Difference between revisions of "Bka' gdams chos 'byung gsal ba'i sgron me"

From Shangpa Resource Center
(Created page with "{{Text |Text ID=Hist4 |BDRC link=[http://purl.bdrc.io/resource/MW26009 W26009] }}")
 
 
(13 intermediate revisions by the same user not shown)
Line 1: Line 1:
 
{{Text
 
{{Text
 
|Text ID=Hist4
 
|Text ID=Hist4
 +
|Tibetan Title=བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།
 +
|Wylie Title=bka' gdams chos 'byung gsal ba'i sgron me
 +
|Subject=Biography
 +
|Author=rtses thang las chen kun dga' rgyal mtshan (P4271)
 
|BDRC link=[http://purl.bdrc.io/resource/MW26009 W26009]
 
|BDRC link=[http://purl.bdrc.io/resource/MW26009 W26009]
 
}}
 
}}
 +
p.669, Kadampa tradition of the Six Syllables of Chenrezi, dating back to [[Rahula]] (and transmited by [[Öntön Kyergangpa]].)<br /><span class="main_text">ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་ལོ་རྒྱུས་ནི། [[Rahula|བླ་མ་རཱ་ཧུ་ལ་གུཔྟ་བཛྲ་]]གྱིས་རི་ནག་པོའི་ཁོང་གསེང་དུ་སྒྲུབ་པ་མཛད་པས་དགྱེས་པ་རྡོ་རྗེ་ལ་སོགས་པ་ཡི་དམ་མང་པོའི་ཞལ་མཐོང་། ཁྱད་པར་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་ཞལ་གཟིགས་སོ། །དེས་ཇོ་བོ་ཆེན་པོ་ལ་གནང་། ཇོ་བོས་དགུང་ལོ་བཅུ་དགུ་ལ། སྒྲོལ་མ། མི་གཡོ་བ། དམ་ཚིག་གསུམ་བཀོད། དགྱེས་རྡོར། བདེ་མཆོག་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས། ཆོས་བདག་མེད་པར་རྟོགས་ཀྱང་སྙིང་རྗེ་ཆེན་པོའི་ལྷ་ཞིག་དགོས་པར་འདུག་དགོངས་ནས། སོ་མ་བུ་རིའི་ནགས་ལ་ཟླ་བ་གསུམ་དུ་སྒྲུབ་པ་མཛད་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་དངོས་སུ་བསྟན་ནས། རིགས་ཀྱི་བུ་ཁྱོད་མྱུར་དུ་འཚང་རྒྱ་བར་འདོད་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱོས་ཤིག་གསུང་ངོ་། <br />།ཇོ་བོས་དགེ་བཤེས་གུང་ཐང་པ་ནག་ཚོ་ལ་གསུངས། ནག་ཚོས་ཇོ་བོ་ཆེན་པོ་ལོ་བཅུ་དགུ་བསྟེན་ནས་རྒྱུད་དང་སྒྲུབ་ཐབས་མང་པོ་གསན་ཅིང་། ཁྱད་པར་དུ་ཇོ་བོའི་ཞལ་ནས། ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ནས་བསྒྲུབས་པས་ཞལ་མཐོང་ནས་ལུང་བསྟན་མང་པོའང་མཛད་དོ། །དགེ་བཤེས་གུང་ཐང་པས་རོང་པ་ཕྱག་སོར་བ་ལ་གསུངས། ཕྱག་སོར་བས་གུང་ཐང་པ་ལོ་གསུམ་བསྟེན་ནས་རྒྱུད་གདམས་ངག་དང་བཅས་པ་བརྒྱད་ཅུ་རྩ་གཉིས་གསན་ཏེ། ཕྱིས་འབྱོན་ཁར་རོང་གི་ཕྱག་སོར་དུ་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ནས་ལུང་བསྟན་མཛད། དེ་ནས་ཁོང་གིས་མར་བྱོན་ནས་ལག་སོར་དགོན་པ་བཏབ་སྟེ་སྒྲུབ་པ་མཛད་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་ནས་ལུང་བསྟན་ཏེ་ཁྱོད་ཀྱིས་ཚེ་འདི་ཉིད་དུ་གྲུབ་པ་ཐོབ་ནས་སློབ་མ་ཡང་སུམ་ཅུ་ཙམ་གྱིས་ཞལ་མཐོང་བར་འགྱུར་རོ་གསུངས།<br />ལག་སོར་བས་དགེ་བཤེས་བ་ཡུ་བ་ལ་གནང་། མཚན་ཤེས་རབ་ཚུལ་ཁྲིམས། གདུང་གྱད་མི། ལག་སོར་པ་ལ་གདམས་ངག་མ་ལུས་པར་གསན། ཁོང་གིས་ལུང་བསྟན་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། ལོ་ལྔ་ནས་ཞལ་མཐོང་སྟེ་སྦྱོར་ལམ་ཆེན་པོ་བརྙེས་གསུང་ངོ་། །དེས་[[འཕགས་པ་ལྕེ་སྒོམ་]]དང༌། [[མངའ་རིས་པ་ཤེས་རབ་རྒྱལ་མཚན་]]གཉིས་ལ་གནང༌། དེ་གཉིས་ཀྱང་ཚོགས་ལམ་ཆེན་པོ་བ་ཡིན་གསུངས། [[འཕགས་པ་ལྕེ་སྒོམ་]]གྱིས་བྲག་ལྷ་བློ་ཕུག་ཏུ་ལོ་ངོ་བརྒྱད་དུ་སྒྲུབ་པ་མཛད་པས་ཞལ་མཐོང་ངོ་། །བླ་མ་མངའ་རིས་པ་ལ་རུ་མཚམས་ཀྱི་བྲག་ཕུག་ཏུ་སྒྲུབ་པ་གྱིས་ཤིག་གསུངས་ནས་སྒྲུབ་པ་མཛད་པས་ལོ་བཞི་ན་ཞལ་མཐོང་སྟེ། རྒྱུན་དུ་མི་མ་ཡིན་རྣམས་ཀྱིས་འཚོ་བ་དྲངས་གསུང་ངོ༌། །དེ་གཉིས་ཀ་ལ་[[Öntön Kyergangpa|གྲུབ་ཐོབ་ཆེན་པོ་སྐྱེར་སྒང་པ]]ས་ཞུས་ཏེ། ལོ་ཕྱེད་དང་བཞིར་སྒྲུབ་པ་མཛད་པས་ཞལ་མཐོང་ནས། སྙིགས་མའི་དུས་སུ་ཞལ་མཐོང་བ་འབའ་ཞིག་གི་བརྒྱུད་པ་འབྱུང་བར་འགྱུར་རོ་གསུངས་ནས་ལུང་བསྟན་མཛད་དེ། སློབ་མ་ཡང་ལྔ་བཅུ་ཙམ་གྱིས་ཞལ་མཐོང་ངོ༌། །དེས་[[Sangyé Nyentön|བླ་མ་སངས་རྒྱས་གཉན་སྟོན་]]ལ་གསུངས། བླ་མ་དེས་སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་གྱི་བར་དུ་བཞུགས་ཏེ། གདམས་ངག་ཆིག་བརྒྱུད་ཐམས་ཅད་མ་ལུས་པར་གནང་ནས་ལོ་གསུམ་དུ་སྒྲུབ་པ་མཛད་པས། ཡི་གེ་དྲུག་པ་དང་། ཁ་ས་པ་ཎི་དང༌། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རྣམས་ཞལ་མཐོང་། སློབ་མ་ཡང་བཅུ་གཅིག་གིས་ཞལ་མཐོང་བར་འགྱུར་བའི་ལུང་བསྟན་མཛད། ཕྱིས་དེ་ཁོ་ན་བཞིན་བྱུང་གསུང་ངོ་། །ཁོང་གིས་[[Sangyé Tönpa|སངས་རྒྱས་སྟོན་པ་]]ལ་རིགས་གཏད་ཀྱི་བཀའ་དང་ཞལ་གདམས་རྣམས་མ་ལུས་པར་གནང་སྟེ་ཁྱོད་དང་ཐུགས་རྗེ་ཆེན་པོའི་བར་ན་བརྒྱུད་པ་ང་ལས་མེད་ཅེས་གསུང་ངོ་། །དེ་ནི་གཙང་སིལ་མར་འཁྲུངས། ལོ་བཅུ་གསུམ་པ་ལ་ཙ་རི་རས་པའི་སར་རབ་ཏུ་བྱུང་། མཚན་བརྩོན་འགྲུས་སེང་གེར་བཏགས། བཅུ་དགུ་པ་ལ་མཁན་པོ་ཆོས་རྒྱལ་བ་ཅན་དུ་བསྙེན་པར་རྫོགས། བླ་མ་མང་དུ་བསྟེན་ཅིང་ཡོལ་ཕུ་ན་རི་གོང་བྱ་བཪ་བླ་མ་གྲུབ་ཐོབ་གཅིག་བཞུགས་པའི་སྙན་པ་ཐོས་ནས་བྱོན་པས། [[Sangyé Nyentön|སངས་རྒྱས་གཉན་སྟོན་]]གྱི་ཞལ་ནས། ཁྱོད་ཅི་ལ་མོས་ནས་ངའི་རྩར་འོངས་པ་ཡིན་གསུངས། སྒྱུ་ལུས་རྨི་ལམ་འབྱོངས་འོད་གསལ་མངོན་དུ་གྱུར། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས་ཟེར་བ་ཐོས་ནས་འོངས་པ་ལགས་ཞུས་པས། དབང་དང་གདམས་ངག་མ་ལུས་པ་དང་ཁྱད་པར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་ཚང་བར་གནང་ནས་དག་པའི་ཞིང་དུ་འགྲོ་ངེས་ཀྱི་སློབ་མ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་བ་མང་པོའི་དོན་མཛད་དོ། །དེའི་སློབ་མ་[[Nenyingpa Aï Sengé|བླ་མ་ཨ་སེང་]]ཡིན་ཏེ། དེ་ནི་རུ་མཚམས་ལུག་རུ་ཁར་སྔགས་བརྒྱུད་དུ་སྐུ་འཁྲུངས། རྙིང་མའི་རྒྱུད་ཕྱག་བཞེས་ལ་མཁས་པ། ཕྱིས་[[Sangyé Tönpa|སངས་རྒྱས་སྟོན་པ་]]ལ་ཤངས་པའི་ཆོས་སྐོར་དང་ཐུགས་རྗེ་ཆེན་པོའི་སྐོར་རྣམས་ཞུས་ཏེ་ཐུགས་དམ་མང་དུ་མཛད་དོ། །དེའི་སློབ་མ་[[Serlingpa Tashi Pel|གསེཪ་གླིང་པ་བཀྲ་ཤིས་དཔལ་]]ནི་ཡོལ་ཕུ་གསེཪ་གླིང་དུ་འཁྲུངས། ནེལ་པ་པཎ་ཆེན་ལ་བསྙེན་པར་རྫོགས། ཡི་དམ་མང་པོའི་ཞལ་གཟིགས། མགོན་པོས་འཕྲིན་ལས་བསྒྲུབ་པར་ཁས་བླངས། ཤངས་པའི་ཆོས་ཀྱི་བདག་པོ་[[Shönu Drup|མཁས་བཙུན་གཞོན་ནུ་གྲུབ་]]ལ་གདམས་ངག་རྣམས་ལེགས་པར་གསན་ནོ། །དེའི་སློབ་མ་[[Dorjé Pel|བྲག་པོ་ཆེ་པ་རྡོ་རྗེ་དཔལ་]]ནི་བཟད་དུ་སྐུ་འཁྲུངས། [[Serlingpa Tashi Pel|གསེཪ་གླིང་པ་]]ལ་ཤངས་པའི་ཆོས་སྐོར་དང་། རོང་པའི་ཐུགས་རྗེ་ཆེན་པོ་ཞུས། མགོན་པོས་ཀྱང་ལེགས་པར་རྗེས་སུ་བཟུང་བ་ཡིན་ནོ། །དེའི་སློབ་མ་[[Chöpel Sherab|ཆོས་སྒོ་བ་ཆོས་དཔལ་ཤེས་རབ་]]ནི། འཁྲུངས་ཡུལ་གཙང་པ། མཁན་ཆེན་ཤེས་རྡོར་བ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་བཀའ་ལུང་མང་པོའང་གསན། [[Dorjé Pel|བྲག་པོ་ཆེ་པ་]]ལ་ཤངས་ཆོས་དང་ཐུགས་རྗེ་ཆེན་པོ་ཞུས་ཏེ་ཐུགས་ཉམས་སུ་བཞེས། དེ་ལ་[[རྒོད་ཕྲུག་རས་པ་]]ཞེས་བྱ་བ་རྟོགས་པ་ནམ་མཁའ་དང་མཉམ་པ་བྱིན་རླབས་ཆུ་བོའི་རྒྱུན་བཞིན་འདུ་བ་དེས་མཐའ་དག་པར་གསན་ཅིང་། ཐུགས་ཉམས་སུའང་བཞེས་ཏེ་གདུལ་བྱ་རྣམས་ལའང་འདོམས་པར་མཛད་དོ། །དེ་ལ་ལོ་པ་[http://purl.bdrc.io/resource/P3499 རིན་པོ་ཆེ་ཚུལ་ཁྲིམས་དར་]ཞེས་པ་བྱམས་ཆོས་དང་། བཀའ་གདམས་ཀྱི་གཞུང་མན་ངག་དང་ལྡན་པ་དེས་གསན། དེ་ལ་[http://purl.bdrc.io/resource/P3500 སྤྱན་སྔ་ཪིན་པོ་ཆེ་བསོད་ནམས་ལྷའི་དབང་པོ་]ཞེས་གྲགས་པ་དེས་བཀའ་གདམས་ཀྱི་གཞུང་མན་ངག་བྱིན་དང་། ཁྱད་པར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གསན་ཅིང་། [[རོང་སྟོན་ཆེན་པོ་]]ལའང་གསན་ནོ། །བླ་མ་དེས་བདག་ལ་ཐུགས་རྗེ་ཆེན་པོའི་རིག་པ་གཏད་པ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཡི་གེ་དྲུག་པའི་རྒྱ་གཞུང་། བརྡ་བཤད། རི་མོའི་རྒྱུད་བྲིས་རྣམས་ཇོ་བོ་ཆེན་པོས་མཛད་པ་དེར་ཆོས་སྐོར་རྣམས་ཚང་བར་གནང་ངོ་། །བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་རིན་པོ་ཆེ་གསལ་བའི་སྒྲོན་མེ་ལས་བཀའ་གདམས་ཀྱི་གདམས་པ་ཐོར་བུ་བའི་བླ་མ་བརྒྱུད་པའི་སྐབས་ཏེ་དགུ་པའོ།།</span>

Latest revision as of 15:19, 10 June 2024








Resource ID Hist4
Title bka' gdams chos 'byung gsal ba'i sgron me
Topics Biography
Author rtses thang las chen kun dga' rgyal mtshan (P4271)
Link W26009

p.669, Kadampa tradition of the Six Syllables of Chenrezi, dating back to Rahula (and transmited by Öntön Kyergangpa.)
ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་ལོ་རྒྱུས་ནི། བླ་མ་རཱ་ཧུ་ལ་གུཔྟ་བཛྲ་གྱིས་རི་ནག་པོའི་ཁོང་གསེང་དུ་སྒྲུབ་པ་མཛད་པས་དགྱེས་པ་རྡོ་རྗེ་ལ་སོགས་པ་ཡི་དམ་མང་པོའི་ཞལ་མཐོང་། ཁྱད་པར་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་ཞལ་གཟིགས་སོ། །དེས་ཇོ་བོ་ཆེན་པོ་ལ་གནང་། ཇོ་བོས་དགུང་ལོ་བཅུ་དགུ་ལ། སྒྲོལ་མ། མི་གཡོ་བ། དམ་ཚིག་གསུམ་བཀོད། དགྱེས་རྡོར། བདེ་མཆོག་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས། ཆོས་བདག་མེད་པར་རྟོགས་ཀྱང་སྙིང་རྗེ་ཆེན་པོའི་ལྷ་ཞིག་དགོས་པར་འདུག་དགོངས་ནས། སོ་མ་བུ་རིའི་ནགས་ལ་ཟླ་བ་གསུམ་དུ་སྒྲུབ་པ་མཛད་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་དངོས་སུ་བསྟན་ནས། རིགས་ཀྱི་བུ་ཁྱོད་མྱུར་དུ་འཚང་རྒྱ་བར་འདོད་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱོས་ཤིག་གསུང་ངོ་།
།ཇོ་བོས་དགེ་བཤེས་གུང་ཐང་པ་ནག་ཚོ་ལ་གསུངས། ནག་ཚོས་ཇོ་བོ་ཆེན་པོ་ལོ་བཅུ་དགུ་བསྟེན་ནས་རྒྱུད་དང་སྒྲུབ་ཐབས་མང་པོ་གསན་ཅིང་། ཁྱད་པར་དུ་ཇོ་བོའི་ཞལ་ནས། ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ནས་བསྒྲུབས་པས་ཞལ་མཐོང་ནས་ལུང་བསྟན་མང་པོའང་མཛད་དོ། །དགེ་བཤེས་གུང་ཐང་པས་རོང་པ་ཕྱག་སོར་བ་ལ་གསུངས། ཕྱག་སོར་བས་གུང་ཐང་པ་ལོ་གསུམ་བསྟེན་ནས་རྒྱུད་གདམས་ངག་དང་བཅས་པ་བརྒྱད་ཅུ་རྩ་གཉིས་གསན་ཏེ། ཕྱིས་འབྱོན་ཁར་རོང་གི་ཕྱག་སོར་དུ་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་གསུངས་ནས་ལུང་བསྟན་མཛད། དེ་ནས་ཁོང་གིས་མར་བྱོན་ནས་ལག་སོར་དགོན་པ་བཏབ་སྟེ་སྒྲུབ་པ་མཛད་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་ནས་ལུང་བསྟན་ཏེ་ཁྱོད་ཀྱིས་ཚེ་འདི་ཉིད་དུ་གྲུབ་པ་ཐོབ་ནས་སློབ་མ་ཡང་སུམ་ཅུ་ཙམ་གྱིས་ཞལ་མཐོང་བར་འགྱུར་རོ་གསུངས།
ལག་སོར་བས་དགེ་བཤེས་བ་ཡུ་བ་ལ་གནང་། མཚན་ཤེས་རབ་ཚུལ་ཁྲིམས། གདུང་གྱད་མི། ལག་སོར་པ་ལ་གདམས་ངག་མ་ལུས་པར་གསན། ཁོང་གིས་ལུང་བསྟན་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། ལོ་ལྔ་ནས་ཞལ་མཐོང་སྟེ་སྦྱོར་ལམ་ཆེན་པོ་བརྙེས་གསུང་ངོ་། །དེས་འཕགས་པ་ལྕེ་སྒོམ་དང༌། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ལ་གནང༌། དེ་གཉིས་ཀྱང་ཚོགས་ལམ་ཆེན་པོ་བ་ཡིན་གསུངས། འཕགས་པ་ལྕེ་སྒོམ་གྱིས་བྲག་ལྷ་བློ་ཕུག་ཏུ་ལོ་ངོ་བརྒྱད་དུ་སྒྲུབ་པ་མཛད་པས་ཞལ་མཐོང་ངོ་། །བླ་མ་མངའ་རིས་པ་ལ་རུ་མཚམས་ཀྱི་བྲག་ཕུག་ཏུ་སྒྲུབ་པ་གྱིས་ཤིག་གསུངས་ནས་སྒྲུབ་པ་མཛད་པས་ལོ་བཞི་ན་ཞལ་མཐོང་སྟེ། རྒྱུན་དུ་མི་མ་ཡིན་རྣམས་ཀྱིས་འཚོ་བ་དྲངས་གསུང་ངོ༌། །དེ་གཉིས་ཀ་ལ་གྲུབ་ཐོབ་ཆེན་པོ་སྐྱེར་སྒང་པས་ཞུས་ཏེ། ལོ་ཕྱེད་དང་བཞིར་སྒྲུབ་པ་མཛད་པས་ཞལ་མཐོང་ནས། སྙིགས་མའི་དུས་སུ་ཞལ་མཐོང་བ་འབའ་ཞིག་གི་བརྒྱུད་པ་འབྱུང་བར་འགྱུར་རོ་གསུངས་ནས་ལུང་བསྟན་མཛད་དེ། སློབ་མ་ཡང་ལྔ་བཅུ་ཙམ་གྱིས་ཞལ་མཐོང་ངོ༌། །དེས་བླ་མ་སངས་རྒྱས་གཉན་སྟོན་ལ་གསུངས། བླ་མ་དེས་སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་གྱི་བར་དུ་བཞུགས་ཏེ། གདམས་ངག་ཆིག་བརྒྱུད་ཐམས་ཅད་མ་ལུས་པར་གནང་ནས་ལོ་གསུམ་དུ་སྒྲུབ་པ་མཛད་པས། ཡི་གེ་དྲུག་པ་དང་། ཁ་ས་པ་ཎི་དང༌། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རྣམས་ཞལ་མཐོང་། སློབ་མ་ཡང་བཅུ་གཅིག་གིས་ཞལ་མཐོང་བར་འགྱུར་བའི་ལུང་བསྟན་མཛད། ཕྱིས་དེ་ཁོ་ན་བཞིན་བྱུང་གསུང་ངོ་། །ཁོང་གིས་སངས་རྒྱས་སྟོན་པ་ལ་རིགས་གཏད་ཀྱི་བཀའ་དང་ཞལ་གདམས་རྣམས་མ་ལུས་པར་གནང་སྟེ་ཁྱོད་དང་ཐུགས་རྗེ་ཆེན་པོའི་བར་ན་བརྒྱུད་པ་ང་ལས་མེད་ཅེས་གསུང་ངོ་། །དེ་ནི་གཙང་སིལ་མར་འཁྲུངས། ལོ་བཅུ་གསུམ་པ་ལ་ཙ་རི་རས་པའི་སར་རབ་ཏུ་བྱུང་། མཚན་བརྩོན་འགྲུས་སེང་གེར་བཏགས། བཅུ་དགུ་པ་ལ་མཁན་པོ་ཆོས་རྒྱལ་བ་ཅན་དུ་བསྙེན་པར་རྫོགས། བླ་མ་མང་དུ་བསྟེན་ཅིང་ཡོལ་ཕུ་ན་རི་གོང་བྱ་བཪ་བླ་མ་གྲུབ་ཐོབ་གཅིག་བཞུགས་པའི་སྙན་པ་ཐོས་ནས་བྱོན་པས། སངས་རྒྱས་གཉན་སྟོན་གྱི་ཞལ་ནས། ཁྱོད་ཅི་ལ་མོས་ནས་ངའི་རྩར་འོངས་པ་ཡིན་གསུངས། སྒྱུ་ལུས་རྨི་ལམ་འབྱོངས་འོད་གསལ་མངོན་དུ་གྱུར། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས་ཟེར་བ་ཐོས་ནས་འོངས་པ་ལགས་ཞུས་པས། དབང་དང་གདམས་ངག་མ་ལུས་པ་དང་ཁྱད་པར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་ཚང་བར་གནང་ནས་དག་པའི་ཞིང་དུ་འགྲོ་ངེས་ཀྱི་སློབ་མ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་བ་མང་པོའི་དོན་མཛད་དོ། །དེའི་སློབ་མ་བླ་མ་ཨ་སེང་ཡིན་ཏེ། དེ་ནི་རུ་མཚམས་ལུག་རུ་ཁར་སྔགས་བརྒྱུད་དུ་སྐུ་འཁྲུངས། རྙིང་མའི་རྒྱུད་ཕྱག་བཞེས་ལ་མཁས་པ། ཕྱིས་སངས་རྒྱས་སྟོན་པ་ལ་ཤངས་པའི་ཆོས་སྐོར་དང་ཐུགས་རྗེ་ཆེན་པོའི་སྐོར་རྣམས་ཞུས་ཏེ་ཐུགས་དམ་མང་དུ་མཛད་དོ། །དེའི་སློབ་མ་གསེཪ་གླིང་པ་བཀྲ་ཤིས་དཔལ་ནི་ཡོལ་ཕུ་གསེཪ་གླིང་དུ་འཁྲུངས། ནེལ་པ་པཎ་ཆེན་ལ་བསྙེན་པར་རྫོགས། ཡི་དམ་མང་པོའི་ཞལ་གཟིགས། མགོན་པོས་འཕྲིན་ལས་བསྒྲུབ་པར་ཁས་བླངས། ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལ་གདམས་ངག་རྣམས་ལེགས་པར་གསན་ནོ། །དེའི་སློབ་མ་བྲག་པོ་ཆེ་པ་རྡོ་རྗེ་དཔལ་ནི་བཟད་དུ་སྐུ་འཁྲུངས། གསེཪ་གླིང་པ་ལ་ཤངས་པའི་ཆོས་སྐོར་དང་། རོང་པའི་ཐུགས་རྗེ་ཆེན་པོ་ཞུས། མགོན་པོས་ཀྱང་ལེགས་པར་རྗེས་སུ་བཟུང་བ་ཡིན་ནོ། །དེའི་སློབ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ནི། འཁྲུངས་ཡུལ་གཙང་པ། མཁན་ཆེན་ཤེས་རྡོར་བ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་བཀའ་ལུང་མང་པོའང་གསན། བྲག་པོ་ཆེ་པ་ལ་ཤངས་ཆོས་དང་ཐུགས་རྗེ་ཆེན་པོ་ཞུས་ཏེ་ཐུགས་ཉམས་སུ་བཞེས། དེ་ལ་རྒོད་ཕྲུག་རས་པ་ཞེས་བྱ་བ་རྟོགས་པ་ནམ་མཁའ་དང་མཉམ་པ་བྱིན་རླབས་ཆུ་བོའི་རྒྱུན་བཞིན་འདུ་བ་དེས་མཐའ་དག་པར་གསན་ཅིང་། ཐུགས་ཉམས་སུའང་བཞེས་ཏེ་གདུལ་བྱ་རྣམས་ལའང་འདོམས་པར་མཛད་དོ། །དེ་ལ་ལོ་པ་རིན་པོ་ཆེ་ཚུལ་ཁྲིམས་དར་ཞེས་པ་བྱམས་ཆོས་དང་། བཀའ་གདམས་ཀྱི་གཞུང་མན་ངག་དང་ལྡན་པ་དེས་གསན། དེ་ལ་སྤྱན་སྔ་ཪིན་པོ་ཆེ་བསོད་ནམས་ལྷའི་དབང་པོ་ཞེས་གྲགས་པ་དེས་བཀའ་གདམས་ཀྱི་གཞུང་མན་ངག་བྱིན་དང་། ཁྱད་པར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གསན་ཅིང་། རོང་སྟོན་ཆེན་པོ་ལའང་གསན་ནོ། །བླ་མ་དེས་བདག་ལ་ཐུགས་རྗེ་ཆེན་པོའི་རིག་པ་གཏད་པ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཡི་གེ་དྲུག་པའི་རྒྱ་གཞུང་། བརྡ་བཤད། རི་མོའི་རྒྱུད་བྲིས་རྣམས་ཇོ་བོ་ཆེན་པོས་མཛད་པ་དེར་ཆོས་སྐོར་རྣམས་ཚང་བར་གནང་ངོ་། །བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་རིན་པོ་ཆེ་གསལ་བའི་སྒྲོན་མེ་ལས་བཀའ་གདམས་ཀྱི་གདམས་པ་ཐོར་བུ་བའི་བླ་མ་བརྒྱུད་པའི་སྐབས་ཏེ་དགུ་པའོ།།