Difference between revisions of "Mgon po'i gtor sgrub"
(3 intermediate revisions by the same user not shown) | |||
Line 3: | Line 3: | ||
|Tibetan Title=དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ། | |Tibetan Title=དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ། | ||
|Wylie Title=dpal ye shes mgon po'i gtor sgrub | |Wylie Title=dpal ye shes mgon po'i gtor sgrub | ||
− | |Subject=Chadrupa | + | |Subject=Chadrupa |
+ | |SubTopics=Torma ritual | ||
+ | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095346%7CW23922 BDRC W23922] | ||

− | ༈ དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བཞུགས་སོ།།
༈ ༼ད༽ བླ་མ་དང་མགོན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
| + | ༈ དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བཞུགས་སོ།།

༈ ༼ད༽ བླ་མ་དང་མགོན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།དཔལ་མགོན་པོའི་གཏོར་སྒྲུབ་བྱ་བར་འདོད་པས་མཎྜལ་གྲུ་བཞིའི་སྟེང་དུ་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པ་ལ། སྣོད་ཐོད་པའི་མ་ཀ་ཏེ་རའི་ནང་དུ་ཟན་དང་། ཤ་དང་། ཆང་དང་། ཁྲག་ལ་སོགས་པའི་གཏོར་མ་བཟང་པོ་མཎྜལ་དེའི་སྟེང་དུ་བཞག་ནས། དེའི་མཐའ་མཆོད་པ་རྣམ་པ་ལྔས་བསྐོར་ཏེ། དེ་ནས་རང་སྟན་བདེ་བ་ལ་འདུག་སྟེ། སྤོས་སྦྱར་མ་སྲེགས་ལ། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནས་སྣང་བ་འདི་སྟོང་པར་བསྒོམ། དེའི་ངང་ནས་གཏོར་མ་འདི་མི་དམིགས་པ་ལས་གཏོར་གཞོང་དེའི་ནང་དུ་པཾ་དམར་སེར་གཅིག་བསམ། དེ་ཞུ་བ་ལས་རིན་པོ་ཆེ་པདྨའི་སྣོད་རྒྱ་ཆེ་བ་གཅིག་བསམ། དེའི་ནང་དུ་རྫས་ཚོ་དམིགས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གཏོར་མའི་རྫས་དེ་རྣམས་བདུད་རྩིར་གྱུར་པ་བསམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་མདུན་གྱི་བདུད་རྩི་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་མདུན་དུ་མགོན་པོ་བསྐྱེད་ལ། དེའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱི་ལྷོ་ཤར་ནས་ཡེ་ཤེས་པ་སྤྱན་དྲངས་ནས་མདུན་གྱི་དེ་ལ་བསྟིམས་ནས་དབང་བསྐུར་རྒྱས་བཏབ། སྐུ་གསུང་ཐུགས་བྱིན་རླབས་བྱས་ཀྱང་ལེགས། མ་བརླབས་ཀྱང་ཆོག་གོ་གསུངས། དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་འཁོར་ལོ་ཞལ་དུ་འཁོར་ཞིང་བཟླས་པ་བྱ། ཡང་རང་གི་སྙིང་ག་ནས་ཧཱུྃ་ཡོད་པ་ལ་འོད་ཟེར་དམར་སྨུག་བརྒྱུས་ནས་ཡོད་པ་བཞིན་དུ་བསམ། དེ་ནས་སྦྲུལ་འཁྱིལ་བ་བཞིན་དུ་ཧཱུྃ་ལ་འཁྲིལ་ནས་བྱུང་ནས་རང་གི་སྙིང་ག་ནས་ཁོའི་ཞལ་ཁོའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བར་བསམ་ལ། སྔགས་རིང་བཟླས་སོ། །སྔགས་ལ་འོད་ཟེར་དམར་ལ་སྨུག་པ་ཁྲོ་བོ་འཕྲོས་ནས། བདག་ལ་གནོད་པར་བྱེད་པའི་དགྲ་བགེགས་དང་། ནད་གདོན་དང་། བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ། བསྲེགས་པར་བསམ་ཞིང་བཟླས་པ་བྱའོ།
།སྔགས་རིང་དགྲའི་མིང་རུས་བཅུག་སྟེ་སྔགས་མང་དུ་བཟླས་ལ་འཕྲིན་ལས་བཅོལ་བ་ནི། སྤོས་སྦྱར་མ་སྲེགས་ལ་དབང་གི་ལས་འདི་སྒྲུབས་ཤིག་བྱས་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་ཁོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོད་ཀྱི་སྣ་ལ་འོད་ཟེར་འཕྲོས་པས་ལས་ཀྱི་མགོན་པོ་དཔག་ཏུ་མེད་པ་བྱུང་ཞིང་། ནམ་མཁའ་དང་ས་གཞི་བར་མཚམས་མེད་པར་ཁེངས་པར་བསམ་ལ། དགྲ་བགེགས་དེའི་སྐེ་ནས་ཞགས་པས་བཟུང་ནས་རང་གི་མདུན་དུ་བསྐྱུར་བར་བསམ། དེའི་མགོ་དང་། མགྲིན་པ་དང་། སྙིང་ག་གསུམ་དུ་ཁ་ཊྭཱཾ་རྩེ་གསུམ་བརྒྱབ་པར་བསམ་ཞིང་། གྲི་གུག་གིས་བྲང་གཤགས་པར་བསམ་ལ། ཕྲེང་བ་ཅན་གྱིས་དོན་ལྔ་བཏོན་ནས་ཐོད་པ་ཅན་གྱིས་འཛུད་པར་བསམ། ཌཱ་མ་རུ་དཀྲོལ་བས་འཁོར་གྱི་མཁའ་འགྲོ་དང་གཞན་ཡང་འཁོར་རྣམས་དབང་དུ་འདུས་ནས་ཤ་ཁྲག་དམར་ཙིར་ཙིར་གསོལ་བར་བསམ། ལྷག་མ་རྣམས་འཁོར་གྱི་གསོལ་བར་བསམ། དེས་ཐུགས་དགྱེས་པ་ལ་རང་གང་འདོད་ཀྱིས་གསོལ་བ་གདབ། གཏོར་མ་དང་མར་མེ་ལ་སྤོས་གཙུགས་པ་སྒྲ་དང་བཅས་པས་མཆོད་པར་དབུལ་ཞིང་བསྟོད་པ་བྱའོ། །དེ་ནས་ཨོཾ་ཨཱཿཧཱུྃ་མུཿཡེ་ཤེས་པ་གཤེགས་ལ་དམ་ཚིག་པ་བསྡུ། གཏོར་མ་དེ་ཡི་དྭགས་སམ་དགྲའི་ཕྱོགས་སུ་བཏང་ངོ་། །ཡང་ན་མཚམས་རང་བཅད་ནས་བྱེད་ན་གཏོར་མ་གོང་བཞིན་བྱས་ལ། གཏོར་མ་ཆུང་ངུ་གཅིག་ཀྱང་བཤམས་ནས་གཏོར་མ་ཆེ་བ་དེ་ལ་བྱིན་བརླབས་བྱས་ལ་བཞག མགོན་པོ་བསྐྱེད་ལ། །གཏོར་མ་ཆུང་ངུ་ནུབ་རེ་བཞིན་བཏང་ལ། ང་ཡི་འཕྲིན་ལས་ནམ་འགྲུབ་པ་དང་གཏོར་མ་ཆེ་བ་དེ་ཡང་དབུལ་ལོ་བྱས་གཏར་བཟུང་། མཐེབ་སྐྱུ་རེ་རེས་གཏོར་མ་ཆེ་བ་དེ་ཁ་གསོ། ལྷ་མི་གཤེགས་པར་སྤྱན་དྲངས་ཤིང་རྩ་སྔགས་ཉིས་སྟོང་ཙམ་རེ་བཟླས། གཞན་སྔགས་རིང་ཁོ་ན་བཟླས་པ་མན་ངག་ཡིན་གསུངས་སོ། །འདི་ཡིས་དུས་སུ་བདག་གི་དོན་གང་ཡིན་པ་འདི་སྒྲུབས་ཤིག་ཅེས་གསོལ་བ་དྲག་ཏུ་བཏབ་བོ། །དེ་ནས་དུས་བཟང་པོར་སྐར་མ་བཟང་པོ་ལ་བཏང་ལ་ལིངྒ་མང་དུ་བྱས་ཏེ་དགུགས་འདྲེན་གྱིས་གོང་བཞིན་སྤྱན་དྲངས། ཡང་ཡང་གཏོར་མ་ཆེན་པོ་དེ་སྟབས་ལ་གོང་བཞིན་དུ་གསོལ་བ་བཏབ་པ་དང་། འཕྲིན་ལས་བཅོལ་བ་དང་། ལྷ་གཤེགས་སུ་གསོལ་བ་དང་། གཏོར་མ་བཏང་བར་བྱའོ།
།གཏོར་སྒྲུབ་བྱ་བའི་ཐབས་སོ། །ཨྀཐིཿ
གཏོར་སྒྲུབ་བྱ་ཐབས་ཀྱི་ཡི་གེ་འདི་ཤངས་པའི་ཡིག་རྙིང་གཅིག་ཡིན་པར་ཤངས་པའི་དཔེ་སྐོར་ཕལ་ཆེ་ན་འདུག །མཛད་པ་པོ་སུ་ཡིན་བླ་མ་རྣམས་ལ་ཡང་གསུང་རྒྱུན་མི་སྣང་། གཏོར་སྒྲུབ་དང་གཏོར་ཆེན་གྱི་ཁྱད་པར་ཞིབ་ཏུ་མ་ཕྱེད་པའི་འདྲེས་མ་གཅིག་སྣང་། མི་མཁས་པ་ཙམ་གཅིག་གིས་བྱས་པ་འདྲ་སྙམ་པའི་རྟོག་པ་སྐྱེས་ཤིང་། གཞན་དེ་འདྲ་བའི་ཡི་གེ་རྙིང་པ་འགའ་རེ་སྣང་ངོ་།། |
Latest revision as of 17:44, 9 February 2020
Resource ID | SCv11p51 |

Title | dpal ye shes mgon po'i gtor sgrub |
Topics | Chadrupa |
Sub-Topics | Torma ritual |
Link | BDRC W23922 |
༈ དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བཞུགས་སོ།།
༈ ༼ད༽ བླ་མ་དང་མགོན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།དཔལ་མགོན་པོའི་གཏོར་སྒྲུབ་བྱ་བར་འདོད་པས་མཎྜལ་གྲུ་བཞིའི་སྟེང་དུ་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པ་ལ། སྣོད་ཐོད་པའི་མ་ཀ་ཏེ་རའི་ནང་དུ་ཟན་དང་། ཤ་དང་། ཆང་དང་། ཁྲག་ལ་སོགས་པའི་གཏོར་མ་བཟང་པོ་མཎྜལ་དེའི་སྟེང་དུ་བཞག་ནས། དེའི་མཐའ་མཆོད་པ་རྣམ་པ་ལྔས་བསྐོར་ཏེ། དེ་ནས་རང་སྟན་བདེ་བ་ལ་འདུག་སྟེ། སྤོས་སྦྱར་མ་སྲེགས་ལ། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནས་སྣང་བ་འདི་སྟོང་པར་བསྒོམ། དེའི་ངང་ནས་གཏོར་མ་འདི་མི་དམིགས་པ་ལས་གཏོར་གཞོང་དེའི་ནང་དུ་པཾ་དམར་སེར་གཅིག་བསམ། དེ་ཞུ་བ་ལས་རིན་པོ་ཆེ་པདྨའི་སྣོད་རྒྱ་ཆེ་བ་གཅིག་བསམ། དེའི་ནང་དུ་རྫས་ཚོ་དམིགས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གཏོར་མའི་རྫས་དེ་རྣམས་བདུད་རྩིར་གྱུར་པ་བསམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་མདུན་གྱི་བདུད་རྩི་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་མདུན་དུ་མགོན་པོ་བསྐྱེད་ལ། དེའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱི་ལྷོ་ཤར་ནས་ཡེ་ཤེས་པ་སྤྱན་དྲངས་ནས་མདུན་གྱི་དེ་ལ་བསྟིམས་ནས་དབང་བསྐུར་རྒྱས་བཏབ། སྐུ་གསུང་ཐུགས་བྱིན་རླབས་བྱས་ཀྱང་ལེགས། མ་བརླབས་ཀྱང་ཆོག་གོ་གསུངས། དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་འཁོར་ལོ་ཞལ་དུ་འཁོར་ཞིང་བཟླས་པ་བྱ། ཡང་རང་གི་སྙིང་ག་ནས་ཧཱུྃ་ཡོད་པ་ལ་འོད་ཟེར་དམར་སྨུག་བརྒྱུས་ནས་ཡོད་པ་བཞིན་དུ་བསམ། དེ་ནས་སྦྲུལ་འཁྱིལ་བ་བཞིན་དུ་ཧཱུྃ་ལ་འཁྲིལ་ནས་བྱུང་ནས་རང་གི་སྙིང་ག་ནས་ཁོའི་ཞལ་ཁོའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བར་བསམ་ལ། སྔགས་རིང་བཟླས་སོ། །སྔགས་ལ་འོད་ཟེར་དམར་ལ་སྨུག་པ་ཁྲོ་བོ་འཕྲོས་ནས། བདག་ལ་གནོད་པར་བྱེད་པའི་དགྲ་བགེགས་དང་། ནད་གདོན་དང་། བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ། བསྲེགས་པར་བསམ་ཞིང་བཟླས་པ་བྱའོ།
།སྔགས་རིང་དགྲའི་མིང་རུས་བཅུག་སྟེ་སྔགས་མང་དུ་བཟླས་ལ་འཕྲིན་ལས་བཅོལ་བ་ནི། སྤོས་སྦྱར་མ་སྲེགས་ལ་དབང་གི་ལས་འདི་སྒྲུབས་ཤིག་བྱས་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་ཁོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོད་ཀྱི་སྣ་ལ་འོད་ཟེར་འཕྲོས་པས་ལས་ཀྱི་མགོན་པོ་དཔག་ཏུ་མེད་པ་བྱུང་ཞིང་། ནམ་མཁའ་དང་ས་གཞི་བར་མཚམས་མེད་པར་ཁེངས་པར་བསམ་ལ། དགྲ་བགེགས་དེའི་སྐེ་ནས་ཞགས་པས་བཟུང་ནས་རང་གི་མདུན་དུ་བསྐྱུར་བར་བསམ། དེའི་མགོ་དང་། མགྲིན་པ་དང་། སྙིང་ག་གསུམ་དུ་ཁ་ཊྭཱཾ་རྩེ་གསུམ་བརྒྱབ་པར་བསམ་ཞིང་། གྲི་གུག་གིས་བྲང་གཤགས་པར་བསམ་ལ། ཕྲེང་བ་ཅན་གྱིས་དོན་ལྔ་བཏོན་ནས་ཐོད་པ་ཅན་གྱིས་འཛུད་པར་བསམ། ཌཱ་མ་རུ་དཀྲོལ་བས་འཁོར་གྱི་མཁའ་འགྲོ་དང་གཞན་ཡང་འཁོར་རྣམས་དབང་དུ་འདུས་ནས་ཤ་ཁྲག་དམར་ཙིར་ཙིར་གསོལ་བར་བསམ། ལྷག་མ་རྣམས་འཁོར་གྱི་གསོལ་བར་བསམ། དེས་ཐུགས་དགྱེས་པ་ལ་རང་གང་འདོད་ཀྱིས་གསོལ་བ་གདབ། གཏོར་མ་དང་མར་མེ་ལ་སྤོས་གཙུགས་པ་སྒྲ་དང་བཅས་པས་མཆོད་པར་དབུལ་ཞིང་བསྟོད་པ་བྱའོ། །དེ་ནས་ཨོཾ་ཨཱཿཧཱུྃ་མུཿཡེ་ཤེས་པ་གཤེགས་ལ་དམ་ཚིག་པ་བསྡུ། གཏོར་མ་དེ་ཡི་དྭགས་སམ་དགྲའི་ཕྱོགས་སུ་བཏང་ངོ་། །ཡང་ན་མཚམས་རང་བཅད་ནས་བྱེད་ན་གཏོར་མ་གོང་བཞིན་བྱས་ལ། གཏོར་མ་ཆུང་ངུ་གཅིག་ཀྱང་བཤམས་ནས་གཏོར་མ་ཆེ་བ་དེ་ལ་བྱིན་བརླབས་བྱས་ལ་བཞག མགོན་པོ་བསྐྱེད་ལ། །གཏོར་མ་ཆུང་ངུ་ནུབ་རེ་བཞིན་བཏང་ལ། ང་ཡི་འཕྲིན་ལས་ནམ་འགྲུབ་པ་དང་གཏོར་མ་ཆེ་བ་དེ་ཡང་དབུལ་ལོ་བྱས་གཏར་བཟུང་། མཐེབ་སྐྱུ་རེ་རེས་གཏོར་མ་ཆེ་བ་དེ་ཁ་གསོ། ལྷ་མི་གཤེགས་པར་སྤྱན་དྲངས་ཤིང་རྩ་སྔགས་ཉིས་སྟོང་ཙམ་རེ་བཟླས། གཞན་སྔགས་རིང་ཁོ་ན་བཟླས་པ་མན་ངག་ཡིན་གསུངས་སོ། །འདི་ཡིས་དུས་སུ་བདག་གི་དོན་གང་ཡིན་པ་འདི་སྒྲུབས་ཤིག་ཅེས་གསོལ་བ་དྲག་ཏུ་བཏབ་བོ། །དེ་ནས་དུས་བཟང་པོར་སྐར་མ་བཟང་པོ་ལ་བཏང་ལ་ལིངྒ་མང་དུ་བྱས་ཏེ་དགུགས་འདྲེན་གྱིས་གོང་བཞིན་སྤྱན་དྲངས། ཡང་ཡང་གཏོར་མ་ཆེན་པོ་དེ་སྟབས་ལ་གོང་བཞིན་དུ་གསོལ་བ་བཏབ་པ་དང་། འཕྲིན་ལས་བཅོལ་བ་དང་། ལྷ་གཤེགས་སུ་གསོལ་བ་དང་། གཏོར་མ་བཏང་བར་བྱའོ།
།གཏོར་སྒྲུབ་བྱ་བའི་ཐབས་སོ། །ཨྀཐིཿ
གཏོར་སྒྲུབ་བྱ་ཐབས་ཀྱི་ཡི་གེ་འདི་ཤངས་པའི་ཡིག་རྙིང་གཅིག་ཡིན་པར་ཤངས་པའི་དཔེ་སྐོར་ཕལ་ཆེ་ན་འདུག །མཛད་པ་པོ་སུ་ཡིན་བླ་མ་རྣམས་ལ་ཡང་གསུང་རྒྱུན་མི་སྣང་། གཏོར་སྒྲུབ་དང་གཏོར་ཆེན་གྱི་ཁྱད་པར་ཞིབ་ཏུ་མ་ཕྱེད་པའི་འདྲེས་མ་གཅིག་སྣང་། མི་མཁས་པ་ཙམ་གཅིག་གིས་བྱས་པ་འདྲ་སྙམ་པའི་རྟོག་པ་སྐྱེས་ཤིང་། གཞན་དེ་འདྲ་བའི་ཡི་གེ་རྙིང་པ་འགའ་རེ་སྣང་ངོ་།།