Difference between revisions of "Bde mchog lha lnga'i mchod phreng"
Line 8: | Line 8: | ||
|Notes=Linked to [[bde mchog lha lnga'i mchod khrigs]] | |Notes=Linked to [[bde mchog lha lnga'i mchod khrigs]] | ||

− | To input
༄༅། །བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བཞུགས་སོ།།

ཤྲི་ཙྐྲ་སམྦྷ་ར་ན་མོཿ
ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་པའི་ཡིད་ཀྱིས་གུས་བསྟུད་ནས། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི །མཆོད་འཕྲེང་ལག་ལེན་བཞིན་དུ་བྲི།
དེ་ལ་དཔལ་བདེ་མཆོག་གི་མཆོད་འཕྲེང་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
དང་པོ་ནི། གནས་ཁང་དབེན་པར་ཕྱག་སྟར་བྱ། དྲི་བཟངས་ཀྱིས་བྱུག །བླ་བྲེ་དང་ཡོལ་བ་བཀྲམ། རྟེན་དང་རས་བྲིས་རྣམས་བཞུགས་སོ། །དེ་༼དལ་༽རྒྱས་བསྡུས་སམ། མཎྜ་པད་མ་འདབ་བཞི་མེ་ཏོག་དང་བཅས་པའི་ལྟེ་བར། ཀ་པ་ལ་བདུད་རྩིས་བཀང་ལ་བགོད། དེ་ནས་མདུན་དུ་མཆོད་རྫས་རྣམས་བཀོད་པར་བྱ་སྟེ། རང་གི་གཡོན་དུ་གསང་གཏོར་དང་མཆོད་ཡོན་དྲི་བཟངས་དང་། མེ་ཏོག་དཀར་པོའོ། ཞལ་སིལ་དང་། ཞབས་སིལ་དང་། དུང་དྲི་བཟངས་ཏེ་ཆུ་གསུམ། གཡས་སུ་མེ་ཏོག །བདུག་སྤོས། མར་མེ་༼དྲི་ཆབ་༽ཞལ་ཟས། སིལ་བསྙན་དང་བདུད་རྩིའོ། །གཏོར་མ་ལྔ་ལ་སོགས་པ་ཡང་བཤམ་མོ། །དེ་ལྟར་ཆུ་གསུམ་དང་མཆོད་པ་རྣམས་འཇུག་སྤྲད་དམ། མགོ་སྤྲད་ག་་་་་བྱས་ནས། དལ་མཆོད་པའི་བར་དུའོ། །སློབ་དཔོན་དང་སློབ་མའི་བཟེད་ཞལ་གཉིས་སམ། རྡོ་རྗེ་དྲིལ་བུ་བཞག་པར་བྱའོ།
།གཉིས་པ་ལ་བདུན་ཏེ། སྒོ་དབྱེ་བར་གསོལ་བ་གདབ་པ། གྲལ་ལ་ཏིང་ངེ་འཛིན་བསྐུལ་བ། མཆོད་སྟོད་བྱིན་གྱིས་བརླབ་པ། རྟེན་ལ་ཆུ་གསུམ་དང་གདན་དབུལ་བ། མཆོད་པ་བཞི་རྫོགས་སུ་འབུལ་བ། སྟོད་པ་རྒྱས་བསྡུས་བྱ་བ། ཚོགས་ཀྱི་མཆོད་པ་བྱ་བའོ།
།དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་དྲུང་དུ་འདུག་སྟེ། ཡང་ལས་ཀྱི་སེམས་དཔའ་དབྱུག་སྔོན་ཅན་སྟོད་གཡོགས་སྨད་གཡོགས་དང་བཅས་ནས། ནང་ན་འདུག་པ་ལ་གསོལ་བ་གདབ་པར་བྱ་སྟེ།
ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་ཆེར་བཅིངས་པའི། །ཕྱག་ན་དབྱུག་པ་སསྣམས་པ་ཀྱེ། །བཟང་པོས་སྒོ་འདི་ཕྱེ་ཏེ་གསོལ། །མཁའ་འགྲོ་མ་ཡི་ཚོགས་དབུས་སུ། །དཔའ་བོས་གནང་གི་བཏང་དུ་གསོལ།
ཅེས་གསོལ་བ་ལན་གསུམ་གཏབ་པ་དང་། དབྱུག་སྔོན་ཅན་གྱི་སྒོ་ཕྱེ་ནས། མར་མེ་དང་མེ་ལོང་བསྟན་ལ། བགེང་བསྐྲད།
གཉིས་པ་ནི། བླ་མ་ལ་མེ་ཏོག་ཕུལ། ཕྱག་བྱས་ནས། དཔའ་བོའི་གཡས་གྲལ། དཔའ་མོའི་གཡོན་གྲལ་དུ་འཁོད་པ་ལ། ཡང་ལས་ཀྱི་སེམས་དཔའ་བླ་མ་དང་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་ཕུལ་ནས།
ཀྱཻ་བླ་མ་རྡོ་རྗེ་འཛིན་པ་དང་། །འདིར་འདུས་རྣལ་འབྱོར་དབང་ཕྱུག་གེས། །བགེགས་གཏོར་བྱིན་རླབས་བསྲུང་འཁོར་དང་། །བསྐྱེད་རྫོགས་བཟླས་པ་མཛད་པ་ཞུ།
ཅེས་མེ་ཏོག་གཏོར་ལ། བགེགས་གཏོར་བཏང་པར་བྱའོ།
།གསུམ་པ་ནི། རང་ཉིད་བདེ་མཆོག་ཏུ་གསལ་བས་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རྡོ་རྗེ་དང་མེ་རིའི་སྲུང་འཁོར་བྱས་ནས། གསང་གཏོར་དུ་བགེགས་མཐར་བྱེད་དམ། གདོང་བཞི་པའི་བསྐྱེད་བཞུག་བྱས་ལ། རྣམ་ལྔས་མཆོད་དེ། ཨོཾ་ཨཱཿབིགྷན་ཏ་ཁྲིད་ཧཱུྃ་ཕཊ་སྭཱཧཱ། ཅེས་པའི། སུཾ་བྷ་ནི་བཟླས་པས། ཆུ་རྡོ་རྗེའི་རྡུལ་ཕྲ་རབས་སུ་བསམས་ཏེ། དེར་རྡོ་རྗེ་བཅུག་ནས་གནས་ཁང་དང་། གཏོར་མ་དང་མཆོད་རྫས་རྣམས་ལ་གཏོར་བས་བགེགས་བཀྲད་པར་བསམ་མོ། །དེ་ནས་དུང་ཆོས་ཀྱི་ཕག་རྒྱ་དང་། ཨོཾ་བཛྲ་ཨརྒྷཾ་ཧཱུྃ་གིས་མཆོད་ཡོན་ལ་སོགས་པའི་ལྷ་མོ། ཆུ་གཉིས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པར་བསྐྱེད་དོ། །དེ་བཞིན་དུ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ྡྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། ཨ་མྲི་ཏ། ཕྱག་རྒྱ་སེ་གོལ་དང་བཅས་ནས་བརྗོད་ལ། མེ་ཏོག་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བསྐྱེད་ཅིང་དབུལ་ལོ། །མ་ཏ་ན་ལ་ཨ་མྲི་ཏ་བཏབ་ལ་ཤ་ལྔ་བདུད་རྩི་ལྔ་ཐོགས་པའི་ལྷ་མོར་བསྐྱེད་དོ།
།དེ་ལྟར་ཡང་རིན་ཆེན་རྒྱ་མཚོའི་རྒྱུད་ལས།་ཕྱག་རྒྱ་བཞིས་གཏབ་གསང་གཏོར་བྱ། །མཆོད་ཡོན་ཞལ་སིལ་ཞབས་སིལ་དང་། །མེ་ཏོག་ཡོས་དང་མར་མེ་ཏེ། །ལྷ་ཤོས་སིལ་སྙན་ཨ་མྲི་ཏ། །བགེགས་བསྐྲད་བྱིན་རླབས་དཔག་མེད་སྤྲུལ། ཅེས་པ་དང་།
རབ་ཏུ་མི་གནས་པ་ལས། ཕྱག་རྒྱ་བཞི་ཡིས་གཏབ་ནས་ཀྱང་། །མཆོད་ཡོན་ཞལ་སིལ་ཞབས་སིལ་དང་། །མེ་ཏོག་ཡོས་དང་མར་མེ་ཕྲེད། །དྲི་དང་ལྷ་ཤེས་རོལ་མོ་དང་། །དེ་སོགས་མཆོད་པ་བཤམས་ནས་ཀྱང་། །བྱིན་རླབས་བསྐྱེད་པ་ཡང་བྱ་སྟེ། ཅེས་སོ།
།བཞི་པ་ནི། དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་པས་ཏེ། ཆོ་ག་གསུམ། ས་བོན་ནམ། སྐད་གཅིག་གིས་བསྐྱེད་ནས་རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པ་བྱ་སྟེ།
སཾ་བྷུ་ཊི་ལས། གཡས་པ་ཉི་མར་ཡང་དག་བསམ། །གཡོན་པ་ཡང་ནི་ཟླ་བ་ཉིད། །དེ་ནས་ལག་གཉིས་རབ་ཏུ་ཀྱང་། །རྣམ་ལྔ་འདོད་པའི་སྐོར་བ་བྱ།
ཅེས་པ་དང་། རང་ཡི་དམ་གྱི་ལག་གཉིས་ཉི་ཟླར་བསམ་ནས། ཧཱུྃ་ལས་རྡོ་རྗེ་གཡས་སུ་བཟུང་ལ།
ཧཱུྃ་གི་གླུ་ཡི་རྣམ་པ་ཡི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་སོར་བ་མཛེས་པ་ཡི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་མདམ་དུ་བྱིད་པ་ཡིས། །སེམས་ཅན་དོན་དུ་རབ་ཏུ་བཀྲོལ།
ཅེས་པས། གནས་གསུམ་དུ་བཀྲོལ། དེ་ནས་རང་གི་ཐུགས་ཁའི་ས་བོན་དང་དམ་ཚིག་པའི་ཐུགས་ཀའི་ས་བོན་གཉིས་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བླ་མ་དང་དཀྱིལ་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་སྤྱན་དྲངས་ཏེ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཅེས་པའི་རྗེས་སུ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝ་ར་ས་མ་ཡེ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ ་་་
ལྔ་པ་ལ་བཞི་སྟེ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་དོ།
།དང་པོ་ནི།
།གཉིས་པ་ནི།
| + | To input

།དང་པོ་ནི། ཧཱུྃ་མེ་ཏོག་བདུག་སྤོས་མར་མེ་དྲི། །ལྷ་ཤོས་སིལ་བསྙན་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྩེར་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའམ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། བཛྲ་པུཥྤེ་ཧཱུྃ་གིས་མེ་ཏོག་བཟད་ཞལ་དུའོ། །དེ་བཞིན་དུ་བཛྲ་དྷུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝི་ཏེ། ཤཔྡ་ཨཱཿཧཱུྃ་གིས་ལག་ལེན་ལྟར་གཟད་ཞལ་དུའོ།
།ཧཱུྃ་གཟུགས་སྒྲ་དྲི་རོ་རེག་བྱ་དང་། །འདོད་ཡོན་ལྔའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྩེར་དགོངས་ལ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཅེས་པའི། ལྷ་མོ་ལྔའི་སྔགས་དང་ཕྱག་རྒྱས་མཆོད།
ཧཱུྃ་འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་དང་། །ཉེ་བའི་རིན་ཆེན་སྣ་བདུན་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པ་དང་། རིན་ཆེན་སྣ་བདུན་གྱི་སྔགས་དང་ཕྱག་རྒྱས་དབུལ་ལོ། །དེ་ནི་ཕྱིའི་མཆོད་པའོ།
།གཉིས་པ་ནི། ཧཱུྃ་མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་དང་མཁའ་འགྲོ་བཞིས། །ཤ་ལྔ་བདུད་རྩི་ཐོགས་ནས་ཀྱང་། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷ་ན་ཙཀྲ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའམ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་གིས་མ་ད་ན་འམ་བདུད་རྩི་རིལ་བུ་བཟེད་ཞལ་དུའོ། ནང་མཆོད་དོ།
།གསུམ་པ་ནི། ཧཱུྃ་བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡིས། །ཟག་མེ་བདེ་བས་གཙོ་བོ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་སཱུ་ཁ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པས་གསང་མཆོད་དོ།
།བཞི་པ་ནི། མཆོད་པའི་ཡུལ། མཆོད་པ། མཆོད་བྱེད་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ།
དྲུག་པ་ལ་གཉིས། བླ་མ་ལ་སྟོད་པ་དང་། དལ་ལྷ་ལ་སྟོད་པའོ།
།དང་པོ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཅེས་པ་ནས། །བླ་མའི་སྐུ་ནི་ཅེས་པ་དང་། དེ་བཞིན་དུ་གསུང་དང་ཐུགས་ཀྱི་བར་དུའོ།
།གཉིས་པ་ནི། །བཅོམ་ལྡན་མགོན་པོ་དཔའ་བོ་ཡི། ཅེས་ཡབ་ཀྱི་དང་། །བཅོམ་ལྡན་རྣམ་ཀུན་ཅེས་སོགས་ཡུམ་གྱི་བསྟོད་པ་རྣམས་མངོན་རྟོགས་བཞིན་ནོ། གཞན་ཡང་།
ཧཱུྃ་སྐུ་མདོག་སྔོན་པོ་ཨུཏྤལ་འདྲ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་རྒྱན། །ཡུམ་དང་གཉིས་མེད་གར་དགུས་མཛེས། །བཅོམ་ལྡན་བདེ་བའི་མཆོག་ལ་སྟོད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །འགག་མེད་ཐུགས་རྗེ་ཆེན་པོ་ཡིས། །གང་འདུལ་གཟུགས་སྐུ་སྒྱུ་མར་སྟོན། །ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་པ་ལྔ་པོ་རྣམ་དག་ཅིང་། །ཡེ་ཤེས་བཞིའི་ངོ་བོ་ཉིད། །མཁའ་འགྲོ་ལཱ་མ་དུམ་སྐྱེས་དང་། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།ཧཱུྃ་ཆོས་དབྱིངས་རྣམ་དག་ནམ་མཁའི་མདོག །སྣང་སྟོང་བདེ་ཆེན་མཚན་དཔེས་བརྒྱན། །གར་གྱི་ཉམས་ལྡན་ལོངས་སྤྱོད་རྫོགས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་བསྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ལུས་རྗེས་དྲན་པའི་ངོ་བོ་ཉིད། །མཱ་མ་ཀི་ནི་ཆུའི་ཁམས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡུམ། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཚོར་རྗེས་དྲན་པའི་ངོ་བོ་ཉིད། །སྒྲོལ་མ་ཞེས་བྱ་རླུང་གི་ཁམས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡུམ། །ལཱ་ལ་དེ་ལ་ཕྱག་འཚལ་ལོ། །ཆོས་རྗེས་དྲན་པའི་ངོ་བོ་ཉིད། །གོས་དཀར་མོ་ནི་ཆུའི་ཁམས། །པད་མ་རིགས་ཀྱི་མཁའ་འགྲོ་ཡུམ། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སེམས་རྗེས་དྲན་པའི་ངོ་བོ་ཉིད། །སྤྱན་མ་སའི་བདག་ཉིད་ཅན། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡུམ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ།
།བདུན་པ་ཚོགས་ཀྱི་མཆོད་པ་བྱ་བ་ལ་གཉིས་སྟེ། བྱིན་གྱིས་རླབ་པ་དང་། ལོངས་སྤྱོད་པའོ།
།དང་པོ་ནི། ཚོགས་རྫས་རྣམས་བྱིན་གྱིས་རླབ་པར་བྱ་སྟེ།
རབ་ཏུ་མི་གནས་པ་ལས། ལོངས་སྤྱོད་རྫས་དང་སྐམ་སོགས་ལྡན། །བདུད་རྩི་ཆེན་པོར་བྱིན་རླབས་ཏེ། །མོས་པའི་ལོངས་སྤྱོད་ཆེན་པོ་བྱ།
ཞེས་པས། བླ་མ་རྣམས་ལ་འདོད་ཡོན་ལྔའི་རང་བཞིན་གྱིས་མཆོད་པ་ཕུལ་བས་ཟག་མེད་ཀྱི་བདེ་བ་རྒྱས་པར་བསམ་ནས། ཤྲཱི་གུ་རུ་ཙཀྲ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་དབུལ་ལོ། །དེ་བཞིན་དུ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི། ལཱ་མ་ཡེ། ཁཎྜ་རོ་ཧི། རཱུ་པི་ནི། གྷ་ན་ཙཀྲས་ལྷ་ལྔ་ལའོ། །བུད་དྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤ་ས་མ་ཡ་སརྦ་ཌཱ་ཀིས་མཁའ་འགྲོ་རྣམས་ལའོ། །ཨོཾ་ཤྲཱི་མཧཱ་ཀ་ལ་གྷ་ན་ཙཀྲས་ཆོས་སྐྱོང་རྣམས་ལ་དབུལ་ལོ། །དེ་ནས་ཚོགས་ཕུད་གཏོར་མར་བཅུག་ལ་བྱིན་གྱིས་རླབས་ནས། དང་པོ་བླ་མ་རྣམས་ལ། གཉིས་པ་ལྷ་ལ། གསུམ་པ་ཆོས་སྐྱོང། བཞི་པ་གཞི་བདག །ལྔ་པ་གནོད་བྱིན་རྣམས་ལ་སྦྱིན་ནོ།
།གཉིས་པ་ལོངས་སྤྱོད་པ་ལ་དྲུག་ལས། ཚོགས་ཀྱི་དུས་དང་། གནས་དང་། རྫས་དང་། གྲོགས་དང་། ལོངས་སྤྱོད་པ་དང་། བསོད་ནམས་སོ།
།དང་པོ་ཚོགས་འཁོར་འབྱུང་པའི་དུས་ནི། དབང་བསྐུར་བ་དང་རབ་གནས་ལ་སོགས་པའི་དུས་སུ་འབྱུང་ལ། ཉིན་མཚན་གྱི་ཆ་ནུབ་མོ་འབྱུང་པ་སྟེ།
གསང་བ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རླབ་ཀྱི་འདུ། །ཉི་མ་ཤར་བར་མ་གྱུར་པར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། ཞེས་སོ།
།གཉིས་པ་གནས་ནི། རབ་སྐྱེ་བོ་དང་ཐེག་དམན་གྱི་དབེན་པའི་གནས་ཏེ།
ཌོཾ་བི་ཧེ་རུ་ཀས། ཚོགས་ཀྱི་འཁོར་ལོ་མཐུན་བྱས་གནས་སུ་སྐོར། །བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག །ཅེས་དང་།
ཧེ་བཛྲ་ལས། དུར་ཁྲོད་རིའི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའི་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་སོ།
།གསུམ་པ་རྫས་ནི། དམ་ཚིག་བཀོད་པ་དང་། །མཁའ་འགྲོ་གསང་རྒྱུད་དང་། །དངོས་གྲུབ་རྩ་བ་ཤ་ཆང་སྟེ། །དེ་མེད་པར་ནི་དངོས་གྲུབ་མེད། །ཚེ་འདིར་སངས་རྒྱས་འདོད་པ་ཡི། །ཤ་དང་ཆང་དང་ལྡན་པར་བྱ། །ཞེས་སོ།
།བཞི་པ་ནི། གྲོགས་དབང་ཐོབ་ཅིང་གསང་བའི་དམ་ཚིག་ལ་གནས་པ་དང་། ཐེ་ཚོམ་མེད་པ་དང་བག་དང་ལྡན་པ་སྟེ།
དེ་ཡང་གསང་པ་ནི། དམ་ཚིག་བཀོད་པ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་དམན་རྣམས་ལ་གསང༌། །ཞེས་སོ།
།ཐེ་ཚོམ་མེད་པ་ནི། གསང་པ་རྒྱ་མཚོའི་རྒྱུད་ལས། དགེ་སྦྱོང་བྲམ་ཟེ་རྟོལ་པ་ཡང་། །ཐེ་ཚོམ་མེད་པར་གནོད་གཅིག་རོལ། །ཅེས་དང་། གཉིས་མེད་རྣམ་རྒྱལ་ལས། སྣོད་གཅིག་ཟ་བའི་དམ་ཚིག་ལས། །དུ་མར་གྱུར་པ་མ་ཡིན་པས། །ཚོགས་ཀྱི་འཁོར་ལོ་གཅིག་ཏུ་གྲགས། །ཞེས་སོ།
།དེ་ཡང་བག་དང་ལྡན་པ་ནི། ཡེ་ཤེས་རྒྱ་མཚོ་ལས། རྣལ་འབྱོར་ཆང་གིས་མྱོས་གྱུར་ན། །དམྱལ་བའི་གནས་སུ་མཚོད་པར་འགྱུར། །ཞེས་སོ།
།ལྔ་པ་ལོངས་སྤྱོད་པ་ནི།
།དྲུག་པ་ནི།
།གསུམ་པ་རྗེདས་ལ་ལྔ་སྟེ། གཤེགས་པ་བྱ་བ། ལྷག་གཏོར་བཏང་པ། བཟོད་པར་གསོལ་བ། འགྲེན་གཤེགས་པ། བསྔོ་བ་བྱ་ཞིང་བཀྲ་ཤིས་བརྗོད་པའོ།
།དང་པོ་ནི།
གཉིས་པ་ནི།
གསུམ་པ་ནི།
བཞི་པ་ནི།
ལྔ་པ་༼རབ་ཏུ་མི་གནས་པའི་རྒྱུད་ལས། བསྔོ་ཞིང་བཀྲ་ཤིས་བརྗོད།༽ནི།

།བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བླ་མའི་ཕྱག་ལེན་ལྟར། [[མཁས་གྲུབ་གཙང་སྟོན་]]གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། མངྒ་ལཾ།།
འདིའི་རྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། [[Niguma|ཡེ་ཤེས་ཀྱི་མཁའ་འགྲོ་མ།]] [[Khyungpo Neljor|མཁས་གྲུབ་ཁྱུང་པོ།]] [[Mokchokpa Rinchen Tsöndrü|མཉམ་མེད་རིན་རྩོན།]] [[Öntön Kyergangpa|ཆོས་ཀྱི་སེང་གེ]] [[Sangyé Nyentön|།ཆོས་ཀྱི་ཤེས་རབ།]] [[Sangyé Tönpa|བརྩོན་འགྲུས་སེང་གེ]] [[Tsangma Shangtön|།ཚུལ་ཁྲིམས་འབུམ།]] [[Gyeltsen Bum|རྒྱལ་མཚན་འབུམ།]] [[Jampa Pel|བྱམས་པ་དཔལ།]] [[Lodrö Pelsang|བློ་གྲོས་དཔལ་བ།]] [[Künga Pelsang|ཀུན་དགའ་དཔལ་བཟང་།]] [[Sönam Zangpo|ཕ་རྒོད་བསོད་ནམས་བཟང་པོ།]] [[མཁས་གྲུབ་ཡེ་ཤེས་རྒྱ་མཚོ།]] དེ་བདག་ལའོ།། |
Revision as of 13:03, 28 April 2020
Resource ID | Sup3 |

Title | bde mchog lha lnga'i mchod phreng |
Topics | Chakrasamvara |
Sub-Topics | Offering verses |
Link | BDRC W8LS32723 |
Notes | Linked to bde mchog lha lnga'i mchod khrigs |
To input

།བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བླ་མའི་ཕྱག་ལེན་ལྟར། མཁས་གྲུབ་གཙང་སྟོན་གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། མངྒ་ལཾ།།
འདིའི་རྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁས་གྲུབ་ཁྱུང་པོ། མཉམ་མེད་རིན་རྩོན། ཆོས་ཀྱི་སེང་གེ །ཆོས་ཀྱི་ཤེས་རབ། བརྩོན་འགྲུས་སེང་གེ །ཚུལ་ཁྲིམས་འབུམ། རྒྱལ་མཚན་འབུམ། བྱམས་པ་དཔལ། བློ་གྲོས་དཔལ་བ། ཀུན་དགའ་དཔལ་བཟང་། ཕ་རྒོད་བསོད་ནམས་བཟང་པོ། མཁས་གྲུབ་ཡེ་ཤེས་རྒྱ་མཚོ། དེ་བདག་ལའོ།།