Difference between revisions of "Lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa"
Line 3: | Line 3: | ||
|Tibetan Title=ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ། | |Tibetan Title=ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ། | ||
|Wylie Title=lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa | |Wylie Title=lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa | ||
− | |Subject=Chadrupa | + | |Subject=Chadrupa |
+ | |SubTopics=rlung bsgrub | ||
+ | |Author=Gelek Pelsang | ||

༈ ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།།
༈ ༼པེ༽ མ་ཧཱ་ཀཱ་ལ་ན་མོ།
ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་སྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་ཤན་པས་དད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱི་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པའི་ཁ་བསྡམས་ལ། མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་སའི་དོར་རྟས་ཁ་བཀབ་ལ། ཁྱི་སྤུ་ར་བལ་སྐུད་པས་བསྡམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་བརླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་ཕྲིན་ལས་བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ། །ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆཾོ་མཱ་ར་ཡ་ཧཱུྃ་ཕཊ། །དུག་དང་གཡག་ནག་སྙིང་གི་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་ནི། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུགས། སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་གི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་བྱ།
མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་གསུམ་པའོ།། | ༈ ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།།
༈ ༼པེ༽ མ་ཧཱ་ཀཱ་ལ་ན་མོ།
ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་སྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་ཤན་པས་དད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱི་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པའི་ཁ་བསྡམས་ལ། མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་སའི་དོར་རྟས་ཁ་བཀབ་ལ། ཁྱི་སྤུ་ར་བལ་སྐུད་པས་བསྡམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་བརླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་ཕྲིན་ལས་བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ། །ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆཾོ་མཱ་ར་ཡ་ཧཱུྃ་ཕཊ། །དུག་དང་གཡག་ནག་སྙིང་གི་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་ནི། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུགས། སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་གི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་བྱ།
མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་གསུམ་པའོ།། |
Revision as of 17:13, 29 January 2019
Resource ID | SCv11p870 |

Title | lug nag gcan gzan gyis bsad pa'i rgyu ma bsten pa'i dzi na mi tra'i rlung sgrub kyi nyin mtshan go ldog ste tsha grang nad kyi bsad pa |
Topics | Chadrupa |
Sub-Topics | rlung bsgrub |
Author | Gelek Pelsang |
༈ ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།།
༈ ༼པེ༽ མ་ཧཱ་ཀཱ་ལ་ན་མོ།
ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་སྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་ཤན་པས་དད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱི་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པའི་ཁ་བསྡམས་ལ། མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་སའི་དོར་རྟས་ཁ་བཀབ་ལ། ཁྱི་སྤུ་ར་བལ་སྐུད་པས་བསྡམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་བརླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་ཕྲིན་ལས་བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ། །ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆཾོ་མཱ་ར་ཡ་ཧཱུྃ་ཕཊ། །དུག་དང་གཡག་ནག་སྙིང་གི་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་ནི། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུགས། སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་གི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་བྱ།
མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
།ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་གསུམ་པའོ།།