Difference between revisions of "Ni gu'i khrid yig bsdus pa"
Line 8: | Line 8: | ||
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095293%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O4CZ3003361KG81399%7CW1KG1286 BDRC W1KG1286]
[https://www.tbrc.org/#!rid=W1KG5786 BDRC W1KG5786] | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095293%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O4CZ3003361KG81399%7CW1KG1286 BDRC W1KG1286]
[https://www.tbrc.org/#!rid=W1KG5786 BDRC W1KG5786] | ||

− | ༄༅། །ནི་གུའི་ཁྲིད་ཡིག་བསྡུས་པ་བཞུགས་སོ།།

།མཁའ་འགྲོ་བྱེ་བའི་ཐུགས་ཀྱི་བཅུད། །ཆོས་དྲུག་སྙིང་པོའི་གདམས་པ་སྟེ། །གྲོལ་ལམ་ཟབ་མོ་བླ་ན་མེད། །ཐུན་མོང་མིན་གང་བྲི་བར་བྱ། །འདིར་རྒྱུད་སྡེ་ལྔའི་ཡང་སྙིང་ནི་གུ་ཆོས་དྲུག་བསྡུས་པ་ཉམས་ལེན་གནད་དུ་འགྲ་པ་བ་འདི་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ལས།
དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་བྱེད་ཨའི་སྟོང་རའོ།
།དང་པོ་ནི། མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་ཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། སྐུ་ལ་མཚན་དང་དཔེ་བྱེད་ཀྱི་སྤྲས་ཤིང་། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པར་བསམ། དེ་ལ་བདག་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱབས་ཞུ་བར་མོས་ཤིང་། བློས་ལིང་བཀལ་ཏེ་སྐྱིད་སྡུག་ཅི་བྱུང་རུང་བླ་མ་རང་མཁྱེན་སྙམ་པས།འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ལན་བདུན་སོགས་ཅི་རིགས་བྱ། མདུན་གྱི་བླ་མ་རྡོ་རྗེ་འཆང་དེ་འོད་དུ་ལྟེམ་གྱིས་བཞུ་སྟེ་རང་ལ་ཐིམ་པས། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུར་གྱུར་པར་བསམ་པའི་ངང་དེ་ཀ་ལ་ཧད་དེ་མཉམ་པར་བཞག །སེམས་བསྐྱེད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་དྲིན་ཅན་གྱི་ཕ་མར་མ་གྱུར་པ་མེད། འདི་རྣམས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་པས། ངག་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེའི་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གིས་ཟབ་ལམ་ནི་གུ་ཆོས་དྲུག་ཉམས་སུ་བླང་བར་བྱའོ། །ཞེས་ལན་གསུམ་ཙམ་བྱ།
།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་སྐུ་གཟི་མདངས་དང་ལྡན་པ། བདག་ལ་ད་དགྱེས་པའི་ཞལ་འཛུས་བག་དང་ལྡན་པ་ཞིག་བསྒོམས་ལ། ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། ཀླད་པ་གཏི་མུག་གི་རང་བཞིན་ཅན་སྦྱངས་ཏེ། ཐོད་པ་འཇའ་འོད་དཀར་པོའི་གུར་ཁྱིམ་ལྟ་བུ། དེའི་དབུས་སུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་རྩ་བ་ཕྲ་བ་མགྲིན་པར་ཟུག་པ།གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ཟུར་གཅིག་མཛོདེ་པུ་དང་། གཉིས་རྣ་ལྟག་གཡས་གཡོན་དུ་བསྟན་པ། དེའི་དབུས་སུ་ཨ་དཀར་པོ་འོད་འཕྲོ་བ། ཕྱེད་ཆོས་འབྱུང་གི་སྟེང་དུ་འཐོན་ཅིང་། ཕྱེད་ནང་དུ་ཆུད་པའི་ཚད་ཙམ་རྟེན་མེད་དུ་ལྡིང་བ་ལ་སེམས་གཏད་དེ་ཅི་ནུས་བསྒོམ། དེ་ནས་ཨ་དཀར་པོ་དེ་ལས་བདུད་རྩི་དཀར་པོའི་རྒྱུན་བྱུང་། ཆོས་འབྱུང་གང་དེ་ལུད་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ཐམས་ཅད་ཕྱིར་བདས་ཏེ་སྒོ་དགུ་དང་བ་སྦུའི་ཕུག་ནས་དེད་པའི་ཚུལ་གྱིས་དུད་ཁུའམ་སོལ་ཁུའི་རྣམ་པར་ནག་ནུར་རུ་རུ་ཐོན་པར་བསམ། ཡང་བདུད་རྩིས་ལུས་ཀྱི་ཕྱི་ན་མར་ཞལ་ཞལ་བྱུང་ནས་བཀྲུས་ནས་ས་འོག་ཐག་རིང་པོར་སོང་བར་བསམ། རང་ལུས་དཀར་ལ་དྭངས་པ་འཇའ་དཀར་པོ་ལྟ་བུར་བསམ་པ་ཅུང་ཟད་མཉམ་པར་གཞག །བདེ་ཆེན་འཁོར་ལོ་ཟླ་བའི་ཆ།
།སྐྱེ་མེད་ཡིག་འབྲུ་དམ་པ་ལས། །ཡེ་ཤེས་བདུད་རྩི་རྟག་བབས་པས། །སྒྲིབ་པའི་དྲི་མ་ཀུན་བཀྲུས་སོ།།

༈ དངོས་གཞི་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས།བར་དོ་རྒྱལ་བ་ལོངས་སྐུའོ།
།དང་པོ་ཐབས་ལམ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས།
སྔོན་འགྲོ་ལུས་གནད་མེའི་སྟོང་ར་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞིག་བསྒོམས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་གཡོན་ཅུང་ཟད་བསྐུམ་པས། མི་རོ་དཀར་པོ་མགོ་གཡས་སུ་བསྟན་པའི་སྙིང་ག་མནན་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན། རློན་པ་ལྔ་བཅུ་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། སྐུ་ལུས་ཀྱི་ནང་ཐམས་ཅད་ཁོང་སྟོང་དུ་བསམ། མེའི་གོང་བུ་དམར་ཞིང་ཚ་བ་བྱ་སྒོང་ཙམ་བཞི་ལྟེ་བའི་ཐད་ཀྱི་རྒྱབ་མདུན་མཁལ་མའི་ཐད་གཉིས་ཏེ་བཞིར་བསྒོམ། དེ་ལ་དམིགས་བཞིན་དུ་རླུང་རོ་ལན་གསུམ་འབུད།རླུང་དལ་བུས་ནང་དུ་རྔུབས་ལ། ལྟེ་བའི་འོག་ཏུ་ཚིར་གྱིས་མནན། ལྟེ་བ་ཅུང་ཟད་བསྐོར་བས་མེ་གོང་རྣམས་གཅིག་ལ་གཅིག་འཐབས་ཏེ། །མེ་སྟག་དམར་སྐྱས་ལུས་ཀྱི་ནང་ཐམས་ཅད་དམར་ཆིལ་བ་དང་ཚ་འུར་གྱིས་གང་བར་བསམ།གཉིས་པ་དངོས་གཞི་གཏུམ་མོ་ཟས་སུ་ཟ་བ་ནི། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་ན་མར་རྩ་དབུ་མ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ་མས་སྣ་ལྟེ་འོག་སོར་བཞིར་ཟུག་པ། ཡས་སྣ་ཚང་བུག་ཏུ་ཟུག་པ། མཚན་ཉིད་བཞི་ལྡན་ཏེ། དྲང་བ། སྲབ་པ། དྭངས་པ། དམར་བ་སྟེ་མཚན་ཉིད་བཞིའོ། །དེ་ཡང་ཁོང་སྟོད་དུ་གནས་པ། དེའི་གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་མོ། དེ་གཉིས་དབུ་མ་ལས་བུན་འགྲོས་ཀྱི་ཕྲ་བ། མས་སྣ་གཉིས་དབུ་མའི་ནང་དུ་ཅུང་ཟད་ཆུད་ཅིང་ཡས་སྣ་གཉིས་ཚངས་བུག་གི་འོག་ཐད་དུ་དབུ་མ་ལ་བཀབ་པའི་ཚུལ་གྱི་མདུན་དུ་གུག་ནས་ཅུང་ཟད་གྱེས་པ་སྣ་བུག་གཉིས་སུ་ཟུག་པ་དབུ་མའི་ནང་གི་ཡས་སྣར་ཧ༷་དཀར་པོ་མགོ་བོ་ཐུར་བསྟན། མས་སྣར་རམ་དམར་པོ་མགོ་གྱེན་བསྟན། གཤང་སྒོར་རླུང་རྨ་གི་དཀྱིལ་འཁོར་ཟླ་གམ་སྔོ་སྐྱ་རབ་ཏུ་གཡོ་བ་རྣམས་བསམ། རླུད་རོ་དགུ་ཕྲུགས་སུ་བུས། དལ་བུས་ནང་དུ་རྔུབས་ལ་ལྟེ་འོག་ཏུ་མནན། འོག་རླུང་ཟད་འཐེན་ལ་ཁ་སྦྱོར་བཟུང་བས་ལྟེ་བའི་ར༷་ལས་མེ་ཕྲ་ཞིང་རྣོ་བ་རིམ་གྱིས་འབར་བ་སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེ་དཀར་པོའི་རྒྱུན་བབས། ལྟེ་བར་འབར་འཛག་སྐྲ་ཤད་འཛིངས་པ་ལྟ་བུ་ལ་སེམས་གཏད། གསུམ་པ་རྗེས་སྲིད་པའི་དབང་ཞུ་བ་ནི། བླ་མ་རྡོ་རྗེ་འཆང་བསྐྱེད་པའི་བར་གོང་བཞིན། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དཔག་ཏུ་མེད་པ་ཡིད་ཀྱིས་སྤྲུལ་ལ་ཕུལ་བར་བསམ་ཞིང་། དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསལ་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ནས་ཞུགས་སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག ཁྲེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་གང་། བླ་མ་ཡང་འོད་དུ་ཞུ་རང་ལ་ཐིམ། ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག །དབང་བཞི་པ་ཐོབ་པར་བསམས་ལ་ཅུང་ཟད་མཉམ་པར་བཞག་གོ །ཐིག་ལེ་འབར་འཛག་དགའ་བཞིའི་འགྲོས། །བདེ་སྟོང་ཡེ་ཤེས་རྨད་བྱུང་ཆེ། །བསོད་ནམས་ཡེ་ཤེས་དབྱེར་མེད་པས། །སངས་རྒྱས་ལག་རྩེར་སྐད་ཅིག་ལའོ།།

༈ གཉིས་པ་སྒྱུ་ལུས་ནི། པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་།རློན་པ་ལྔ་བཅུའི་དོ་ཤལ་འཕྱང་ཞིང་རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞབས་གཡོན་ཅུང་ཟད་བསྐུམས་པས་འཇིགས་བྱེད་སྔོན་པོ་དང་། གཡས་བརྐྱངས་པས་དུས་མཚན་མ་དམར་མོ་མནན་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ལ་བསྟིམ། དེ་ནས་རིགས་དྲུག་སེམས་ཅན་རྣམས་ཡིད་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་སྒྲ་འུར་དིར་བར་བྱེད་པར་བསམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ།མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་གི་ལྟེ་བའི་ཐད་ཀྱི་ལུས་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཟུར་གཅིག་ལྟེ་བ་དང་། གཉིས་མཁལ་ཁུང་གཉིས་ཀྱི་ཐད་དུ་ཟུག་པ། དེ་ལ་སེམས་ཅུང་ཟད་གཏད་པས་ཆོས་འབྱུང་གི་ནང་དུ་འགྲོ་དྲུག་སེམས་ཅན་དཔག་ཏུ་མེད་ང་།ར་བྱུང་བར་བསམ། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཡིན། བདེན་མེད་ལ་བདེན་པར་བཟུང་ནས། འཁོར་བར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བ་ལས་ཐར་པར་བླ་མ་མཁྱེན་སྙམ་པ་བྱ། རིམ་གྱི་དེ་རྣམས་ཡལ་ནས་ཆོས་འབྱུང་སྟོང་སང་ངེ་བ་དང་། དེ་ཡང་ཡལ་བ་དང་། ཅི་ཡང་མི་བསམ་པར་མཉམ་པར་བཞག །སྣང་སྟོང་སྒྱུ་མའི་རྩིས་ཟིན་པས། གང་ཤར་ཐམས་ཅད་ལྷ་སྐུ་ཡིན། །སྒྱུ་མར་ཤེས་ན་སངས་རྒྱས་དང་། །དམྱལ་བ་ལ་ཡང་ཁྱད་ཅི་ཡོད།།

༈ གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་དྲུག་སྟེ། རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། ཡུལ་སྣང་བ་གཏན་ལ་དབབ་པའོ།
།དང་པོ་བཟུང་བ་ནི། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་ཡན་ཆད་སྒྱུ་ལུས་ཀྱི་སྐབས་བཞིན་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོ་བ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་ཁ་དོག་དཀར་པོ་སྦོམ་ན་ལག་ངར་ཙམ། ཕྲ་ན་སྦ་སྙུག་ཙམ། མས་སྣ་གསང་གནས་སུ་ཟུག་ཅིང་། ཡས་སྣ་མྱོངས་བུག་ཏུ་ཟུག་པ། ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ།དེའི་ཡས་སྣའི་ནང་དུ་ཧ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། མས་སྣའི་ནང་དུ་ཧཱུ་དམར་པོ་མགོ་བོ་གྱེན་དུ་ལྟ་བ་བསམ། སྤྱི་བོའི་ཧ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་ཆད་སྙིང་གར་བབས། གཏི་མུག་དག །མས་སྣའི་ཧཱུ་ལས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཆད། སྙིང་གར་སླེབ། འདོད་ཆགས་དག །དེ་གཉིས་སྙིང་གར་འཛོམས་པས་ཞེ་སྡང་རང་དག་ལ་སོང་བར་བསམ། རྨི་ལམ་འདུན་པ་དྲག་པོའི་ངང་ནས་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་ཐིག་ལེ་གཉིས་འབྲོས་འདེད་ཀྱི་ཚུལ་དུ་གཡས་སྐོར་དུ་འཁོར་ཞིང་། ཇི་ཞིག་ན་རེག་ཙམ་རེག་ཙམ་དང་། དེ་ནས་རེག་པས་ལུས་སེམས་བདེ་ཆིལ་ཆིལ་བ་དང་། མཐར་ཐིག་ལེ་གཉིས་གཅིག་ལ་གཅིག་ཐིམ་ནས་གཏད་མེད་དུ་ཡལ་བ་ལ་དམིགས་མེད་དུ་བཞག །འདི་རྨི་ལམ་རང་ཡིན་སྙམ་འདུན་པ་དྲག་པོ་བྱའོ། །ཐིག་ལེ་འཁོར་བ་བུམ་དབང་། རེག་པ་གསང་དབང་ལུས་སེམས་བདེ་ཆིལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཐའ་ཡལ་བ་དབང་བཞི་པའི་གནད་དང་འབྲེལ་བ་ཡིན།
གཉིས་པ་རྨི་ལམ་སྦྱང་བ་ནི།
གསོལ་འདེབས་སྐབས་ཟིན་པ་ཞེས་པའི་ཚབ་ཏུ་འབྱོངས་པར་མཛད་དུ་གསོལ།ཟེར་དགོས་ལ་གཞན་འདྲའོ། །རྨི་ལམ་གྱི་འདུན་པ་དྲག་པོས་གདོང་དུ་དངོས་པོ་ཅི་ཡོད་ལ་ཕར་ཐལ་ཚུར་ཐལ་དུ་འགྲོ་བ་དང་། གཞན་ཡང་ནམ་མཁའ་ལ་འཕུར་བ་དང་། ས་འོག་ལ་འཛུལ་བ་སོགས་ཅི་དྲན་དྲན་གྱིས་སྦྱོང་། འཇིགས་པ་དང་།སྐྱུག་བྲོ་བ་དང་། ངོ་ཚ་བ་དང་། ཡ་ང་བ་ཐམས་ཅད་ལ་ཐོག་བརྫིས་ཀྱི་དམིགས་པ་བྱ། སྤེལ་བ་སོགས་ལྷག་མ་ཆོས་ཚན་བཞི་པོ་རེ་ཞིག་བཞག་གོ །ཐབས་ཀྱི་གསང་བའི་འཁྲུལ་ཆེན་པོ། །འདུན་པས་སྐད་ཅིག་ཉིད་ལ་ཡང་། ཆོ་འཕྲུལ་དཔག་མེད་ཨ་འཐས་བྲལ། །འཁོར་བའི་རྒྱ་མདུད་ཡུད་ཀྱིས་གྲོལ།།

༈ བཞི་པ་འོད་གསལ་གཏི་མུག་རང་སངས་ལ། འོད་གསལ་བཟུང་བ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་གདན་བཞི་རྫོགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་རུས་རྒྱན་སྟག་ལྤགས་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན༴ །དགོས་མེད༴ །འོད་གསལ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་འདེབས། ལྷག་མ་སྔོན་འགྲོ་སྒྱུ་ལུས་དང་འདྲ། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་པོ་དེའི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བཞི་པ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཚོན་གང་བ། ཐུགས་ཀར་ཐིག་ལེ་སྲན་མ་ཙམ་དངུལ་ཆུའི་མདོག་ལྟ་བུ་འོད་འཕྲོ་བ།
ཧུ་གི་འོད་ཀྱིས་བླ་མ་གསལ་བར་བྱས། བླ་མའི་འོད་ཀྱིས་རང་ལུས་ཐམས་ཅད་གསལ་བར་བྱས་ཤིང་། ཧཱུཾ་ལ་སེམས་གཏད་ལ་མཉམ་པར་བཞག་གོ །གཏི་མུག་ན་བུན་ཚོགས་དེ་རྣམས། །འོད་གསལ་ནམ་མཁའི་དབྱིངས་སུ་ཞི།ཁམས་གསུམ་ཁྱབ་པའི་ཉི་འོད་འདིས། །སྨྲ་རྒྱུ་མེད་པའི་དོན་ཅིག་མཐོང་།།

༈ ལྔ་པ་འཕོ་བ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་སྒོམ་པའི་བར་སྒྱུ་ལུས་ཀྱི་སྐབས་བཞིན། གསོལ་འདེབས་ནི། བར་དོར་སངས་རྒྱ་བར་མཛད་དུ་གསོལ། ཞེས་འདོན་པ་སྤོས་ལ་གཞན་གོང་ལྟར་གསོལ་བ་བཏབ། ལུས་ཀྱི་ནང་དུ་རྩ་དབུ་མ་དཀར་ཞིང་དྭངས་པ་སྦོམ་ཕྲ་སྦ་ལྕག་ཙམ། མས་སྣ་གསང་གནས་ཟུག་ཅིང་ཁ་ཟུམ་པ། ཡས་སྣ་སྤྱི་བོའི་ཚངས་བུག་རྒྱ་མཐོང་ཁ་ཕྱེ་བ་ལྟར་སྐྱ་ཐལ་ལེ་བ་ཡོད་པ་ལ་ཟུག་ཅིང་འབྲེལ་བ། ཉེ་བའི་ཐད་ཀྱི་དབུ་མའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་གསལ་བ་རྩ་བ་ཐུར་དུ་ཟུག་པ། གདེངས་ཀ་གྱེན་དུ་བསྟན་པའི་ཟུར་གཅིག་ལྟེ་བ་དང་། གཉིས་གཡས་གཡོན་དུ་བསྟན། དེའི་དབུས་སུ་ཨ་དཀར་པོ་འདར་ཞིང་གཡོ་བ་འཕིར་ལ་ཁད་པ་ཞིག་བསམ། རླུང་རོ་ལན་གསུམ་འབུད། དེ་ནས་ནང་དུ་རྔུབས་དེ་ནས་ལྟེ་འོག་ཏུ་ཅུང་ཟད་མནན། འོག་རླུང་དྲག་ཏུ་འཐེན། རང་གི་ལྟོ་བ་སྒལ་ཚིགས་ལ་ལན་གསུམ་གདབ་པས། རླུང་གི་ཤུགས་དག་གིས་ཨ་དེ་མདའ་འཕངས་པ་བཞིན་དུ་དབུ་མའི་ནང་ཚངས་བུག་ནས་སྐྱ་རྒྱང་ཐོན། ནམ་མཁའ་ལ་ཡལ་གྱིས་སོང་བར་བསམ། དེ་ལྟར་ཡང་བདུན་ཙམ་བྱ། དེ་རྗེས་ཨ་དེ་ནམ་མཁའ་ནས་སྐྱ་ལམ་དེ་སྤྱི་བོར་བབས། ཚངས་བུག་ནས་ཞུགས། དབུ་མའི་ནང་གི་ཆོས་འབྱུང་དུ་སླེབ། ལུས་བདེ་ཆིལ་བྱུང་ཞིང་། ཨ་དེ་བརྗིད་དང་ལྡན་པར་གྱུར། དེ་འཕོ་བའི་དམིགས་ཐུན་ཅིག་ཡིན། དེ་ཉིད་ཡང་ཡང་བསྒོམ། ཐུན་འཇོག་ན་ཚངས་བུག་ཁ་ཟུམ་པར་བསམ། བཙན་ཐབས་འཕོ་བའི་གདམས་ངག་འདིས། །མཚམས་མེད་བྱས་པའང་གྲོལ་བར་འགྱུར། །དབྱིངས་སུ་འཕོ་བ་འདི་ཡིས་ཆོག །འགྲོ་བ་དྲུག་ཏུ་འཁོར་བས་ཅི།།

༈ དྲུག་པ་བར་དོ་ནི། གསོལ་འདེབས་ཀྱི་ཤམ་བུར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་འདོན། རང་གི་མདུན་དུ་ཆོས་འབྱུང་སྔོན་པོ། ཆོས་འབྱུང་དེའི་དབུས་སུ་རང་ཉིད་ཕྱིན་པས་ཡི་གེ་ཧཱུཾ༷་སྔོན་པོར་གྱུར། དེ་ལས་འོད་ཟེར་འཕྲོས། ཆོས་འབྱུང་ལ་ཕོག་པས། རིགས་དྲུག་ཏུ་སྔར་སྐྱེས་པ་དང་། ད་ལྟ་སྐྱེས་པའི་ལན་ཆགས་སྦྱངས། མ་འོངས་པའི་སྐྱེ་སྒོ་བཀག །ཧཱུཾ༷་ཡོངས་སུ་གྱུར་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་བླ་མ་བསྒོམ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་འཁོར་ལོ་བདེ་མཆོག་ཏུ་བསྒོམ། སྒྲ་གྲགས་པ་ཐམས་ཅད་ཨོཾ་ཧྲི༷༷ཧ་ཧ་ཧཱུཾ༷་ཧཱུཾ༷་ཕཊ་ལ་སོགས་པ་ཡི་དམ་གྱི་སྔགས་སུ་བསྒོམ། དྲན་རིག་གི་ཡུལ་ཡིད་ལ་ཤར་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བདེན་པར་གྲུབ་པ་ཅིག་ཀྱང་མེད་པར་ཐག་བཅད་ནས། ཆོས་འབྱུང་གི་ནང་གི་གཡས་ཟུར་དུ་ཕོ་ཐམས་ཅད་འཁོར་ལོ་སྡོམ་པར་བསྒོམ། མོ་ཐམས་ཅད་ཆོས་འབྱུང་གི་གཡོན་ཟུར་དུ་རྡོ་རྗེ་རྣལ་འབྱོར་མར་བསྒོམ། དེ་ཐམས་ཅད་བར་དོར་ཤེས་པ་གལ་ཆེའོ།
།བར་དོར་འདུན་པས་འཛིན་པ་ནི། །ལས་དང་པོ་པ་ལ་ངོ་མཚར་ཆེ། །དག་པ་རབ་འབྱམས་ཁོ་ན་ལ། །སྲིད་པའི་ལས་སྣང་ཡོད་མ་ཡིན། །གཏུམ་མོའི་དམིགས་པ་སྒོམ་ན། སྐྱབས་འགྲོ་སེམས་བསྐྱེད་སྟོང་ར་རྣམས་སྔོན་དུ་འགྲོ་བྱས་ཏེ་བསྒོམ། སྒྱུ་ལུས་རྨི་ལམ། འོད་གསལ། འཕོ་བ་རྣམས་ལ་སྟོང་རའི་རྗེས་སུ་འཆི་བ་མི་རྟག་པའི་སྐྱོ་ཤས་དུང་བ་རེ་བསྒོམ་པ་ཡང་གལ་ཆེ་ཞིང་། དེ་མཚམས་དངོས་གཞི་སོ་སོ་ལ་འཇུག །བར་དོ་ལ་དེའི་ཚབ་ཏུ། བར་དོ་དངོས་ཡིན་པར་འདུག་ཅི་རང་དྲག །ད་ནི་མ་འཁྲུལ་བ་ཞིག་བྱེད་དགོས། བར་དོ་རྒྱལ་བ་ལོངས་སྐུའི་གདམས་ངག་བླ་མས་གནང་བ་དེ་སྒོམ་དགོས་སྙམ་པས་དངོས་གཞི་འཇུག །སྤྱི་བབས་ཆོས་དྲུག་ཀར་མཉམ་ལེན་མ་ལྕོགས་ན། རང་གང་མོས་པ་རེ་བསྒོམས་པས་ཆོག །དཔེར་ན་གཏུམ་མོ་ཁོ་ན་ལ་མོས་ན་སྐྱབས་སེམས་སྟོང་ར་སྔོན་དུ་འགྲོ་བས། ལུས་གནད་མེའི་སྟོང་ར་རླུང་ཐེངས་གསུམ་བཞི་ཙམ་བསྒོམས། གཏུམ་མོ་ཟས་སུ་ཟ་བ་ཅི་ནུས་ནུས་བསྒོམས་ནས། ཐུན་འཇོག་ཁར་སྲིད་པའི་དབང་ཞུ་བ་ཚར་ཅིག་བྱེད་པ་ཡིན། དེ་ཉིད་ཐུན་བཞི་ལ་སོགས་པར་བྱའོ། །གཡིན་རྣམས་ལའང་རིགས་འགྲེའོ། ཆོས་གཉིས་གཉིས་གསུམ་གསུམ་ཙམ་བསྒོམས་ན་ཡང་དེ་ཡིས་རིགས་འགྲེའོ།
ཡོངས་རྫོགས་སུ་སྒོམ་པ་ནི། སྔ་དྲོ་གཏུམ་མོ། ཉིན་གུང་སྒྱུ་ལུས། །དགོང་མོ་རྨི་ལམ། མཚན་མོ་འོད་གསལ་རྣམས་བསྒོམ། འཕོ་བ་བར་དོ་སྐབས་སུ་གང་བབ་ཅིག་ཏུ་བསྒོམ་པར་བྱའོ། །འདི་སྨྲས་པ། ཤིན་ཏུ་ཟབ་པའི་ལམ་གྱི་མཆོག །ཀུན་ལས་མཆོག་ཀྱང་དགའ་བའི་ཏོག །སྙིང་པོ་མདོ་ཙམ་སྦྱར་བ་འདིས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག

།ནི་གུ་ཆོས་དྲུག་གི་སྙིང་པོ་དོན་མཐིལ་དུ་བསྟན་པའི་འཁྲིད་ཚུལ་འདི་ནི། རིགས་རུས་ཕུན་སུམ་ཚོགས་པའི་ས་གཞིར། དད་སོགས་དགེ་བའི་སྡོང་པོ་རྒྱས་པའི་སྐལ་བཟང་ཅན། ངག་དབང་བློ་ལྡན་བཟང་མོའི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་[[Jetsün Taranatha|ཏཱ་ར་ནཱ་ཐ]]ས་སྟག་ལུང་དུ་སྦྱར་བའོ།། མངྒ་ལཾ།། | + | ༄༅། །ནི་གུའི་ཁྲིད་ཡིག་བསྡུས་པ་བཞུགས་སོ།།

།མཁའ་འགྲོ་བྱེ་བའི་ཐུགས་ཀྱི་བཅུད། །ཆོས་དྲུག་སྙིང་པོའི་གདམས་པ་སྟེ། །གྲོལ་ལམ་ཟབ་མོ་བླ་ན་མེད། །ཐུན་མོང་མིན་གང་བྲི་བར་བྱ།
།འདིར་རྒྱུད་སྡེ་ལྔའི་ཡང་སྙིང་ནི་གུ་ཆོས་དྲུག་བསྡུས་པ་ཉམས་ལེན་གནད་དུ་འགྲ་པ་བ་འདི་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ལས།

།ནི་གུ་ཆོས་དྲུག་གི་སྙིང་པོ་དོན་མཐིལ་དུ་བསྟན་པའི་འཁྲིད་ཚུལ་འདི་ནི། རིགས་རུས་ཕུན་སུམ་ཚོགས་པའི་ས་གཞིར། དད་སོགས་དགེ་བའི་སྡོང་པོ་རྒྱས་པའི་སྐལ་བཟང་ཅན། ངག་དབང་བློ་ལྡན་བཟང་མོའི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་[[Jetsün Taranatha|ཏཱ་ར་ནཱ་ཐ]]ས་སྟག་ལུང་དུ་སྦྱར་བའོ།། མངྒ་ལཾ།། |
Revision as of 07:42, 14 September 2019
Resource ID | SCv10p533 |

Title | ni gu'i khrid yig bsdus pa |
Topics | Six doctrines of Niguma |
Sub-Topics | Manual |
Author | Jetsün Taranatha |
Link | BDRC W23922 BDRC W1KG1286 BDRC W1KG5786 |
༄༅། །ནི་གུའི་ཁྲིད་ཡིག་བསྡུས་པ་བཞུགས་སོ།།

།ནི་གུ་ཆོས་དྲུག་གི་སྙིང་པོ་དོན་མཐིལ་དུ་བསྟན་པའི་འཁྲིད་ཚུལ་འདི་ནི། རིགས་རུས་ཕུན་སུམ་ཚོགས་པའི་ས་གཞིར། དད་སོགས་དགེ་བའི་སྡོང་པོ་རྒྱས་པའི་སྐལ་བཟང་ཅན། ངག་དབང་བློ་ལྡན་བཟང་མོའི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྟག་ལུང་དུ་སྦྱར་བའོ།། མངྒ་ལཾ།།