Difference between revisions of "Lam 'khyer gsum gyi zhal gdams"

From Shangpa Resource Center

(15 intermediate revisions by the same user not shown)
Line 1: Line 1:

{{Text

{{Text
|Text ID=Sup2

|Text ID=Sup1

|Tibetan Title=ལམ་འཁྱེར་གསུམ་གྱི་ཞལ་གདམས།

|Tibetan Title=ལམ་འཁྱེར་གསུམ་གྱི་ཞལ་གདམས།

|Wylie Title=lam 'khyer gsum gyi zhal gdams

|Wylie Title=lam 'khyer gsum gyi zhal gdams

|Subject=Integration

|Subject=Integration

|SubTopics=Instructions

|SubTopics=Instructions

|BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (v.2p.256)]
[https://www.tbrc.org/#!rid=W8LS32723 BDRC W8LS32723]
[https://www.tbrc.org/#!rid=W8LS16295 BDRC W8LS16295 (p.512)]
[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p.336)]

༄༅། །ལམ་འཁྱེར་གསུམ་གྱི་ཞལ་གདམས།།

To input
དེ་ལ་ཇི་ལྟར་འདུག་ཀྱང་བླ་མའི་སྣང་པ་དང་མི་འབྲལ་བ་དང་། མོས་གུས་རྒྱུན་ཆད་མེད་པ་བྱས་པས། སྣང་པ་ཐམས་ཅད་བླ་མར་ཤེས། བླ་མ་སེམས་སུ་ཤེས། སྣང་པ། བླ་མ། སེམས་གསུམ་བྱེར་མེད་དུ་ཤེས། དེ་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པའོ།དེ་ལ་ཇི་ལྟར་འདུག་ཀྱང་ཡི་དམ་གྱི་སྣང་པ་དང་མི་འགྲལ་བ་དང་། དད་གུས་རྩེ་གཅིག་ཏུ་བྱས་པས་སྣང་པ་ཐམས་ཅད་ལྷར་ཤེས། ལྷ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་ཤིང་འཆར་བར་འགྱུར་རོ། སྣང་པ་སེམས་སུ་བསྒོམ། སེམས་ཡི་དམ་དུ་བསྒོམ། ཡི་དམ་སྒྱུ་མ་རྨི་ལམ་དུ་བསྒོམ། ཡང་སྣང་པ་སེམས་སུ་བསྒོམ། སེམས་བླ་མར་བསྒོམ། བླ་མའི་དྲིན་བསམས་ལ་བདུན་རྣམ་དག་གིས་ཚོགས་བསག །སྙིང་ཁོང་རུས་པའི་གཏིང་ནས་མོས་པ་དང་གུས་པས་གསོལ་བ་བཏབ། རང་ཤར་ངོས་བཟུང་། མདོར་ན་མྱུར་དུ་འཆི་བ་ཡིན་བསམས་ལ། སེམས་བསྐྱེད། རང་ཡི་དམ་དུ་བསྒོམས་པའི་སྤྱི་གཙུག་ཏུ་བླ་མའི་སྤྲོ་བསྡུ་བྱས་ནས། གསོལ་བ་གོང་བཞིན་བཏབ་པའི་་་ལ། སྣང་པ་ཐམས་ཅད་སེམས། སེམས་བླ་མ་ཡི་དམ་དེ་རྣམས་རྨི་ལམ་དུ་འདུག །གཉིད་དུ་སོང་འདུག །རྨི་ལམ་འདི་མེད་བཞིན་སྣང་པས་སྒྱུ་མ། སྒྱུ་མ་རང་གི་སེམས། སེམས་དང་སྒྱུ་མའི་སྣང་པ་དབྱེར་མེད་པ། སངས་རྒྱས་ཀྱིས་མ་གཟིགས་པ། སྐྱེ་རྒ་ན་འཆི། འཁོར་བ་མྱང་འདས་ཀུན་དང་བྲལ་བའི་ངང་ལ་བཞག་གོ། མ་ངྒ་ལཾ།། །།

༄༅། །ལམ་འཁྱེར་གསུམ་གྱི་ཞལ་གདམས།།

དེ་ལ་ཇི་ལྟར་འདུག་ཀྱང་། བླ་མའི་སྣང་བ་དང་མི་འབྲལ་བ་དང་། མོས་གུས་རྒྱུན་ཆད་མེད་པར་བྱས་པས། སྣང་བ་ཐམས་ཅད་བླ་མར་ཤེས། བླ་མ་སེམས་སུ་ཤེས། སྣང་བ། བླ་མ། སེམས་གསུམ་བྱེར་མེད་དུ་ཤེས། དེ་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་པའོ།
།དེ་ལ་ཇི་ལྟར་འདུག་ཀྱང་། ཡི་དམ་གྱི་སྣང་བ་དང་མི་འགྲལ་བ་དང་། དད་གུས་རྩེ་གཅིག་ཏུ་བྱས་པས་སྣང་བ་ཐམས་ཅད་ལྷར་ཤེས། ལྷ་སེམས་སུ་ཤེས། སེམས་གསལ་སྟོང་བདེ་ཆེན་སྐུ་གསུམ་དུ་ཤེས་ཤིང་འཆར་བར་འགྱུར་རོ།
།སྣང་བ་སེམས་སུ་བསྒོམ། སེམས་ཡི་དམ་དུ་བསྒོམ། ཡི་དམ་སྒྱུ་མ་རྨི་ལམ་དུ་བསྒོམ། ཡང་སྣང་བ་སེམས་སུ་བསྒོམ། སེམས་བླ་མར་བསྒོམ། བླ་མའི་དྲིན་བསམས་ལ་བདུན་རྣམ་དག་གིས་ཚོགས་བསག །སྙིང་ཁོང་རུས་པའི་གཏིང་ནས་མོས་པ་དང་། གུས་པས་གསོལ་བ་བཏབ། རང་ཤར་ངོས་བཟུང་། མདོར་ན་མྱུར་དུ་འཆི་བ་ཡིན་པར་བསམས་ལ། སེམས་བསྐྱེད། རང་ཡི་དམ་དུ་བསྒོམས་པའི་སྤྱི་གཙུག་ཏུ་བླ་མའི་སྤྲོ་བསྡུ་བྱས་ནས། གསོལ་བ་གོང་བཞིན་བཏབ་པའི་རྗེས་ལ། སྣང་བ་ཐམས་ཅད་སེམས། སེམས་བླ་མ་ཡི་དམ། དེ་རྣམས་རྨི་ལམ་དུ་འདུག །གཉིད་དུ་སོང་འདུག །རྨི་ལམ་འདི་མེད་བཞིན་སྣང་བས་སྒྱུ་མ། སྒྱུ་མ་རང་གི་སེམས། སེམས་དང་སྒྱུ་མའི་སྣང་བ་དབྱེར་མེད་པ། སངས་རྒྱས་ཀྱིས་མ་གཟིགས་པ། སྐྱེ་རྒ་ན་འཆི། འཁོར་བ་མྱང་འདས་ཀུན་དང་བྲལ་བའི་ངང་ལ་བཞག་གོ། མངྒ་ལཾ།། །།

Latest revision as of 09:20, 4 December 2021

Resource ID Sup1
Title lam 'khyer gsum gyi zhal gdams
Topics Integration
Sub-Topics Instructions
Link BDRC W3CN18508 (v.2p.256)
BDRC W8LS32723
BDRC W8LS16295 (p.512)
BDRC W4CZ58783 (p.336)