Difference between revisions of "Mahamudra Gauma"

From Shangpa Resource Center

(One intermediate revision by the same user not shown)
Line 8: Line 8:

|Notes=Linked to [[phyag chen ga'u ma'i khrid yig]]

ན་མོ་གུ་རུ།
དོ་ཧ་ལས། གང་ལ་དམིགས་ཀྱང་དེ་ཡིས་ཐར་པ་སྒྲིབ། །བཟང་པོར་བརྟགས་ཀྱང་དེ་ཡིས་དམན་པར་ལྷུང་། །དམན་པར་བལྟས་ལ་རྣམ་སྨིན་རྒྱུན་མི་འཆད། །བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་གནས་པ་མེད་པ་དེ་ནི་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །རང་བཞིན་བཞག་པས་ཇི་ལྟ་བུ་ཉིད་དེ་བཞིན་ཉིད། །འབྲས་བུ་ཐོག་མཐའ་མེད་ནས་རང་ལ་གནས། །དེ་ཕྱིར་རེ་དང་དོགས་པའི་དུག་གིས་འཆིང་མི་དགོས། །གསུང་ངོ་།
།ཀླུ་སྒྲུབ་ཀྱིས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཅིག །བཅས་ཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱིས་གཤེགས་ཤུལ་ཡིན། །ཅེས་སོ།
།མ་ཅིག་ལམ་སྒྲོན་གྱིས། ལུས་གནད་ཉ་བཞི་གློད་པ་བཅེས། །ངག་གནད་ལྐུགས་པར་སྡོད་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །གནས་གནད་རི་ཁྲོད་འགྲིམ་པ་གཅེས། །དེ་རྣམས་སྔོན་ལ་གསུང་ངོ་།
།རང་བབས་རྣམ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། འཛིན་མེད་དུ་བཤིགས་ཀྱིས་བཤིག ཅས་ཅོས་གང་ཡང་མེད་པར་བཞག་པས་སྣང་བ་མ་འགགས་ལ་འཛིན་པ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་རྗེན་ལྷག་གིས་འཆར།
དེ་ལ་ཧད་དེ་ཕྱད་དེ་ལས། ཞེས་བྱའོ། །མིག་མི་འཛུམ་པར་ཧད་དེ། ཡིད་གང་ལ་ཡང་འཛིན་པ་མེད་པར་ཕྱད་དེ་བ་ལ།
[[Saraha|ས་ར་ཧ]]ས། མིག་ནི་མི་འཛུམ་ཡིད་ནི་གང་དགར་བཞག །ཅེས་སོ།
།དེ་ལྟར་གཡས་དང་། གཡོན་དང་། ནམ་མཁའ་དང་། མདོ་རིང་ཐུང་དང་། སྤྱོད་ལམ་དང་། རླུང་དང་། སྲེ་བ་གསུམ་དང་། སྔགས་རིང་ཐུང་དང་། གདམ་སྣ་ཚོགས་དང་། ཆོས་ཉན་བཤད་ལ་སོགས་པ་ཐམས་ཅད་སྲེས་ལ་ཅིར་སྣང་གསལ་སྟོང་འཛིན་མེད་དུ་འཆར།
དེ་ལ་ལུང་སྦྱོར་དང་ལྡན་པས་ཡིད་ཆེས་པར་བྱ་བ་ནི།
༼སྣ་ཚོགས་༽གསལ་བ་སྤྲུལ་པའི་སྐུ། །གསལ་ལ་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །ཅེས་སོ།
།དེ་ལ་ཐ་མལ་གྱི་ཤེས་པ་ཞེས་ཀྱང་བྱ་སྟེ།
སློབ་དཔོན་ཏོག་ཙེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག །ཅེས་སོ།
།དེ་ལ་བླུན་སྐད་དུ་ཐ་མལ་གྱི་ཤེས་པ། ཆོས་སྐད་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ།
།ནི་གུ་མས། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་སོ།
།དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། །ཞེས་བྱ་སྟེ།
[[Saraha|ས་ར་ཧ]]ས། བླ་མའི་ལུང་ལ་སྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡི་གེ་ཡོན་ཏན་དཔེ་དང་བྲལ། །སྨྲ་རུ་མི་བཏུབ་བདག་གི་གྱི་ན་མཚོན། །གཞོན་ནུའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །ཅེས་སོ།
།དེ་ལ་ཡིད་ལ་མི་བྱེད་པ་ཞེས་ཀྱང་བྱ་སྟེ། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཅེས་སོ།
།འབུམ་ལས་ཀྱང་། གང་ཡིད་ལ་བྱ་བ་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་། དགེ་འདུན་ལ་ཡང་སྦྱར་རོ།
།དེ་ལ་རང་སེམས་སྐྱེ་མེད་ཆོས་སྐུ་ཞེས་ཀྱང་བྱ་སྟེ།
བདེ་མཆོག་གི་རྒྱུད་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་སོ།
།དེ་ལ་ཕྱི་རོལ་དུ་[[Saraha|ས་ར་ཧ]]ས། ཡུལ་རྣམས་སྟེན་ཡང་ཡུལ་གྱིས་མ་གོས་པ། །ཨུད་པལ་འདབ་མ་ཆུས་མི་རེག་པ་བཞིན། །ཅེས་སོ།
།ནང་དུ། གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ཅེས་སོ།
།དེ་ཉིད་རྟོགས་པའི་དཔེ་ཆུ་རླབས་ལྟ་བུ་བསྟན་པ་ནི། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ཏེ། །ཅེས་སོ།
།ཆོས་སྐུ་ལ་ཆོས་སྐུ་ཐིམ་པའི་དཔེ་ཉི་ཟེར་གྱི་རྡུལ་ལྟ་བུར་བསྟན་པ་ནི། དགོངས་པ་གང་ཡིན་པར་སྐྱོལ་བ་ནི། །ཉི་ཟེར་ལྐུགས་པ་རྡུལ་ཕྲན་བཞིན་དུ་རླག །རང་གི་སྙིང་ཁ་སྙིང་དུ་ནུབ་པར་འགྱུར། །ཅེས་སོ།
།རོ་གཅིག་པའི་དཔེ་ཆུ་དང་ཆུ་བཞག་པ་ལྟ་བུར་བསྟན་པ་ནི། ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་སྙེད་ཆུ་རུ་རོ་སྙོམས་འགྱུར། །སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །མགོན་པོ་གང་ཡང་མཚོན་མ་གྱུར། །ཅེས་སོ།
།སྣང་སྟོང་རོ་གཅིག་པའི་དཔེ་ཆུ་དང་མར་མེ་ལྟ་བུར་བསྟན་པ་ནི། རྦ་རླབས་མེད་པའི་དབང་ཕྱག་མཆོག །རྙོག་པ་མེད་པར་བསམ་གཏན་མཆོག །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག ༼།འགྲོ་འོང་ང་ཡི་ལེན་མི་འདོར་རོ།༽ །ཅེས་སོ།
།ཐིམ་པའི་དཔེ་ལ་ཚྭ་ཆུར་ཞུ་བ་ལྟར་བསྟན་པ་ནི། ལན་ཚྭ་ཆུ་རུ་ཞུ་བ་བཞིན། །སེམས་ནི་རང་བཞིན་ལ་ཐིམ་འགྱུར། །ཅེས་སོ།
།ཏི་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལས་འདས་སྤྱོད་ཡུལ་མིན། །ཏི་ལོ་ང་ཡིས་བསྟན་དུ་ཅི་ཡང་མེད། །རང་ནི་རང་ཉིད་ལ་མཚོན་དེ་ཤེས་བྱོས། །ཅེས་སོ།
།ཤ་ཝ་རི་པས། ཡིད་ལ་མི་ཕྱེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་གང་ལའང་རེ་བར་མ་བྱེད་ཅིག །རང་གི་སེམས་རྟོགས་ཕྱག་རྒྱ་ཆེན་པོ་སྟེ། །འདི་ལྟར་སྣང་བ་འདི་ཡང་ནི། །རང་གི་སེམས་ལས་ལོགས་པ་མེད། །ཅེས་སོ།
།བརྟག་གཉིས་ལས། གང་ཕྱིར་ཡིད་ནི་མི་སྒོམ་པར། །ཅེས་སོ།
།ངེས་དོན་མཐར་ཐུག་ལས། ཇི་ལྟར་རྩྭ་ཡི་ཕུང་པོ་ཆེར་འབར་བ། །རླུང་གིས་སྐྱོད་ན་རབ་ཏུ་ཆེར་འབར་ལྟར། །རྟོགས་པའི་ཡེ་ཤེས་དངོས་རྣམས་འཇོམས་པ་ལ། །ཉོན་མོངས་རྣམ་རྟོག་ཡེ་ཤེས་འཕེལ་བའི་གྲོགས། །ཅེས་སོ།
།དངོས་བཞི་ནི། སེམས་སྟོང་པ་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་། ཉེ་དྲགས་པས་ངོ་མ་ཤེས། ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས། བཟང་དྲགས་པས་བློར་མ་ཤོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ།
།དེ་ལ་འདིར་བླ་མའི་བྱིན་རླབས་དང་། ཐབས་ཁྱད་པར་ཅན་རང་བབས་རྣམ་གསུམ་ལ་རྟེན་ནས་རིག་པ་གསལ་སྟོང་འཛིན་མེད་དུ་རྗེན་ལྷག་གིས་ཤར་བས་དེ་རང་སེམས་སྐྱེ་མེད་ཆོས་སྐུར་ངོ་ཤེས་སོ། །རང་ཤར་ངོས་བཟུང་བྱ། །ཅེས་པ་དང་། གསལ་འཛིན་མེད་ལ་ཕྱམ་སོང་བ་དང་། ངའི་སྔོན་འགྲོ་རང་ཤར་ནས་འདུག་སྙམ་དུ་ངོས་བཟུང་ངོ་། །ཡེངས་མེད་ཆུ་བོ་སྟེན། །ཅེས་སོ།
།མདོ་རྒྱུད་ཀྱི་ལུང་ལ་རྟེན་ནས་ཐག་གཅད་ཏེ་ངེས་ཤེས་སྐྱེས་པས་བློར་ཤོང་ངོ་། །དེ་ལྟར་སྐྱོན་བཞི་ལས་གྲོལ་ལོ།
།འབྲས་བུ་སྐུ་བཞི་རང་ཤར་ནི། གསལ་སྟོང་འཛིན་མེད་དམ། བདེ་གསལ་མི་རྟོག་པ་དེ་ལ་སྐུ་བཞི་ཡེ་ཤེས་ལྔ་གཉན་དུ་ལུས་པ་མེད་དང་། ངོ་སྤྲོད་པ་རྫོགས་སོ།
This section is included in [[phyag rgya chen po rang babs rnam pa gsum gyi khrid tshul rnam dag lam gyi 'jug pa|phyag rgya chen po rang babs rnam pa gsum]]
ན་མོ་གུ་རུ་ཝེ།
མགོན་པོའི་སྟེང་དུ། རྩ་བ་དང་རྒྱུད་པའི་བླ་མ་རྣམས་དང་། ཁྱད་པར་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་ནག་པ་ལ་དམར་བའི་མདངས་ཆགས་པ་གཡས་ཌ་མ་རུ་སྒྲ་དང་བཅས་པ། ༼ངོ་བོར་ལམ་དུ་འཁྱེར། རང་བཞིན་གཞོམ། བཟང་ངན་ཐམས་ཅད་སྟོང་ལ་༽ གཡོན་ཀ་པཱ་ལ་བདུད་རྩིས་གང་བ། གྲུ་མོ་ན་ཁ་ཊྭཱཾ་ཀ །སྐུ་གར་སྟབས་སུ་བཞུགས་ཤིང་རུས་པའི་བརྒྱན་དང་ལྡན་པ་སྒོམ་མོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པར་བསམ། དེ་དག་ལ་དངོས་སུ་བཤམས་པའི་མཆོད་པ་དང་གཏོར་ཚོགས་དང་གསེར་གྱི་མཎྜལ་ཕུལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་གསོལ་གདབ་པ་ནི།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་དམ་པ་རྣམས་དང་། ཡི་དམ་ལྷ་ཚོགས་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི། རྩ་བ་དང་རྒྱུད་པར་བྱས་པའི་བླ་མ་དམ་པ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་རླབ་དུ་གསོལ། དམ་པ་ཆོས་སྐྱོང་པའི་བསྲུངས་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། ཅེས་ལན་གསུམ་གྱིས་སོལ་བ་གདབ་བོ། །ངོ་སྤྲོད་ཀྱི་སྔོན་འགྲོའོ།
།རྒྱུད་བླ་ལ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཅེས་སོ།
Integration
ན་མོ་གུ་རུ།
རྟོག་པ་ལམ་དུ་འཁྱེར་བ་ནི། རྟོག་པ་ཅི་སྐྱེས་ཐམས་ཅད་ལ་ལྟ་སྟངས་ཀྱི་རྣམ་རྟོག་སྐྱེས་པ་ཤེས་པར་བྱས་ལ་མཉམ་པར་བཞག་གོ
།སྣང་བ་ལམ་དུ་ཁྱེར་བ་ནི། རི་རབ་དང་། རྡུལ་ཕྲ་རབ། སེམས་ཅན་ཆེ་ཆུང་ལ་སོགས་པ་གང་ཡིན་པ་གཅིག་གི་སྟེང་དུ་ལྟ་སྟངས་ཀྱིས་མཉམ་པར་བཞག་གོ
།སྒྲ་ལམ་ཁྱེར་ནི། འདོ་གང་རུང་ལ་སྐད་ཆེ་བ་ཆུང་བ་སྣ་ཚོགས་ཀྱིས་གདོན་ནོ། །སྐབས་སྐབས་སུ་རླུང་རོ་བུད་དོ། །དེ་ནས་རླུང་འཛིན་པས། རྒྱུས་ཡོད་དམ། རྒྱུས་མེད་ཀྱི་སྣོད་བཅུད་ཡིད་ཀྱིས་བསམས་ལ་རླུང་ཉེར་གཅིག་ཚང་བ་དང་ཅུང་ཟད་བཏང་ལ་བཞག་གོ །དེ་ནས་སྣོད་བཅུད་ལ་སོགས་གང་ལས་བྱུང་ཐག་གཅད་ཏེ། དེ་ནས་ཡང་རླུང་འཛིན་པས་མྱ་ངན་ལས་འདས་པ་དང་རིགས་དྲུག་ཡིད་ཀྱིས་བསམས་ལ་རླུང་ཉེར་གཅིག་ཚང་བ་དང་ཅུང་ཟད་ཉུལ། དེ་ནས་གཅད་དོ། །རིགས་དྲུག་དང་མྱང་འདས་རེ་རེ་ལ་ཡང་གོང་བཞིན་དུ་བྱེད་པ་ནི་རྒྱས་པའི་ལུགས་ཡིན་གསུང་ངོ་། །གཅད་པའི་རྗེས་ལ་ཅུང་ཟད་ཉུལ། ཉམས་ངོས་ཟིན་པར་བྱའོ། །དེ་ནས་རང་གི་སེམས་ཉིད་ཡོད་མེད་མཐའ་གཅད་དོ། །སྐབས་སུ་ཅུང་ཟད་རང་བབས་ལ་བཞག་གོ །ཉམས་ཤེས་པར་བྱའོ། །རྒྱུན་གྱི་ཉམས་ལེན་རང་བབས་ཀྱི་སྟེང་དུ་འཇོག་པ་ཡིན་ནོ། ཨྀཐི། དགེའོ།
This section is linked to [[phyag rgya chen po rtogs mi rtog]]
བླ་མ་རྣམས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་རྟོག་མི་རྟོག་འདི་ལ་དོན་ལྔ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲ་དོག
།དང་པོ་ལ་གསུམ། གཞི་ལ་སྟོབས་སྐྱེད། ལམ་ལ་བརྒྱན་གདགས། འབྲས་བུ་ལ་མངོན་དུ་གྱུར་པའོ།
།དང་པོ་ལ་གསུམ། བག་ལ་མ་ཞ་བ། རྩལ་རྫོགས་པ། ལས་མ་བསགས་པའོ།
།དང་པོ་ནི་འདོད་ཆགས་ལྟ་བུ་ཡིད་ཡུལ་དུ་བསམས་ནས་བག་ལ་མ་ཞ་བར་སློང་བའོ།
།གཉིས་པ་ནི་ཆགས་པའི་རྩལ་ཇི་ཙམ་ཡོད་པ་བློ་ལ་རྫོགས་སུ་འཇུག་པའོ།
།གསུམ་པ་ནི་དངོས་སུ་ལས་བསགས་ན་ཉོན་མོངས་པར་འགྱུར་བས་དངོས་སུ་ལོངས་མི་སྤྱོད་ཅིང་ཡིད་ལ་བསམ་པའོ།
།ལམ་ལ་བརྒྱུན་བཏགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་བདག་ལ་སྨིན་ནས་སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག །ཅེས་ཡིད་ལ་བསམ་ཞིང་ངག་དུ་བརྗོད་པར་བྱའོ།
།འབྲས་བུ་ལ་མངོན་དུ་གྱུར་པ་ནི། ཕྱག་རྒྱ་ཆེན་པོའི་རང་བབས་རྣམ་པ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་བཞག་པས་འདོད་ཆགས་གསལ་སྟོང་འཛིན་མེད་དུ་འཆར་བར་འགྱུར་རོ།
།ཡང་ན་འདོད་ཆགས་ཀྱི་ངོ་བོ་ལ་ཁ་ནང་དུ་ལོག་ནས་ལྟས་པས་ཆགས་པ་རང་གི་སེམས། སེམས་ཀྱི་ངོ་བོ་སྟོང་བ། དེ་སྐྱེ་འགག་གནས་གསུམ་དང་བྲལ་བར་སྐྱེ་མེད་གཅིག་ཆོག་དུ་རྟོགས་པའོ། །ཞེ་སྡང་ལ་སོགས་པ་བཞི་པོའང་དེས་མཚོན་ནས་ཤེས་པར་བྱའོ། །འབྲས་བུ་མཐར་ཐུག་ལ་ཉོན་མོངས་པ་ལྔ་པོ་ཡེ་ཤེས་ལྔར་འཆར་བར་འགྱུར་རོ།
།དེ་ཡང་། ཆོས་སྐུ་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །ཞེས་སོགས་དང་།
[[Saraha|ས་ར་ཧ]]ས། གང་མ་སྤངས་ཤིང་གོས་མེད་ཡེ་ཤེས་ལྡན།
།ཞེས་པས་ཉོན་མོངས་པ་གཉེན་པོས་མ་སྤངས་ཉོན་མོངས་པ་རང་རྒྱུད་པའི་དྲི་མས་ཀྱང་མ་གོས་པར་གནས་ལུགས་ཀྱི་སྟེང་ནས་ཉམས་སུ་ལེན་པ་དེ་ལ་ཉོན་མོངས་ཡེ་ཤེས་ཞེས་པའམ། རྣམ་རྟོག་ཆོས་སྐུའི་ལམ་ཁྱེར་ཞེས་ཀྱང་བྱའོ། །རྣམ་རྟོག་དང་ཆོས་སྐུའི་བར་ན་ཤེས་མ་ཤེས་སམ། རྟོགས་མ་རྟོགས་སམ། ཁ་ཕྱི་ལྟ་ནང་ལྟའི་ཁྱད་པར་ཙམ་ལས་མེད་གསུང་།
མདོར་ན་ཕྱག་རྒྱ་ཆེན་པོའི་རྣམ་རྟོག་དང་སྲེ་བ་ཅེས་པའི་དམིགས་པ་ཅུང་ཞིག་གསལ་བར་བྱས་པའོ། ཨྀཐི།

ན་མོ་གུ་རུ།
དོ་ཧ་ལས། གང་ལ་དམིགས་ཀྱང་དེ་ཡིས་ཐར་པ་སྒྲིབ། །བཟང་པོར་བརྟགས་ཀྱང་དེ་ཡིས་དམན་པར་ལྷུང་། །དམན་པར་བལྟས་ལ་རྣམ་སྨིན་རྒྱུན་མི་འཆད། །བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་གནས་པ་མེད་པ་དེ་ནི་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །རང་བཞིན་བཞག་པས་ཇི་ལྟ་བུ་ཉིད་དེ་བཞིན་ཉིད། །འབྲས་བུ་ཐོག་མཐའ་མེད་ནས་རང་ལ་གནས། །དེ་ཕྱིར་རེ་དང་དོགས་པའི་དུག་གིས་འཆིང་མི་དགོས། །གསུང་ངོ་།
།[[Nagarjuna|ཀླུ་སྒྲུབ་]]ཀྱིས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཅིག །བཅས་ཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱིས་གཤེགས་ཤུལ་ཡིན། །ཅེས་སོ།

Latest revision as of 18:08, 24 September 2024

Resource ID CN6
Title no title
Topics Mahamudra Gauma
Sub-Topics Manual
Associated Person Bodong Cholé Namgyel
Link BDRC W22103 (p.122)
Notes Linked to phyag chen ga'u ma'i khrid yig

ན་མོ་གུ་རུ།
དོ་ཧ་ལས། གང་ལ་དམིགས་ཀྱང་དེ་ཡིས་ཐར་པ་སྒྲིབ། །བཟང་པོར་བརྟགས་ཀྱང་དེ་ཡིས་དམན་པར་ལྷུང་། །དམན་པར་བལྟས་ལ་རྣམ་སྨིན་རྒྱུན་མི་འཆད། །བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་གནས་པ་མེད་པ་དེ་ནི་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །རང་བཞིན་བཞག་པས་ཇི་ལྟ་བུ་ཉིད་དེ་བཞིན་ཉིད། །འབྲས་བུ་ཐོག་མཐའ་མེད་ནས་རང་ལ་གནས། །དེ་ཕྱིར་རེ་དང་དོགས་པའི་དུག་གིས་འཆིང་མི་དགོས། །གསུང་ངོ་།
ཀླུ་སྒྲུབ་ཀྱིས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཅིག །བཅས་ཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱིས་གཤེགས་ཤུལ་ཡིན། །ཅེས་སོ།
།མ་ཅིག་ལམ་སྒྲོན་གྱིས། ལུས་གནད་ཉ་བཞི་གློད་པ་བཅེས། །ངག་གནད་ལྐུགས་པར་སྡོད་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །གནས་གནད་རི་ཁྲོད་འགྲིམ་པ་གཅེས། །དེ་རྣམས་སྔོན་ལ་གསུང་ངོ་།
།རང་བབས་རྣམ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། འཛིན་མེད་དུ་བཤིགས་ཀྱིས་བཤིག ཅས་ཅོས་གང་ཡང་མེད་པར་བཞག་པས་སྣང་བ་མ་འགགས་ལ་འཛིན་པ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་རྗེན་ལྷག་གིས་འཆར།
དེ་ལ་ཧད་དེ་ཕྱད་དེ་ལས། ཞེས་བྱའོ། །མིག་མི་འཛུམ་པར་ཧད་དེ། ཡིད་གང་ལ་ཡང་འཛིན་པ་མེད་པར་ཕྱད་དེ་བ་ལ།
ས་ར་ཧས། མིག་ནི་མི་འཛུམ་ཡིད་ནི་གང་དགར་བཞག །ཅེས་སོ།
།དེ་ལྟར་གཡས་དང་། གཡོན་དང་། ནམ་མཁའ་དང་། མདོ་རིང་ཐུང་དང་། སྤྱོད་ལམ་དང་། རླུང་དང་། སྲེ་བ་གསུམ་དང་། སྔགས་རིང་ཐུང་དང་། གདམ་སྣ་ཚོགས་དང་། ཆོས་ཉན་བཤད་ལ་སོགས་པ་ཐམས་ཅད་སྲེས་ལ་ཅིར་སྣང་གསལ་སྟོང་འཛིན་མེད་དུ་འཆར།
དེ་ལ་ལུང་སྦྱོར་དང་ལྡན་པས་ཡིད་ཆེས་པར་བྱ་བ་ནི།
༼སྣ་ཚོགས་༽གསལ་བ་སྤྲུལ་པའི་སྐུ། །གསལ་ལ་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །ཅེས་སོ།
།དེ་ལ་ཐ་མལ་གྱི་ཤེས་པ་ཞེས་ཀྱང་བྱ་སྟེ།
སློབ་དཔོན་ཏོག་ཙེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག །ཅེས་སོ།
།དེ་ལ་བླུན་སྐད་དུ་ཐ་མལ་གྱི་ཤེས་པ། ཆོས་སྐད་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ།
།ནི་གུ་མས། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་སོ།
།དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། །ཞེས་བྱ་སྟེ།
ས་ར་ཧས། བླ་མའི་ལུང་ལ་སྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡི་གེ་ཡོན་ཏན་དཔེ་དང་བྲལ། །སྨྲ་རུ་མི་བཏུབ་བདག་གི་གྱི་ན་མཚོན། །གཞོན་ནུའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །ཅེས་སོ།
།དེ་ལ་ཡིད་ལ་མི་བྱེད་པ་ཞེས་ཀྱང་བྱ་སྟེ། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཅེས་སོ།
།འབུམ་ལས་ཀྱང་། གང་ཡིད་ལ་བྱ་བ་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་། དགེ་འདུན་ལ་ཡང་སྦྱར་རོ།
།དེ་ལ་རང་སེམས་སྐྱེ་མེད་ཆོས་སྐུ་ཞེས་ཀྱང་བྱ་སྟེ།
བདེ་མཆོག་གི་རྒྱུད་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་སོ།
།དེ་ལ་ཕྱི་རོལ་དུ་ས་ར་ཧས། ཡུལ་རྣམས་སྟེན་ཡང་ཡུལ་གྱིས་མ་གོས་པ། །ཨུད་པལ་འདབ་མ་ཆུས་མི་རེག་པ་བཞིན། །ཅེས་སོ།
།ནང་དུ། གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ཅེས་སོ།
།དེ་ཉིད་རྟོགས་པའི་དཔེ་ཆུ་རླབས་ལྟ་བུ་བསྟན་པ་ནི། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ཏེ། །ཅེས་སོ།
།ཆོས་སྐུ་ལ་ཆོས་སྐུ་ཐིམ་པའི་དཔེ་ཉི་ཟེར་གྱི་རྡུལ་ལྟ་བུར་བསྟན་པ་ནི། དགོངས་པ་གང་ཡིན་པར་སྐྱོལ་བ་ནི། །ཉི་ཟེར་ལྐུགས་པ་རྡུལ་ཕྲན་བཞིན་དུ་རླག །རང་གི་སྙིང་ཁ་སྙིང་དུ་ནུབ་པར་འགྱུར། །ཅེས་སོ།
།རོ་གཅིག་པའི་དཔེ་ཆུ་དང་ཆུ་བཞག་པ་ལྟ་བུར་བསྟན་པ་ནི། ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་སྙེད་ཆུ་རུ་རོ་སྙོམས་འགྱུར། །སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །མགོན་པོ་གང་ཡང་མཚོན་མ་གྱུར། །ཅེས་སོ།
།སྣང་སྟོང་རོ་གཅིག་པའི་དཔེ་ཆུ་དང་མར་མེ་ལྟ་བུར་བསྟན་པ་ནི། རྦ་རླབས་མེད་པའི་དབང་ཕྱག་མཆོག །རྙོག་པ་མེད་པར་བསམ་གཏན་མཆོག །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག ༼།འགྲོ་འོང་ང་ཡི་ལེན་མི་འདོར་རོ།༽ །ཅེས་སོ།
།ཐིམ་པའི་དཔེ་ལ་ཚྭ་ཆུར་ཞུ་བ་ལྟར་བསྟན་པ་ནི། ལན་ཚྭ་ཆུ་རུ་ཞུ་བ་བཞིན། །སེམས་ནི་རང་བཞིན་ལ་ཐིམ་འགྱུར། །ཅེས་སོ།
།ཏི་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལས་འདས་སྤྱོད་ཡུལ་མིན། །ཏི་ལོ་ང་ཡིས་བསྟན་དུ་ཅི་ཡང་མེད། །རང་ནི་རང་ཉིད་ལ་མཚོན་དེ་ཤེས་བྱོས། །ཅེས་སོ།
།ཤ་ཝ་རི་པས། ཡིད་ལ་མི་ཕྱེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་གང་ལའང་རེ་བར་མ་བྱེད་ཅིག །རང་གི་སེམས་རྟོགས་ཕྱག་རྒྱ་ཆེན་པོ་སྟེ། །འདི་ལྟར་སྣང་བ་འདི་ཡང་ནི། །རང་གི་སེམས་ལས་ལོགས་པ་མེད། །ཅེས་སོ།
།བརྟག་གཉིས་ལས། གང་ཕྱིར་ཡིད་ནི་མི་སྒོམ་པར། །ཅེས་སོ།
།ངེས་དོན་མཐར་ཐུག་ལས། ཇི་ལྟར་རྩྭ་ཡི་ཕུང་པོ་ཆེར་འབར་བ། །རླུང་གིས་སྐྱོད་ན་རབ་ཏུ་ཆེར་འབར་ལྟར། །རྟོགས་པའི་ཡེ་ཤེས་དངོས་རྣམས་འཇོམས་པ་ལ། །ཉོན་མོངས་རྣམ་རྟོག་ཡེ་ཤེས་འཕེལ་བའི་གྲོགས། །ཅེས་སོ།
།དངོས་བཞི་ནི། སེམས་སྟོང་པ་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་། ཉེ་དྲགས་པས་ངོ་མ་ཤེས། ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས། བཟང་དྲགས་པས་བློར་མ་ཤོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ།
།དེ་ལ་འདིར་བླ་མའི་བྱིན་རླབས་དང་། ཐབས་ཁྱད་པར་ཅན་རང་བབས་རྣམ་གསུམ་ལ་རྟེན་ནས་རིག་པ་གསལ་སྟོང་འཛིན་མེད་དུ་རྗེན་ལྷག་གིས་ཤར་བས་དེ་རང་སེམས་སྐྱེ་མེད་ཆོས་སྐུར་ངོ་ཤེས་སོ། །རང་ཤར་ངོས་བཟུང་བྱ། །ཅེས་པ་དང་། གསལ་འཛིན་མེད་ལ་ཕྱམ་སོང་བ་དང་། ངའི་སྔོན་འགྲོ་རང་ཤར་ནས་འདུག་སྙམ་དུ་ངོས་བཟུང་ངོ་། །ཡེངས་མེད་ཆུ་བོ་སྟེན། །ཅེས་སོ།
།མདོ་རྒྱུད་ཀྱི་ལུང་ལ་རྟེན་ནས་ཐག་གཅད་ཏེ་ངེས་ཤེས་སྐྱེས་པས་བློར་ཤོང་ངོ་། །དེ་ལྟར་སྐྱོན་བཞི་ལས་གྲོལ་ལོ།
།འབྲས་བུ་སྐུ་བཞི་རང་ཤར་ནི། གསལ་སྟོང་འཛིན་མེད་དམ། བདེ་གསལ་མི་རྟོག་པ་དེ་ལ་སྐུ་བཞི་ཡེ་ཤེས་ལྔ་གཉན་དུ་ལུས་པ་མེད་དང་། ངོ་སྤྲོད་པ་རྫོགས་སོ།
This section is included in phyag rgya chen po rang babs rnam pa gsum
ན་མོ་གུ་རུ་ཝེ།
མགོན་པོའི་སྟེང་དུ། རྩ་བ་དང་རྒྱུད་པའི་བླ་མ་རྣམས་དང་། ཁྱད་པར་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་ནག་པ་ལ་དམར་བའི་མདངས་ཆགས་པ་གཡས་ཌ་མ་རུ་སྒྲ་དང་བཅས་པ། ༼ངོ་བོར་ལམ་དུ་འཁྱེར། རང་བཞིན་གཞོམ། བཟང་ངན་ཐམས་ཅད་སྟོང་ལ་༽ གཡོན་ཀ་པཱ་ལ་བདུད་རྩིས་གང་བ། གྲུ་མོ་ན་ཁ་ཊྭཱཾ་ཀ །སྐུ་གར་སྟབས་སུ་བཞུགས་ཤིང་རུས་པའི་བརྒྱན་དང་ལྡན་པ་སྒོམ་མོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པར་བསམ། དེ་དག་ལ་དངོས་སུ་བཤམས་པའི་མཆོད་པ་དང་གཏོར་ཚོགས་དང་གསེར་གྱི་མཎྜལ་ཕུལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་གསོལ་གདབ་པ་ནི།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་དམ་པ་རྣམས་དང་། ཡི་དམ་ལྷ་ཚོགས་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི། རྩ་བ་དང་རྒྱུད་པར་བྱས་པའི་བླ་མ་དམ་པ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་རླབ་དུ་གསོལ། དམ་པ་ཆོས་སྐྱོང་པའི་བསྲུངས་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། ཅེས་ལན་གསུམ་གྱིས་སོལ་བ་གདབ་བོ། །ངོ་སྤྲོད་ཀྱི་སྔོན་འགྲོའོ།
།རྒྱུད་བླ་ལ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཅེས་སོ།
Integration
ན་མོ་གུ་རུ།
རྟོག་པ་ལམ་དུ་འཁྱེར་བ་ནི། རྟོག་པ་ཅི་སྐྱེས་ཐམས་ཅད་ལ་ལྟ་སྟངས་ཀྱི་རྣམ་རྟོག་སྐྱེས་པ་ཤེས་པར་བྱས་ལ་མཉམ་པར་བཞག་གོ
།སྣང་བ་ལམ་དུ་ཁྱེར་བ་ནི། རི་རབ་དང་། རྡུལ་ཕྲ་རབ། སེམས་ཅན་ཆེ་ཆུང་ལ་སོགས་པ་གང་ཡིན་པ་གཅིག་གི་སྟེང་དུ་ལྟ་སྟངས་ཀྱིས་མཉམ་པར་བཞག་གོ
།སྒྲ་ལམ་ཁྱེར་ནི། འདོ་གང་རུང་ལ་སྐད་ཆེ་བ་ཆུང་བ་སྣ་ཚོགས་ཀྱིས་གདོན་ནོ། །སྐབས་སྐབས་སུ་རླུང་རོ་བུད་དོ། །དེ་ནས་རླུང་འཛིན་པས། རྒྱུས་ཡོད་དམ། རྒྱུས་མེད་ཀྱི་སྣོད་བཅུད་ཡིད་ཀྱིས་བསམས་ལ་རླུང་ཉེར་གཅིག་ཚང་བ་དང་ཅུང་ཟད་བཏང་ལ་བཞག་གོ །དེ་ནས་སྣོད་བཅུད་ལ་སོགས་གང་ལས་བྱུང་ཐག་གཅད་ཏེ། དེ་ནས་ཡང་རླུང་འཛིན་པས་མྱ་ངན་ལས་འདས་པ་དང་རིགས་དྲུག་ཡིད་ཀྱིས་བསམས་ལ་རླུང་ཉེར་གཅིག་ཚང་བ་དང་ཅུང་ཟད་ཉུལ། དེ་ནས་གཅད་དོ། །རིགས་དྲུག་དང་མྱང་འདས་རེ་རེ་ལ་ཡང་གོང་བཞིན་དུ་བྱེད་པ་ནི་རྒྱས་པའི་ལུགས་ཡིན་གསུང་ངོ་། །གཅད་པའི་རྗེས་ལ་ཅུང་ཟད་ཉུལ། ཉམས་ངོས་ཟིན་པར་བྱའོ། །དེ་ནས་རང་གི་སེམས་ཉིད་ཡོད་མེད་མཐའ་གཅད་དོ། །སྐབས་སུ་ཅུང་ཟད་རང་བབས་ལ་བཞག་གོ །ཉམས་ཤེས་པར་བྱའོ། །རྒྱུན་གྱི་ཉམས་ལེན་རང་བབས་ཀྱི་སྟེང་དུ་འཇོག་པ་ཡིན་ནོ། ཨྀཐི། དགེའོ།
This section is linked to phyag rgya chen po rtogs mi rtog
བླ་མ་རྣམས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་རྟོག་མི་རྟོག་འདི་ལ་དོན་ལྔ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲ་དོག
།དང་པོ་ལ་གསུམ། གཞི་ལ་སྟོབས་སྐྱེད། ལམ་ལ་བརྒྱན་གདགས། འབྲས་བུ་ལ་མངོན་དུ་གྱུར་པའོ།
།དང་པོ་ལ་གསུམ། བག་ལ་མ་ཞ་བ། རྩལ་རྫོགས་པ། ལས་མ་བསགས་པའོ།
།དང་པོ་ནི་འདོད་ཆགས་ལྟ་བུ་ཡིད་ཡུལ་དུ་བསམས་ནས་བག་ལ་མ་ཞ་བར་སློང་བའོ།
།གཉིས་པ་ནི་ཆགས་པའི་རྩལ་ཇི་ཙམ་ཡོད་པ་བློ་ལ་རྫོགས་སུ་འཇུག་པའོ།
།གསུམ་པ་ནི་དངོས་སུ་ལས་བསགས་ན་ཉོན་མོངས་པར་འགྱུར་བས་དངོས་སུ་ལོངས་མི་སྤྱོད་ཅིང་ཡིད་ལ་བསམ་པའོ།
།ལམ་ལ་བརྒྱུན་བཏགས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་བདག་ལ་སྨིན་ནས་སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག །ཅེས་ཡིད་ལ་བསམ་ཞིང་ངག་དུ་བརྗོད་པར་བྱའོ།
།འབྲས་བུ་ལ་མངོན་དུ་གྱུར་པ་ནི། ཕྱག་རྒྱ་ཆེན་པོའི་རང་བབས་རྣམ་པ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་བཞག་པས་འདོད་ཆགས་གསལ་སྟོང་འཛིན་མེད་དུ་འཆར་བར་འགྱུར་རོ།
།ཡང་ན་འདོད་ཆགས་ཀྱི་ངོ་བོ་ལ་ཁ་ནང་དུ་ལོག་ནས་ལྟས་པས་ཆགས་པ་རང་གི་སེམས། སེམས་ཀྱི་ངོ་བོ་སྟོང་བ། དེ་སྐྱེ་འགག་གནས་གསུམ་དང་བྲལ་བར་སྐྱེ་མེད་གཅིག་ཆོག་དུ་རྟོགས་པའོ། །ཞེ་སྡང་ལ་སོགས་པ་བཞི་པོའང་དེས་མཚོན་ནས་ཤེས་པར་བྱའོ། །འབྲས་བུ་མཐར་ཐུག་ལ་ཉོན་མོངས་པ་ལྔ་པོ་ཡེ་ཤེས་ལྔར་འཆར་བར་འགྱུར་རོ།
།དེ་ཡང་། ཆོས་སྐུ་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །ཞེས་སོགས་དང་།
ས་ར་ཧས། གང་མ་སྤངས་ཤིང་གོས་མེད་ཡེ་ཤེས་ལྡན།