Difference between revisions of "'byams gcod rnam gsum bsdus pa"

From Shangpa Resource Center

(2 intermediate revisions by the same user not shown)
Line 9: Line 9:

|BDRC link=[http://purl.bdrc.io/resource/MW2PD20238_F04BD2 BUDA MW2PD20238]

|BDRC link=[http://purl.bdrc.io/resource/MW2PD20238_F04BD2 BUDA MW2PD20238]

༄༅། །བླ་མའི་དགོས་བཀའ་བྱེད་ལུགས་༼བླ་མའི་དཀྱིལ་འཁོར་གྱིས་ཆོ་ག་༽བཞུགས་སོ།།

རྒྱ་གར་སྐད་དུ། གུ་རུ་མཎྜ་ལ་ནཱ་མ།
བོད་སྐད་དུ། བླ་མའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
དུས་གསུམ་༼སངས་རྒྱས་༽བླ་མ་རྣམས་ལ་ཕྱག་འཚལ་ལོ།
།གང་གིས་བླ་མའི་དཀྱིལ་འཁོར་ལས། དབང་བཞི་ལེན་པར་འདོད་པས། དབེན་པའི་གནས་སུ་མཎྜལ་༼༈ལྟེ་བསེར་ ཤར་སྔོ་ ལྷོ་སེར་ ནུབ་དམར་ བྱང་ལྗང་འཁྱམས་ཕྱོགས་མཚོན་ནོ།༽བདུད་རྩི་ལྔ་དང་ཆང་གི་བྱུགས་ནས་པདྨ་འདབ་བཞིའི་ལྟེ་བ་དང་བཅས་པ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་པ་༼ལྔ་༽དང་གཏོར་༼མ་ལྔ་༽ཚོགས་འབྱོར་ཚད་༼བཟང་པོ་༽བཤམས། དེ་ནས་པད་མའི་ལྟེ་བ་༼སེང་གེ་རིན་པོ་ཆེ་པད་མ་དང་ཉི་ཟླ།༽འདབ་བཞིའི་སྟེང་དུ་རྩ་བའི་བླ་མ། མདུན་དུ་ཡི་དམ། གཡས་སུ་འདས་པའི་བླ་མ། གཡོན་དུ་མ་འོངས་པའི་བླ་མ་རྒྱབ་ཏུ་ད་ལྟར་གྱིས་བླ་མ་རྣམས། དེ་རྣམས་ཀྱང་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་རང་བཞིན་དུ་བསམ། དེ་ནས་གསེར་གྱིས་མཎྜལ་དང་། ཕྱི་ནང་གསང་གསུམ་གྱིས་མཆོད་ལ། གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་གྱིས་རང་བཞིན་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་རང་བཞིན་གསུང་། །བླ་མའི་གསུང་ལ༴ །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །བླ་མའི་ཐུགས་ལ༴ །ཅེས་ལན་གསུམ་གསོལ་བ་བཏབ་པས། མདུན་གྱི་ལྷ་ཚོགས་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དང་དཔའ་བོ་དང་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ནས། རང་གི་སྤྱི་བོར་བྱོན་ནས། འོད་དང་བདེ་བའི་རང་བཞིན་དུ་བཞུགས་པ་ལས། ཡང་གསེར་གྱིས་མཎྜལ་དང་ཐོད་པར་ལུས་བདུད་རྩིར་སྦྱངས་ནས་ཕུལ་ལ། བླ་མ་དུས་གསུམ་གྱིས་སངས་རྒྱས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་བོ།
།སྤྱི་བོའི་བླ་མ་དང་ཡི་དམ་ལས། འོད་འཕྲོས་ནས་ནམ་མཁའི་ལྷ་ཚོགས་ལ་ཕོགས་པས། དེ་དག་གི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ། བླ་མའི་སྤྱི་བོར་ཐིམ་པས་ཟག་པ་མེད་པའི་བདེ་བ་སྐྱེས་པས། ཟླ་བའི་གདན་ལས་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་སྟེ། བདག་གི་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་པར་བསམ། བླ་མའི་ལྗགས་སྟེང་ནས་བདུད་རྩིའི་ཆུ་རྒྱུན་དམར་པོ་བྱུང་། རང་གི་ལྕེ་ཐོག་ཏུ་ཕོག་པས། ངག་གི་སྡིག་སྒྲིབ་དག་ནས་གསང་དབང་ཐོབ་པར་བསམ། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་སྔོན་པོ་བྱུང་སྟེ་རང་གི་སྙིང་ཁར་ཐིམ་པས། ཡིད་ཀྱིས་སྡིག་སྒྲིབ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། དུས་གསུམ་གྱིས་བླ་མ་དང་ཡི་དམ། རྩ་བའི་བླ་མ་ལ་ཐིམ། བླ་མ་ཡང་འོད་ཀྱི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པས། དམིགས་མེད་ཕྱག་རྒྱ་ཆེན་པོ་ལ་བཞག་གོ །དེ་ཡང་ལུས་ངག་ཡིད་གསུམ་དུ་འཛིན་པ་དག་ནས། དབང་བཞི་པ་ཐོབ་པར་བསམ་མོ།
།དེ་ལྟར་དབང་བཞི་ཐོབ་ནས། དེ་ཉིད་དང་ལྡན་པས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནི། བླ་མ་མཆོག་ཏུ་བསྒྲུབ་པ་སྟེ། ལོ་ཟླས་སངས་རྒྱས་པར་འགྱུར་རོ། །བླ་མ་མཆོག་གི་དཀྱིལ་འཁོར་ལ། །དབང་བཞི་རྫོགས་པར་ཞུས་ནས་ཀྱང་། །མ་ཡེངས་གསོལ་བ་བཏབ་གྱུར་ན། །ས་ལམ་མ་ལུས་ལོ་ཟླས་བགྲོད། །སྐྱེ་མེད་རང་སྒྲ་དེ་སྐད་ཐོས། །སྣང་བ་བླ་མའི་ལམ་འཁྱེར་གྱིས། །རང་ཤར་རྣམ་གསུམ་འབྱུང་བར་ཤོག
།གནས་གསུམ་དུ་བླ་མ་བསྟིམ་ལ་ཚོགས་ལ་རོལ། གསོལ་བ་གདབ། བསྔོ་བ་བྱ། བླ་མའི་དབང་བཞི། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ]]ས་མཛད་པའོ། ཌཱ་ཀི་མ་དེ་ཉིད་དང་། [[Lendarma Lodrö|ལོཙྪ་བ་གླན་དར་མ་བློ་གྲོས་]]ཀྱི་བསྒྱུར་བའོ། བདག་[[Khyungpo Neljor|ཁྱུང་པོ་རྣལ་འབྱོར་]]པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཉམས་སུ་མྱོང་བར་བྱས་སོ། ཨྀཐི། མངྒ་ལཾ། བྷཝནྟུ།། །།
W22103 p.267 ༼འདིའི་རྒྱུད་པ་ནི། ཡེ་ཤེས་རྡོ་རྗེ་འཆང་གི །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་གསུང་། དེ་ལ་ཤངས་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། དེ་ལ་བླ་མ་རྨོག་ཅོག་པས་གསེར་སྲང་བདུན་དང་། རྟ་གསུམ་ཕུལ་ནས་ཞུས། དེ་ལ་བླ་མ་སྐྱེར་སྒང་པས་འབྲི་གཡག་བཅུ་དགུ་དང་། གསེར་སྲང་ལྔ་ཕུལ་ནས་ཞུས། དེ་ལ་བླ་མ་རི་གོང་པས་རྟ་གསུམ་ཕུལ་གཅིག་དང་གསེར་སྲང་བཅུ་གཅིག་ཕུལ་ནས་ཞུས། བླ་མ་ཆེན་པོ་ལ་སངས་རྒྱས་སྟོན་པས་མཛོ་གཞོན་མ་དང་། གསེར་ཞོ་གསུམ་ཕུལ་ནས་ཞུས། དེ་ལ་མཁས་གྲུབ་ཆོས་རྗེས་ཞུས། དེ་ལ་ཆོས་རྗེ་རིན་པོ་ཆེ་པས་ཞུས། ཁོང་པའི་དྲུང་དུ་བདག་གིས་ཞུས་སོ།༽

༄༅། །འབྱམས་གཅོད་ཀྱི་རྣམ་གསུམ་བསྡུས་པ་བཞུགས་སོ།།

བླ་མ་སངས་རྒྱས་ཞབས་བཏུད་ནས། འབྱམས་གཅོད་རྣམ་གསུམ་བྲི་བར་བྱ།
དང་པོ་སད་འབྱམས། དམིགས་པ་རྟེན་མེད་ཀྱི་སད་འབྱམས། གཉིད་དུ་སོང་ཡང་མ་སོང་སྙམ་པ་རྗེས་ཀྱི་སད་འབྱམས་སོ།
།དང་པོ་ལ་གསུམ་ཏེ། དམིགས་པས་སད་འབྱམས་བཅད་པ། འདུན་པས་སད་འབྱམས་བཅད་པ། བསོད་ནམས་ཀྱི་ཚོགས་བསོག་གིས་སད་འབྱམས་བཅད་པའོ།
།དང་པོ་ནི་རང་བདེ་མཆོད་དུ་བསྒོམས་པའི་སྙིང་ཁར་ཧཱུྃ་གཅིག་བསམ། ཧཱུྃ་དེ་ལས་འོད་ལྔ་ནམ་མཁའ་ལ་འཕྲོས་པས། བདེ་མཆོག་རིགས་བསྡུས་སུ་གྱུར། ༼གཙོ་བོ་དང་བླ་མ་ཐ་མི་དད་དུ་གྱུར་པར་བསམ།༽ དེ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ལ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། ཡང་འབྱམས་མི་འབྱུང་པར་མཛད་དུ་གསོལ་བྱས་ལ་གསོལ་བ་དྲག་པོ་གདབ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་དྲག་པོ་བཏང་། གཉིད་དུ་འགྲོ་ཁར་ཕྱོགས་བཞིའི་བདེ་མཆོག་དབུས་ཀྱི་ལ་བསྡུ། དབུས་ཀྱི་དེ་འོད་དུ་གྱུར་ཏེ། རང་གི་སྙིང་ཁར་བསྡུས་ལ་རྨི་ལམ་བཟུང་ངོ་།
།གཉིས་པ་ནི་རྨི་ལམ་ཟིན་འཕྲོ་ལ་གཉིད་ཕྲས་སད་པ་འབྱུང་པས། དེའི་དུས་སུ་མིག་མི་འབྱེད་པ་དང་། གཉིད་མ་སད་པ་བྱ་དགོས་སྙམ་པ་དང་། ༼རྨི་ལམ་སྒྱུ་མའི་༽དྲན་འདུན་གྱིས་མཚམས་སྦྱར་བར་བྱའོ།
།གསུམ་པ་ནི། རབ་ཀྱིས་དབང་བཞི་དང་། ཀུ་སུ་ལུའི་ཚོགས་བསོག་སྦྲེལ་༼རྨི་ལམ་ཟིན་པ་དང་སད་འབྱམས་མི་འབྱུང་པར།༽ལ་གསོལ་བ་གདབ། འབྲིང་གིས་ཚོགས་འཁོར་བཏང་༼ལ་སྔར་ལྟར་གསོལ་བ་གདབ༽། ཐ་མས་བདག་དུ་བཟུང་བ་དང་མ་བཟུང་བའི་༼མཆོད་པའི་༽བྱེ་བྲག་ཐམས་ཅད་ཕུལ་ལ་སྔར་ལྟར་གསོལ་བ་གདབ་པར་བྱའོ།

།དེས་འབྱམས་པ་རྣམ་གསུམ་དང་། ཁྱད་པར་དུ་སད་འབྱམས་ཆོད་པར་འགྱུར་རོ།
།གཉིས་པ་ལ་གཉིས། སྒྱུ་མ་རང་ཤར་གྱི་སད་འབྱམས་དང་། དམིགས་པ་རྟེན་མེད་ཀྱི་སད་འབྱམས་སོ།
།དང་པོ་ནི་འཛིན་མེད་རང་ཤར་དུ་འཆར་ཏེ། འབྲས་བུ་ལ་བསྙེགས་པ་ཡིན་གསུང་།
གཉིས་པ་ནི་རྨི་ལམ་ཟིན་པའམ། སྦྱོན་སྤེལ་བྱེད་འཕྲོ་ལ་སད་འབྱམས་འབྱུང་པས། རང་ཡི་དམ་དུ་བསྐྱེད་པའི་ཐུགས་ཁ་ནས། རྗེ་བཙུན་མ་སྐུ་མདོག་དམར་མོ་གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་ཐོད་ཁྲག་ཐུགས་ཁར་བཟུང་པ་གཅིག་གར་གྱི་འགྱིང་སྟབས་སུ་ལོག་ལོག་རང་གི་ལྟེ་བ་དང་གསང་གནས་ན་མར་ལ་འགྲོ་བར་བསམ་ཞིང་། ༼རྨི་ལམ་སྒྱུ་མའི་༽དྲན་འདུན་དྲག་པོ་བཏང་། རྗེས་ལ་འོད་དུ་ཡལ་བར་བསམ།
གསུམ་པ་ནི་གངས་ཀྱི་འདབ་བམ་མཐོ་པར་བསྡང་པ་དང་། དགེ་སྦྱོར་ལ་གནད་དུ་བཏང་བའི་སྟོབས་ཀྱིས་ཐོ་རངས་ཀྱི་ཆ་ལ་གཉིད་འོད་གསལ་དུ་འཆར་བས་རང་གི་སོར་མོའི་དགྱེ་དགུ་དང་། མིག་གི་གཟི་མ་འགུལ་བ་ཤེས་པ་འབྱུང་། དེའི་དུས་སུ་གཉིད་དུ་མ་སོང་པར་འདུག་སྙམ་པ་འབྱུང་བས། དེ་ལ་མིག་མི་འབྱེད་པར་གཉིད་དུ་སོང་ཡང་སྦྱོང་སྤེལ། མ་སོང་ཡང་སྦྱོང་སྤེལ་བྱ་སྙམ་པ་བྱས་ནས། ལྷ་སྐུ་ལ་སྦྱོང་སྤེལ་བྱས་པས་ཇི་ལྟར་འདོད་པ་བཞིན་འབྱུང་སྟེ། ཕྲ་རགས་ལ་སོགས་པའི་སྤྲུལ་བསྒྱུར་སྣ་ཚོགས་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་དེ་ཉིད་དུ་རྫོགས་ནས། རྒྱལ་བ་ལོངས་སྐུར་སངས་རྒྱ་བ་ཡིན་གསུང་།
[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞལ་ནས་གནད་འདི་ལྟ་བུ་ཡོད་ན་གྲུབ་ཐོབ་ལ་ཚེགས་མེད། ཆིག་རྒྱུད་ཡིན་པས་དམ་དུ་བྱ། སྣོད་ལྡན་ལ་གཏེར་དུས་ཚོགས་འཁོར་དང་། གསེར་གྱི་མཎྜལ་འབུལ་དགོས་པ་ཡིན། [[Sangyé Tönpa|སངས་རྒྱས་སྟོན་པ]]འི་གསུང་བཞིན་[[Nenyingpa Aï Sengé|ཨའི་སེང་གེ]]ས་བཀོད། དགེའོ།

Latest revision as of 17:20, 31 March 2024

Resource ID A1
Title 'byams bcod rnam gsum bsdus pa
Topics Dream Yoga
Sub-Topics 'byams gcod
Author Nenyingpa Aï Sengé
Associated Person Sangyé Tönpa
Link BUDA MW2PD20238

༄༅། །འབྱམས་གཅོད་ཀྱི་རྣམ་གསུམ་བསྡུས་པ་བཞུགས་སོ།།

བླ་མ་སངས་རྒྱས་ཞབས་བཏུད་ནས། འབྱམས་གཅོད་རྣམ་གསུམ་བྲི་བར་བྱ།
དང་པོ་སད་འབྱམས། དམིགས་པ་རྟེན་མེད་ཀྱི་སད་འབྱམས། གཉིད་དུ་སོང་ཡང་མ་སོང་སྙམ་པ་རྗེས་ཀྱི་སད་འབྱམས་སོ།
།དང་པོ་ལ་གསུམ་ཏེ། དམིགས་པས་སད་འབྱམས་བཅད་པ། འདུན་པས་སད་འབྱམས་བཅད་པ། བསོད་ནམས་ཀྱི་ཚོགས་བསོག་གིས་སད་འབྱམས་བཅད་པའོ།
།དང་པོ་ནི་རང་བདེ་མཆོད་དུ་བསྒོམས་པའི་སྙིང་ཁར་ཧཱུྃ་གཅིག་བསམ། ཧཱུྃ་དེ་ལས་འོད་ལྔ་ནམ་མཁའ་ལ་འཕྲོས་པས། བདེ་མཆོག་རིགས་བསྡུས་སུ་གྱུར། ༼གཙོ་བོ་དང་བླ་མ་ཐ་མི་དད་དུ་གྱུར་པར་བསམ།༽ དེ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ལ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། ཡང་འབྱམས་མི་འབྱུང་པར་མཛད་དུ་གསོལ་བྱས་ལ་གསོལ་བ་དྲག་པོ་གདབ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་དྲག་པོ་བཏང་། གཉིད་དུ་འགྲོ་ཁར་ཕྱོགས་བཞིའི་བདེ་མཆོག་དབུས་ཀྱི་ལ་བསྡུ། དབུས་ཀྱི་དེ་འོད་དུ་གྱུར་ཏེ། རང་གི་སྙིང་ཁར་བསྡུས་ལ་རྨི་ལམ་བཟུང་ངོ་།
།གཉིས་པ་ནི་རྨི་ལམ་ཟིན་འཕྲོ་ལ་གཉིད་ཕྲས་སད་པ་འབྱུང་པས། དེའི་དུས་སུ་མིག་མི་འབྱེད་པ་དང་། གཉིད་མ་སད་པ་བྱ་དགོས་སྙམ་པ་དང་། ༼རྨི་ལམ་སྒྱུ་མའི་༽དྲན་འདུན་གྱིས་མཚམས་སྦྱར་བར་བྱའོ།
།གསུམ་པ་ནི། རབ་ཀྱིས་དབང་བཞི་དང་། ཀུ་སུ་ལུའི་ཚོགས་བསོག་སྦྲེལ་༼རྨི་ལམ་ཟིན་པ་དང་སད་འབྱམས་མི་འབྱུང་པར།༽ལ་གསོལ་བ་གདབ། འབྲིང་གིས་ཚོགས་འཁོར་བཏང་༼ལ་སྔར་ལྟར་གསོལ་བ་གདབ༽། ཐ་མས་བདག་དུ་བཟུང་བ་དང་མ་བཟུང་བའི་༼མཆོད་པའི་༽བྱེ་བྲག་ཐམས་ཅད་ཕུལ་ལ་སྔར་ལྟར་གསོལ་བ་གདབ་པར་བྱའོ།

།དེས་འབྱམས་པ་རྣམ་གསུམ་དང་། ཁྱད་པར་དུ་སད་འབྱམས་ཆོད་པར་འགྱུར་རོ།
།གཉིས་པ་ལ་གཉིས། སྒྱུ་མ་རང་ཤར་གྱི་སད་འབྱམས་དང་། དམིགས་པ་རྟེན་མེད་ཀྱི་སད་འབྱམས་སོ།
།དང་པོ་ནི་འཛིན་མེད་རང་ཤར་དུ་འཆར་ཏེ། འབྲས་བུ་ལ་བསྙེགས་པ་ཡིན་གསུང་།
གཉིས་པ་ནི་རྨི་ལམ་ཟིན་པའམ། སྦྱོན་སྤེལ་བྱེད་འཕྲོ་ལ་སད་འབྱམས་འབྱུང་པས། རང་ཡི་དམ་དུ་བསྐྱེད་པའི་ཐུགས་ཁ་ནས། རྗེ་བཙུན་མ་སྐུ་མདོག་དམར་མོ་གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་ཐོད་ཁྲག་ཐུགས་ཁར་བཟུང་པ་གཅིག་གར་གྱི་འགྱིང་སྟབས་སུ་ལོག་ལོག་རང་གི་ལྟེ་བ་དང་གསང་གནས་ན་མར་ལ་འགྲོ་བར་བསམ་ཞིང་། ༼རྨི་ལམ་སྒྱུ་མའི་༽དྲན་འདུན་དྲག་པོ་བཏང་། རྗེས་ལ་འོད་དུ་ཡལ་བར་བསམ།
གསུམ་པ་ནི་གངས་ཀྱི་འདབ་བམ་མཐོ་པར་བསྡང་པ་དང་། དགེ་སྦྱོར་ལ་གནད་དུ་བཏང་བའི་སྟོབས་ཀྱིས་ཐོ་རངས་ཀྱི་ཆ་ལ་གཉིད་འོད་གསལ་དུ་འཆར་བས་རང་གི་སོར་མོའི་དགྱེ་དགུ་དང་། མིག་གི་གཟི་མ་འགུལ་བ་ཤེས་པ་འབྱུང་། དེའི་དུས་སུ་གཉིད་དུ་མ་སོང་པར་འདུག་སྙམ་པ་འབྱུང་བས། དེ་ལ་མིག་མི་འབྱེད་པར་གཉིད་དུ་སོང་ཡང་སྦྱོང་སྤེལ། མ་སོང་ཡང་སྦྱོང་སྤེལ་བྱ་སྙམ་པ་བྱས་ནས། ལྷ་སྐུ་ལ་སྦྱོང་སྤེལ་བྱས་པས་ཇི་ལྟར་འདོད་པ་བཞིན་འབྱུང་སྟེ། ཕྲ་རགས་ལ་སོགས་པའི་སྤྲུལ་བསྒྱུར་སྣ་ཚོགས་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་དེ་ཉིད་དུ་རྫོགས་ནས། རྒྱལ་བ་ལོངས་སྐུར་སངས་རྒྱ་བ་ཡིན་གསུང་།
སངས་རྒྱས་སྟོན་པའི་ཞལ་ནས་གནད་འདི་ལྟ་བུ་ཡོད་ན་གྲུབ་ཐོབ་ལ་ཚེགས་མེད། ཆིག་རྒྱུད་ཡིན་པས་དམ་དུ་བྱ། སྣོད་ལྡན་ལ་གཏེར་དུས་ཚོགས་འཁོར་དང་། གསེར་གྱི་མཎྜལ་འབུལ་དགོས་པ་ཡིན། སངས་རྒྱས་སྟོན་པའི་གསུང་བཞིན་ཨའི་སེང་གེས་བཀོད། དགེའོ།