Difference between revisions of "Bongshö Riwoché"
Line 6: | Line 6: | ||
|Notes=Ruined | |Notes=Ruined | ||
W8224: [[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]པས་བཙུགས་པ་སྔ་ཐོག་ཤངས་ལུགས། བར་དུ་རྙིང་མ་བྱང་གཏེར། ཕྱིས་ཤེལ་ཆོས་[[བླ་མ་ལེགས་པ་དོན་གྲུབ་]]ཀྱིས་དགེ་ལུགས་སུ་བསྒྱུར་བ་ནས་བླ་རབས་དང་གྲྭ་རྒྱུན་དགོན་མ་དང་མཚུངས། བླ་མ་མཆོད་པ་དང་དབུ་མའི་ལྟ་ཁྲིད་སོགས་བྱེད། ཨང་གཉིས་གྲྭ་པ་ཉི་ཤུ་རྩ་བདུན་སྐོར།

| W8224: [[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]པས་བཙུགས་པ་སྔ་ཐོག་ཤངས་ལུགས། བར་དུ་རྙིང་མ་བྱང་གཏེར། ཕྱིས་ཤེལ་ཆོས་[[བླ་མ་ལེགས་པ་དོན་གྲུབ་]]ཀྱིས་དགེ་ལུགས་སུ་བསྒྱུར་བ་ནས་བླ་རབས་དང་གྲྭ་རྒྱུན་དགོན་མ་དང་མཚུངས། བླ་མ་མཆོད་པ་དང་དབུ་མའི་ལྟ་ཁྲིད་སོགས་བྱེད། ཨང་གཉིས་གྲྭ་པ་ཉི་ཤུ་རྩ་བདུན་སྐོར།

− | W1KG26279: དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་[[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]གྱིས་བཏབ་པའི་དགོན་པ་བོང་ཤོད་རི་བོ་ཆེར་ཆོས་ལུགས་དང་པོ་ཤངས་ལུགས་ཡོད་པ་ཕྱིས་རྙིང་མ་བ་སེར་ཁྱིམ་ལྟ་བུར་ཡོད་ཅེས་འཁོད་པ་བཞིན་དགོན་འདི་ནི་ཐོག་མར་[[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]གྱིས་བཏབ་གནང་བའི་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཞིག་དང༌། དེའི་རྗེས་ཙམ་དུ་རྙིང་མ་བྱང་གཏེར་འཛིན་པའི་སེར་ཁྱིམ་འགའ་ཞིག་གིས་དགོན་གནས་བཟུང་བ། | + | W1KG26279: དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་[[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]གྱིས་བཏབ་པའི་དགོན་པ་བོང་ཤོད་རི་བོ་ཆེར་ཆོས་ལུགས་དང་པོ་ཤངས་ལུགས་ཡོད་པ་ཕྱིས་རྙིང་མ་བ་སེར་ཁྱིམ་ལྟ་བུར་ཡོད་ཅེས་འཁོད་པ་བཞིན་དགོན་འདི་ནི་ཐོག་མར་[[ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་]]གྱིས་བཏབ་གནང་བའི་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཞིག་དང༌། དེའི་རྗེས་ཙམ་དུ་རྙིང་མ་བྱང་གཏེར་འཛིན་པའི་སེར་ཁྱིམ་འགའ་ཞིག་གིས་དགོན་གནས་བཟུང་བ། དེ་ནས་མཁན་ཆེན་ལེགས་དོན་ཉིད་ཀྱིས་དགེ་ལུགས་ཁ་(ཁད་)གཙང་དུ་བསྒྱུར་ནས་དགེ་ལུགས་ཀྱི་ཆོས་སྤྱོད་རགས་རིམ་དང་མཁས་གྲུབ་དགེ་ལེགས་ཀྱི་(ཀྱིས་)མཛད་པའི་ཕྱག་དྲུག་པའི་བསྐང་གསོ་དང་བླ་མ་མཆོད་པ་སོགས་བཙུགས་ཞེས་འཁོད་པ་ལྟར་ཕྱིས་རྒྱལ་མཆོག་ལྔ་པ་ཆེན་པོས་[[བླ་མ་ལེགས་པ་དོན་གྲུབ་]]ཉིད་ཤེལ་དཀར་ཆོས་སྡེ་དགེ་ལུགས་ཁད་གཙང་དུ་བསྒྱུར་བའི་མཁན་པོར་བསྐོ་བཞག་མཛད་རྗེས། ཞི་བྱེད་ཀྱི་བརྒྱུད་འཛིན་ཆོས་ལུང་དགོན་དགེ་ལུགས་སུ་བསྒྱུར་བ་དང༌། རྫི་བོ་དགོན་དུ་རབ་བརྟན་ཆོས་ལུང་ཞེས་པའི་དགེ་ལུགས་ཀྱི་མོ་དགོན་བཙུགས་པ། དེ་རྣམས་དང་འདྲ་བར་བོང་ཤོད་རི་བོ་ཆེ་འདི་ཡང་དགེ་ལྡན་པའི་ལུགས་སུ་བསྒྱུར་ནས་ཤེལ་དཀར་ཆོས་སྡེའི་དགོན་ལག་ཏུ་སྦྱོར་འཇགས་མཛད་ཅིང་། དགེ་ལུགས་པའི་ཆོས་སྤྱོད་རགས་རིམ་དང་། [[མཁས་གྲུབ་དགེ་ལེགས་དཔལ་བཟང་]]གི་ཕྱག་དྲུག་པའི་བསྐང་གསོ། བླ་མ་མཆོད་པ་སོགས་ཀྱང་བཙུགས། དགོན་འདི་ནི་[[དིང་རི་རྫོང་]]གི་བུམ་ཆུ(ལྷོ་རོང་ཆོས་འབྱུང་དུ་བོང་ཆུ་ཞེས་འཁོད)རྒྱུག་ཁུལ་གྱི་ཕྱོགས་སུ་གནས་པ་སྟེ། དེང་[[གཞིས་ཀ་རྩེ་]]ས་གནས་[[དིང་རི་རྫོང་]]ཚ་སྐོར་ཡུལ་ཤོག་[[འཇའ་ལུང་]]གྲོང་ཚོའི་ཁོངས་སུ་གནས། སྤྱི་ལོ་1698ལོར་དགོན་འདིར་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་བདུན་སྐོར་ཡོད།

− | + | སྔར་དགོན་འདིར་སངས་རྒྱས་རབས་བདུན་གྱི་སྣང་བརྙན་དང་། [[Rahula|གྲུབ་ཆེན་རཱ་ཧུ་ལ]]། [[Khyungpo Neljor|མཁས་གྲུབ་ཁྱུང་པོ་རྣལ་འབྱོར]]། ཙན་དན་ལས་གྲུབ་པའི་ཡིད་བཞིན་གྱི་མགོན་པོ་ཕྱག་དྲུག་པ། སེར་ཟངས་ཀྱི་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། དཔེ་རྒྱུན་དཀོན་རིགས་རྙིང་མ་སྔགས་འབུམ་པོ་ཏི་ཉེར་གཅིག སྒྲིགས་ཤིང་ཙན་དན་དཀར་པོ། ལག་བྲིས་ཀྱི་ཡུམ་པོ་ཏི་བཅུ་གཉིས་ཆ་ཚང་གཅིག བརྒྱད་སྟོང་པ་གསེར་བྲིས་དངུལ་བྲིས་སོགས་ཀྱི་ནང་རྟེན་རྩ་ཆེན་དུ་མ་བཞུགས་ཡོད་པ་ཡང་། དེ་ཁུལ་གྱི་ཤོད་རྒྱུན་ཞིག་ཏུ་ཤེལ་དཀར་ཆོས་སྡེའི་ནང་རྟེན། འཛམ་གླིང་གསུམ་གཅིག་ལྷག་ལ། །[[འཇའ་ལུང་རི་ཆེ]]འི་ནང་རྟེན། །ས་སྟེང་འདི་ན་མིན་འདུག་ཅེས་སུ་གྲགས་པ་ལྟར། ས་གསུམ་ཁྱོན་ལ་རྙེད་པར་དཀའ་བའི་[[འཇའ་ལུང་རི་བོ་ཆེ]]འི་ནང་རྟེན་དེ་དག་མང་ཆེ་བ་རིག་གསར་སྐབས་རྩ་གཏོར་དུ་སོང་བ་དང་། འགའ་ཞིག་རྐུ་ཇག་གིས་བཅོམ་སྟེ་ཇོ་བོའི་སྐུ་བརྙན་རྩ་ཆེན་ཞིག་ཀྱང་རང་རྒྱལ་གྱི་ས་མཚམས་བརྒལ་ནས་ཕྱི་གླིང་ཡུལ་གྲུར་དངུལ་ལོར་གྱི་ཚབ་ཏུ་ཕེབས་དགོས་བྱུང་བ་སོགས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་མང་དག་ཅིག་ཐོས་ཀྱང་འདིར་ཞིབ་པར་མ་བཀོད་དོ།། | |

Revision as of 16:24, 14 February 2021
Resource ID | G33 |

Place Type | Monastery |
Coordinates | 28°32'50.00"N 86°48'48.00"E |
Links |
Name Variants
bong shod ri bo che
bod shod ri bo che
'ja' lung ri bo che
History
Notes
RuinedW8224: ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་པས་བཙུགས་པ་སྔ་ཐོག་ཤངས་ལུགས། བར་དུ་རྙིང་མ་བྱང་གཏེར། ཕྱིས་ཤེལ་ཆོས་བླ་མ་ལེགས་པ་དོན་གྲུབ་ཀྱིས་དགེ་ལུགས་སུ་བསྒྱུར་བ་ནས་བླ་རབས་དང་གྲྭ་རྒྱུན་དགོན་མ་དང་མཚུངས། བླ་མ་མཆོད་པ་དང་དབུ་མའི་ལྟ་ཁྲིད་སོགས་བྱེད། ཨང་གཉིས་གྲྭ་པ་ཉི་ཤུ་རྩ་བདུན་སྐོར།
W1KG26279: དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་གྱིས་བཏབ་པའི་དགོན་པ་བོང་ཤོད་རི་བོ་ཆེར་ཆོས་ལུགས་དང་པོ་ཤངས་ལུགས་ཡོད་པ་ཕྱིས་རྙིང་མ་བ་སེར་ཁྱིམ་ལྟ་བུར་ཡོད་ཅེས་འཁོད་པ་བཞིན་དགོན་འདི་ནི་ཐོག་མར་ཁྲ་སྟོན་པ་བྱང་ཆུབ་རྒྱལ་མཚན་གྱིས་བཏབ་གནང་བའི་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཞིག་དང༌། དེའི་རྗེས་ཙམ་དུ་རྙིང་མ་བྱང་གཏེར་འཛིན་པའི་སེར་ཁྱིམ་འགའ་ཞིག་གིས་དགོན་གནས་བཟུང་བ། དེ་ནས་མཁན་ཆེན་ལེགས་དོན་ཉིད་ཀྱིས་དགེ་ལུགས་ཁ་(ཁད་)གཙང་དུ་བསྒྱུར་ནས་དགེ་ལུགས་ཀྱི་ཆོས་སྤྱོད་རགས་རིམ་དང་མཁས་གྲུབ་དགེ་ལེགས་ཀྱི་(ཀྱིས་)མཛད་པའི་ཕྱག་དྲུག་པའི་བསྐང་གསོ་དང་བླ་མ་མཆོད་པ་སོགས་བཙུགས་ཞེས་འཁོད་པ་ལྟར་ཕྱིས་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་མ་ལེགས་པ་དོན་གྲུབ་ཉིད་ཤེལ་དཀར་ཆོས་སྡེ་དགེ་ལུགས་ཁད་གཙང་དུ་བསྒྱུར་བའི་མཁན་པོར་བསྐོ་བཞག་མཛད་རྗེས། ཞི་བྱེད་ཀྱི་བརྒྱུད་འཛིན་ཆོས་ལུང་དགོན་དགེ་ལུགས་སུ་བསྒྱུར་བ་དང༌། རྫི་བོ་དགོན་དུ་རབ་བརྟན་ཆོས་ལུང་ཞེས་པའི་དགེ་ལུགས་ཀྱི་མོ་དགོན་བཙུགས་པ། དེ་རྣམས་དང་འདྲ་བར་བོང་ཤོད་རི་བོ་ཆེ་འདི་ཡང་དགེ་ལྡན་པའི་ལུགས་སུ་བསྒྱུར་ནས་ཤེལ་དཀར་ཆོས་སྡེའི་དགོན་ལག་ཏུ་སྦྱོར་འཇགས་མཛད་ཅིང་། དགེ་ལུགས་པའི་ཆོས་སྤྱོད་རགས་རིམ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཕྱག་དྲུག་པའི་བསྐང་གསོ། བླ་མ་མཆོད་པ་སོགས་ཀྱང་བཙུགས། དགོན་འདི་ནི་དིང་རི་རྫོང་གི་བུམ་ཆུ(ལྷོ་རོང་ཆོས་འབྱུང་དུ་བོང་ཆུ་ཞེས་འཁོད)རྒྱུག་ཁུལ་གྱི་ཕྱོགས་སུ་གནས་པ་སྟེ། དེང་གཞིས་ཀ་རྩེ་ས་གནས་དིང་རི་རྫོང་ཚ་སྐོར་ཡུལ་ཤོག་འཇའ་ལུང་གྲོང་ཚོའི་ཁོངས་སུ་གནས། སྤྱི་ལོ་1698ལོར་དགོན་འདིར་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་བདུན་སྐོར་ཡོད།
སྔར་དགོན་འདིར་སངས་རྒྱས་རབས་བདུན་གྱི་སྣང་བརྙན་དང་། གྲུབ་ཆེན་རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཙན་དན་ལས་གྲུབ་པའི་ཡིད་བཞིན་གྱི་མགོན་པོ་ཕྱག་དྲུག་པ། སེར་ཟངས་ཀྱི་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། དཔེ་རྒྱུན་དཀོན་རིགས་རྙིང་མ་སྔགས་འབུམ་པོ་ཏི་ཉེར་གཅིག སྒྲིགས་ཤིང་ཙན་དན་དཀར་པོ། ལག་བྲིས་ཀྱི་ཡུམ་པོ་ཏི་བཅུ་གཉིས་ཆ་ཚང་གཅིག བརྒྱད་སྟོང་པ་གསེར་བྲིས་དངུལ་བྲིས་སོགས་ཀྱི་ནང་རྟེན་རྩ་ཆེན་དུ་མ་བཞུགས་ཡོད་པ་ཡང་། དེ་ཁུལ་གྱི་ཤོད་རྒྱུན་ཞིག་ཏུ་ཤེལ་དཀར་ཆོས་སྡེའི་ནང་རྟེན། འཛམ་གླིང་གསུམ་གཅིག་ལྷག་ལ། །འཇའ་ལུང་རི་ཆེའི་ནང་རྟེན། །ས་སྟེང་འདི་ན་མིན་འདུག་ཅེས་སུ་གྲགས་པ་ལྟར། ས་གསུམ་ཁྱོན་ལ་རྙེད་པར་དཀའ་བའི་འཇའ་ལུང་རི་བོ་ཆེའི་ནང་རྟེན་དེ་དག་མང་ཆེ་བ་རིག་གསར་སྐབས་རྩ་གཏོར་དུ་སོང་བ་དང་། འགའ་ཞིག་རྐུ་ཇག་གིས་བཅོམ་སྟེ་ཇོ་བོའི་སྐུ་བརྙན་རྩ་ཆེན་ཞིག་ཀྱང་རང་རྒྱལ་གྱི་ས་མཚམས་བརྒལ་ནས་ཕྱི་གླིང་ཡུལ་གྲུར་དངུལ་ལོར་གྱི་ཚབ་ཏུ་ཕེབས་དགོས་བྱུང་བ་སོགས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་མང་དག་ཅིག་ཐོས་ཀྱང་འདིར་ཞིབ་པར་མ་བཀོད་དོ།།