Difference between revisions of "Bdag med ma'i nang khrid"
Line 8: | Line 8: | ||
|BDRC link=[http://purl.bdrc.io/resource/MW22103 BUDA MW22103 (p.459)] | |BDRC link=[http://purl.bdrc.io/resource/MW22103 BUDA MW22103 (p.459)] | ||

− | བདག་མེད་མའི་ནང་ཁྲིད།
གསང་སྒྲུབ་ཌཱ་ཀིའི་གདམས་པ་འདི། །ཕྱི་མོ་བླ་མའི་ཕྱག་དཔེ་ལ། །ཞུས་ཞིང་དག་པར་བགྱིས་པ་འདིས། | + | བདག་མེད་མའི་ནང་ཁྲིད།
གསང་སྒྲུབ་ཌཱ་ཀིའི་གདམས་པ་འདི། །ཕྱི་མོ་བླ་མའི་ཕྱག་དཔེ་ལ། །ཞུས་ཞིང་དག་པར་བགྱིས་པ་འདིས། །སྐལ་ལྡན་ལམ་མཆོག་འདི་ཕྲད་ནས། །ཚེ་འདིར་རྡོ་རྗེ་འཛིན་ཐོབ་ཤོག
བདག་མེད་མའི་ནང་ཁྲིད།
།བླ་མ་༼རྡོ་རྗེ་འཆང་། སུ་ཁ་མ་སིདྡྷི། རྨོག་ཅོག་པ། སྐྱེར་སྒང་པའོ།༽དམ་པ་རྣམས་ལ་ཕྱག་འཚལ་ལོ།
།སློབ་དཔོན་ཨརྱཱ་དེ་ཝའི་དོན་རྒྱུད་བླ་མ་ཤངས་པ་ནས་རྒྱུད་པ་འདི་ལ་དོན་གཉིས་ཏེ། ལྟ་བས་ཁྲོག་འདོན་པ་དང་། རླུང་གི་ཁྲོག་འདོན་པའོ།
།དང་པོ་ལྟ་བས་ཁྲོག་འདོན་པ་ནི། རང་གི་གསང་བའི་རྡོ་རྗེ་ནོར་བུའི་ནང་དུ་ཨེ་དམར་པོ་བསམ། དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། དེའི་ནང་དུ་ཨ་དཀར་པོ་གཅིག་བསམ། དེ་ནས་ཆོས་འབྱུང་ཨ་དང་བཅས་པ་རླུང་བག་ཙམ་གྱིས་མར་དྲངས་ཤིང་ལྟེ་བའི་དབུས་སུ་བསླེབས་པ་དང་ཨེ་དེ་བདག་མེད་མར་གྱུར་པར་བསམ། དེའི་ཐུགས་ཁར། ཨེ་དཀར་པོ་གཅིག་བསམ། དེ་ལ་དམིགས་ལ་ངག་ཏུ་ཨ་ཉི་ཤུ་རྩ་གཅིག་བརྗོད་པས་ཨ་ཨ་དེ་འོད་དུ་ལམ་ལམ་འདུག་པར་བསམ་མོ།
།ཨ་དེ་ཡོད་ན་མེ་ཡི་སོར་མོའི་ཕྲེང་བ་ལ་བགྲང་། མེད་ན་རང་གི་སོར་མོའི་ཕྲེང་བ་ལ་བགྲང་ངོ་།
།ཡང་གཞན་ལུས་ལ་བརྟེན་ནས་ཆགས་ལམ་ཉམས་སུ་ལེན་ན་དེ་ཉིད་ཀྱིས་ནི་བསྡམ་པར་བྱ། ཞེས་བཤད་པས་ཡང་སྔར་བཞིན་རྡོ་རྗེའི་བུམ་པའི་ནང་དུ་ཆོས་འབྱུང་ཨ་དང་བཅས་པ་གཅིག་བསམ། ཨ་དེ་བདག་མེད་མར་གྱུར་པར་བསྒོམ། དེ་ནས་ཕྱག་རྒྱ་མཚན་ལྡན་མ་ལ་སྲུབ་པ་དང་བསྲུབ་པའི་སྦྱོར་བ་བྱས་པས་བདེ་བ་གནས་ནས་འཕགས་པ་དང་། ཨ་ལོང་དྲག་པོར་བསྡམ། རྒྱུ་སྨད་འུབས་ཀྱིས་བསྡུས་ཏེ་གསུས་པ་སྒལ་བ་ལ་སྦྱར་ནས་སྟེང་རླུང་བག་ཙམ་མནན་རླུང་འོག་དྲག་པོར་བཟུང་སྟེ་ཡར་དྲངས་པ་དང་། རྡོ་རྗེ་བདག་མེ་མ་ཆོས་འབྱུང་དུ་སྐྱེས་པ་ཡར་ནར་གྱིས་དྲངས་ཏེ་ལྟེ་བར་བྱོན་པ་དང་དེའི་ཐུགས་ཁར་འོད་ཟེར་ཁ་དོག་ལྔ་ལམ་ལམ་ཡོད་པར་བསམས་ལ་དེ་ལེ་སེམས་བཟུང་ནས་བདེ་བའི་ཉམས་ལ་གནས་པར་བྱའོ།
།དེ་ནས་ལྟེ་བའི་བདག་མེད་མའི་ཐུགས་ཁ་ནས་ཨ་དཀར་པོ་གཅིག །སྤྱི་བོ་ནས་ཡར་ཕྱུར་གྱིས་ཐོན་ནས་སོང་བ་དང་། སྟོང་པ་ཉིད་དུ་ལྷན་གྱིས་༼ནམ་མཁའ་རིག་མེད་སྟོང་པའི་དོན་ཡང་བསྒོམ་༽ཞི་བར་བསམས་ལ། དེ་ནས་གང་ཡང་ཡིད་ལ་མི་བྱེད་པར་ཕྱག་རྒྱ་ཆེན་པོ་སྐྱེ་མེད་ཀྱི་དོན་ལ་བཞག ལྟ་བ་རང་བཞིན་རྣམ་དག་ལ་ཤེས་རབ་ཀྱིས་དཔྱད་པར་བྱ་སྟེ། ཡུམ་ལས་རྙེད་པའི་བདེ་བ་དེ་ཉིད་ཀྱི་རང་བཞིན་ལ་བལྟས་ནས་ཅི་ཡང་གྲུབ་པ་མེད། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྟོང་བ་ཉིད། སྟོང་ཙམ་ཉིད་ནའང་བདེ་བ་མ་འགགས་ཏེ་ཉམས་སུ་མྱོང་བར་གནས་པ་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་སེམས་གནས་པར་བྱའོ།
།དེའི་ཉམས་དེ་ཉིད་ཕྱི་རོལ་ཡུལ་སྣང་ལ་ཡང་ཁྱབ་པར་བྱས་ལ་དང་བོས་སྣང་གྲགས་ཀྱི་ཆོས་ཅིར་སྣང་ཅི་ཤར་ཡང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེའི་ངང་ལ་ལྷན་ལྷན་བཤག་གོ
།དེ་ལས་ལྟེ་བའི་བདག་མེད་མའི་ཐུགས་ཁའི་འོད་ཟེར་ཁ་དོག་ལྔ་བོ་དེ་ཕྱིར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ། དེ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྣང་བར་བྱས་ལ། འདི་དག་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན། མས་གསུམ་གཉིད་ལོག་པའི་རྨི་ལམ་དང་། ད་ལྟར་གྱི་སྣང་བ་འདི་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་དེ། མི་བདེན་རྫུན་པའི་རང་བཞིན་ཅན་ཡིན་སྙམ་དུ་བསམ་མོ།
།དེ་ནས་རང་གི་སྤྱི་བོར་དཔལ་དགྱེས་པ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་སྐྱ། གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་གཅིག་བསམ། ཡང་རང་གི་རྡོ་རྗེ་ནོར་བུའི་བུམ་པར་ཆོས་འབྱུང་གི་ནང་དུ་ཨ་དཀར་པོ་གཅིག་བསམ། དེ་ལ་དམིགས་ནས་ལུས་གཡས་སུ་གཅུས་གཡོན་དུ་གཅུས་པས་སྙིང་གར་བསླེབས་པར་བསམ། ཡང་གཅུས་པས་མགྲིན་པ། ཡང་གཅུས་པས་སྤྱི་བོར་བསླེབས་པ་དང་། ཨ་དེ་བདག་མེད་པར་གྱུར་ཏེ། བདག་མེད་མ་དེས་ཡབ་དགྱེས་རྡོར་ལ་དཀྱིལ་ཀྲུང་ཕྱེད་ཀྱིས་འཁྱུད་དེ་མཉམ་པར་སྦྱར་བས་བདེ་སིང་བྱུང་བར་བསམ་པ། ངག་དུ་སློབ་དཔོན་བཱིར་ཝ་པ་ཧཱུྃ། སུ་ཁ་མ་སིདྡྷི་ཧཱུྃ། ཞེས་དེ་སྐད་བྱས་ལ་སོགས་པ་གདབ། དེ་ནས་ཨོཾ་ཨཱ་སྭཱ་ཧཱ། ཞེས་བཟླས་སོ།
།གཉིས་པ་རླུང་གི་ཁྲོག་འདོན་པ་ནི། རང་གི་སྤྱི་བོར་ཨེ་དམར་བ་གཅིག་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་བསྒོམ། དེའི་ནང་དུ་ཨ་ནག་པོ་གཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་བདག་མེད་མ་གཅིག་ཏུ་བསམ། དེའི་སྨིན་ཕྲག་ནས་ཨ་དཔག་ཏུ་མེད་པ་འཕྲོས་པས་ནམ་མཁའི་ཁམས་ཐམས་ཅད་ཁེངས་པ་དང་། ཨ་དེ་རྣམས་རྗེ་བཙུན་བདག་མེད་མར་གྱུར་པར་བསམ། བདག་མེད་མ་དེ་རྣམས་ཀྱི་སྨིན་ཕྲག་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས་སྤྱི་བོའི་རྗེ་བཙུན་མའི་སྨིན་ཕྲག་ནས་ཞུགས། དབུ་མ་བརྒྱུད། པད་མ་ནས་བྱོན་ཏེ་འོག་གི་གདན་ཆོས་འབྱུང་གི་ནང་དུ་བབས་ནས་མེ་རེ་རེ་ཁེངས་པ་དང་། ཡར་འདུས་ཏེ། བདག་གི་སྤྱི་བོའི་ཚངས་བུག་ནས་མར་སོང་བས་ལུས་ཁེངས་ཏེ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སངས་སངས་དག་པར་བསྒོམ། དེ་ནས་ནམ་མཁའི་བདག་མེས་མ་དེ་སྤྱི་བོའི་རྗེ་བཙུན་མ་ལ་ཐིམ། རྗེ་བཙུན་མ་གདན་ཆོས་འབྱུང་ལ་ཐིམ། ཆོས་འབྱུང་བདག་གི་ལུས་ལ་ཐིམ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སིང་གིས་སྐྱེ་བར་བསྒོམ། གཞན་ལ་རྗེ་བཙུན་མའི་དབང་བསྐུར་ན། གཏོར་ཚོགས་དང་འབྲེལ་བར་བྱའོ།
།ཡང་རང་གི་ལྟེ་བར་ཆོས་འབུང་གི་ནང་དུ་བདག་མེད་མ་གཅིག་བསམ། དེའི་ཐུགས་ཁར་ཨེལུང་ཁ་དོག་ལྔ་བའམ། རླུང་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཐམས་ཅད་སངས་ཀྱིས་སྦྱངས་ཏེ་དག་པར་བསམ་མོ། །དེ་བཞིན་དུ་རླུང་ཁ་དོག་དཀར་པོས་གཏི་མུག་སྦྱངས། སྔོན་པོས་ཞེ་སྡང་སྦྱངས། སེར་པོས་ང་རྒྱལ་སྦྱངས། ལྗང་གུས་ཕྲག་དོག་སྦྱངས་ཏེ། ཉོན་མོངས་པ་དུག་ལྔ་སངས་ཀྱིས་སྦྱངས་ཤིང་དག་པར་བསམ་མོ།
།ཡང་རང་ལ་ཡི་དགས་ཀྱི་གནོད་པ་ཡོད་ན་རང་གི་སྣ་བུག་ནས་རླུང་དྲག་པོ་བུས་པའམ། ཡང་ན་ཞི་བ་དལ་བུས་ཕྱིར་བུས་པའི་རླུང་གིས་རང་གི་གནོད་བྱེད་མདུན་དུ་རང་དབང་མེད་པར་བཀུག་ལ། དེ་ནས་སྣ་བུག་ནས་རླུང་སྔོ་སྐྱ་གཅིག་གིས་གནོད་བྱེད་དེ་ཡར་དྲངས་ཏེ་སྣ་བུག་གཡས་ནས་ཞུགས་ནས་རང་གི་ལྟེ་བའི་བདག་མེད་མའི་ལྟེ་བར་ཆོས་འབྱུང་བསམ་པའི་ནང་དུ་གནོད་བྱེད་བཅུག་ལ་དཀྲུག་པར་བསམ་ཞིང་། ལུས་གཅུ་བ་དང་། བཀྱོག་པ་དང་། སྤྲུག་པ་ལ་སོགས་པ་བྱའོ།
།དེ་ནས་ཡང་གནོད་བྱེད་དེ་སྣ་བུག་ནས་ཕྱིར་བཏོན་པ་དེ་ལ་སྙིང་རྗེ་བསྒོམ། གཏོར་མ་བཏང་། སྐྱབས་འགྲོ་སེམས་བསྐྱེད་བྱ། དེ་ནས་རང་གི་སྣ་བུག་ནས་རླུང་ཕྱིར་བུས་པས་རླུང་གིས་གནོད་བྱེད་ཕུལ་བས་ཕྱིའི་རྒྱ་མཚོའི་འགྲམ་ན་ཕར་ལ་བསྐྲད་པར་བསམ་མོ།
།ཡང་རང་གི་ལྟེ་བར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། དེའི་ནང་དུ་ཨ་དཀར་པོ་དཀར་སིང་ངེ་བ་གཅིག་བསམ། དེ་ལས་རླུང་སྔོན་པོ་ཡར་འཕྲོས་ཏེ་སྟོད་ཁེངས་པ་དང་ཉོན་མོངས་པ་དུག་ལྔ་སངས་དག་པར་བསྒོམ། མར་འཕྲོས་སྨད་ཁེངས་པ་དང་། ཉོན་མོངས་པ་འདོད་ཆགས་སངས་དག་པར་བསྒོམ། ལུས་གཡས་གཡོན་དུ་གཅུས་པ་དང་། དྲག་ཏུ་གཅུ་པ་དང་། ཤིན་ཏུ་དྲག་ཏུ་གཅུ་པ་ལ་དུག་ལྔ་དང་། དེས་བསྐྱེད་པའི་ནད་གདོན་ཐམས་ཅད་གདོན་པར་བསམ་མོ།
།ཡང་རང་གི་ཐུགས་ཁར་ཐིག་ལེ་རྣམ་པ་ལྔ་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལུས་ཀྱི་ནང་ནས་ཡར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་ཁེངས་པ་དང་། ལུས་འོད་དང་བཅས་པ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་གྱིས་སོང་སྟེ་སྟོང་པ་ཉིད་དུ་སིང་གིས་སོང་བར་བསམ། ནད་པ་ལ་འདེབས་ན། ནད་པའི་སྙིང་ཁར་ཐིག་ལེ་རྣམ་པ་ལྔ་བོ་བསམས་ལ། སློབ་དཔོན་དང་ནད་པ་གཉིས་ཀས་སྔར་བཞིན་བསྒོམ། གཏོར་མའི་ནང་དུ་ཀླུ་སྨན་བཏབ་ལ་ནད་པ་ལ་གནོད་པའི་ཡི་དགས་ལ་སྦྱིན། ནད་པ་དང་གདོན་གཉིས་ཀ་ལ་སྙིང་རྗེས་དྲག་པོ་བསྒོམ་མོ།
།བདག་མེད་མས་ལུས་བྱིན་གྱིས་བརླབ་པའི་མན་ངག་ནི། རང་གི་ལུས་འདི་ཀེང་རུས་ཀྱི། ཕྱི་ན་ལྤགས། ཁྲག་ཆུ་སེར་དང་། ནང་གི་གློ་སྙིང་ནང་ཁྲོལ་གང་ཡང་མེད་པར་རུས་པའི་སྐུ་ཐོད་པ་དཀར་ཧྲིལ་ལེ་བ། མིག་ཁུང་ཧང་ངེ་། སོ་ཙེ་གེ་བ། རྩིབ་མ་ཤར་རེ་བ། སྒལ་རུས་དང་། རྐང་ནར་རེ་བ། བྲང་རུས་སྤྲལ་ལེ་བ་གཅིག་དུ་བསམ། དེའི་ནང་དུ་སྒལ་རུས་ལ་སྦྱར་བའི་ཚུལ་དུ་བདག་མེད་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་ནག་མོ་གཡས་གི་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པ། ཁ་ཊྭཱཾ་ག་མཆན་ཁུང་ན་བཅུག་པ། ཞབས་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་ཆོས་འབྱུང་དང་རོའི་གདན་ལ་བཞུགས་པ་གཅིག་བསམ། དེ་ནས་བདག་མེད་མའི་མཆན་ཁུང་གི་ཁ་ཊྭཱཾ་གའི་མ་རྩེའི་རྡོ་རྗེ་ཕྱེད་པད་མ་ལ་བླན་བཀན་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སིང་གིས་སྐྱེས་པར་བསམས་ལ། བདེ་བ་དེས་གནོད་བྱེད་འདྲེ་གདོན་ལ་སོགས་པ་ཐམས་ཅད་ལ་ཕོག་པས་བསྡུས་ཏེ་དེ་དག་ལ་བདེ་བ་དེས་ཁྱབ་པ་དང་། ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སིང་གིས་སྐྱེས་པར་བསམས་ལ། དེ་ཐམས་ཅད་རྨི་ལམ་ལྟ་བུ་ཡིན། མི་བདེན་རྫུན་པའི་རང་བཞིན་ཅན་ཡིན། དེ་བཞིན་དུ་དངོས་པོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན། བདེན་པར་གྲུབ་པ་གཅིག་ཀྱང་མེད་ཨང་སྙམ་དུ་བསམ་མོ།
།ཡང་གདོན་གནོད་བྱེད་དེ་རང་གི་མདུན་དུ་བསམས་ལ། དེའི་སྤྱི་བོར་བདག་མེད་མ་བདེ་བས་རྒྱས་པ་བསམ། དེའི་བདེ་བས་གནོད་བྱེད་དེ་ལ་ཁྱབ་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་གྱི་སྡོག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་གནོད་སེམས་རང་ཞི་ལ་སོང་བར་བསམ་མོ།
།བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་སྐད་ཅིག་དྲན་རྫོགས་ཀྱིས་ཡུམ་བདག་མེད་མར་བསམ། རིག་པ་ཤར་ནུབ་ཏུ་རྒྱུ་བའི་དུས་སུ། ཀླུའི་བུ་མོ་མཛེས་མས་བདག་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཕུལ་བར་བསམས་ལ། ངག་ཏུ་ཨོཾ་ཨཱ་སྭཱ་ཧཱ། ཞེས་བཟླས། དེ་བུམ་པའི་དབང་ཡིན། རིག་པ་བྱང་ནས་ལྷོར་རྒྱུ་བའི་དུས་སུ། བྲམ་ཟེའི་བུ་མོ་མཛེས་མས་ལུས་དང་། ལོངས་སྤྱོད་ཐམས་ཅད་ཕུལ་བར་བསམ། ཨོཾ་ཨཱ་སྭཱ་ཧཱ་བཟླས། དེ་གསང་བའི་དབང་ཡིན། དེ་བཞིན་དུ་ལྷོ་ནས་བྱང་དུ་གདོལ་བའི་བུ་མོས་བདག་ལ་རོ་བརྒྱ་དང་ལྡན་པའི་ཞལ་ཟས་སྣ་ཚོགས་ཕུལ་བར་བསམ། ཨོཾ་ཨཱ་སྭཱ་ཧཱ་བཟླས། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན། ནུབ་ནས་བྱང་དུ་རྒྱུ་བའི་དུས་སུ། དྲི་ཟའི་བུ་མོས་འདོད་པའི་ཡོན་ཏན་སྣ་ཚོགས་བདག་ལ་ཕུལ་བར་བསམས་ལ་ངག་ཏུ་ཨ་བཟླས་ཏེ་དབང་བཞི་བ་ཕྱག་རྒྱ་ཆེན་པོ་ཡིན་ནོ།
།རང་གི་ལྟེ་བའི་དབུས་སུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་དམར་སིང་ངེ་བ་གཅིག་བསམ། དེ་ནང་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བསམ། ཁྱད་པར་དུ་དམིགས་པའི་གདོན་རྣམས་བསམ། སྟེང་འོག་གི་རློང་རྣམས་བཟུང་ལ། ལུས་གནད་ལ་བོར་ཏེ་སྤྲུག །དེ་ནས་དེ་རྣམས་འོད་བཞིན་དུ་ཡལ་ཡལ་དུ་ཡལ་ཏེ། སྟོང་སངས་སོང་བར་བསམས་ལ་ཉལ། རྨི་ལམ་རང་ཟིན་དུ་འགྲོ་གསུངས་སོ།
ཡང་གོང་བཞིན་དུ་ལྟེ་བར་ཆོས་འབྱུང་གི་ནང་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན། གནོད་བྱེད་བསམས་ལ། འདི་རྣམས་མི་བདེན། རྫུན་པ་ཡིན། སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་བསམ། དེས་སྒྱུ་མ་རང་ཤར་དུ་འགྲོ་གསུངས་སོ།
།ཡང་རང་སྐད་ཅིག་གིས་ཡི་དམ་དགྱེས་མཛད་དུ་བསྐྱེད། དེའི་མདུན་དུ་བདག་མེད་མ་བསྐྱེད། དེ་ནས་བདག་མེད་མ་དེ་ཡབ་ལ་དཀྱིལ་ཀྲུང་ཕྱེད་ཀྱིས་འཁྱུད་པ་དང་། ཡུམ་གྱི་པད་མའི་ནང་དུ་ཀྵ་མགོ་ཕྱིར་བསྟན་པ་བསྒོམ། དེའི་འོག་ཏུ་ཕཏ་ཅིག་བསམ། རང་ཡབ་ཀྱི་རྡོ་རྗེའི་རྩེ་མོར་ཧཱུྃ་གཅིག་བསམ། དེ་ནས་རྡོ་རྗེ་པད་མ་མཉམ་པར་སྦྱར་བས་རྡོ་རྗེའི་ཧཱུྃ་དེ་པད་མའི་ཀྵ་ལ་རེག་རེག་འདུག་པ་དང་། བདེ་སིང་སིང་བྱུང་བར་བསྒོམ། དེ་ནས་ཧཱུྃ་དེས་ཀྵ་ཡིག་བཟུང་སྟེ་རྡོ་རྗེའི་ནང་ཡར་དྲངས་པས་ཕཊ་གྱིས་ཕྱིར་ཕུལ་བ་བཞིན་དུ་ཡར་ནར་གྱིས་བྱང་སྟེ། ལྟེ་བར་བསླེབས་པ་དང་དེ་ཡན་ཆད་དུ་བདེ་སིང་སིང་བྱུང་བར་བསམ་མོ།
།ཡང་རང་གི་མགོ་བོའི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ་ཨ་སྔོ་སྐྱ་གཅིག་བསམ། དེ་གྱུར་པ་ལས་བདག་མེད་མ་གཅིག་ཏུ་བསམ། དེའི་པད་མའི་ནང་དུ་ཨ་སྔོ་སྐྱ་རེ་འདུ་ལམ་ལམ་འདུག་པ་དང་། དེ་ལས་འོད་ཟེར་ཕར་འཕྲོས་པས་སེམས་ཅན་ཐམས་ཅད་དང་གནོད་བྱེད་ལ་ཕོག་སྟེ། དེ་དག་གིས་གཏི་མུག་སངས་ཀྱིས་སྦྱངས་ནས་དག་པར་བསམ་གསུངས། འོད་ཟེར་ཚུར་འདུས་པས་རང་གི་སྡིག་སྒྲིབ་སངས་ཀྱིས་དག་པར་བསྒོམ། ཨ་འོད་ཆེར་ལམ་ལམ་འདུག་པས་ཁྱད་པར་དུ་བདག་ལ་ཀླུ་གདོན་གྱི་གནོད་པ་ཐམས་ཅད་སངས་ཀྱིས་དག་པར་བསམ།
།བདག་མེད་མའི་བདེ་བ་འདུ་པའི་ཡན་ལག་ནི། རང་དཔལ་དགྱེས་མཛད་རྡོ་རྗེར་བསྒོམ། དེའི་ཐུགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་ནས་བདག་མེད་མ་བདེ་བ་རྒྱས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ། དེ་རྣམས་ཀྱི་བདེ་བ་རང་གི་སྤྱི་གཙུག་ན་མར་ཞུགས་ནས་སོང་བས་རང་གི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་དག་པར་བསམ། དེ་ནས་བདག་མེད་མ་བདག་ལ་དཀྱིལ་ཀྲུང་ཕྱེད་ཀྱིས་འཁྱུད་པས་བདེ་སིངས་པ་གཅིག་སྐྱེ་བར་བསམ། མདུན་གྱི་བདག་མེད་མ་དེ་རྣམས་ཀྱི་བདེ་བ་ཡུམ་གྱི་གསང་བ་དང་། ཡབ་ཀྱི་རྡོ་རྗེར་ཞུགས་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སིངས་ཀྱིས་སྐྱེས་པར་བསྒོམ་མོ། །དེ་ནས་མཁའ་འགྲོ་མ་བདག་གི་དབང་དུ་འདུའོ།
།ཡང་རང་གི་སྣའི་རྩེ་མོར་ཐིག་ལེ་དམར་པོ་གཡུང་དྲུང་རིས་སུ་དམར་སྒོ་རོ་རོ་འཁོར་བར་བསྒོམ། གསང་བའི་རྡོ་རྗེའི་རྩེ་མོ་ཐིག་ལེ་དཀར་པོ་གཅིག་བསྒོམ། སྣ་རྩེའི་ཐིག་ལེ་དམར་པོ་སྣའི་ནང་ནས་མར་སོང་སྟེ། དབུ་མ་བརྒྱུད་ནས་སྙིང་ཁར་བསླེབས་པ་དང་། རྡོ་རྗེའི་རྩེ་མོའི་ཐིག་ལེད་དཀར་པོ་ཡར་དྲངས་ཏེ། སྙིང་ཁར་བསླེབས་པས་ཐིག་ལེ་དཀར་པོ་དེ་དམར་པོ་ལ་ཐིམ་པས་བདེ་སིངས་ཀྱིས་བསྒོམ། དེ་ནས་ནམ་མཁའ་འགག་མེད་སྟོང་བ་ལས་རིག་བཅས་སེམས་ཀྱི་རྩ་བ་གཅུན། རྩ་བ་གཅུན་དང་ལྷུག་པར་ཞོག །ཅེས་པས་ལུས་ཀྱི་འཁྲུལ་འཁོར་༼དཀྱིལ་ཀྲུང་བཅས་ལ་ལ་ག་པ་གཡས་སོར་མོ་གསུམ་གདེངས་པ། གཡོན་སྡིགས་མཛུབ་ཐུགས་ཁར་འཛིན་པའོ།༽དང་ལྡན་པས་དབང་པོ་ལ་ཧུར་གདོན་རིག་པ་ལ་ངར་གདགས། ཤེས་པ་ལ་ཁྲོག་དབྱུང་། བཞིན་ལ་མདངས་བསྐྱེད་ལ། མདུན་གྱི་ནམ་མཁའ་ལ་མིག་ཧུར་གྱིས་བལྟས་ཏེ། མ་བཅོས་པ་སྤྲོས་བྲལ་གྱི་ངང་ལ་ཧུར་རེ་བཞག་གོ
།དོན་རྒྱུད་ཡི་གེར་བྲི་བར་འོས་མིན་ཡང་། བདག་དྲན་པ་ངན་པས་བཀོད་པ་ཡིན། བླ་མ་མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད། བདག་མེད་མའི་ནང་ཁྲིད་ཅེས་བྱ་བ། ཟབ་མོ་མཐར་ཐུག་པ་རྫོགས་སོ།། ཨྀཐི།།
དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོན་ཆེན་པོར། བླ་ན་མེད་པའི་རྒྱུད་རྡོ་རྗེའི་རྒྱལ་པོ་ལྔའི་དེ་ཁོ་ན་ཉིད་གསང་བའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་གླིང་ལག་དགུ་བཅུ་གོ་གཉིས་པ་ལེའུ་ཕྲན་ཉིས་བརྒྱ་དྲུག་ཅུ་རེ་ལྔ་བ་རྫོགས་སོ།། །། |
Revision as of 12:08, 21 February 2023
Resource ID | CN96 |

Title | bdag med ma'i nang khrid |
Topics | Six doctrines of Sukhasiddhi |
Sub-Topics | Nairatmya |
Associated Person | Bodong Cholé Namgyel |
Link | BUDA MW22103 (p.459) |

དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོན་ཆེན་པོར། བླ་ན་མེད་པའི་རྒྱུད་རྡོ་རྗེའི་རྒྱལ་པོ་ལྔའི་དེ་ཁོ་ན་ཉིད་གསང་བའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་གླིང་ལག་དགུ་བཅུ་གོ་གཉིས་པ་ལེའུ་ཕྲན་ཉིས་བརྒྱ་དྲུག་ཅུ་རེ་ལྔ་བ་རྫོགས་སོ།། །།