Difference between revisions of "Rgyud sde lnga'i dbang gi zin bris"
Line 8: | Line 8: | ||
|BDRC link=[https://www.tbrc.org/#!rid=W8LS36545 BDRC W8LS36545 (p.150)] | |BDRC link=[https://www.tbrc.org/#!rid=W8LS36545 BDRC W8LS36545 (p.150)] | ||

− | + | ༄༅། །རྒྱུད་སྡེ་ལྔའི་དབང་གི་ཟིན་བྲིས།།

ན་མོ་གུ་རུ་བྷྱ།
རྒྱུད་སྡེ་ལྔའི་བྱིན་བརླབས་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས།
དང་པོ་མཎྜལ་ལྟེ་བ་མཐིང་། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁྱམས་ཕྱོགས་མདོག་བྲི། མེ་ཏོག་དགོད། མཆོད་གཏོར་བཤམས་ལ། སློབ་དཔོན་གྱིས་རྒྱུད་སྡེ་ལྔའི་མངོན་རྟོགས་བསྒོམ། བཟླས་པ་ཚར་བ་དང་། མཎྜལ་གསང་སྦྱངས་བྱས་ལ། དབུས་སུ་གསང་འདུས། ཤར་དུ་དགྱེས་རྡོར། ལྷོ་ཏུ་བདེ་མཆོག །ནུབ་དུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་རྣམས་ཆོ་ག་གསུམ་ལས་བསྐྱེད། ཡེ་ཤེས་པ་བཞུག་དབང་བསྐུར། རིགས་བདག་གིས་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། མདུན་བསྐྱེད་ཀྱིས་ཟླས་པའང་ཅུང་ཞིག་བྱ། དེ་ནས་ཕྱི་ནང་གིས་མཆོད། གཏོར་མ་དང་བསྟོད་པ་ལ་སོགས་པ་རིམས་བཞིན་བྱའོ།
།མཆོད་པ་དང་གཏོར་མ་རྣམས་ཚར་བ་དང་། སློབ་དཔོན་རང་བདག་འཇུག་བླང་། དེ་ནས་སློབ་མ་ལ་སྤྱི་དང་མཐུན་པར་སྔོན་འགྲོའི་ཆོས་བཤད། དེ་ནས་སྐྱབས་འགྲོ་ནས་ཡེ་ཤེས་དབབ་པའི་བར་སྔོན་འགྲོའི་ཆོ་ག་རྣམས་རྫོགས་པར་བྱའོ།
།དངོས་གཞི་ལ། དབང་བཞི་ལས། དང་པོ་བུམ་དབང་ནི། གསང་འདུས་ལ་སོགས་པ་ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་དེ་དག་གིས་སྐུའི་ཆ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྡུས་ལྷ་ལྔ་ལ་ཐིམ། དེ་ནས་མཆོད་ནས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པས། ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་དཀར་པོ་འཕྲོས་བདག་གིས་སྤྱི་བོར་ཐིམ། སྨིན་འཚམས་ཡན་ཆོད་འོད་ཀྱིས་གང་། བུམ་དབང་ཐོབ། ལུས་ཀྱིས་སྡིག་སྒྲིབ་དང་། གཏི་མུག་དག །སྐུའི་བྱིན་བརླབས་ཞུགས་པར་བསམ་མོ།
།གསང་དབང་ནི་ལྷ་ལྔའི་མགྲིན་པ་ནས་འོད་འཕྲོས་མཆོད། གསུང་གིས་འོད་ཟེར་སྡུས་ནས་ཐིམ་པ་དང་། བདག་མཆོད་ལ། གསང་དབང་བསྐུར་དུ་གསོལ། གསུང་གིས་བྱིན་རླབས་བཞུག་དུ་གསོལ། ཞེས་བརྗོད་ནས། མགྲིན་པ་ནས་འོད་དམར་པོ་འཕྲོས། རང་གིས་མགྲིན་པར་ཕོག་མགྲིན་པ་འོད་ཀྱིས་ཁེངས། གསང་དབང་ཐོབ། དག་གིས་སྡིག་སྒྲིབ་དང་འདགོས་དག་གསུང་གིས་བྱིན་བརླབས་ཞུགས་པར་བསམ་མོ།
།ཤེས་རབ་ཡེ་ཤེས་ཀྱིས་དབང་ནི། ལྷ་ལྔའི་ཐུགས་ཁ་ནས་འོད་འཕྲོས་མཆོད་ཐུ་་་་་ཀྱིས་འོད་ཟེར་ཐམས་ཅད་བསྡུས་ནས་ཐིམ་པ་དང་། ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། ཡིད་ཀྱིས་སྡིག་སྒྲིབ་དང་ཞེ་སྡང་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། ༡༥༣ ཕྱག་རྒྱ་ཆེན་པོའི་དབང་ནི། ལྷ་ལྔའི་༼ཕྱག་ལེན་པ་ལ་ལྟེ་གསང་གཉིས་ནས་ཀྱི་འོད་ཟེར་སྤྲོ་བསྡུ་ཐུངས་ངོས་དུ་བྱས་ནས་དབང་གཅིག་དུ་བསྒྱུར་རོ་ཕྱག་ཆེན་དུ་་་་་་ཀྱི་དབང་་་་་སུ་་་་་་་་་་་་་་་་་་ལ་འབྲའོ།༽ལྟེ་བ་ནས། འོད་འཕྲོས་མཆོད། ཡོན་ཏན་གྱིས་འོད་ཟེར་བསྡུས་ལྟེ་བར་ཐིམ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་དུ་གསོལ། ཡོན་ཏན་གྱིས་བྱིན་བརླབས་བཞུག་དུ་གསོལ། ཞེས་གསོལ་བ་གཏབ་པས། ལྟེ་བ་ནས་འོད་ཟེར་སེར་པོ་འཕྲོས། རང་གིས་ལྟེ་བར་ཐིམ་འོད་ཀྱིས་གང་བས་ཕྱག་རྒྱ་ཆེན་པོའི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག་ནས། ཡོན་ཏན་གྱིས་བྱིན་བརླབས་ཞུགས་པར་བསམ་མོ།
།ངོ་བོ་ཉིད་ཀྱིས་དབང་ནི། ལྷ་ལྔའི་གསང་གནས་ནས། འོད་འཕྲོས་མཆོད་འཕྲིན་ལས་ཀྱིས་འོད་ཟེར་བསྡུས། བདག་ལ་ངོ་བོ་ཉིད་ཀྱིས་དབང་སྐུར་དུ་གསོལ། འཕྲིན་ལས་ཀྱིས་བྱིན་བརླབས་བཞུག་དུ་གསོལ། ཅེས་གསོལ་བ་གཏབ་པས། ལྷ་ལྔའི་གསང་གནས་ནས་འོད་ལྗང་ཁུ་འཕྲོས། རང་གིས་གསང་གནས་སུ་ཐིམ། འོད་ཀྱིས་གང་ངོ་བོ་ཉིད་ཀྱིས་དབང་ཐོབ། ཕྱག་་་་་དག་འཕྲིན་ལས་ཀྱིས་བྱིན་བརླབས་ཞུགས་པར་བསམ་མོ།
།རྗེས་ཅི་དང་མཐུན་ནོ། རྒྱུད་སྡེ་ལྔའི་དབང་གིས་ཟིན་བྲིས་སོ།

ན་མོ་གུ་རུ།
ཁྱད་པར་གྱིས་ཀྱང་གསང་འདུས་སྐུའི་ལྷ་བུམ་དབང་མ་ཧཱ་མ་ཡ། གསུང་གིས་ལྷ་གསང་དབང་སྒེས་མཛད། ཐུགས་ཀྱིས་ལྷ་ཤེས་རབ་ཡེ་ཤེས། བདེ་མཆོག་ ༡༥༤ ཡོན་ཏན་གྱིས་ལྷ་ཡོན་ཏན་གྱིས་བྱིན་བརླབས། འཇིགས་བྱེད་འཕྲིན་ལས་ཀྱིས་ལྷ་བྱིན་བརླབས། བདེ་མཆོག་དང་འཇིགས་བྱེད་གཉིས་ཕྱག་རྒྱ་ཆེན་པོའོ། གཤེགས་སུ་གསོལ་་་་་རྡུལ་མཚོན་སློབ་མའི་སྤྱི་བོར་སྡུའོ། །འདིས་འགྲོ་བ་ལ་ཕན་པར་ཤག་གོ །དགེའོ།། སློབ་དཔོན་མཚུངས་མེད་ཀྱིས་ཕྱག་་་་་་་་་་། |
Revision as of 20:45, 18 June 2020
Resource ID | KN5 |

Title | rgyud sde lnga'i dbang gi zin bris |
Topics | Initiation |
Sub-Topics | Five Tantra Classes |
Author | Khyungpo Neljor |
Link | BDRC W8LS36545 (p.150) |
༄༅། །རྒྱུད་སྡེ་ལྔའི་དབང་གི་ཟིན་བྲིས།།
ན་མོ་གུ་རུ་བྷྱ།
རྒྱུད་སྡེ་ལྔའི་བྱིན་བརླབས་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས།
དང་པོ་མཎྜལ་ལྟེ་བ་མཐིང་། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁྱམས་ཕྱོགས་མདོག་བྲི། མེ་ཏོག་དགོད། མཆོད་གཏོར་བཤམས་ལ། སློབ་དཔོན་གྱིས་རྒྱུད་སྡེ་ལྔའི་མངོན་རྟོགས་བསྒོམ། བཟླས་པ་ཚར་བ་དང་། མཎྜལ་གསང་སྦྱངས་བྱས་ལ། དབུས་སུ་གསང་འདུས། ཤར་དུ་དགྱེས་རྡོར། ལྷོ་ཏུ་བདེ་མཆོག །ནུབ་དུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་རྣམས་ཆོ་ག་གསུམ་ལས་བསྐྱེད། ཡེ་ཤེས་པ་བཞུག་དབང་བསྐུར། རིགས་བདག་གིས་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། མདུན་བསྐྱེད་ཀྱིས་ཟླས་པའང་ཅུང་ཞིག་བྱ། དེ་ནས་ཕྱི་ནང་གིས་མཆོད། གཏོར་མ་དང་བསྟོད་པ་ལ་སོགས་པ་རིམས་བཞིན་བྱའོ།
།མཆོད་པ་དང་གཏོར་མ་རྣམས་ཚར་བ་དང་། སློབ་དཔོན་རང་བདག་འཇུག་བླང་། དེ་ནས་སློབ་མ་ལ་སྤྱི་དང་མཐུན་པར་སྔོན་འགྲོའི་ཆོས་བཤད། དེ་ནས་སྐྱབས་འགྲོ་ནས་ཡེ་ཤེས་དབབ་པའི་བར་སྔོན་འགྲོའི་ཆོ་ག་རྣམས་རྫོགས་པར་བྱའོ།
།དངོས་གཞི་ལ། དབང་བཞི་ལས། དང་པོ་བུམ་དབང་ནི། གསང་འདུས་ལ་སོགས་པ་ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་དེ་དག་གིས་སྐུའི་ཆ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྡུས་ལྷ་ལྔ་ལ་ཐིམ། དེ་ནས་མཆོད་ནས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པས། ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་དཀར་པོ་འཕྲོས་བདག་གིས་སྤྱི་བོར་ཐིམ། སྨིན་འཚམས་ཡན་ཆོད་འོད་ཀྱིས་གང་། བུམ་དབང་ཐོབ། ལུས་ཀྱིས་སྡིག་སྒྲིབ་དང་། གཏི་མུག་དག །སྐུའི་བྱིན་བརླབས་ཞུགས་པར་བསམ་མོ།
།གསང་དབང་ནི་ལྷ་ལྔའི་མགྲིན་པ་ནས་འོད་འཕྲོས་མཆོད། གསུང་གིས་འོད་ཟེར་སྡུས་ནས་ཐིམ་པ་དང་། བདག་མཆོད་ལ། གསང་དབང་བསྐུར་དུ་གསོལ། གསུང་གིས་བྱིན་རླབས་བཞུག་དུ་གསོལ། ཞེས་བརྗོད་ནས། མགྲིན་པ་ནས་འོད་དམར་པོ་འཕྲོས། རང་གིས་མགྲིན་པར་ཕོག་མགྲིན་པ་འོད་ཀྱིས་ཁེངས། གསང་དབང་ཐོབ། དག་གིས་སྡིག་སྒྲིབ་དང་འདགོས་དག་གསུང་གིས་བྱིན་བརླབས་ཞུགས་པར་བསམ་མོ།
།ཤེས་རབ་ཡེ་ཤེས་ཀྱིས་དབང་ནི། ལྷ་ལྔའི་ཐུགས་ཁ་ནས་འོད་འཕྲོས་མཆོད་ཐུ་་་་་ཀྱིས་འོད་ཟེར་ཐམས་ཅད་བསྡུས་ནས་ཐིམ་པ་དང་། ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། ཡིད་ཀྱིས་སྡིག་སྒྲིབ་དང་ཞེ་སྡང་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། ༡༥༣ ཕྱག་རྒྱ་ཆེན་པོའི་དབང་ནི། ལྷ་ལྔའི་༼ཕྱག་ལེན་པ་ལ་ལྟེ་གསང་གཉིས་ནས་ཀྱི་འོད་ཟེར་སྤྲོ་བསྡུ་ཐུངས་ངོས་དུ་བྱས་ནས་དབང་གཅིག་དུ་བསྒྱུར་རོ་ཕྱག་ཆེན་དུ་་་་་་ཀྱི་དབང་་་་་སུ་་་་་་་་་་་་་་་་་་ལ་འབྲའོ།༽ལྟེ་བ་ནས། འོད་འཕྲོས་མཆོད། ཡོན་ཏན་གྱིས་འོད་ཟེར་བསྡུས་ལྟེ་བར་ཐིམ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་དུ་གསོལ། ཡོན་ཏན་གྱིས་བྱིན་བརླབས་བཞུག་དུ་གསོལ། ཞེས་གསོལ་བ་གཏབ་པས། ལྟེ་བ་ནས་འོད་ཟེར་སེར་པོ་འཕྲོས། རང་གིས་ལྟེ་བར་ཐིམ་འོད་ཀྱིས་གང་བས་ཕྱག་རྒྱ་ཆེན་པོའི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག་ནས། ཡོན་ཏན་གྱིས་བྱིན་བརླབས་ཞུགས་པར་བསམ་མོ།
།ངོ་བོ་ཉིད་ཀྱིས་དབང་ནི། ལྷ་ལྔའི་གསང་གནས་ནས། འོད་འཕྲོས་མཆོད་འཕྲིན་ལས་ཀྱིས་འོད་ཟེར་བསྡུས། བདག་ལ་ངོ་བོ་ཉིད་ཀྱིས་དབང་སྐུར་དུ་གསོལ། འཕྲིན་ལས་ཀྱིས་བྱིན་བརླབས་བཞུག་དུ་གསོལ། ཅེས་གསོལ་བ་གཏབ་པས། ལྷ་ལྔའི་གསང་གནས་ནས་འོད་ལྗང་ཁུ་འཕྲོས། རང་གིས་གསང་གནས་སུ་ཐིམ། འོད་ཀྱིས་གང་ངོ་བོ་ཉིད་ཀྱིས་དབང་ཐོབ། ཕྱག་་་་་དག་འཕྲིན་ལས་ཀྱིས་བྱིན་བརླབས་ཞུགས་པར་བསམ་མོ།
།རྗེས་ཅི་དང་མཐུན་ནོ། རྒྱུད་སྡེ་ལྔའི་དབང་གིས་ཟིན་བྲིས་སོ།
ན་མོ་གུ་རུ།
ཁྱད་པར་གྱིས་ཀྱང་གསང་འདུས་སྐུའི་ལྷ་བུམ་དབང་མ་ཧཱ་མ་ཡ། གསུང་གིས་ལྷ་གསང་དབང་སྒེས་མཛད། ཐུགས་ཀྱིས་ལྷ་ཤེས་རབ་ཡེ་ཤེས། བདེ་མཆོག་ ༡༥༤ ཡོན་ཏན་གྱིས་ལྷ་ཡོན་ཏན་གྱིས་བྱིན་བརླབས། འཇིགས་བྱེད་འཕྲིན་ལས་ཀྱིས་ལྷ་བྱིན་བརླབས། བདེ་མཆོག་དང་འཇིགས་བྱེད་གཉིས་ཕྱག་རྒྱ་ཆེན་པོའོ། གཤེགས་སུ་གསོལ་་་་་རྡུལ་མཚོན་སློབ་མའི་སྤྱི་བོར་སྡུའོ། །འདིས་འགྲོ་བ་ལ་ཕན་པར་ཤག་གོ །དགེའོ།། སློབ་དཔོན་མཚུངས་མེད་ཀྱིས་ཕྱག་་་་་་་་་་།