལ་ཐུམ་རིལ་དང་སྡེ་བརྒྱད་གོང་བཞིན་བཏགས་ལ། འཁོར་ལོ་སྐོར་བ་ནི་ཕྱིར་ཟློག་རང་བཤེད་དུ་དབབ་པའོ། །འཁོར་ལོ་སྐོར་རྩ་ན་འཁོར་ལོའི་རྩིབས་རྣམས་ཀྱིས་བསྒྲུབ་བྱ་དེ་ཉལ་ཉལ་བསྟུབས་པར་བསམ་ཞིང་ཉུངས་དཀར་ལ་སོགས་པའི་ཐུན་གྱིས་བྱའོ། །ཆོས་སྐྱོང་རྣམས་ཀྱིས་ལ་ལས་བཀུག །ལ་ལས་ཁོའི་གསུས་པ་གཤོག་པར་བསམ། ལ་ལས་ཤ་ཟ་བ་དང་ཁྲག་འཐུང་བ་ལ་སོགས་པར་བསམ་མོ། །དེ་རྣམས་ཀྱི་གདམས་པ་བླ་མ་ལས་ཤེས་སོ། །ཐུན་འཕྲོ་གཅོད་ཙ་ན་ཨེ་ཡཾ་ཞེས་ངག་ཏུ་བརྗོད་པས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཅིག་ཏུ་གྱུར་པར་བསམ། དེ་ནས་རཾ་ཞེས་བརྗོད་པས་རླུང་གི་དལ་དེའི་སྟེང་དུ་མེའི་དལ་གཅིག་བསམ། དེ་ལ་ཛྭ་ལ་རཾ་ཞེས་བརྗོད་པས་མེ་དེ་ཆེར་འབར་ནས་བསྒྲུབ་བྱ་དེ་དལ་གྱིས་ཚིག་པར་བསམ། དེ་ནས་ཨེ་ཡཾ་ཞེས་བརྗོད་པས་ཐལ་བ་ཡང་རླུང་གིས་མ་ལུས་པར་ཁྱེར་བར་བསམ་མོ། །དེ་ནས་ཡང་སྟོང་པའི་ངང་དེ་ལས་བསྒྲུབ་བྱ་དེ་སྔར་ཁོ་ན་བཞིན་སྐྱེད་པའོ། །དེ་ལ་དགུག་བཞུག་དྲག་ཏུ་སྔགས་བཟླས་པ་དང་བསམ་རྒྱུད་གསོ་་་བ་ཐམས་ཅད་གོང་བཞིན་བྱའོ། །དེ་ནས་མཆོད་རྟེན་དེ་ཡི་དམ་ལྷར་སྐྱེད་ལ་བཞག་གོ །དེ་ལྟར་ཐུན་བཞིར་ངག་གཅད་ནས་སྒྲུབ་པ་བྱས་པ་དང་། ཟློག་པའི་རྟགས་བྱུང་པ་དང་།
།ལྔ་པ་མནན་པ་བྱ་བ་ནི། དེ་ནས་རྫས་དེ་རྣམས་ཡུགས་པ་མོའི་ཞབས་མའམ། རེ་བ་ནག་པོས་བསྟུམས་ལ་སྐུད་པ་སྤྱིང་ཁ་ལོག་གིས་རྒྱ་གྲམ་བཅིངས་ལ། མཆོད་རྟེན་ནམ་རྒྱལ་སྒོའམ་ལམ་རྒྱ་གྲམ་ལ་སོགས་པར་གྲུ་གསུམ་བྲུས་ལ་དེར་རྫས་དེ་བཅུག་ལ་རོ་སོལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་དོ། །དེའི་སྟེང་དུ་ཚོན་སྣ་ལྔའི་རི་རབ་ཀྱི་གཟུགས་བྱའོ། །དེ་ནས་དེ་ལ་དགུག་བཞུག་བྱས་ལ་འཁོར་ལོའི་བར་དུ་བཞུག་གོ །དེ་ནས་བཟླས་པ་བྱ་བ་དང་འཁོར་ལོ་སྐོར་བའི་དམིགས་པ་ལ་སོགས་པ་གོང་བཞིན་དུ་བྱའོ། །དེ་ལྟར་འཚམས་བཅད་ལ་ཐུན་རོགས་པ་ཡོད་ན་ཐུན་དུ་བྱ། མེད་ན་རང་ངག་བཅད་ལ་ཐུན་བཞིར་བཟླས་པ་སྲིལ་ལི་ལི་བྱས་པས་མི་ཟློག་མི་སྲིད་དོ། །ཕུར་ཐོགས་རྒྱས་ཕུབ་ཀྱང་ཉམ་ང་བ་མེད་དོ།
།བླ་མ་[[Khyungpo Neljor|ཁྱུང་པོ་རྣལ་འབྱོར་]]པའི་གདམས་པ་ཀུན་གྱི་ཐུན་མོང་མ་ཡིན་པའོ། །ཨྀཐི།
འདི་སྣོད་མེད་དང་། དམ་ཚིག་མི་བསྲུང་བ་དང་། གཞན་ལ་རྐུ་འཕྲོག་བྱེད་པ་ལ་བསྟན་ན་དམ་ཚིག་ཉམས་སོ། །ཨྀཐི། རྒྱ་རྒྱ་རྒྱ་རྒྱ་རྒྱ་རྒྱ་རྒྱ།

Latest revision as of 07:03, 11 February 2024

Resource ID Sup22
Title sde brgyad srog gi 'khor lo
Topics Various
Sub-Topics Various by Khyungpo Neljor
Author Khyungpo Neljor
Link BDRC W3CN18508 (v3p.94)

།བླ་མ་ཁྱུང་པོ་རྣལ་འབྱོར་པའི་གདམས་པ་ཀུན་གྱི་ཐུན་མོང་མ་ཡིན་པའོ། །ཨྀཐི།