Difference between revisions of "Chos spyi'i nyer 'kho"

From Shangpa Resource Center
Line 8: Line 8:

|BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508]

this text needs to be re-read
༄༅། །ཆོས་སྤྱིའི་ཉེར་འཁོ་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
དག་བྱེད་ཨའི་སྟོང་རའི་སྐབས་སུ། རས་སམ་སྣམ་བུ་དྲི་མ་ཅན་ལ་ཚོས་མི་འགོ་བ་བཞིན་དུ། རྒྱུད་དྲི་མ་དང་བཅས་པ་ལ་བྱིན་རླབས་མི་འཇུག་པས། དྲི་མ་སྦྱོང་བ་དག་བྱེད་ཨའི་སྟོང་ར་བསྒོམས་པས། སྤྱིར་སྡིག་སྒྲིབ་ཐམས་ཅད་འདག །ཁྱད་པར་དུ་མཚམས་མེད་ལྔའི་ལས་བྱས་པ་དང་དེ་དང་། ཉེ་བ་ལྔ། སྡོམ་པ་གསུམ་གྱི་ཉེས་ལྟུང་དང་། དམ་ཚིག་ཉམས་ཆགས་དང་། དཀོར་སྐུ་བླུད་དང་། སྐུར་པ་བཏབ་པ་དང་། གྲིབ་ལ་སོགས་པ་ཐམས་ཅད་འདག་པར་འགྱུར་རོ།
སྒྲིབ་པ་ཟད་པའི་རྟགས་སུ་འཁྲུ་བ་དང་སྐྱུག་པ་དང་གོས་དཀར་པོ་གོན་པ་དང་ཁྲུས་བྱེད་པ་དང་། གཅེར་བུར་འདུག་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཁང་སྟེངས་སུ་ཕྱིན་པ་དང་། སྐས་ལ་འཛེགས་པ་དང་། འཁར་མཐོན་པོའི་རྩེར་ཕྱིན་པ་དང་། ནམ་ལངས་པ་དང་། མཆོད་རྟེན་ལ་སྐོར་བ་བྱེད་པ་དང་། མེ་ཏོག་དཀར་པོ་དང་སེར་པོ་ལ་སོགས་པ་མཐུ་བ་དང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། བླ་མ་དང་དགེ་འདུན་གྱི་ཚོགས་མང་པོ་རྨི་བ་ལ་སོགས་པའོ།
ནད་དོན་པའི་རྟགས་ནི། ལུས་ལ་རྔུལ་དང་ཆུ་སེར་དང་། ནད་ཀྱི་ཁ་རླངས་སྔོ་དམར་ཐོན་པ་དང་། ལུས་ལ་རྣག་ཁྲག་འཛག་པ་དང་། ཁྲག་དང་སྐྱུགས་པ་སྐྱུག་པ་དང་། ཁོང་གི་དོན་སྣོད་ལ་སོགས་པ་ཕྱིར་ཐོན་པའོ།
གདོན་དོན་པའི་རྟགས་ནི། གྲོག་སྦུར་དང་། འབུ་སྲིན་དང་། སྡོམ་སྡིག་དང་། སྦལ་ལྗོང་དང་། རྟ་གླང་ལ་སོགས་པ་ཐོན་པའོ།
གཏུམ་མོའི་སྐབས་སུ་སྤང་བྱ་ལ། མེ་དང་ཉི་མ་ལ་ཡུན་རིང་དུ་སྡོད་པ་དང་ཧ་ཅང་ལན་ཚྭ་ཆེས་པ་དང་། ཉིན་པར་གྱི་གཉིད་དང་། བུད་མེད་ཀྱི་འཁོར་སྤང་པའོ།
དྲོད་མི་སྐྱེ་བའི་རྒྱུ་ནི། དམིགས་པ་ཕྱིར་ཤོར་ན་དྲོད་མི་སྐྱེ། ངལ་བསོ་ཡུན་རིངས་ན། བསྒོམ་པའི་རྩོལ་བ་ཆུང་ངས་ན། ཁྱད་པར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉམས་ན་དྲོད་མི་སྐྱེའོ།
སྐྱེ་བའི་རྒྱུ་ནི། ལུས་ཀྱི་ལས་སུ་དཀྲུག་འཁོར་ལ་སོགས་པ། འབད་རྩོལ་བསྐྱེད་ནས་བསྒོམས་པས་དང་པོ་དྲོད་སྐྱེ། དྲོད་ལ་རྟེན་ནས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ། དེ་གསུམ་དབྱེར་མེད་པ་ཕྱག་རྒྱ་ཆེན་པོར་འཆར་བས། གཏུམ་མོ་ལམ་གྱི་གཞུང་ཤིང་ཡིན་ནོ།
སྤྱིར་སྒྱུ་ལུས་དང་རྨི་ལམ་གཉིས་ཀ་ལ་གཏུམ་མོ་བསྒོམ་པ་གལ་ཆེ་ལ། ཁྱད་པར་དུ་ཡང་རྨི་ལམ་སྦྱོང་སྤེལ་དང་། ཡུལ་སྣང་ལྟ་བ་གལ་ཆེ་སྟེ། བོགས་འབྱིན་རླུང་གི་རྟ་ཕོ་ཡིན། ཡུལ་གྱི་ལྟད་མོ་སྣ་ཚོགས་བལྟ། ཅེས་སོ།
གྲོགས་སུ་བླ་མ་དམ་པ་བསྟེན་པའི་སྐབས་སུ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ཕྱི་མ་ལས། གང་གིས་བསྐལ་པ་བརྒྱ་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་པ་བས། ལྷའི་སྐུ་སྐད་ཅིག་མ་གཅིག་དྲན་པ་བསོད་ནམས་ཆེས་ཁྱད་པར་དུ་སངས་རྒྱ་བའི་ཕྱིར་རོ། ཅེས་དང་།
བདེ་མཆོག་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཀྱང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ཏེ་བྱུང༌། ཅེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །རྡོ་རྗེ་འཆང་གི་ཞབས་པད་འདུད། ཅེས་དང་།
ཕལ་ཆེན་ལས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་བྱངས་ལ་འདི་སྐད་རྩེས་སྨྲས་སོ། འཕགས་པ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་གང་ལ་བརྟེན་ནས་བྱུང་བ་ལགས། འཕགས་པས་སྨྲས་པ། རིགས་ཀྱི་བུ་ཁོ་བོའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་ནི། དགེ་བའི་བཤེས་གཉེན་བསྟེན་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བལྟས་པ་ལས་བྱུང་ངོ་། །རིགས་ཀྱི་བུ། ཁྱོད་ཀྱིས་ཀྱང་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །དགེ་བའི་བཤེས་གཉེན་ལ་ཕུད་དུ་བྱའོ། །དགེ་བའི་བཤེས་གཉེན་ལ་བལྟ་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཅི་བགོ་བ་དང་མཉན་པར་བྱའོ། །ཅེས་སོ།
།གཤིས་བདེན་མེད་ཡིན་པ་ལ། དེ་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན། ཅེས་པའི་སྐབས་སུ། བདེན་མེད་དུ་འདུག་གམ་མི་འདུག་བསེམས་དང་། འདུས་བྱས་ཐམས་ཅད་མི་རྟག་པར་འདུག་པས་བདེན་པ་མེད་དེ།
རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཅེས་དང་།
མདོ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེས་ཤིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་ན་བདེ། །ཞེས་དང་།
ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་ཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཅེས་སོ།
བསགས་པ་མཛད། འདུས་པ་འབྲལ། གསོན་པ་འཆི། མཐོན་པོའི་མཐབ་བསྙིལ་བས་ཀྱང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་ལྟོས་ནས་ཀྱང་། དུས་སྔ་ཕྱི་ལ་ལྟོས་ནས་ཀྱང་བདེན་པ་མེད་དེ།
འདུལ་བ་ལུང་ནས། བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །མཐོན་པོའི་མཐའ་ནི་ཉིལ་བར་འགྱུར། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཅེས་དང་།
དབུ་མ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་ལ། །མི་གནས་བྱ་བ་ག་ལ་ཡོད། །གང་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་གཅིག་ལ་མེད། ཅེས་སོ།
སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར། ཅེས་པའི་སྐབས་སུ་སྣང་བ་ཐམས་ཅད་རང་སེམས་སྒྱུ་མ་རྨི་ལམ། སྒྱུ་མ་ཙམ་དུའང་དོན་ལ་གྲུབ་པ་མེད་པས་མཐའ་བྲལ། མཐའ་དང་བྲལ་བས་ཟུང་འཇུག །ཟུང་དུ་འཇུག་པས་ཕྱག་རྒྱ་ཆེན་པོའོ།
གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པར་རང་ཤར་བའོ། །ཅེས་དང་།
འབུམ་ལས་དོན་དམ་པར་ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་དོ། །ཅེས་དང་།
བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་དང་།
ཡིད་ཀྱི་ངོ་བོ་སྟོང་པ་ཉིད་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།
བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡི་རང་བཞིན་ཇི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བ་དཔྱོད། །ཅེས་དང་།
དཀོན་བརྩེགས་ལས། འོད་བསྲུངས། སེམས་ནི་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ཅེས་སོ།
།དབང་པོ་འབྲིང་གི་མི་རྟག་པའི་སྐབས་སུ།
འཆི་བ་མ་དྲན་པའི་ཆོས་པ་དེ། འཁྱགས་པའི་ཐོག་དུ་མཁར་དགུ་ཐོག་བརྩིགས་པ་དང་འདྲ་གསུང་། དགུན་འཁྱགས་པའི་ཐོག་ཏུ་མཁར་དགུ་ཐོག་བརྩིགས་ཀྱང་ཐོག་ལ། སོས་ནམ་ལ་དྲོས་པ་དང་རྨེང་ནས་འགྱེལ་འགྲོ། དེ་བཞིན་དུ་འཆི་བ་མ་དྲན་པའི་ཆོས་པ་དེ། བསྒོམ་བཟང་བཟང་འདྲ་ཡང་། རྐྱེན་ངན་གྱི་ཡུལ་དང་ཕྲད་པའི་དུས་སུ་ཡལ་ནས་འགྲོའོ།
།ཡང་ན། ཚེ་རིངས་ཡོང་ན་ཚེ་རིང་ཤོག །ཚེ་ཐུང་ཡོང་ན་ཚེ་ཐུང་ཤོག །གཏམ། སྙན་ཡོང་ན་གཏམ། སྙན་ཤོག །གཏམ་ངན་ཡོང་ན་གཏམ་ངན་ཤོག །མདོར་ན་ཆོས་དང་ཅི་མཐུན་ཤོག །ཅེས་སོ།
སྣང་བ་རང་སེམས་ཤར་བའི་སྐབས་སུ།
མདོ་འཇིག་རྟེན་གདགས་པ་ལས། ས་ལ་པར་འདུ་ཤེས་པ་ཡོད་དོ། །ས་ལ་ཆུར། ས་ལ་མེར། ས་ལ་རླུང་དུ། ས་ལ་ནམ་མཁའ་སྟོང་པར་འདུ་ཤེས་པར་ཡོད་དོ། །དེ་བཞིན་དུ་འབྱུང་བ་ཐམས་ཅད་ལ་ཡང་ཤེས་པར་བྱའོ།
།ལང་དཀར་གཞེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་གཟུགས་ནི་ཕྱི་རོལ་སྣང་། །ཅེས་སོ།
།སེམས་སྒྱུ་མ་རྨི་ལམ་བསྒོམ་པའི་སྐབས་སུ།
མངོན་རྟོགས་རྒྱན་ལས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཅེས་པའི་འབྲེལ་པར། ཡོངས་སུ་འགྱུར་བ་དང་། མཉམ་དུ་འཚོགས་པ་དང་། འགལ་བ་དང་། རྐྱེན་དང་། མ་འཕོས་པ་དང་། རྟེན་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཅེས་པ་ལ། ཡོངས་སུ་འགྱུར་བ་ནི་གཉིད་ཀྱི་ཤེས་པ་རྨི་ལམ་སྟེ།
ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་སོ།
མཉམ་དུ་ཚོགས་པ་ནི། རྫས་དང་སྔགས་དང་བྱུང་པ་སྒྱུ་མ་སྟེ། སྒྱུ་མ་བྱེད་པ་དགིས་གཟུགས་སྤྲུལ་ཏེ། རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། ཇི་ལྟར་ན་ཡང་སྣང་པ་གང་ཡང་མེད། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།
འགལ་བ་ནི། ཆུར་འགལ་ནས་མེད་པ་ནི་མིག་སྒྱུ་སྟེ། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། སྐོམ་པས་གདུངས་ཤིང་སྐྱེས་བུ་འགྲོ་བ་ཡི། སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་སྣང་། ཆོས་རྣམས་ཐམས་ཅད།
རྐྱེན་ནི། སྒྲའི་རྐྱེན་ལས་བྱུང་པ་ནི་སྒྲ་སྙན་ཏེ། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་སྟེ། གླུ་ལེན་སྒྲ་དང་རྒོང་དང་ངུ་བ་དང་། བྲག་ཆ་སྣང་ཡང་སྣང་པ་གང་ཡང་མེད། ཆོས་རྣམས། མ་འཕོས་པ། གཟུགས་བརྙན་ནམ་མིག་ཡོར་ཏེ། ཇི་ལྟར་ནམ་མཁའ་དངས་པར་ཟླ་ཤར་བ། དེ་ཡི་གཟུགས་བརྙན་དངས་པའི་ཚོར་སྣང་ཡང་། ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། ཆོས་རྣམས།
རྟེན་མེད་པ་ནི། རྟེན་ཏེ་གཞི་མེད་པའི་སྣང་པ་ནི་དྲི་ཟའི་གྲོང་ཁྱེར་ཡིན་ལ། བྱེད་པ་པོ་མེད་པ་ནི་སྤྲུལ་པ་སྟེ། ཇི་ལྟར་སྤྲུལ་པའི་དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དང་། མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཅེས་གསུངས་སོ།
དབང་པོ་ཐ་མ་ཞེན་མེད་སྒྱུ་མ་རང་ཤར་གྱི་སྐབས་སུ།
སྡུད་པ་ལས། གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ཅིང་། །གཞན་ཞིག་མེ་འདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ། །ཅེས་པ་དང་།
རྣམ་འགྲེལ་ལས། བླང་དང་དོར་བྱ་སྤོངས་པའི་ཕྱིར། །ཐམས་ཅད་ལ་ནི་བཏང་སྙོམས་ཅན། །ཙན་དན་ལྟེའུ་མཚུངས་པ་ལ། །ཆགས་བྲལ་ཤེས་ནི་དེ་ལ་བྱ། །ཅེས་སོ།
རྨི་ལམ་རང་ཟིན་གྱི་སྐབས་སུ།
བླ་མ་རློག་ལྕོག་པའི་གསུང་། འོད་གསལ་གཏན་ལ་འབེབས་པ་སྒྱུ་ལུས། སྒྱུ་ལུས་གཏན་ལ་འབེབས་པ་རྨི་ལམ། རྨི་ལམ་གཏན་ལ་འབེབས་པ་དད་འདུན། དད་འདུན་གཏན་ལ་འབེབས་པ་བླ་མའོ།
དེ་ལ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། དད་པ་དང་འདུན་པ་བསྐྱེད་ན་རྨི་ལམ་ཟིན། དེས་སྒྱུ་མ་རང་ཤར་དུ་འོང་། དེས་འོད་གསལ་རང་ཤར་དུ་གཏན་ལ་ཕེབས་པོ། དེས་ན་སྒྱུ་ལུས་ཀྱི་འོད་གསལ་བིགས་འདོན། རྨི་ལམ་གྱིས་སྒྱུ་ལུས་གཏན་ལ་ཕེབས་པར་བཞོད་དོ། རྨི་ལམ་ཟིན་མ་ཐོག་མིག་ཕྱེ་ན་སད་འབྱམས་སུ་འགྲོ་བས། མིག་མི་འབྱེད་པར་འདུན་པ་དྲག་པོ་བྱས་པས་སད་འབྱམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་པོ་འབྱུང་སྟེ།
ནཻ་གུ་མས། །དེ་ཡང་མིག་ནི་མི་འབྱེད་པར། །དྲན་སྣང་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། ཅེས་སོ།
གཉིད་སད་རྗེས་ཉིན་མཚན་བསྲེ་བ་ནི།
ནཻ་གུ་མས། །དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་འཕོའི་གནད་ཀྱིས་མཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། ཅེས་སོ།

རྨི་ལམ་སྒྱུ་མ་བསྒོམ་པ་འདི། བདེ་བའི་སྣ་དུ་ཁས་འདྲེན་པ་བཞིན། ཞིང་པའི་པོ་ནམ་དང་འདྲ་བ་ཞིག་དགོས་གསུང་། སོ་ནམ་བྱེད་པའི་དུས་སུ་ནས་རྡོག་པོ་རེའི་ཕྱིར་ཡང་གོམ་པ་རེ་བརྡོག་དགོས་པས་སྡུག་པ་ཡིན། སང་ཕོད་ལོ་ལེགས་ཙ་ན། བུན་ཁྱེར་དྲགས་བྱུང་། ཁ་ཤ་ཆང་དང་མ་བྲལ་བར་བྱེད་ཙ་ན་སྐྱིད་པ་ཡིན། དེ་བཞིན་རྨི་ལམ་བསྒོམ་པའི་དུས་སུ། རྩོལ་བ་ཆེན་པོ་དགོས་པས་སྡུག་པ་ཡིན་ལ། རྨི་ལམ་འབྱོངས་པའི་དུས་སུ་རྗེ་བཙུན་ལ་བ་པ་བཞིན་དུ། ལོ་བཅུ་གཉིས་ཀྱི་བར་གཉིད་ལོག་ཀྱང་ཆོག་སྟེ། ལོ་བཅུ་གཉིས་བར་གཉིད་ལོག་པས། ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས། ཅེས་སོ།
།འབིར་ཝ་པ་བཞིན་དུ་ཉོ་ཆང་བྱས་ཀྱང་ཆོག་སྟེ། མདོར་ན་འོད་གསལ་འབའ་ཞིག་དུ་འགྲོ་བསབདེ་བ་ཡིན་ནོ། ཡོང་རྨི་ལམ་འཛིན་པ་འདི་རི་དང་ལུངས་སུ་ཕེབས་པ་འདྲ་བ་ཅིག་དགོས། དེ་ལ་གསོད་པ་བྱུང་གི་དོགས་ནས་འདི་ལས་ཅི་ཐར་ཅིག་བྱེད་དགེས་སྙམ་ནས། བློ་བདེ་བའི་སྐབས་མེད་ལ། དེ་བཞིན་དུ་འོ་སྐོལ་ཡང་ངན་སོང་གསུམ་དུ་འཁྱམས་ཀྱི་དོགས་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ད་རེས་ཅི་ཐར་ཅིག་བྱ་དགོས་སྙམ་པ་བྱས་ནས། གཉིད་ཀྱང་ལོག་ཏུ་མི་ཁོམ་པར་འབད་རྩོལ་བསྐྱེད་ནས་བསྒོམ་དགོས་ཏེ།
ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལ་ལོག ཅེས་སོ།
།ཡང་རྨི་ལམ་སྒྱུ་ལུས་བསྒོམ་པ་ནི། དབང་པོ་བརྒྱ་བྱིན་གྱི་ཚིག་དང་འདྲ་གསུང་། དེ་ལ་ལྷ་དང་ལྷ་མ་ཡིན་གཉིས་བདུད་རྩི་དང་ལྷ་མོ་ལ་མ་འཆམ་པར་འཐབས་པའི་དུས་སུ། ཉེ་དབང་སུམ་ཅུ་རྩ་གཉིས་པོ་ཚོགས་ནས་གྲོལ་བྱས་ཀྱང་ཐག་མི་ཆོད་ལ། བརྒྱ་བྱིན་ལ་དྲིས་པའི་དུས་སུ། བརྒྱ་བྱིན་གྱི་ཚིག་གཅིག་གིས་ཐག་ཆོད་ནས་འགྲོའོ། །དེ་བཞིན་དུ་ཆོས་ཇི་སྙེད་གཅིག་ཤེས་ཀྱང་རྨི་ལམ་སྒྱུ་མར་མ་རྟོགས་སེམས་ཐག་མི་ཆོད་པས། རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ན་ཆོས་ཐམས་ཅད་རང་སར་རང་གྲོལ་ལ་འགྲོ་བས་སངས་རྒྱ་བར་ཐག་ཆོད་པ་ཡིན་ནོ།
།ཡང་རྨི་ལམ་ཟིན་པ་ནི། མཁའ་འགྲོ་སྡེ་ལྔའི་ཞིང་དུ་སླེབ་པ་དང་འདྲ་གསུང་། དེར་འགྲོ་བའི་ལམ་ཁ་ན་ཆུ་ཆེན་པོ་དང་། རྩི་ཤིང་གི་མུན་པ་འཐིབས་པ་དང་། གཅན་ཟན་གདུག་པ་ཅན་རྣམས་ཀྱིས་བཀག་ནས། ཐར་བ་དང་བགྲོ་དུ་མི་སྟེར་ལ། གལ་ཏེ་བགྲོད་པར་གྱུར་ན། རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་ལ་སོགས་པའི་ཞིང་ཁམས་གང་དུ་སླེབ་ཀྱང་དེས་ཆོག་པ་ཡིན་ནོ། །དེ་བཞིན་དུ་རང་ལ་ཡང་། ཆུ་དང་འདྲ་བའི་འདོད་ཆགས། རྩི་ཤིང་མུན་པ་དང་འདྲ་བའི་གཏི་མུག །གཅན་ཟན་གདུག་པ་དང་འདྲ་བའི་ཞེ་སྡང་། དེ་རྣམས་ཀྱིས་བཀག་ནས་རྨི་ལམ་ཟིན་དུ་མི་སྟེར་བས། གལ་ཏེ་ཟིན་ན་རྨི་ལམ་རང་ཟིན་ནམ། སྒྱུ་མ་རང་ཤར་རམ། བདེན་མེད་དམ། རང་སེམས་ལྷ་སྐུ་འམ་སྟོང་པ་ལ་སོགས་པ་གང་དུ་ཤེས་ཀྱང་། མི་བདེ་བ་ཐམས་ཅད་ལས་གྲོལ་ནས་འགྲོ་བས་དེས་ཆོག་པ་ཡིན་ནོ།
།འཆུག་མེད་ཀྱི་སྐབས་སུ།
བླ་མ་རྨོག་ཅོག་པའི་གསུང་ནས། རྨི་ལམ་དང་སྒྱུ་ལུས་གཉིས་འབྲས་བུའི་དུས་སུ་ཡང་། སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་པ་ལ་ཁྱད་པར་མེད་ལ། ལམ་ཉམས་སུ་ལེན་པའི་དུས་སུ་ཡང་། དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། དམ་དུམ་སྐམ་སྐེམ་ཟིན་པར་འགྱུར་གཉིད་སད་དུས་ན་བསྲེ་བ་གཅེས། ཤར་དང་སྣང་དང་དོན་བྱེད་ནུས། ཤེས་ནས་གྲོལ་བར་བྱེད་པ་ཡིན། ཅེས་པ།
རྨི་ལམ་གྱི་དུས་སུ་ཡུལ་སྣ་ཚོགས་སུ་ཤར་བ་དེ་དང་། ཉིན་པེར་གྱི་དུས་སུ་སྣང་པ་སྣ་ཚོགས་སུ་ཤར་བ་འདི་གཉིས་ཤར་བའི་སྒོ་ནས་ཀྱང་ཁྱད་མེད། སྣང་པའི་སྒོ་ནས་ཀྱང་ཁྱད་མེད་དེ། དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་དེས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་ལ། ད་ལྟར་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་པའོ། །ཤེས་ནས་གྲོལ་བའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་ཡང་། རྨི་ལམ་ལ་རྨི་ལམ་དུ་ཤེས་ན་གྲོལ་གྱི་འདུག། ད་ལྟ་ཡང་སྒྱུ་མ་ལྟ་བུར་ཤེས་ན་ཆགས་སྡང་ལས་གྲོལ་བར་འདུག་གོ །དེ་ཡང་ཉིན་པར་གྱི་འཁྲུལ་པ་བཟློག་པ་ལ་སྒྱུ་ལུས། གཉིད་ཀྱི་འཁྲུལ་པ་བཟློག་པ་ལ་རྨི་ལམ། དེ་གཉིས་ལ་དགོངས་ནས་ཁྱད་མེད་དུ་བྱེད་ལ། དོན་ལ་ཁྱད་པར་མེད་པར་བཞེད་དོ།
རྟག་གཉིས་ལས། ལོག་དང་སད་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཅེས་དང་།
རྒྱས་འབྲིང་གཉིས་ལས། ཤཱ་རི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པས་རྣམ་པར་འཕེལ་ལམ། འོན་ཏེ་རྨི་ལམ་བསྒོམས་པས་རྣམ་པར་འཕེལ་ལོ། །ཤཱ་རི་བུས་སྨྲས་པ། རབ་འབྱོར་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ཡང་རྣམ་པར་མི་རྟོག་པའོ། །ཅེས་སོ།
ཡེ་ཤེས་རྒྱ་མཚོ་ལས། རྨི་ལམ་ལན་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། ཅེས་པས་ཕན་ཡོན་ནོ།
།རྟོག་བཅས་ལམ་ཁྱེར་གྱི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་གནས། ཡི་གེ་ཨཾ་བཅས་རྣམ་པ་ཉིད། ཅེས་སོ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ངེས། ཅེས་སྒྱུ་མ་རྨི་ལམ་འདི་བརྗོད་གྲོལ་དང་དྲན་གྲོལ་ཡིན་གསུང་ངོ་།
།རྨི་ལམ་མ་ཟིན་པ་དང་འབྱམས་པ་ལ་སོགས་ཅི་བྱུང་ཡང་བསོད་ནམས་ཀྱི་ཚོགས་ཁོ་ནས་བོགས་འདོན་པར་བྱེད་ལ། ཁྱད་པར་དུ་བླ་མ་ལ་ལུས་ལོངས་སྤྱོད་ཕུལ་ནས་སྐྱོན་གང་དུ་ཡང་བྱུང་བ་དེ་མི་འབྱུང་པར་གསོལ་བ་བདག་པ་གལ་ཆེ་སྟེ།
མ་ཟིན་འབྱམས་དང་གོལ་པ་གསུམ། བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། ཅེས་སོ།
།དེ་ལ་གཉིད་ཐུམ་གཅིག་ལ་ཤེས་རབ་གསུམ་གྱི་བསྲེ་འཕོ་ཉམས་སུ་བླང་བར་བྱ་སྟེ། ཉིན་པར་གྱི་དུས་དང་གཉིད་དུ་འགྲོ་ཁར་ལྷ་སྐུ་ལ་སོགས་པ་ལ་འདུན་པ་དྲག་པོ་མ་ཡེངས་པར་བྱས་པས། མ་རྟོགས་པ་རྣམས་ལ་སྔར་གྱི་འདུན་པའི་གནད་ཀྱིས་ལྷ་སྐུ་རང་ཤར་དུ་ལམ་གྱིས་འབྱུང་། དེ་རྨི་ལམ་དུ་ཤེས་པ་དེ་རྨི་ལམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། ཉིན་མཚན་གཉིས་རྨི་ལམ་དང་གསུམ་གྱི་བསྲེ་འཕོ། རྨི་ལམ་དེ་ཉིད་ཀྱང་མི་བདེན་པ་སྒྱུ་མར་ཤེས་པ་དེ། སྒྱུ་མ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། རྨི་ལམ་དང་སྒྱུ་མའི་བསྲེ་འཕོའོ། །སྒྱུ་མ་དེ་ཉིད་ཀྱང་སྒྱུ་འཛིན་དང་བྲལ་ནས་འོད་གསལ་དུ་རྟོགས་པ་དེ། འོད་གསལ་ལམ། དོན་དམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། སྒྱུ་མ་དང་འོད་གསལ་གྱི་བསྲེ་འཕོ་ཡིན་ནོ། །དེ་ཡང་སྒྱུ་ལུས་འོད་གསལ་བསྒོམ་པ་རྣམས་ཀྱིས། དང་པོ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་ཚུལ་དུ་བསྒོམས་པའི་སྟོབས་ཀྱིས། རྨི་ལམ་དང་འོད་གསལ་ཟིན་པའི་དུས་སུ་འབྲས་བུའི་ཚུལ་དུ་ལྷ་སྐུ་རང་ཤར་རམ། སྐྱེ་མེད་ལ་འགག་མེད་ཀྱི་ཚུལ་དུ་འབྱུང་ངོ་། །དེས་ཉིན་པར་གྱི་དགེ་སྦྱོར་སྟོབས་བསྐྱེད་ཅིང་། ཉིན་མཚན་གཉིས་གཅིག་གིས་གཅིག་སྟོབས་བསྐྱེད་ནས་དེ་ཉིད་ཇེ་བརྟན་ཇེ་གསལ་ལ། སྤྱོད་ལམ་ཐམས་ཅད་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་འཆར་རོ། །དེའང་དབང་པོ་རབ་ལོ་ཟླ་ཙམ་གྱིས་ཚེ་འདིར་དག་པའི་སྣང་བ་ཤར་ནས་སངས་རྒྱ་ལ། དབང་པོ་ཐ་མ་ཚེ་འདིར་སངས་མ་རྒྱས་ཀྱང་། ཉིན་པར་བག་ཆགས་ཀྱི་དུས་སུ་ས་བོན་གྱི་ཚུལ་དུ་ཉམས་སུ་བྱངས་པའི་སྟོབས་ཀྱིས་བར་དོར་དག་པའི་སྣང་བ་ཤར་ནས་སངས་མི་རྒྱ་མི་སྲིད་གསུང་ངོ་། །སྦྱོང་སྤེལ་གྱི་སྐབས་སུ་རྨི་ལམ་ཟིན་མ་ཐོག་སྦྱོང་སྤེལ་བྱས་ན་བོགས་ཆུང་པས། ཆོས་ཐམས་ཅད་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་པོས་ཡུན་རིང་དུ་བརྟན་པར་བྱས་པས། བོགས་ཆེན་པོ་འབྱུང་བ་ཡིན་ཏེ། ཟིན་ནས་བརྟན་པར་མ་བྱས་པས། སྦྱང་བའི་སྦྱོར་བ་མོ་བྱའོ། །ཅེས་སོ།
།དེ་ཡང་། །རྨི་ལམ་སྦྱོང་བའི་དུས་ཙམ་ན། །ཡ་ང་བག་ཚ་འབྱུང་བ་ཡིན། །བྱུང་པའི་དུས་ན་འདི་ལྟར་བསམ། །སྡུག་བསྔལ་བསྐྱེད་པ་འབྱུང་བའི་ལུས། །མལ་ན་བཞག་ནས་ཡོད་པ་ཡིན། །འདི་ནི་ཡིད་ཀྱི་ལུས་ཡིན་ན། །དེ་ལ་འཇིགས་སུ་ཇི་ཞིག་ཡོད། །རང་སེམས་ཤར་བ་རང་གི་སེམས། །ཤེས་པའི་དུས་ན་འཇིགས་པ་མེད། །ཆུ་དང་གཡང་དང་མེ་དང་བྲག །བསལ་པའི་སྦྱོར་བ་སྔོན་བཏང་ནས། །ཐོག་རྡུགས་མེད་པར་སྦྱང་པར་བྱ། ཅེས་དང་།
བླ་མ་རྨོག་ཅོག་པས། རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་མེད་པར་གསུངས་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །ལུས་ནི་གཞོན་ནུ་འོད་ཀྱི་ལུས། །ཤེས་བྱའི་སྒྲིབ་པ་རྐང་སྤྲིན་ལ། །རྩི་བཞིན་དུ་ནི་གནས་པ་ཡིན། །དེ་སྤོང་པ་ཡི་ཐབས་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་སྤོང་པའི་མཆོག །ཆོས་སྐུ་མངོན་དུ་བྱེད་པ་ཡིན། ཅེས་གསུངས་པས།
གང་ཟག་རྨི་ལམ་འབྱོངས་པའི་གནས་སྐབས་དེ་ཉི་དང་། ས་བཅུའི་བྱང་ཆུབ་སེམས་པའི་ཡོན་ཏན་ལ་ཁྱད་པར་མེད། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་མེད་དེ། ལུས་ཀྱི་བཀོད་པ་དཔག་ཏུ་མེད་པར་སྤྲུལ་ནས། སྤྱིར་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཉན་ནུས་པའམ། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་ནུས་ཏེ་ཡོན་ཏན་ལ་ཁྱད་པར་མེད། དཔེར་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པས་ཕྱོགས་བཅུའི་འཇིན་ནེ་གྱི་ཁམས་ཇི་སྙེད་ན། སངས་རྒྱས་ཇི་སྙེད་བཞུགས་པ་དེ་སྙེད་ཀྱི་མདུན་དུ་རྗེ་བཙུན་སྤྱན་རས་གཟིགས་རེ་རེ་བྱོན་ཞིང་། འཁོར་གྱི་གཙོ་བོར་གྱུར་ནས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ལྟ་བུ་ཡིན་ནོ། །རྐང་པ་དང་སྤྲི་ལ་གནས་པ་ལྟ་བུའི་ཤེས་བྱའི་སྒྲིབ་པ་དེ་ཉིད། སྒྱུ་མ་ཙམ་དུ་འཛིན་པ་དེ་ལ་ངོས་འཛིན་ཏེ། དེ་སྤོང་བའི་ཐབས་ལ་ནི་འོད་གསལ་སྟོང་པ་འདུས་མ་བྱས། རྡོ་རྗེ་ལྟ་བུ་དེས། སྐད་ཅིག་ལ་སྤོང་བར་བྱེད་པ་ཡིན་ལ། དེ་ལ་འོད་གསལ་ཞེས་བྱ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ། དོན་དམ་པའི་བདེན་པ་ཞེས་བྱ། དེ་ལྟ་བུའི་སྤང་བྱ་མ་ལུས་པ་སྤངས། ཡོན་ཏན་མ་ལུས་པར་རྫོགས་པ་དེ། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་ལས་ཀྱིས། གཟུགས་སྐུ་གཉིས་ཀྱི་འཁོར་བ་མ་སྟོངས་ཀྱི་བར་དུ། སེམས་ཅན་ལ་གང་ལ་གང་འདུལ་དེ་ལ་དེ་སྟོན་པར་བྱེད་དོ། །དཔེར་ན་རིན་པོ་ཆེ་དབང་གི་རྒྱལ་པོའམ། ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུའོ། །ཆེས་གསུངས་སོ།
ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བའི་སྐབས་སུ།
རྟགས་གཉིས་ལས། དང་པོ་ནག་པོ་རབ་ཏུ་བསྒོམ། །གཉིས་པ་དམར་པོ་རྣམ་པར་བསྒོམ་། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པ་ལྗང་གུ་དེ་བཞིན་ནོ། །ལྔ་པ་ཁ་དོག་སྔོན་པོ་དང༌། །དྲུག་པ་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཅེས་སོ།
ཡིད་ལུས་མཁའ་ལྡིང་གི་སྐབས་སུ།
དེ་ཡང་ཡུན་སྣང་གཏན་ལ་འབེབས་པའི་དུས་སུ་རྣམ་སྨིན་གྱི་ལུས་འཚོལ་བ་དང་། མ་རྙེད་ཀྱི་དོགས་པའི་སྡུག་བསྔལ་བྱུང་ན། དེ་ནི་རླུང་གི་འཇུག་པ་ཕྲ་མོ་མ་ཆོད་པ་ཞེས་བྱ། འཁྲུལ་པའི་བག་ཆགས་དག་པའི་དུས་སུ། ཡུལ་སྣང་བལྟ་ཞིང་རྣམ་སྨིན་གྱི་ལུས་གང་ན་ཡོད་ཀྱང་ཇི་ལྟ་བ་བཞིན་དུ་ཤེས་སོ། །དབང་པོ་ཡང་རབ་དེས་བག་ཆགས་འཁྲུལ་པའི་རླན་དང་བྲལ་ནས་ཡུལ་སྣང་ལྟ་བར་འདོད་པ་དེ། བསམས་པ་ཙམ་གྱིས་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དབང་པོ་ཐ་མ་རྣམས་ཀྱིས་ཉིན་པར་ཆགས་སྡང་འབའ་ཞིག་ཏུ་སོང་ནས། འཁྲུལ་པ་རང་སྣང་། རང་སྣང་སྒྱུ་མར་མ་ཆོད་པས་རྨི་ལམ་བག་ཆགས་ཀྱི་ལུས་དེ་འཁྲུལ་པའི་དབང་དུ་སོང་ནས་རྨི་ལམ་རང་ཁ་མར་འཆར་ཏེ། བག་ཆགས་ཀྱི་ལུས་དེ་སྔར་རང་གི་ཕྱིན་པའི་ས་ཕྱོགས་སམ། གར་སྡོད་པའི་སའམ། གང་དང་འགྲོགས་ཤིང་ཆགས་སྡང་ཡོད་པ་དེའི་བག་ཆགས་འཆར་རོ། །དེ་ལ་བརྒྱ་ལ་རྨི་ལམ་ཟིན་ནས་སྦྱོང་སྤེལ་བྱ་བར་འདོད་ཀྱང་། ཉིན་པར་གྱི་བག་ཆགས་འཐུག་པོ་དེའི་དབང་དུ་སོང་ནས་རྨི་ལམ་དུ་ཡང་། བྲག་ལ་སོགས་པ་ལ་ཐོག་རྡུག་འོང་ཞིང་། ཉིན་པར་གྱི་ལུས་དང་གཅེན་སྤྲས་ལ་ཁྱད་ཨེན་ཙམ་ལས་མི་འོང་ཞིང་། བདེན་འཛིན་བརྟག་པ་དེ་ཤས་ཆེར་འབྱུང་ངོ་།
།དེ་དག་པར་བྱེད་པའི་ཐབས་ལ་ནི། གོང་བཞིན་དུ་མ་དག་པས་འཁྲུལ་པའི་འཁོར་བ་སྤངས་ནས། དག་པའི་འཁོར་བ་བླ་མའི་མོས་གུས་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་འབད་པ་ཆེན་པོ་བྱས་པས། འཁྲུལ་པའི་བག་ཆགས་དག་ནས་ཡིད་ཀྱི་ལུས་སུ་སོང་ཙ་ན། དངོས་འཛིན་གྱི་བློ་དང་བྲལ་ཏེ་སྒྱུ་མ་ཙམ་གྱི་སྒོ་ནས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཡིད་ཀྱི་ལུས་དེ་རི་དང་ཁང་པ་ལ་སོགས་པ་དང་གང་ལ་ཡང་ཐོག་རྡུག་མེད་པར་འགྲོ་ཞིང་། མངོན་དགའ་དང་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམས་སུ་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཞུ་བར་བྱེད་པ་ནི། ཡིད་ཀྱི་བསམས་པ་ཙམ་གྱིས་རང་འདོད་དུ་ཇི་ལྟ་བ་བཞིན་དུ་གཏོལ་ཞིང་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ནི་བག་ཆགས་ཀྱི་རླན་དང་བྲལ་བ་ལས་བྱུང་པ་ཡིན་ནོ། །གང་བསམས་སུ་གཏོལ་བའི་ཕྱིར་ན། དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོའམ། རང་བཞིན་མེད་པའི་སྒྱུ་ལུས་ཞེས་བྱའོ།
།འོད་གསལ་གྱི་རྩ་བ་མི་རྟག་སྐྱོ་ཤས་ཀྱི་སྐབས་སུ།
རྡོ་རྗེའི་ཚིག་རྐང་ལས། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། ཅེས་དང་།
ནཻ་གུ་མས། །འཁོར་བ་སྐྱིད་མེད་དགའ་གདུང་དང་། །སྣང་བ་བསླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོས་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་ལ་བོར། །ཚེ་འདི་བློ་ཡིས་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་ཏེ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནགས་ཁྲོད་འདུག་ཀྱང་རི་དགས་ཡིན། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །སྤྱོད་ལམ་སྣང་གྲགས་ཐམས་ཅད་ཀུན། །གཉིད་སོང་འདུག་པས་ཉམས་སུ་བླང་། །དངོས་སྣང་དང་ནི་རྨི་ལམ་གཉིས། ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་། ཡང་།
འདིར་ནི་སྒྲུབ་པ་གཙོར་བྱེད་པས། །ཐ་སྙད་མིག་རྒྱུ་དག་དང་མཚུངས། །དེ་ཕྱིར་ཚེ་ལ་ལོང་མེད་པས། །འཇིག་རྟེན་འདི་ཉིད་བློས་བཏང་ཏེ། །བླ་མ་དམ་པ་མཆོག་བསྟེན་ནས། །རྟོགས་པ་མངོན་དུ་གྱུར་པར་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་མང་། །ཚེ་ཡི་ཚད་ཀྱང་མ་ངེས་པས། །ངང་པ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་བླང་བར་བྱ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུ་མེད། ཅེས་དང་།
འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། ཅེས་དང་།
འོད་གསལ་གྱི་དམིགས་པ་གསུམ་ལས། སངས་རྒྱས་གཉན་གྱི་གསུང་ནས་ཨ་བསྒོམ་པ་འདིས་འོད་གསལ་ཕྱག་རྒྱ་ཆེན་པོ་མ་འཆར་མི་སྲིད་གསུངས།
བདག་མེད་མ་བསྒོམ་པ་འདི་ནི། སྤྲོས་བཅས་བསྐྱེད་པའི་རིམ་པ་ལ་རྟེན་ནས། སྤྲོས་མེད་ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཐབས་འདི་ལས་ཟབ་པ་ཡོད་རི་གསུངས།
བླ་མ་བསྒོམ་པ་ནི། རྨི་ལམ་དང་འོད་གསལ་ཐམས་ཅད་འདི་ལས་འཆར་བས། འདི་ཁོ་ན་ཟབ་ཤོས་ཡིན་གསུང་ངོ་།
།ཉིན་པར་སྐུ་གསུམ་ལམ་ཁྱེར་གྱི་དུས་སུ།
ཡེ་ཤེས་རྒྱ་མཚོ་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ཡང་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །རྟོག་བྲལ་བདེ་ཕྱིར་ལོངས་སྤྱོད་རྫོགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཅེས་སོ།
ལྡ་སྟངས་ཀྱི་མཉམ་རྗེས་སུ་བསྲེ་བའི་སྐབས་སུ།
དམ་པ་རྒྱ་གར་གྱིས། ལྟ་སྟངས་ཀྱི་རིག་པ་སྟོད་ལ་མནན་ན་ཕྲ་རགས་ཀྱི་རྟོག་པ་འགག །ཅེས་དང་།
འབུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཅེས་སོ།
གསལ་སྟོང་རང་ཤར་གྱི་སྐབས་སུ།
ས་ར་ཧས། མཐོང་དང་ཐོས་དང་དྲན་དང་རེག་པ་དང་། །ཟས་སྐོམ་འཁྱམ་དང་འགྲོ་འདུག་ལ་སོགས་པ། །ཅལ་ཅོལ་གཏམ་དང་ལན་སྨྲས་གྱུར་པ་ལ། །སེམས་པོ་ཞེ་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། ཅེས་དང་།
གཅོད་ཀྱི་གཞུང་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་འབྲས་བུ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་འདྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང༌། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང༌། །གཉིས་མེད་གྲོལ་བ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །སྐྱེས་བུའི་སྲོག་རྩ་བཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡི། །ཆོད་དུ་སྒོ་ནི་སྒག་མི་དགོས། །དེ་བཞིན་སེམས་ཉིད་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། ཅེས་སོ།
ཟབ་ཞི་སྤྲོས་བྲལ་གྱི་སྐབས་སུ་ཟབ་པ་ནི།
མངོན་རྟོགས་རྒྱན་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། ཅེས་དང་། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། ཅེས་སོ།
།ཞི་བ་ནི་དབུ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ།
སྤྲོས་བྲལ་གྱི་མཐའ་གཉིས་ནི། གཅོད་གཞུང་ལས། ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པའི། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱང་། །དགོངས་པ་མ་ནོར་མ་བཅོས་པའོ། །ཅེས་སོ།
མཐའ་བཞི་ནི། དུས་འཁོར་ལས། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཅེས་སོ།
།མཐའ་བརྒྱད་ནི། དབུ་མ་ཚིགས་གསལ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེད་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཅེས་སོ།
འོད་གསལ་ནི། བརྒྱད་སྟོང་ལས། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་སོ།
འདུས་མ་བྱས་པ་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། ཅེས་སོ།
།དེ་རྣམས་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་གོ །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ཅེས་སོ།
།གེགས་སེལ་ཉེས་སྐྱོན་རང་གྲོལ་གྱི་སྐབས་སུ།
འོད་གསལ་གྱི་གེགས་ནི། བླ་མ་དང་མཆེད་གྲོགས་ལ་སོགས་པའི་ཡུལ་ཁྱད་པར་ཅན་དང་། ལས་རྒྱུ་འབྲས་ལ་ལོག་ལྟ་སྐྱེས་པའོ། །ཉེས་པ་ནི། བླ་མའི་བྱིན་རླབས་རང་གི་རྒྱུད་ལ་མི་འཇུག་ཅིང་། སྟོང་ཉིད་ཁ་འབྱམས་སུ་གོལ་བའོ། །སྐྱོན་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་མ་རྟོགས་པས་ལས་རྒྱུ་འབྲས་ཕྲ་རགས་ཁྱད་དུ་བསོད་པའོ། །དེ་སེལ་བའི་གདམ་ངག་ནི། ལོག་ལྟ་ལ་སོགས་པ་གཉིས་སྣང་གི་རྟོག་པ་ཐམས་ཅད་རང་སྣང་དུ་ཤེས་པར་བྱས་ལ། རང་སྣང་རྟེན་འབྲེལ་ལམ། སྒྱུ་མ་ལྟ་བུར་བསྒོམས་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་རྟོགས་པའོ།
།ཡང་གེགས་ནི། རྣམ་རྟོག་རྐུན་བུ་རང་དགའ་བར་ཤོར་བའོ། །ཉེས་པ་ནི། ཉམས་ལེན་ངན་ལང་དུ་ཤོར་འགྲོ་བའོ། སྐྱོན་ནི། འཁྲུལ་སྣང་གི་བག་ཆགས་རྒྱུན་མི་ཆད་པའོ། །དེ་སེལ་བའི་མན་ངག་ནི། རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ལ། དོན་དམ་ཤེས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་པས་རྣམ་རྟོག་འཆར་ཚད་འོད་གསལ་སྟོང་ཉིད་ཀྱི་གསལ་འདེབས་སུ་འཆར་བའོ།
།ཡང་གེགས་ནི་གཏི་མུག་དང་འབྲེལ་བའི་ཞི་གནས་བསྒོམ་པའོ། །ཉེས་པ་ནི། ལྟ་བསྒོམ་གྱི་ཤན་དར་མི་ཕྱེད་པའོ། །སྐྱོན་ནི། རྟེན་འབྲེལ་གྱི་འཆར་སྒོ་ལ་རྨོངས་པའོ། །དེ་སེལ་བའི་གདམ་ངག་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ངོས་ཟིན་པར་བྱས་ནས་བསྒོམས་པས། ཉམས་ལེན་ཡོར་ཡོར་ལ་མི་འདས་ཤིང་རྣམ་རྟོག་གམ། རྟེན་འབྲེལ་གྱི་འཆར་སྒོ་ཕྲ་ཞིབ་དང་བཅས་པ་ཐམས་ཅད་འོད་གསལ་གྱི་ངོ་བོར་འཆར་བ་ཡིན་ནོ།
།གཅོད་ཀྱི་གཞུང་ལས། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང༌། །སེམས་ལ་བྱུང་ས་གནས་པ་དང༌། །འགྲོ་བར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་སུ་མི་གྱུར། །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད། །དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཅེས་སོ།
བོགས་འདོན་ཐེ་ཙོམ་གཅོད་བྱེད་ཀྱི་སྐབས་སུ། འོད་གསལ་རྩེ་གཅིག་ཏུ་བསྒོམས་ཀྱང་འཆར་སྒོ་ལ་བོགས་མ་བྱུང་ན། བླ་མ་ལ་མོས་གུས་ཆུངས་པའི་སྐྱོན་ཡིན་ཡང་། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཉིན་མཚན་མེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། འོད་གསལ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འཆར་རོ། །མོས་གུས་ཚད་མེད་ཀྱི་བོགས་འདོན་པའོ། །ཡང་འོད་གསལ་གྱི་ངོ་བོ་ལ་བོགས་ལ་བྱུང་ན། བསགས་པའི་རྒྱབ་མེད་པ་དང་། གཏུམ་མོ་ལ་གོམས་པ་ཆུངས་པའི་སྐྱོན་ཡིན་པས། ཚོགས་འཁོར་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གསོག་བྱ།
སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་གཞན་མི་ཐོབ། ཅེས་སོ།
འབད་རྩོམ་བསྐྱེད་ནས་གཏུམ་མོ་བསྒོམས་པས། ལུས་ལ་བདེ་དྲོད་སྐྱེད། དེས་རིག་པ་དངས་སྙིགས་ཕྱེད་ནས་ལུས་བདེ་སྟོང་ཟུང་འཇུག །སྣང་པ་ཐམས་ཅད་སྣང་སྟོང་། སེམས་རིག་སྟོང་ཟུང་འཇུག་གི་འོད་གསལ་འཆར་རོ། །དེའི་དུས་སུ་བླ་མས་ངོ་སྤྲད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཤར་འདུག་སྙམ་དུ་ངོས་བཟུང་ལ། གསལ་བ་སྤྲུལ་སྐུ། སྟོང་པ་ཆོས་སྐུ། འཛིན་མེད་ཀྱི་བདེ་བ་ཉམས་སུ་མྱོང་བ་ལོངས་སྐུར་ཐག་བཅད་དོ། །ཐག་བཅད་ངེས་ཤེས་བསྐྱེད་པས་བོགས་འདོན་པའོ། །དེ་མ་རྟོགས་པར་འཁོར་བར་འཁྱམས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། སྙིང་རྗེ་ཚད་མེད་ཀྱི་བོགས་འདོན་པའོ། །དེ་ལྟར་བསྒོམས་པས་རྟོགས་པ་གོང་ནས་གོང་དུ་ཐོན་ཞིང་། ཡིན་མིན་གྱི་ཐེ་ཚོམ་དང་སྒྲོ་འདོགས་ཆོད་པར་འགྱུར་རོ།
།ཁྱད་འཕགས་འཆར་སྒོ་ངོས་འཛིན་གྱི་སྐབས་སུ།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཅེས་པས་ཡི་གེ་ཟུར་ན་ཡོད་དོ།
ཉམས་རྟོགས་ཉིན་མཚན་ཁྱད་པར་གྱི་སྐབས་སུ།
གསལ་བའི་ཉམས་ནི། མིག་གིས་གཟུགས་ཉེ་རིང་མེད་པ་མཐོང་པ་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་། ཕྱི་སྣོད་ཀྱི་འཇིགས་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དང་། དེའི་རྫས་དང་ལོངས་སྤྱོད་དང་བཅས་པ་རྣམས་གསལ་སིང་གིས་མཐོང་པ་འབྱུང་ངོ་།
།མི་རྟོག་པ་ནི། རང་གི་ལུས་ཡོད་པ་མི་ཚོར་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། བཟུང་འཛིན་གྱི་རྟོག་པ་གང་ལ་ཡང་མི་འཕྲོ་བར་བདེ་འབོལ་ལེ་གནས་པ་དང་། རྒྱེན་ཕྲ་མོས་མི་གནོད་པ་སྙམ་བྱེད་པ་དང་། འདི་ཀ་ཆོས་སྐུར་འདུག་སྙམ་པ་འབྱུང་ངོ་། །གཞན་ཡང་ས་རྡོ་རི་བྲག་གང་ལ་ཡང་ཐོགས་མེད་དུ་ཕྱིན་པས་ཆོག་སྙམ་པ་དང་། འགྲོ་ནུས་པ་འབྱུང་ངོ་། །ཆུར་མི་བྱིང་། མེས་པི་ཚིག །རླུང་གིས་མི་བསྐྱོད། ནམ་མཁའ་ལ་འཕུར་བས་ཆོག་སྙམ་པ་ཉམས་དུ་མ་འཆར་རོ།
།བདེ་བ་ནི། ལུས་བདེ། སེམས་བདེ། སྣང་པ་བདེ་བར་འཆར་ཏེ། ཇི་ལྟར་བྱས་ཀྱང་བདེ་བར་འཆར་བ་འབྱུང་ངོ་། །དེ་ཐམས་ཅད་ལ་བློ་འཛིན་པ་དང་བཅས་ཤིང་དུས་རེས་འཇོག་ཏུ་འཆར། རྐྱེན་མི་ཐེག་པས་ཀུན་རྫོབ་སམ། ཉམས་ཀྱི་འོད་གསལ་ལོ། །རྟོགས་པ་ནི་རྩ་མདུད་གྲོལ་བ་ལ་རྟེན་ནས། བདེ་གསལ་མི་རྟོག་པའི་འཆར་སྒོ་ཐམས་ཅད་ངོ་བོ་སྟོང་པ་ཉིད། རྣམ་པ་དབྱེར་མེད་རང་ཤར། དུས་རྒྱུན་ཆད་མེད་པར་རྐྱེན་སྣང་བསྒོམ་གྱིས་ངོ་བོར་ཤར་ནས། དུས་གསུམ་སངས་རྒྱས་བྱོན་ཀྱང་འདི་ཀར་འདུག་སྙམ་ནས་ཐག་ཆོད་ངེས་ཤེས་བསྐྱེད་པ་ནི། དོན་དམ་མི་རྟོགས་པའི་འོད་གསལ་ལོ།
།བླ་མ་གཉན་གྱི་གསུང་ནས། ཞིག་ཅིང་ཡལ་ནས་འགྲོ་བས་ཉམས། །མི་འཇིག་ཅིང་བརྟན་པས་རྟོགས་པའོ། །ཅེས་སོ།
ཉིན་པར་གྱི་དུས་སུ། གསལ་སྟོང་བདེ་ཆེན་གྱི་འཆར་སྒོ་ཐམས་ཅད། ངོ་བོ་སྟོང་ཉིད་དང་དབྱེར་མེད་དེ་རྒྱུའམ་ས་བོན་གྱི་ཚུལ་དུ་ཤར་ནས། ཉིན་པར་གྱི་འཁྲུལ་པ་དག་པ་ནི། ཉིན་མོའི་འོད་གསལ་ལོ། །ནུབ་མོ་རྨི་ལམ་དུས་སུ་གསལ་སྟོང་བདེ་ཆེན་དང་དབྱེར་མེད་རང་ཤར་དུ། འབྲས་བུའི་ཚུལ་དུ་ཤར་ནས་ནུབ་མོའི་འཁྲུལ་པ་དག་པ་ནི་མཚན་མོའི་འོད་གསལ་ལོ། །དེའང་རྒྱུ་འབྲས་སམ། གཉིད་སད་རྒྱུ་ཡོད་མེད་དམ། སྟོབས་ཆེ་ཆུང་ངམ། ཉིན་མཚན་ལ་སྟོས་ནས་ཁྱད་པར་དུ་བྱས་པ་ཡིན་ལ་དོན་ལ་ཁྱད་མེད་དེ།
ནཻ་གུ་མས། །དངོས་སྣང་དང་ནི་རྨི་ལམ་གཉིས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་།
བླ་མ་ཁྱུང་པོས། སངས་རྒྱས་སྐུ་དང་ཞིང་ཁམས་དང་། །འཁོར་དང་སྟོན་པ་ཆོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུ་དེ། །དངོས་དང་རྨི་ལམ་ཐ་དད་མེད། ཅེས་སོ།
།མདོར་ན་སྒྱུ་མ་རང་ཤར། རྨི་ལམ་རང་ཟིན། ཡུལ་སྣང་། འོད་གསལ་ལ་སོགས་པ་ཐམས་ཅད་བླ་མ་ལ་མོས་གུས་གནད་དུ་མ་སོང་ན། དམིགས་པ་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་གནད་དུ་ཐོང་ན། ཉམས་རྟོགས་ཐམས་ཅད་མཐར་ཕྱིན་པར་འདུག་ངེས་ཀྱི་གསུང་ངོ་།
།འཕོ་བའི་སྐབས་སུ།
སྦྱང་བ་དང་། ལས་ལ་སྦྱར་བ་གཉིས་ལས། དང་པོ་ནི། ད་ལྟ་བསྒོམ་པ་ཡིན་ལ། ལས་ལ་སྦྱར་བ་ནི།
ཡེ་ཤེས་རྒྱ་མཚོ་ལས། འཆི་བའི་འཇིགས་པ་ཆེན་པོ་ལ། རྟོགས་པ་བརྟན་པའི་མན་ངག་གཅེས། ཅེས་པས།
རྟོགས་པ་བརྟན་པ་ནི། རྩེ་གཅིག་ཏུ་བསྒོམས་པས་འོད་གསལ་རྒྱུན་ཆད་མེད་པར་ཤར་ནས། རང་སེམས་འཆི་མེད་དུ་རྟོགས་པ་ཡིན་ལ། དེ་མ་རྟོགས་ན་འཆུག་པ་མེད་པའི་མན་ངག་གིས། འཕོ་བའི་གདམས་ངག་ཡིན་ནོ།
།བླ་མ་མར་པས། བསྒོམས་ན་སང་ཆུང་ཀུན་ཀྱང་རྒྱ་སྟེ། མ་བསྒོམས་སངས་རྒྱས་འཕོ་བ་ཡིན་ནོ། །ཅེས་སོ།
བྱིན་རླབས་བླ་མའི་འཕོ་བ་སྐབས་སུ།
རང་འཆི་བའི་ཚེ་ཆོས་གཞན་གང་ཡང་མ་དྲན་ཀྱང་། བླ་མ་སྐད་ཅིག་དྲན་པས་སངས་རྒྱ་སྟེ།
ཀྲི་ཡ་དཔུང་བཟངས་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །སྐད་ཅིག་དྲན་པར་མ་གྱུར་ཀྱང་། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱ། ཅེས་སོ།
དེ་ལ་བསྒོམས་པའི་གང་ཟག་དེ་ལ་ནམ་ཞིག་འཆི་རྟགས་རྣམས་ཚང་ཞིང་། ཅེས་པའི་སྐབས་སུ། དེ་འཆི་ལྟས་རྣམས་རྫོགས་ནས་འཕོ་བ་བྱེད་ལ། མ་རྫོགས་པར་བྱས་ན་ལྷ་བསད་པར་འགྱུར་བས་དེའི་རྣམ་སྨིན་གྱིས་དམྱལ་བར་སྐྱེ་སྟེ།
རྡོ་རྗེ་གདན་བཞི་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པའི་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། ཅེས་སོ།
བར་དོའི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །འཆུགས་པ་མེད་པའི་མན་ངག་གཅེས། ཞེས་པས་རྟོགས་པ་བརྟན་པ་ནི་གོང་དང་འདྲ། མན་ངག་ནི་མིགས་པའོ། །བར་དོའི་གདམ་ངག་མང་པོ་བཤད་ཀྱང་། རྨི་ལམ་ལ་དབང་མ་ཐོབ་ན་ཕན་མེད་དེ། དེས་ན་བར་དོ་ཤེས་པར་བྱེད་པའི་མཆོག་རྨི་ལམ་ཡིན་གསུང་ངོ་།
།བདུན་ཕྲག་དང་པོ་ལ་བར་དོར་སངས་རྒྱ་བའི་སྐབས་སུ།
ནཻ་གུ་མས། །རྨི་ལམ་ཟིན་ནས་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། ཅེས་སོ།
ནཻ་གུ་མས། འདུན་པ་དག་ལས་མི་འདའ་བ། བར་དོའི་གནང་ཚིག་ཡང་དག་རྫོགས། ཅེས་པས།
བར་དོར་འཆར་རྒྱུ་ཐམས་ཅད་འདིར་འཆར་བས་འདི་གཅིག་པུས་ཆོག་གསུངས་ངོ་། ཆགས་སྡང་ཕྲག་དོག་སྒྱུ་མ་རྨི་ལམ་དུ་སྦྱང་པར་བྱའོ། །བར་དོར་ཆགས་སྡང་དང་། འཇིགས་པ་དང་། དངངས་སྐྲག་ལ་སོགས་པ་མ་བྱུང་ན་སྒྱུ་མ་རང་ཤར་དུ་བྱུང་པའི་རྟགས་ཡིན་པས་དེས་ཆོག་གོ །བྱུང་ན་མན་ངག་འདིས་པར་བཏབ་པ་བཞིན་དུ་འོང་པས་བར་དོར་རྒྱལ་བ་ལོངས་སྐུར་སངས་མི་རྒྱ་མི་སྲིད་དོ།
།རྒྱ་བོད་གཉིས་ན་གདམ་ངག་འདི་ལས་ཟབ་པ་གང་ཡང་མེད་བླ་མ་སངས་རྒྱས་སྟོན་པ་གསུང་ངོ་། །ཁྱད་འཕགས་གདམས་པ་ཆོས་དྲུག་གི་སྐབས་སུ་ཉེར་འཁོའི་གསུང་སྒྲོས་འདི། དཔལ་ལྡན་བླ་མའི་གསུང་བཞིན་དུ། སྔགས་འཆང་[[Gyeltsen Bum|རྒྱལ་མཚན་འབུམ་]]གྱིས་བཀོད། དགེ་བས་འགྲོ་ཀུན་སྲིད་མཚོ་ལས། བསྒྲལ་ནས་བྱང་ཆུབ་མཆོག་ཐོབ་ཤོག
།ཁྱི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ལ་[[Rigong|རི་གོང་བྲག་དགོན་]]དུ་གྲུབ་པར་བྲིས་པའི་ཡི་གེ་པ་ནི་བཟང་པོའི་མཐའ་ཅན་ནོ། མངྒ་ལཾ།

this text needs to be re-read
༄༅། །ཆོས་སྤྱིའི་ཉེར་འཁོ་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
དག་བྱེད་ཨའི་སྟོང་རའི་སྐབས་སུ། རས་སམ་སྣམ་བུ་དྲི་མ་ཅན་ལ་ཚོས་མི་འགོ་བ་བཞིན་དུ། རྒྱུད་དྲི་མ་དང་བཅས་པ་ལ་བྱིན་རླབས་མི་འཇུག་པས། དྲི་མ་སྦྱོང་བ་དག་བྱེད་ཨའི་སྟོང་ར་བསྒོམས་པས། སྤྱིར་སྡིག་སྒྲིབ་ཐམས་ཅད་འདག །ཁྱད་པར་དུ་མཚམས་མེད་ལྔའི་ལས་བྱས་པ་དང་དེ་དང་། ཉེ་བ་ལྔ། སྡོམ་པ་གསུམ་གྱི་ཉེས་ལྟུང་དང་། དམ་ཚིག་ཉམས་ཆགས་དང་། དཀོར་སྐུ་བླུད་དང་། སྐུར་པ་བཏབ་པ་དང་། གྲིབ་ལ་སོགས་པ་ཐམས་ཅད་འདག་པར་འགྱུར་རོ།
སྒྲིབ་པ་ཟད་པའི་རྟགས་སུ་འཁྲུ་བ་དང་སྐྱུག་པ་དང་གོས་དཀར་པོ་གོན་པ་དང་ཁྲུས་བྱེད་པ་དང་། གཅེར་བུར་འདུག་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཁང་སྟེངས་སུ་ཕྱིན་པ་དང་། སྐས་ལ་འཛེགས་པ་དང་། འཁར་མཐོན་པོའི་རྩེར་ཕྱིན་པ་དང་། ནམ་ལངས་པ་དང་། མཆོད་རྟེན་ལ་སྐོར་བ་བྱེད་པ་དང་། མེ་ཏོག་དཀར་པོ་དང་སེར་པོ་ལ་སོགས་པ་མཐུ་བ་དང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། བླ་མ་དང་དགེ་འདུན་གྱི་ཚོགས་མང་པོ་རྨི་བ་ལ་སོགས་པའོ།
ནད་དོན་པའི་རྟགས་ནི། ལུས་ལ་རྔུལ་དང་ཆུ་སེར་དང་། ནད་ཀྱི་ཁ་རླངས་སྔོ་དམར་ཐོན་པ་དང་། ལུས་ལ་རྣག་ཁྲག་འཛག་པ་དང་། ཁྲག་དང་སྐྱུགས་པ་སྐྱུག་པ་དང་། ཁོང་གི་དོན་སྣོད་ལ་སོགས་པ་ཕྱིར་ཐོན་པའོ།
གདོན་དོན་པའི་རྟགས་ནི། གྲོག་སྦུར་དང་། འབུ་སྲིན་དང་། སྡོམ་སྡིག་དང་། སྦལ་ལྗོང་དང་། རྟ་གླང་ལ་སོགས་པ་ཐོན་པའོ།
གཏུམ་མོའི་སྐབས་སུ་སྤང་བྱ་ལ། མེ་དང་ཉི་མ་ལ་ཡུན་རིང་དུ་སྡོད་པ་དང་ཧ་ཅང་ལན་ཚྭ་ཆེས་པ་དང་། ཉིན་པར་གྱི་གཉིད་དང་། བུད་མེད་ཀྱི་འཁོར་སྤང་པའོ།
དྲོད་མི་སྐྱེ་བའི་རྒྱུ་ནི། དམིགས་པ་ཕྱིར་ཤོར་ན་དྲོད་མི་སྐྱེ། ངལ་བསོ་ཡུན་རིངས་ན། བསྒོམ་པའི་རྩོལ་བ་ཆུང་ངས་ན། ཁྱད་པར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉམས་ན་དྲོད་མི་སྐྱེའོ།
སྐྱེ་བའི་རྒྱུ་ནི། ལུས་ཀྱི་ལས་སུ་དཀྲུག་འཁོར་ལ་སོགས་པ། འབད་རྩོལ་བསྐྱེད་ནས་བསྒོམས་པས་དང་པོ་དྲོད་སྐྱེ། དྲོད་ལ་རྟེན་ནས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ། དེ་གསུམ་དབྱེར་མེད་པ་ཕྱག་རྒྱ་ཆེན་པོར་འཆར་བས། གཏུམ་མོ་ལམ་གྱི་གཞུང་ཤིང་ཡིན་ནོ།
སྤྱིར་སྒྱུ་ལུས་དང་རྨི་ལམ་གཉིས་ཀ་ལ་གཏུམ་མོ་བསྒོམ་པ་གལ་ཆེ་ལ། ཁྱད་པར་དུ་ཡང་རྨི་ལམ་སྦྱོང་སྤེལ་དང་། ཡུལ་སྣང་ལྟ་བ་གལ་ཆེ་སྟེ། བོགས་འབྱིན་རླུང་གི་རྟ་ཕོ་ཡིན། ཡུལ་གྱི་ལྟད་མོ་སྣ་ཚོགས་བལྟ། ཅེས་སོ།
གྲོགས་སུ་བླ་མ་དམ་པ་བསྟེན་པའི་སྐབས་སུ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ཕྱི་མ་ལས། གང་གིས་བསྐལ་པ་བརྒྱ་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་པ་བས། ལྷའི་སྐུ་སྐད་ཅིག་མ་གཅིག་དྲན་པ་བསོད་ནམས་ཆེས་ཁྱད་པར་དུ་སངས་རྒྱ་བའི་ཕྱིར་རོ། ཅེས་དང་།
བདེ་མཆོག་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཀྱང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ཏེ་བྱུང༌། ཅེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །རྡོ་རྗེ་འཆང་གི་ཞབས་པད་འདུད། ཅེས་དང་།
ཕལ་ཆེན་ལས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་བྱངས་ལ་འདི་སྐད་རྩེས་སྨྲས་སོ། འཕགས་པ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་གང་ལ་བརྟེན་ནས་བྱུང་བ་ལགས། འཕགས་པས་སྨྲས་པ། རིགས་ཀྱི་བུ་ཁོ་བོའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་ནི། དགེ་བའི་བཤེས་གཉེན་བསྟེན་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བལྟས་པ་ལས་བྱུང་ངོ་། །རིགས་ཀྱི་བུ། ཁྱོད་ཀྱིས་ཀྱང་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །དགེ་བའི་བཤེས་གཉེན་ལ་ཕུད་དུ་བྱའོ། །དགེ་བའི་བཤེས་གཉེན་ལ་བལྟ་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཅི་བགོ་བ་དང་མཉན་པར་བྱའོ། །ཅེས་སོ།
།གཤིས་བདེན་མེད་ཡིན་པ་ལ། དེ་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན། ཅེས་པའི་སྐབས་སུ། བདེན་མེད་དུ་འདུག་གམ་མི་འདུག་བསེམས་དང་། འདུས་བྱས་ཐམས་ཅད་མི་རྟག་པར་འདུག་པས་བདེན་པ་མེད་དེ།
རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཅེས་དང་།
མདོ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེས་ཤིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་ན་བདེ། །ཞེས་དང་།
[[Nagarjuna|ཀླུ་སྒྲུབ་]]ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་ཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཅེས་སོ།
བསགས་པ་མཛད། འདུས་པ་འབྲལ། གསོན་པ་འཆི། མཐོན་པོའི་མཐབ་བསྙིལ་བས་ཀྱང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་ལྟོས་ནས་ཀྱང་། དུས་སྔ་ཕྱི་ལ་ལྟོས་ནས་ཀྱང་བདེན་པ་མེད་དེ།
འདུལ་བ་ལུང་ནས། བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །མཐོན་པོའི་མཐའ་ནི་ཉིལ་བར་འགྱུར། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཅེས་དང་།
དབུ་མ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་ལ། །མི་གནས་བྱ་བ་ག་ལ་ཡོད། །གང་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་གཅིག་ལ་མེད། ཅེས་སོ།
སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར། ཅེས་པའི་སྐབས་སུ་སྣང་བ་ཐམས་ཅད་རང་སེམས་སྒྱུ་མ་རྨི་ལམ། སྒྱུ་མ་ཙམ་དུའང་དོན་ལ་གྲུབ་པ་མེད་པས་མཐའ་བྲལ། མཐའ་དང་བྲལ་བས་ཟུང་འཇུག །ཟུང་དུ་འཇུག་པས་ཕྱག་རྒྱ་ཆེན་པོའོ།
གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པར་རང་ཤར་བའོ། །ཅེས་དང་།
འབུམ་ལས་དོན་དམ་པར་ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་དོ། །ཅེས་དང་།
བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་དང་།
ཡིད་ཀྱི་ངོ་བོ་སྟོང་པ་ཉིད་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།
བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡི་རང་བཞིན་ཇི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བ་དཔྱོད། །ཅེས་དང་།
དཀོན་བརྩེགས་ལས། འོད་བསྲུངས། སེམས་ནི་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ཅེས་སོ།
།དབང་པོ་འབྲིང་གི་མི་རྟག་པའི་སྐབས་སུ།
འཆི་བ་མ་དྲན་པའི་ཆོས་པ་དེ། འཁྱགས་པའི་ཐོག་དུ་མཁར་དགུ་ཐོག་བརྩིགས་པ་དང་འདྲ་གསུང་། དགུན་འཁྱགས་པའི་ཐོག་ཏུ་མཁར་དགུ་ཐོག་བརྩིགས་ཀྱང་ཐོག་ལ། སོས་ནམ་ལ་དྲོས་པ་དང་རྨེང་ནས་འགྱེལ་འགྲོ། དེ་བཞིན་དུ་འཆི་བ་མ་དྲན་པའི་ཆོས་པ་དེ། བསྒོམ་བཟང་བཟང་འདྲ་ཡང་། རྐྱེན་ངན་གྱི་ཡུལ་དང་ཕྲད་པའི་དུས་སུ་ཡལ་ནས་འགྲོའོ།
།ཡང་ན། ཚེ་རིངས་ཡོང་ན་ཚེ་རིང་ཤོག །ཚེ་ཐུང་ཡོང་ན་ཚེ་ཐུང་ཤོག །གཏམ། སྙན་ཡོང་ན་གཏམ། སྙན་ཤོག །གཏམ་ངན་ཡོང་ན་གཏམ་ངན་ཤོག །མདོར་ན་ཆོས་དང་ཅི་མཐུན་ཤོག །ཅེས་སོ།
སྣང་བ་རང་སེམས་ཤར་བའི་སྐབས་སུ།
མདོ་འཇིག་རྟེན་གདགས་པ་ལས། ས་ལ་པར་འདུ་ཤེས་པ་ཡོད་དོ། །ས་ལ་ཆུར། ས་ལ་མེར། ས་ལ་རླུང་དུ། ས་ལ་ནམ་མཁའ་སྟོང་པར་འདུ་ཤེས་པར་ཡོད་དོ། །དེ་བཞིན་དུ་འབྱུང་བ་ཐམས་ཅད་ལ་ཡང་ཤེས་པར་བྱའོ།
།ལང་དཀར་གཞེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་གཟུགས་ནི་ཕྱི་རོལ་སྣང་། །ཅེས་སོ།
།སེམས་སྒྱུ་མ་རྨི་ལམ་བསྒོམ་པའི་སྐབས་སུ།
མངོན་རྟོགས་རྒྱན་ལས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཅེས་པའི་འབྲེལ་པར། ཡོངས་སུ་འགྱུར་བ་དང་། མཉམ་དུ་འཚོགས་པ་དང་། འགལ་བ་དང་། རྐྱེན་དང་། མ་འཕོས་པ་དང་། རྟེན་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཅེས་པ་ལ། ཡོངས་སུ་འགྱུར་བ་ནི་གཉིད་ཀྱི་ཤེས་པ་རྨི་ལམ་སྟེ།
ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་སོ།
མཉམ་དུ་ཚོགས་པ་ནི། རྫས་དང་སྔགས་དང་བྱུང་པ་སྒྱུ་མ་སྟེ། སྒྱུ་མ་བྱེད་པ་དགིས་གཟུགས་སྤྲུལ་ཏེ། རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། ཇི་ལྟར་ན་ཡང་སྣང་པ་གང་ཡང་མེད། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།
འགལ་བ་ནི། ཆུར་འགལ་ནས་མེད་པ་ནི་མིག་སྒྱུ་སྟེ། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། སྐོམ་པས་གདུངས་ཤིང་སྐྱེས་བུ་འགྲོ་བ་ཡི། སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་སྣང་། ཆོས་རྣམས་ཐམས་ཅད།
རྐྱེན་ནི། སྒྲའི་རྐྱེན་ལས་བྱུང་པ་ནི་སྒྲ་སྙན་ཏེ། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་སྟེ། གླུ་ལེན་སྒྲ་དང་རྒོང་དང་ངུ་བ་དང་། བྲག་ཆ་སྣང་ཡང་སྣང་པ་གང་ཡང་མེད། ཆོས་རྣམས། མ་འཕོས་པ། གཟུགས་བརྙན་ནམ་མིག་ཡོར་ཏེ། ཇི་ལྟར་ནམ་མཁའ་དངས་པར་ཟླ་ཤར་བ། དེ་ཡི་གཟུགས་བརྙན་དངས་པའི་ཚོར་སྣང་ཡང་། ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། ཆོས་རྣམས།
རྟེན་མེད་པ་ནི། རྟེན་ཏེ་གཞི་མེད་པའི་སྣང་པ་ནི་དྲི་ཟའི་གྲོང་ཁྱེར་ཡིན་ལ། བྱེད་པ་པོ་མེད་པ་ནི་སྤྲུལ་པ་སྟེ། ཇི་ལྟར་སྤྲུལ་པའི་དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དང་། མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཅེས་གསུངས་སོ།
དབང་པོ་ཐ་མ་ཞེན་མེད་སྒྱུ་མ་རང་ཤར་གྱི་སྐབས་སུ།
སྡུད་པ་ལས། གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ཅིང་། །གཞན་ཞིག་མེ་འདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ། །ཅེས་པ་དང་།
རྣམ་འགྲེལ་ལས། བླང་དང་དོར་བྱ་སྤོངས་པའི་ཕྱིར། །ཐམས་ཅད་ལ་ནི་བཏང་སྙོམས་ཅན། །ཙན་དན་ལྟེའུ་མཚུངས་པ་ལ། །ཆགས་བྲལ་ཤེས་ནི་དེ་ལ་བྱ། །ཅེས་སོ།
རྨི་ལམ་རང་ཟིན་གྱི་སྐབས་སུ།
[[Mokchokpa Rinchen Tsöndrü|བླ་མ་རློག་ལྕོག་པ]]འི་གསུང་། འོད་གསལ་གཏན་ལ་འབེབས་པ་སྒྱུ་ལུས། སྒྱུ་ལུས་གཏན་ལ་འབེབས་པ་རྨི་ལམ། རྨི་ལམ་གཏན་ལ་འབེབས་པ་དད་འདུན། དད་འདུན་གཏན་ལ་འབེབས་པ་བླ་མའོ།
དེ་ལ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། དད་པ་དང་འདུན་པ་བསྐྱེད་ན་རྨི་ལམ་ཟིན། དེས་སྒྱུ་མ་རང་ཤར་དུ་འོང་། དེས་འོད་གསལ་རང་ཤར་དུ་གཏན་ལ་ཕེབས་པོ། དེས་ན་སྒྱུ་ལུས་ཀྱི་འོད་གསལ་བིགས་འདོན། རྨི་ལམ་གྱིས་སྒྱུ་ལུས་གཏན་ལ་ཕེབས་པར་བཞོད་དོ། རྨི་ལམ་ཟིན་མ་ཐོག་མིག་ཕྱེ་ན་སད་འབྱམས་སུ་འགྲོ་བས། མིག་མི་འབྱེད་པར་འདུན་པ་དྲག་པོ་བྱས་པས་སད་འབྱམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་པོ་འབྱུང་སྟེ།
[[Niguma|ནཻ་གུ་མ]]ས། །དེ་ཡང་མིག་ནི་མི་འབྱེད་པར། །དྲན་སྣང་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། ཅེས་སོ།
གཉིད་སད་རྗེས་ཉིན་མཚན་བསྲེ་བ་ནི།
[[Niguma|ནཻ་གུ་མ]]ས། །དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་འཕོའི་གནད་ཀྱིས་མཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། ཅེས་སོ།

རྨི་ལམ་སྒྱུ་མ་བསྒོམ་པ་འདི། བདེ་བའི་སྣ་དུ་ཁས་འདྲེན་པ་བཞིན། ཞིང་པའི་པོ་ནམ་དང་འདྲ་བ་ཞིག་དགོས་གསུང་། སོ་ནམ་བྱེད་པའི་དུས་སུ་ནས་རྡོག་པོ་རེའི་ཕྱིར་ཡང་གོམ་པ་རེ་བརྡོག་དགོས་པས་སྡུག་པ་ཡིན། སང་ཕོད་ལོ་ལེགས་ཙ་ན། བུན་ཁྱེར་དྲགས་བྱུང་། ཁ་ཤ་ཆང་དང་མ་བྲལ་བར་བྱེད་ཙ་ན་སྐྱིད་པ་ཡིན། དེ་བཞིན་རྨི་ལམ་བསྒོམ་པའི་དུས་སུ། རྩོལ་བ་ཆེན་པོ་དགོས་པས་སྡུག་པ་ཡིན་ལ། རྨི་ལམ་འབྱོངས་པའི་དུས་སུ་[[Lavapa|རྗེ་བཙུན་ལ་བ་པ་]]བཞིན་དུ། ལོ་བཅུ་གཉིས་ཀྱི་བར་གཉིད་ལོག་ཀྱང་ཆོག་སྟེ། ལོ་བཅུ་གཉིས་བར་གཉིད་ལོག་པས། ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས། ཅེས་སོ།
།[[འབིར་ཝ་པ་]]བཞིན་དུ་ཉོ་ཆང་བྱས་ཀྱང་ཆོག་སྟེ། མདོར་ན་འོད་གསལ་འབའ་ཞིག་དུ་འགྲོ་བསབདེ་བ་ཡིན་ནོ། ཡོང་རྨི་ལམ་འཛིན་པ་འདི་རི་དང་ལུངས་སུ་ཕེབས་པ་འདྲ་བ་ཅིག་དགོས། དེ་ལ་གསོད་པ་བྱུང་གི་དོགས་ནས་འདི་ལས་ཅི་ཐར་ཅིག་བྱེད་དགེས་སྙམ་ནས། བློ་བདེ་བའི་སྐབས་མེད་ལ། དེ་བཞིན་དུ་འོ་སྐོལ་ཡང་ངན་སོང་གསུམ་དུ་འཁྱམས་ཀྱི་དོགས་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ད་རེས་ཅི་ཐར་ཅིག་བྱ་དགོས་སྙམ་པ་བྱས་ནས། གཉིད་ཀྱང་ལོག་ཏུ་མི་ཁོམ་པར་འབད་རྩོལ་བསྐྱེད་ནས་བསྒོམ་དགོས་ཏེ།
[[Shantideva|ཞི་བ་ལྷ]]ས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལ་ལོག ཅེས་སོ།
།ཡང་རྨི་ལམ་སྒྱུ་ལུས་བསྒོམ་པ་ནི། དབང་པོ་བརྒྱ་བྱིན་གྱི་ཚིག་དང་འདྲ་གསུང་། དེ་ལ་ལྷ་དང་ལྷ་མ་ཡིན་གཉིས་བདུད་རྩི་དང་ལྷ་མོ་ལ་མ་འཆམ་པར་འཐབས་པའི་དུས་སུ། ཉེ་དབང་སུམ་ཅུ་རྩ་གཉིས་པོ་ཚོགས་ནས་གྲོལ་བྱས་ཀྱང་ཐག་མི་ཆོད་ལ། བརྒྱ་བྱིན་ལ་དྲིས་པའི་དུས་སུ། བརྒྱ་བྱིན་གྱི་ཚིག་གཅིག་གིས་ཐག་ཆོད་ནས་འགྲོའོ། །དེ་བཞིན་དུ་ཆོས་ཇི་སྙེད་གཅིག་ཤེས་ཀྱང་རྨི་ལམ་སྒྱུ་མར་མ་རྟོགས་སེམས་ཐག་མི་ཆོད་པས། རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ན་ཆོས་ཐམས་ཅད་རང་སར་རང་གྲོལ་ལ་འགྲོ་བས་སངས་རྒྱ་བར་ཐག་ཆོད་པ་ཡིན་ནོ།
།ཡང་རྨི་ལམ་ཟིན་པ་ནི། མཁའ་འགྲོ་སྡེ་ལྔའི་ཞིང་དུ་སླེབ་པ་དང་འདྲ་གསུང་། དེར་འགྲོ་བའི་ལམ་ཁ་ན་ཆུ་ཆེན་པོ་དང་། རྩི་ཤིང་གི་མུན་པ་འཐིབས་པ་དང་། གཅན་ཟན་གདུག་པ་ཅན་རྣམས་ཀྱིས་བཀག་ནས། ཐར་བ་དང་བགྲོ་དུ་མི་སྟེར་ལ། གལ་ཏེ་བགྲོད་པར་གྱུར་ན། རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་ལ་སོགས་པའི་ཞིང་ཁམས་གང་དུ་སླེབ་ཀྱང་དེས་ཆོག་པ་ཡིན་ནོ། །དེ་བཞིན་དུ་རང་ལ་ཡང་། ཆུ་དང་འདྲ་བའི་འདོད་ཆགས། རྩི་ཤིང་མུན་པ་དང་འདྲ་བའི་གཏི་མུག །གཅན་ཟན་གདུག་པ་དང་འདྲ་བའི་ཞེ་སྡང་། དེ་རྣམས་ཀྱིས་བཀག་ནས་རྨི་ལམ་ཟིན་དུ་མི་སྟེར་བས། གལ་ཏེ་ཟིན་ན་རྨི་ལམ་རང་ཟིན་ནམ། སྒྱུ་མ་རང་ཤར་རམ། བདེན་མེད་དམ། རང་སེམས་ལྷ་སྐུ་འམ་སྟོང་པ་ལ་སོགས་པ་གང་དུ་ཤེས་ཀྱང་། མི་བདེ་བ་ཐམས་ཅད་ལས་གྲོལ་ནས་འགྲོ་བས་དེས་ཆོག་པ་ཡིན་ནོ།
།འཆུག་མེད་ཀྱི་སྐབས་སུ།
[[Mokchokpa Rinchen Tsöndrü|བླ་མ་རྨོག་ཅོག་པ]]འི་གསུང་ནས། རྨི་ལམ་དང་སྒྱུ་ལུས་གཉིས་འབྲས་བུའི་དུས་སུ་ཡང་། སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་པ་ལ་ཁྱད་པར་མེད་ལ། ལམ་ཉམས་སུ་ལེན་པའི་དུས་སུ་ཡང་། དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། དམ་དུམ་སྐམ་སྐེམ་ཟིན་པར་འགྱུར་གཉིད་སད་དུས་ན་བསྲེ་བ་གཅེས། ཤར་དང་སྣང་དང་དོན་བྱེད་ནུས། ཤེས་ནས་གྲོལ་བར་བྱེད་པ་ཡིན། ཅེས་པ།
རྨི་ལམ་གྱི་དུས་སུ་ཡུལ་སྣ་ཚོགས་སུ་ཤར་བ་དེ་དང་། ཉིན་པེར་གྱི་དུས་སུ་སྣང་པ་སྣ་ཚོགས་སུ་ཤར་བ་འདི་གཉིས་ཤར་བའི་སྒོ་ནས་ཀྱང་ཁྱད་མེད། སྣང་པའི་སྒོ་ནས་ཀྱང་ཁྱད་མེད་དེ། དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་དེས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་ལ། ད་ལྟར་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་པའོ། །ཤེས་ནས་གྲོལ་བའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་ཡང་། རྨི་ལམ་ལ་རྨི་ལམ་དུ་ཤེས་ན་གྲོལ་གྱི་འདུག། ད་ལྟ་ཡང་སྒྱུ་མ་ལྟ་བུར་ཤེས་ན་ཆགས་སྡང་ལས་གྲོལ་བར་འདུག་གོ །དེ་ཡང་ཉིན་པར་གྱི་འཁྲུལ་པ་བཟློག་པ་ལ་སྒྱུ་ལུས། གཉིད་ཀྱི་འཁྲུལ་པ་བཟློག་པ་ལ་རྨི་ལམ། དེ་གཉིས་ལ་དགོངས་ནས་ཁྱད་མེད་དུ་བྱེད་ལ། དོན་ལ་ཁྱད་པར་མེད་པར་བཞེད་དོ།
རྟག་གཉིས་ལས། ལོག་དང་སད་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཅེས་དང་།
རྒྱས་འབྲིང་གཉིས་ལས། ཤཱ་རི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པས་རྣམ་པར་འཕེལ་ལམ། འོན་ཏེ་རྨི་ལམ་བསྒོམས་པས་རྣམ་པར་འཕེལ་ལོ། །ཤཱ་རི་བུས་སྨྲས་པ། རབ་འབྱོར་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ཡང་རྣམ་པར་མི་རྟོག་པའོ། །ཅེས་སོ།
ཡེ་ཤེས་རྒྱ་མཚོ་ལས། རྨི་ལམ་ལན་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། ཅེས་པས་ཕན་ཡོན་ནོ།
།རྟོག་བཅས་ལམ་ཁྱེར་གྱི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་གནས། ཡི་གེ་ཨཾ་བཅས་རྣམ་པ་ཉིད། ཅེས་སོ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ངེས། ཅེས་སྒྱུ་མ་རྨི་ལམ་འདི་བརྗོད་གྲོལ་དང་དྲན་གྲོལ་ཡིན་གསུང་ངོ་།
།རྨི་ལམ་མ་ཟིན་པ་དང་འབྱམས་པ་ལ་སོགས་ཅི་བྱུང་ཡང་བསོད་ནམས་ཀྱི་ཚོགས་ཁོ་ནས་བོགས་འདོན་པར་བྱེད་ལ། ཁྱད་པར་དུ་བླ་མ་ལ་ལུས་ལོངས་སྤྱོད་ཕུལ་ནས་སྐྱོན་གང་དུ་ཡང་བྱུང་བ་དེ་མི་འབྱུང་པར་གསོལ་བ་བདག་པ་གལ་ཆེ་སྟེ།
མ་ཟིན་འབྱམས་དང་གོལ་པ་གསུམ། བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། ཅེས་སོ།
།དེ་ལ་གཉིད་ཐུམ་གཅིག་ལ་ཤེས་རབ་གསུམ་གྱི་བསྲེ་འཕོ་ཉམས་སུ་བླང་བར་བྱ་སྟེ། ཉིན་པར་གྱི་དུས་དང་གཉིད་དུ་འགྲོ་ཁར་ལྷ་སྐུ་ལ་སོགས་པ་ལ་འདུན་པ་དྲག་པོ་མ་ཡེངས་པར་བྱས་པས། མ་རྟོགས་པ་རྣམས་ལ་སྔར་གྱི་འདུན་པའི་གནད་ཀྱིས་ལྷ་སྐུ་རང་ཤར་དུ་ལམ་གྱིས་འབྱུང་། དེ་རྨི་ལམ་དུ་ཤེས་པ་དེ་རྨི་ལམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། ཉིན་མཚན་གཉིས་རྨི་ལམ་དང་གསུམ་གྱི་བསྲེ་འཕོ། རྨི་ལམ་དེ་ཉིད་ཀྱང་མི་བདེན་པ་སྒྱུ་མར་ཤེས་པ་དེ། སྒྱུ་མ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། རྨི་ལམ་དང་སྒྱུ་མའི་བསྲེ་འཕོའོ། །སྒྱུ་མ་དེ་ཉིད་ཀྱང་སྒྱུ་འཛིན་དང་བྲལ་ནས་འོད་གསལ་དུ་རྟོགས་པ་དེ། འོད་གསལ་ལམ། དོན་དམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། སྒྱུ་མ་དང་འོད་གསལ་གྱི་བསྲེ་འཕོ་ཡིན་ནོ། །དེ་ཡང་སྒྱུ་ལུས་འོད་གསལ་བསྒོམ་པ་རྣམས་ཀྱིས། དང་པོ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་ཚུལ་དུ་བསྒོམས་པའི་སྟོབས་ཀྱིས། རྨི་ལམ་དང་འོད་གསལ་ཟིན་པའི་དུས་སུ་འབྲས་བུའི་ཚུལ་དུ་ལྷ་སྐུ་རང་ཤར་རམ། སྐྱེ་མེད་ལ་འགག་མེད་ཀྱི་ཚུལ་དུ་འབྱུང་ངོ་། །དེས་ཉིན་པར་གྱི་དགེ་སྦྱོར་སྟོབས་བསྐྱེད་ཅིང་། ཉིན་མཚན་གཉིས་གཅིག་གིས་གཅིག་སྟོབས་བསྐྱེད་ནས་དེ་ཉིད་ཇེ་བརྟན་ཇེ་གསལ་ལ། སྤྱོད་ལམ་ཐམས་ཅད་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་འཆར་རོ། །དེའང་དབང་པོ་རབ་ལོ་ཟླ་ཙམ་གྱིས་ཚེ་འདིར་དག་པའི་སྣང་བ་ཤར་ནས་སངས་རྒྱ་ལ། དབང་པོ་ཐ་མ་ཚེ་འདིར་སངས་མ་རྒྱས་ཀྱང་། ཉིན་པར་བག་ཆགས་ཀྱི་དུས་སུ་ས་བོན་གྱི་ཚུལ་དུ་ཉམས་སུ་བྱངས་པའི་སྟོབས་ཀྱིས་བར་དོར་དག་པའི་སྣང་བ་ཤར་ནས་སངས་མི་རྒྱ་མི་སྲིད་གསུང་ངོ་། །སྦྱོང་སྤེལ་གྱི་སྐབས་སུ་རྨི་ལམ་ཟིན་མ་ཐོག་སྦྱོང་སྤེལ་བྱས་ན་བོགས་ཆུང་པས། ཆོས་ཐམས་ཅད་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་པོས་ཡུན་རིང་དུ་བརྟན་པར་བྱས་པས། བོགས་ཆེན་པོ་འབྱུང་བ་ཡིན་ཏེ། ཟིན་ནས་བརྟན་པར་མ་བྱས་པས། སྦྱང་བའི་སྦྱོར་བ་མོ་བྱའོ། །ཅེས་སོ།
།དེ་ཡང་། །རྨི་ལམ་སྦྱོང་བའི་དུས་ཙམ་ན། །ཡ་ང་བག་ཚ་འབྱུང་བ་ཡིན། །བྱུང་པའི་དུས་ན་འདི་ལྟར་བསམ། །སྡུག་བསྔལ་བསྐྱེད་པ་འབྱུང་བའི་ལུས། །མལ་ན་བཞག་ནས་ཡོད་པ་ཡིན། །འདི་ནི་ཡིད་ཀྱི་ལུས་ཡིན་ན། །དེ་ལ་འཇིགས་སུ་ཇི་ཞིག་ཡོད། །རང་སེམས་ཤར་བ་རང་གི་སེམས། །ཤེས་པའི་དུས་ན་འཇིགས་པ་མེད། །ཆུ་དང་གཡང་དང་མེ་དང་བྲག །བསལ་པའི་སྦྱོར་བ་སྔོན་བཏང་ནས། །ཐོག་རྡུགས་མེད་པར་སྦྱང་པར་བྱ། ཅེས་དང་།
[[Mokchokpa Rinchen Tsöndrü|བླ་མ་རྨོག་ཅོག་པ]]ས། རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་མེད་པར་གསུངས་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །ལུས་ནི་གཞོན་ནུ་འོད་ཀྱི་ལུས། །ཤེས་བྱའི་སྒྲིབ་པ་རྐང་སྤྲིན་ལ། །རྩི་བཞིན་དུ་ནི་གནས་པ་ཡིན། །དེ་སྤོང་པ་ཡི་ཐབས་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་སྤོང་པའི་མཆོག །ཆོས་སྐུ་མངོན་དུ་བྱེད་པ་ཡིན། ཅེས་གསུངས་པས།
གང་ཟག་རྨི་ལམ་འབྱོངས་པའི་གནས་སྐབས་དེ་ཉི་དང་། ས་བཅུའི་བྱང་ཆུབ་སེམས་པའི་ཡོན་ཏན་ལ་ཁྱད་པར་མེད། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་མེད་དེ། ལུས་ཀྱི་བཀོད་པ་དཔག་ཏུ་མེད་པར་སྤྲུལ་ནས། སྤྱིར་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཉན་ནུས་པའམ། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་ནུས་ཏེ་ཡོན་ཏན་ལ་ཁྱད་པར་མེད། དཔེར་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པས་ཕྱོགས་བཅུའི་འཇིན་ནེ་གྱི་ཁམས་ཇི་སྙེད་ན། སངས་རྒྱས་ཇི་སྙེད་བཞུགས་པ་དེ་སྙེད་ཀྱི་མདུན་དུ་རྗེ་བཙུན་སྤྱན་རས་གཟིགས་རེ་རེ་བྱོན་ཞིང་། འཁོར་གྱི་གཙོ་བོར་གྱུར་ནས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ལྟ་བུ་ཡིན་ནོ། །རྐང་པ་དང་སྤྲི་ལ་གནས་པ་ལྟ་བུའི་ཤེས་བྱའི་སྒྲིབ་པ་དེ་ཉིད། སྒྱུ་མ་ཙམ་དུ་འཛིན་པ་དེ་ལ་ངོས་འཛིན་ཏེ། དེ་སྤོང་བའི་ཐབས་ལ་ནི་འོད་གསལ་སྟོང་པ་འདུས་མ་བྱས། རྡོ་རྗེ་ལྟ་བུ་དེས། སྐད་ཅིག་ལ་སྤོང་བར་བྱེད་པ་ཡིན་ལ། དེ་ལ་འོད་གསལ་ཞེས་བྱ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ། དོན་དམ་པའི་བདེན་པ་ཞེས་བྱ། དེ་ལྟ་བུའི་སྤང་བྱ་མ་ལུས་པ་སྤངས། ཡོན་ཏན་མ་ལུས་པར་རྫོགས་པ་དེ། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་ལས་ཀྱིས། གཟུགས་སྐུ་གཉིས་ཀྱི་འཁོར་བ་མ་སྟོངས་ཀྱི་བར་དུ། སེམས་ཅན་ལ་གང་ལ་གང་འདུལ་དེ་ལ་དེ་སྟོན་པར་བྱེད་དོ། །དཔེར་ན་རིན་པོ་ཆེ་དབང་གི་རྒྱལ་པོའམ། ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུའོ། །ཆེས་གསུངས་སོ།
ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བའི་སྐབས་སུ།
རྟགས་གཉིས་ལས། དང་པོ་ནག་པོ་རབ་ཏུ་བསྒོམ། །གཉིས་པ་དམར་པོ་རྣམ་པར་བསྒོམ་། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པ་ལྗང་གུ་དེ་བཞིན་ནོ། །ལྔ་པ་ཁ་དོག་སྔོན་པོ་དང༌། །དྲུག་པ་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཅེས་སོ།
ཡིད་ལུས་མཁའ་ལྡིང་གི་སྐབས་སུ།
དེ་ཡང་ཡུན་སྣང་གཏན་ལ་འབེབས་པའི་དུས་སུ་རྣམ་སྨིན་གྱི་ལུས་འཚོལ་བ་དང་། མ་རྙེད་ཀྱི་དོགས་པའི་སྡུག་བསྔལ་བྱུང་ན། དེ་ནི་རླུང་གི་འཇུག་པ་ཕྲ་མོ་མ་ཆོད་པ་ཞེས་བྱ། འཁྲུལ་པའི་བག་ཆགས་དག་པའི་དུས་སུ། ཡུལ་སྣང་བལྟ་ཞིང་རྣམ་སྨིན་གྱི་ལུས་གང་ན་ཡོད་ཀྱང་ཇི་ལྟ་བ་བཞིན་དུ་ཤེས་སོ། །དབང་པོ་ཡང་རབ་དེས་བག་ཆགས་འཁྲུལ་པའི་རླན་དང་བྲལ་ནས་ཡུལ་སྣང་ལྟ་བར་འདོད་པ་དེ། བསམས་པ་ཙམ་གྱིས་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དབང་པོ་ཐ་མ་རྣམས་ཀྱིས་ཉིན་པར་ཆགས་སྡང་འབའ་ཞིག་ཏུ་སོང་ནས། འཁྲུལ་པ་རང་སྣང་། རང་སྣང་སྒྱུ་མར་མ་ཆོད་པས་རྨི་ལམ་བག་ཆགས་ཀྱི་ལུས་དེ་འཁྲུལ་པའི་དབང་དུ་སོང་ནས་རྨི་ལམ་རང་ཁ་མར་འཆར་ཏེ། བག་ཆགས་ཀྱི་ལུས་དེ་སྔར་རང་གི་ཕྱིན་པའི་ས་ཕྱོགས་སམ། གར་སྡོད་པའི་སའམ། གང་དང་འགྲོགས་ཤིང་ཆགས་སྡང་ཡོད་པ་དེའི་བག་ཆགས་འཆར་རོ། །དེ་ལ་བརྒྱ་ལ་རྨི་ལམ་ཟིན་ནས་སྦྱོང་སྤེལ་བྱ་བར་འདོད་ཀྱང་། ཉིན་པར་གྱི་བག་ཆགས་འཐུག་པོ་དེའི་དབང་དུ་སོང་ནས་རྨི་ལམ་དུ་ཡང་། བྲག་ལ་སོགས་པ་ལ་ཐོག་རྡུག་འོང་ཞིང་། ཉིན་པར་གྱི་ལུས་དང་གཅེན་སྤྲས་ལ་ཁྱད་ཨེན་ཙམ་ལས་མི་འོང་ཞིང་། བདེན་འཛིན་བརྟག་པ་དེ་ཤས་ཆེར་འབྱུང་ངོ་།
།དེ་དག་པར་བྱེད་པའི་ཐབས་ལ་ནི། གོང་བཞིན་དུ་མ་དག་པས་འཁྲུལ་པའི་འཁོར་བ་སྤངས་ནས། དག་པའི་འཁོར་བ་བླ་མའི་མོས་གུས་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་འབད་པ་ཆེན་པོ་བྱས་པས། འཁྲུལ་པའི་བག་ཆགས་དག་ནས་ཡིད་ཀྱི་ལུས་སུ་སོང་ཙ་ན། དངོས་འཛིན་གྱི་བློ་དང་བྲལ་ཏེ་སྒྱུ་མ་ཙམ་གྱི་སྒོ་ནས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཡིད་ཀྱི་ལུས་དེ་རི་དང་ཁང་པ་ལ་སོགས་པ་དང་གང་ལ་ཡང་ཐོག་རྡུག་མེད་པར་འགྲོ་ཞིང་། མངོན་དགའ་དང་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམས་སུ་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཞུ་བར་བྱེད་པ་ནི། ཡིད་ཀྱི་བསམས་པ་ཙམ་གྱིས་རང་འདོད་དུ་ཇི་ལྟ་བ་བཞིན་དུ་གཏོལ་ཞིང་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ནི་བག་ཆགས་ཀྱི་རླན་དང་བྲལ་བ་ལས་བྱུང་པ་ཡིན་ནོ། །གང་བསམས་སུ་གཏོལ་བའི་ཕྱིར་ན། དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོའམ། རང་བཞིན་མེད་པའི་སྒྱུ་ལུས་ཞེས་བྱའོ།
།འོད་གསལ་གྱི་རྩ་བ་མི་རྟག་སྐྱོ་ཤས་ཀྱི་སྐབས་སུ།
རྡོ་རྗེའི་ཚིག་རྐང་ལས། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། ཅེས་དང་།
[[Niguma|ནཻ་གུ་མ]]ས། །འཁོར་བ་སྐྱིད་མེད་དགའ་གདུང་དང་། །སྣང་བ་བསླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོས་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་ལ་བོར། །ཚེ་འདི་བློ་ཡིས་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་ཏེ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནགས་ཁྲོད་འདུག་ཀྱང་རི་དགས་ཡིན། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །སྤྱོད་ལམ་སྣང་གྲགས་ཐམས་ཅད་ཀུན། །གཉིད་སོང་འདུག་པས་ཉམས་སུ་བླང་། །དངོས་སྣང་དང་ནི་རྨི་ལམ་གཉིས། ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་། ཡང་།
འདིར་ནི་སྒྲུབ་པ་གཙོར་བྱེད་པས། །ཐ་སྙད་མིག་རྒྱུ་དག་དང་མཚུངས། །དེ་ཕྱིར་ཚེ་ལ་ལོང་མེད་པས། །འཇིག་རྟེན་འདི་ཉིད་བློས་བཏང་ཏེ། །བླ་མ་དམ་པ་མཆོག་བསྟེན་ནས། །རྟོགས་པ་མངོན་དུ་གྱུར་པར་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་མང་། །ཚེ་ཡི་ཚད་ཀྱང་མ་ངེས་པས། །ངང་པ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་བླང་བར་བྱ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུ་མེད། ཅེས་དང་།
འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། ཅེས་དང་།
འོད་གསལ་གྱི་དམིགས་པ་གསུམ་ལས། སངས་རྒྱས་གཉན་གྱི་གསུང་ནས་ཨ་བསྒོམ་པ་འདིས་འོད་གསལ་ཕྱག་རྒྱ་ཆེན་པོ་མ་འཆར་མི་སྲིད་གསུངས།
བདག་མེད་མ་བསྒོམ་པ་འདི་ནི། སྤྲོས་བཅས་བསྐྱེད་པའི་རིམ་པ་ལ་རྟེན་ནས། སྤྲོས་མེད་ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཐབས་འདི་ལས་ཟབ་པ་ཡོད་རི་གསུངས།
བླ་མ་བསྒོམ་པ་ནི། རྨི་ལམ་དང་འོད་གསལ་ཐམས་ཅད་འདི་ལས་འཆར་བས། འདི་ཁོ་ན་ཟབ་ཤོས་ཡིན་གསུང་ངོ་།
།ཉིན་པར་སྐུ་གསུམ་ལམ་ཁྱེར་གྱི་དུས་སུ།
ཡེ་ཤེས་རྒྱ་མཚོ་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ཡང་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །རྟོག་བྲལ་བདེ་ཕྱིར་ལོངས་སྤྱོད་རྫོགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཅེས་སོ།
ལྡ་སྟངས་ཀྱི་མཉམ་རྗེས་སུ་བསྲེ་བའི་སྐབས་སུ།
[[Padampa Sangyé|དམ་པ་རྒྱ་གར་]]གྱིས། ལྟ་སྟངས་ཀྱི་རིག་པ་སྟོད་ལ་མནན་ན་ཕྲ་རགས་ཀྱི་རྟོག་པ་འགག །ཅེས་དང་།
འབུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཅེས་སོ།
གསལ་སྟོང་རང་ཤར་གྱི་སྐབས་སུ།
[[Saraha|ས་ར་ཧ]]ས། མཐོང་དང་ཐོས་དང་དྲན་དང་རེག་པ་དང་། །ཟས་སྐོམ་འཁྱམ་དང་འགྲོ་འདུག་ལ་སོགས་པ། །ཅལ་ཅོལ་གཏམ་དང་ལན་སྨྲས་གྱུར་པ་ལ། །སེམས་པོ་ཞེ་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། ཅེས་དང་།
གཅོད་ཀྱི་གཞུང་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་འབྲས་བུ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་འདྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང༌། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང༌། །གཉིས་མེད་གྲོལ་བ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །སྐྱེས་བུའི་སྲོག་རྩ་བཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡི། །ཆོད་དུ་སྒོ་ནི་སྒག་མི་དགོས། །དེ་བཞིན་སེམས་ཉིད་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། ཅེས་སོ།
ཟབ་ཞི་སྤྲོས་བྲལ་གྱི་སྐབས་སུ་ཟབ་པ་ནི།
མངོན་རྟོགས་རྒྱན་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། ཅེས་དང་། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། ཅེས་སོ།
།ཞི་བ་ནི་དབུ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ།
སྤྲོས་བྲལ་གྱི་མཐའ་གཉིས་ནི། གཅོད་གཞུང་ལས། ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པའི། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱང་། །དགོངས་པ་མ་ནོར་མ་བཅོས་པའོ། །ཅེས་སོ།
མཐའ་བཞི་ནི། དུས་འཁོར་ལས། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཅེས་སོ།
།མཐའ་བརྒྱད་ནི། དབུ་མ་ཚིགས་གསལ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེད་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཅེས་སོ།
འོད་གསལ་ནི། བརྒྱད་སྟོང་ལས། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་སོ།
འདུས་མ་བྱས་པ་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། ཅེས་སོ།
།དེ་རྣམས་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་གོ །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ཅེས་སོ།
།གེགས་སེལ་ཉེས་སྐྱོན་རང་གྲོལ་གྱི་སྐབས་སུ།
འོད་གསལ་གྱི་གེགས་ནི། བླ་མ་དང་མཆེད་གྲོགས་ལ་སོགས་པའི་ཡུལ་ཁྱད་པར་ཅན་དང་། ལས་རྒྱུ་འབྲས་ལ་ལོག་ལྟ་སྐྱེས་པའོ། །ཉེས་པ་ནི། བླ་མའི་བྱིན་རླབས་རང་གི་རྒྱུད་ལ་མི་འཇུག་ཅིང་། སྟོང་ཉིད་ཁ་འབྱམས་སུ་གོལ་བའོ། །སྐྱོན་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་མ་རྟོགས་པས་ལས་རྒྱུ་འབྲས་ཕྲ་རགས་ཁྱད་དུ་བསོད་པའོ། །དེ་སེལ་བའི་གདམ་ངག་ནི། ལོག་ལྟ་ལ་སོགས་པ་གཉིས་སྣང་གི་རྟོག་པ་ཐམས་ཅད་རང་སྣང་དུ་ཤེས་པར་བྱས་ལ། རང་སྣང་རྟེན་འབྲེལ་ལམ། སྒྱུ་མ་ལྟ་བུར་བསྒོམས་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་རྟོགས་པའོ།
།ཡང་གེགས་ནི། རྣམ་རྟོག་རྐུན་བུ་རང་དགའ་བར་ཤོར་བའོ། །ཉེས་པ་ནི། ཉམས་ལེན་ངན་ལང་དུ་ཤོར་འགྲོ་བའོ། སྐྱོན་ནི། འཁྲུལ་སྣང་གི་བག་ཆགས་རྒྱུན་མི་ཆད་པའོ། །དེ་སེལ་བའི་མན་ངག་ནི། རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ལ། དོན་དམ་ཤེས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་པས་རྣམ་རྟོག་འཆར་ཚད་འོད་གསལ་སྟོང་ཉིད་ཀྱི་གསལ་འདེབས་སུ་འཆར་བའོ།
།ཡང་གེགས་ནི་གཏི་མུག་དང་འབྲེལ་བའི་ཞི་གནས་བསྒོམ་པའོ། །ཉེས་པ་ནི། ལྟ་བསྒོམ་གྱི་ཤན་དར་མི་ཕྱེད་པའོ། །སྐྱོན་ནི། རྟེན་འབྲེལ་གྱི་འཆར་སྒོ་ལ་རྨོངས་པའོ། །དེ་སེལ་བའི་གདམ་ངག་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ངོས་ཟིན་པར་བྱས་ནས་བསྒོམས་པས། ཉམས་ལེན་ཡོར་ཡོར་ལ་མི་འདས་ཤིང་རྣམ་རྟོག་གམ། རྟེན་འབྲེལ་གྱི་འཆར་སྒོ་ཕྲ་ཞིབ་དང་བཅས་པ་ཐམས་ཅད་འོད་གསལ་གྱི་ངོ་བོར་འཆར་བ་ཡིན་ནོ།
།གཅོད་ཀྱི་གཞུང་ལས། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང༌། །སེམས་ལ་བྱུང་ས་གནས་པ་དང༌། །འགྲོ་བར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་སུ་མི་གྱུར། །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད། །དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཅེས་སོ།
བོགས་འདོན་ཐེ་ཙོམ་གཅོད་བྱེད་ཀྱི་སྐབས་སུ། འོད་གསལ་རྩེ་གཅིག་ཏུ་བསྒོམས་ཀྱང་འཆར་སྒོ་ལ་བོགས་མ་བྱུང་ན། བླ་མ་ལ་མོས་གུས་ཆུངས་པའི་སྐྱོན་ཡིན་ཡང་། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཉིན་མཚན་མེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། འོད་གསལ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འཆར་རོ། །མོས་གུས་ཚད་མེད་ཀྱི་བོགས་འདོན་པའོ། །ཡང་འོད་གསལ་གྱི་ངོ་བོ་ལ་བོགས་ལ་བྱུང་ན། བསགས་པའི་རྒྱབ་མེད་པ་དང་། གཏུམ་མོ་ལ་གོམས་པ་ཆུངས་པའི་སྐྱོན་ཡིན་པས། ཚོགས་འཁོར་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གསོག་བྱ།
སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་གཞན་མི་ཐོབ། ཅེས་སོ།
འབད་རྩོམ་བསྐྱེད་ནས་གཏུམ་མོ་བསྒོམས་པས། ལུས་ལ་བདེ་དྲོད་སྐྱེད། དེས་རིག་པ་དངས་སྙིགས་ཕྱེད་ནས་ལུས་བདེ་སྟོང་ཟུང་འཇུག །སྣང་པ་ཐམས་ཅད་སྣང་སྟོང་། སེམས་རིག་སྟོང་ཟུང་འཇུག་གི་འོད་གསལ་འཆར་རོ། །དེའི་དུས་སུ་བླ་མས་ངོ་སྤྲད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཤར་འདུག་སྙམ་དུ་ངོས་བཟུང་ལ། གསལ་བ་སྤྲུལ་སྐུ། སྟོང་པ་ཆོས་སྐུ། འཛིན་མེད་ཀྱི་བདེ་བ་ཉམས་སུ་མྱོང་བ་ལོངས་སྐུར་ཐག་བཅད་དོ། །ཐག་བཅད་ངེས་ཤེས་བསྐྱེད་པས་བོགས་འདོན་པའོ། །དེ་མ་རྟོགས་པར་འཁོར་བར་འཁྱམས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། སྙིང་རྗེ་ཚད་མེད་ཀྱི་བོགས་འདོན་པའོ། །དེ་ལྟར་བསྒོམས་པས་རྟོགས་པ་གོང་ནས་གོང་དུ་ཐོན་ཞིང་། ཡིན་མིན་གྱི་ཐེ་ཚོམ་དང་སྒྲོ་འདོགས་ཆོད་པར་འགྱུར་རོ།
།ཁྱད་འཕགས་འཆར་སྒོ་ངོས་འཛིན་གྱི་སྐབས་སུ།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཅེས་པས་ཡི་གེ་ཟུར་ན་ཡོད་དོ།
ཉམས་རྟོགས་ཉིན་མཚན་ཁྱད་པར་གྱི་སྐབས་སུ།
གསལ་བའི་ཉམས་ནི། མིག་གིས་གཟུགས་ཉེ་རིང་མེད་པ་མཐོང་པ་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་། ཕྱི་སྣོད་ཀྱི་འཇིགས་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དང་། དེའི་རྫས་དང་ལོངས་སྤྱོད་དང་བཅས་པ་རྣམས་གསལ་སིང་གིས་མཐོང་པ་འབྱུང་ངོ་།
།མི་རྟོག་པ་ནི། རང་གི་ལུས་ཡོད་པ་མི་ཚོར་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། བཟུང་འཛིན་གྱི་རྟོག་པ་གང་ལ་ཡང་མི་འཕྲོ་བར་བདེ་འབོལ་ལེ་གནས་པ་དང་། རྒྱེན་ཕྲ་མོས་མི་གནོད་པ་སྙམ་བྱེད་པ་དང་། འདི་ཀ་ཆོས་སྐུར་འདུག་སྙམ་པ་འབྱུང་ངོ་། །གཞན་ཡང་ས་རྡོ་རི་བྲག་གང་ལ་ཡང་ཐོགས་མེད་དུ་ཕྱིན་པས་ཆོག་སྙམ་པ་དང་། འགྲོ་ནུས་པ་འབྱུང་ངོ་། །ཆུར་མི་བྱིང་། མེས་པི་ཚིག །རླུང་གིས་མི་བསྐྱོད། ནམ་མཁའ་ལ་འཕུར་བས་ཆོག་སྙམ་པ་ཉམས་དུ་མ་འཆར་རོ།
།བདེ་བ་ནི། ལུས་བདེ། སེམས་བདེ། སྣང་པ་བདེ་བར་འཆར་ཏེ། ཇི་ལྟར་བྱས་ཀྱང་བདེ་བར་འཆར་བ་འབྱུང་ངོ་། །དེ་ཐམས་ཅད་ལ་བློ་འཛིན་པ་དང་བཅས་ཤིང་དུས་རེས་འཇོག་ཏུ་འཆར། རྐྱེན་མི་ཐེག་པས་ཀུན་རྫོབ་སམ། ཉམས་ཀྱི་འོད་གསལ་ལོ། །རྟོགས་པ་ནི་རྩ་མདུད་གྲོལ་བ་ལ་རྟེན་ནས། བདེ་གསལ་མི་རྟོག་པའི་འཆར་སྒོ་ཐམས་ཅད་ངོ་བོ་སྟོང་པ་ཉིད། རྣམ་པ་དབྱེར་མེད་རང་ཤར། དུས་རྒྱུན་ཆད་མེད་པར་རྐྱེན་སྣང་བསྒོམ་གྱིས་ངོ་བོར་ཤར་ནས། དུས་གསུམ་སངས་རྒྱས་བྱོན་ཀྱང་འདི་ཀར་འདུག་སྙམ་ནས་ཐག་ཆོད་ངེས་ཤེས་བསྐྱེད་པ་ནི། དོན་དམ་མི་རྟོགས་པའི་འོད་གསལ་ལོ།
།བླ་མ་གཉན་གྱི་གསུང་ནས། ཞིག་ཅིང་ཡལ་ནས་འགྲོ་བས་ཉམས། །མི་འཇིག་ཅིང་བརྟན་པས་རྟོགས་པའོ། །ཅེས་སོ།
ཉིན་པར་གྱི་དུས་སུ། གསལ་སྟོང་བདེ་ཆེན་གྱི་འཆར་སྒོ་ཐམས་ཅད། ངོ་བོ་སྟོང་ཉིད་དང་དབྱེར་མེད་དེ་རྒྱུའམ་ས་བོན་གྱི་ཚུལ་དུ་ཤར་ནས། ཉིན་པར་གྱི་འཁྲུལ་པ་དག་པ་ནི། ཉིན་མོའི་འོད་གསལ་ལོ། །ནུབ་མོ་རྨི་ལམ་དུས་སུ་གསལ་སྟོང་བདེ་ཆེན་དང་དབྱེར་མེད་རང་ཤར་དུ། འབྲས་བུའི་ཚུལ་དུ་ཤར་ནས་ནུབ་མོའི་འཁྲུལ་པ་དག་པ་ནི་མཚན་མོའི་འོད་གསལ་ལོ། །དེའང་རྒྱུ་འབྲས་སམ། གཉིད་སད་རྒྱུ་ཡོད་མེད་དམ། སྟོབས་ཆེ་ཆུང་ངམ། ཉིན་མཚན་ལ་སྟོས་ནས་ཁྱད་པར་དུ་བྱས་པ་ཡིན་ལ་དོན་ལ་ཁྱད་མེད་དེ།
[[Niguma|ནཻ་གུ་མ]]ས། །དངོས་སྣང་དང་ནི་རྨི་ལམ་གཉིས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་།
[[Khyungpo Neljor|བླ་མ་ཁྱུང་པོ]]ས། སངས་རྒྱས་སྐུ་དང་ཞིང་ཁམས་དང་། །འཁོར་དང་སྟོན་པ་ཆོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུ་དེ། །དངོས་དང་རྨི་ལམ་ཐ་དད་མེད། ཅེས་སོ།
།མདོར་ན་སྒྱུ་མ་རང་ཤར། རྨི་ལམ་རང་ཟིན། ཡུལ་སྣང་། འོད་གསལ་ལ་སོགས་པ་ཐམས་ཅད་བླ་མ་ལ་མོས་གུས་གནད་དུ་མ་སོང་ན། དམིགས་པ་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་གནད་དུ་ཐོང་ན། ཉམས་རྟོགས་ཐམས་ཅད་མཐར་ཕྱིན་པར་འདུག་ངེས་ཀྱི་གསུང་ངོ་།
།འཕོ་བའི་སྐབས་སུ།
སྦྱང་བ་དང་། ལས་ལ་སྦྱར་བ་གཉིས་ལས། དང་པོ་ནི། ད་ལྟ་བསྒོམ་པ་ཡིན་ལ། ལས་ལ་སྦྱར་བ་ནི།
ཡེ་ཤེས་རྒྱ་མཚོ་ལས། འཆི་བའི་འཇིགས་པ་ཆེན་པོ་ལ། རྟོགས་པ་བརྟན་པའི་མན་ངག་གཅེས། ཅེས་པས།
རྟོགས་པ་བརྟན་པ་ནི། རྩེ་གཅིག་ཏུ་བསྒོམས་པས་འོད་གསལ་རྒྱུན་ཆད་མེད་པར་ཤར་ནས། རང་སེམས་འཆི་མེད་དུ་རྟོགས་པ་ཡིན་ལ། དེ་མ་རྟོགས་ན་འཆུག་པ་མེད་པའི་མན་ངག་གིས། འཕོ་བའི་གདམས་ངག་ཡིན་ནོ།
།[[Marpa|བླ་མ་མར་པ]]ས། བསྒོམས་ན་སང་ཆུང་ཀུན་ཀྱང་རྒྱ་སྟེ། མ་བསྒོམས་སངས་རྒྱས་འཕོ་བ་ཡིན་ནོ། །ཅེས་སོ།
བྱིན་རླབས་བླ་མའི་འཕོ་བ་སྐབས་སུ།
རང་འཆི་བའི་ཚེ་ཆོས་གཞན་གང་ཡང་མ་དྲན་ཀྱང་། བླ་མ་སྐད་ཅིག་དྲན་པས་སངས་རྒྱ་སྟེ།
ཀྲི་ཡ་དཔུང་བཟངས་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །སྐད་ཅིག་དྲན་པར་མ་གྱུར་ཀྱང་། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱ། ཅེས་སོ།
དེ་ལ་བསྒོམས་པའི་གང་ཟག་དེ་ལ་ནམ་ཞིག་འཆི་རྟགས་རྣམས་ཚང་ཞིང་། ཅེས་པའི་སྐབས་སུ། དེ་འཆི་ལྟས་རྣམས་རྫོགས་ནས་འཕོ་བ་བྱེད་ལ། མ་རྫོགས་པར་བྱས་ན་ལྷ་བསད་པར་འགྱུར་བས་དེའི་རྣམ་སྨིན་གྱིས་དམྱལ་བར་སྐྱེ་སྟེ།
རྡོ་རྗེ་གདན་བཞི་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པའི་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། ཅེས་སོ།
བར་དོའི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །འཆུགས་པ་མེད་པའི་མན་ངག་གཅེས། ཞེས་པས་རྟོགས་པ་བརྟན་པ་ནི་གོང་དང་འདྲ། མན་ངག་ནི་མིགས་པའོ། །བར་དོའི་གདམ་ངག་མང་པོ་བཤད་ཀྱང་། རྨི་ལམ་ལ་དབང་མ་ཐོབ་ན་ཕན་མེད་དེ། དེས་ན་བར་དོ་ཤེས་པར་བྱེད་པའི་མཆོག་རྨི་ལམ་ཡིན་གསུང་ངོ་།
།བདུན་ཕྲག་དང་པོ་ལ་བར་དོར་སངས་རྒྱ་བའི་སྐབས་སུ།
[[Niguma|ནཻ་གུ་མ]]ས། །རྨི་ལམ་ཟིན་ནས་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། ཅེས་སོ།
[[Niguma|ནཻ་གུ་མ]]ས། འདུན་པ་དག་ལས་མི་འདའ་བ། བར་དོའི་གནང་ཚིག་ཡང་དག་རྫོགས། ཅེས་པས།
བར་དོར་འཆར་རྒྱུ་ཐམས་ཅད་འདིར་འཆར་བས་འདི་གཅིག་པུས་ཆོག་གསུངས་ངོ་། ཆགས་སྡང་ཕྲག་དོག་སྒྱུ་མ་རྨི་ལམ་དུ་སྦྱང་པར་བྱའོ། །བར་དོར་ཆགས་སྡང་དང་། འཇིགས་པ་དང་། དངངས་སྐྲག་ལ་སོགས་པ་མ་བྱུང་ན་སྒྱུ་མ་རང་ཤར་དུ་བྱུང་པའི་རྟགས་ཡིན་པས་དེས་ཆོག་གོ །བྱུང་ན་མན་ངག་འདིས་པར་བཏབ་པ་བཞིན་དུ་འོང་པས་བར་དོར་རྒྱལ་བ་ལོངས་སྐུར་སངས་མི་རྒྱ་མི་སྲིད་དོ།
།རྒྱ་བོད་གཉིས་ན་གདམ་ངག་འདི་ལས་ཟབ་པ་གང་ཡང་མེད་[[Sangyé Tönpa|བླ་མ་སངས་རྒྱས་སྟོན་པ་]]གསུང་ངོ་། །ཁྱད་འཕགས་གདམས་པ་ཆོས་དྲུག་གི་སྐབས་སུ་ཉེར་འཁོའི་གསུང་སྒྲོས་འདི། དཔལ་ལྡན་བླ་མའི་གསུང་བཞིན་དུ། སྔགས་འཆང་[[Gyeltsen Bum|རྒྱལ་མཚན་འབུམ་]]གྱིས་བཀོད། དགེ་བས་འགྲོ་ཀུན་སྲིད་མཚོ་ལས། བསྒྲལ་ནས་བྱང་ཆུབ་མཆོག་ཐོབ་ཤོག
།ཁྱི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ལ་[[Rigong|རི་གོང་བྲག་དགོན་]]དུ་གྲུབ་པར་བྲིས་པའི་ཡི་གེ་པ་ནི་བཟང་པོའི་མཐའ་ཅན་ནོ། མངྒ་ལཾ།

Revision as of 15:56, 18 July 2019

Resource ID GB1
Title chos spyi'i nyer 'kho
Topics Six doctrines of Niguma
Sub-Topics Instructions
Author Gyeltsen Bum
Link BDRC W3CN18508

this text needs to be re-read
༄༅། །ཆོས་སྤྱིའི་ཉེར་འཁོ་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
དག་བྱེད་ཨའི་སྟོང་རའི་སྐབས་སུ། རས་སམ་སྣམ་བུ་དྲི་མ་ཅན་ལ་ཚོས་མི་འགོ་བ་བཞིན་དུ། རྒྱུད་དྲི་མ་དང་བཅས་པ་ལ་བྱིན་རླབས་མི་འཇུག་པས། དྲི་མ་སྦྱོང་བ་དག་བྱེད་ཨའི་སྟོང་ར་བསྒོམས་པས། སྤྱིར་སྡིག་སྒྲིབ་ཐམས་ཅད་འདག །ཁྱད་པར་དུ་མཚམས་མེད་ལྔའི་ལས་བྱས་པ་དང་དེ་དང་། ཉེ་བ་ལྔ། སྡོམ་པ་གསུམ་གྱི་ཉེས་ལྟུང་དང་། དམ་ཚིག་ཉམས་ཆགས་དང་། དཀོར་སྐུ་བླུད་དང་། སྐུར་པ་བཏབ་པ་དང་། གྲིབ་ལ་སོགས་པ་ཐམས་ཅད་འདག་པར་འགྱུར་རོ།
སྒྲིབ་པ་ཟད་པའི་རྟགས་སུ་འཁྲུ་བ་དང་སྐྱུག་པ་དང་གོས་དཀར་པོ་གོན་པ་དང་ཁྲུས་བྱེད་པ་དང་། གཅེར་བུར་འདུག་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཁང་སྟེངས་སུ་ཕྱིན་པ་དང་། སྐས་ལ་འཛེགས་པ་དང་། འཁར་མཐོན་པོའི་རྩེར་ཕྱིན་པ་དང་། ནམ་ལངས་པ་དང་། མཆོད་རྟེན་ལ་སྐོར་བ་བྱེད་པ་དང་། མེ་ཏོག་དཀར་པོ་དང་སེར་པོ་ལ་སོགས་པ་མཐུ་བ་དང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། བླ་མ་དང་དགེ་འདུན་གྱི་ཚོགས་མང་པོ་རྨི་བ་ལ་སོགས་པའོ།
ནད་དོན་པའི་རྟགས་ནི། ལུས་ལ་རྔུལ་དང་ཆུ་སེར་དང་། ནད་ཀྱི་ཁ་རླངས་སྔོ་དམར་ཐོན་པ་དང་། ལུས་ལ་རྣག་ཁྲག་འཛག་པ་དང་། ཁྲག་དང་སྐྱུགས་པ་སྐྱུག་པ་དང་། ཁོང་གི་དོན་སྣོད་ལ་སོགས་པ་ཕྱིར་ཐོན་པའོ།
གདོན་དོན་པའི་རྟགས་ནི། གྲོག་སྦུར་དང་། འབུ་སྲིན་དང་། སྡོམ་སྡིག་དང་། སྦལ་ལྗོང་དང་། རྟ་གླང་ལ་སོགས་པ་ཐོན་པའོ།
གཏུམ་མོའི་སྐབས་སུ་སྤང་བྱ་ལ། མེ་དང་ཉི་མ་ལ་ཡུན་རིང་དུ་སྡོད་པ་དང་ཧ་ཅང་ལན་ཚྭ་ཆེས་པ་དང་། ཉིན་པར་གྱི་གཉིད་དང་། བུད་མེད་ཀྱི་འཁོར་སྤང་པའོ།
དྲོད་མི་སྐྱེ་བའི་རྒྱུ་ནི། དམིགས་པ་ཕྱིར་ཤོར་ན་དྲོད་མི་སྐྱེ། ངལ་བསོ་ཡུན་རིངས་ན། བསྒོམ་པའི་རྩོལ་བ་ཆུང་ངས་ན། ཁྱད་པར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉམས་ན་དྲོད་མི་སྐྱེའོ།
སྐྱེ་བའི་རྒྱུ་ནི། ལུས་ཀྱི་ལས་སུ་དཀྲུག་འཁོར་ལ་སོགས་པ། འབད་རྩོལ་བསྐྱེད་ནས་བསྒོམས་པས་དང་པོ་དྲོད་སྐྱེ། དྲོད་ལ་རྟེན་ནས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ། དེ་གསུམ་དབྱེར་མེད་པ་ཕྱག་རྒྱ་ཆེན་པོར་འཆར་བས། གཏུམ་མོ་ལམ་གྱི་གཞུང་ཤིང་ཡིན་ནོ།
སྤྱིར་སྒྱུ་ལུས་དང་རྨི་ལམ་གཉིས་ཀ་ལ་གཏུམ་མོ་བསྒོམ་པ་གལ་ཆེ་ལ། ཁྱད་པར་དུ་ཡང་རྨི་ལམ་སྦྱོང་སྤེལ་དང་། ཡུལ་སྣང་ལྟ་བ་གལ་ཆེ་སྟེ། བོགས་འབྱིན་རླུང་གི་རྟ་ཕོ་ཡིན། ཡུལ་གྱི་ལྟད་མོ་སྣ་ཚོགས་བལྟ། ཅེས་སོ།
གྲོགས་སུ་བླ་མ་དམ་པ་བསྟེན་པའི་སྐབས་སུ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ཕྱི་མ་ལས། གང་གིས་བསྐལ་པ་བརྒྱ་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྐྱེད་པ་བས། ལྷའི་སྐུ་སྐད་ཅིག་མ་གཅིག་དྲན་པ་བསོད་ནམས་ཆེས་ཁྱད་པར་དུ་སངས་རྒྱ་བའི་ཕྱིར་རོ། ཅེས་དང་།
བདེ་མཆོག་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཀྱང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ཏེ་བྱུང༌། ཅེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །རྡོ་རྗེ་འཆང་གི་ཞབས་པད་འདུད། ཅེས་དང་།
ཕལ་ཆེན་ལས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་བྱངས་ལ་འདི་སྐད་རྩེས་སྨྲས་སོ། འཕགས་པ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་གང་ལ་བརྟེན་ནས་བྱུང་བ་ལགས། འཕགས་པས་སྨྲས་པ། རིགས་ཀྱི་བུ་ཁོ་བོའི་རྣམ་པར་ཐར་པ་སྒྱུ་མ་ལྟ་བུ་འདི་ནི། དགེ་བའི་བཤེས་གཉེན་བསྟེན་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། །དགེ་བའི་བཤེས་གཉེན་ལ་བལྟས་པ་ལས་བྱུང་ངོ་། །རིགས་ཀྱི་བུ། ཁྱོད་ཀྱིས་ཀྱང་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །དགེ་བའི་བཤེས་གཉེན་ལ་ཕུད་དུ་བྱའོ། །དགེ་བའི་བཤེས་གཉེན་ལ་བལྟ་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཅི་བགོ་བ་དང་མཉན་པར་བྱའོ། །ཅེས་སོ།
།གཤིས་བདེན་མེད་ཡིན་པ་ལ། དེ་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན། ཅེས་པའི་སྐབས་སུ། བདེན་མེད་དུ་འདུག་གམ་མི་འདུག་བསེམས་དང་། འདུས་བྱས་ཐམས་ཅད་མི་རྟག་པར་འདུག་པས་བདེན་པ་མེད་དེ།
རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཅེས་དང་།
མདོ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེས་ཤིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་ན་བདེ། །ཞེས་དང་།
ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་ཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཅེས་སོ།
བསགས་པ་མཛད། འདུས་པ་འབྲལ། གསོན་པ་འཆི། མཐོན་པོའི་མཐབ་བསྙིལ་བས་ཀྱང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་ལྟོས་ནས་ཀྱང་། དུས་སྔ་ཕྱི་ལ་ལྟོས་ནས་ཀྱང་བདེན་པ་མེད་དེ།
འདུལ་བ་ལུང་ནས། བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །མཐོན་པོའི་མཐའ་ནི་ཉིལ་བར་འགྱུར། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཅེས་དང་།
དབུ་མ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་ལ། །མི་གནས་བྱ་བ་ག་ལ་ཡོད། །གང་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་གཅིག་ལ་མེད། ཅེས་སོ།
སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར། ཅེས་པའི་སྐབས་སུ་སྣང་བ་ཐམས་ཅད་རང་སེམས་སྒྱུ་མ་རྨི་ལམ། སྒྱུ་མ་ཙམ་དུའང་དོན་ལ་གྲུབ་པ་མེད་པས་མཐའ་བྲལ། མཐའ་དང་བྲལ་བས་ཟུང་འཇུག །ཟུང་དུ་འཇུག་པས་ཕྱག་རྒྱ་ཆེན་པོའོ།
གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པར་རང་ཤར་བའོ། །ཅེས་དང་།
འབུམ་ལས་དོན་དམ་པར་ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་དོ། །ཅེས་དང་།
བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་དང་།
ཡིད་ཀྱི་ངོ་བོ་སྟོང་པ་ཉིད་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།
བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡི་རང་བཞིན་ཇི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བ་དཔྱོད། །ཅེས་དང་།
དཀོན་བརྩེགས་ལས། འོད་བསྲུངས། སེམས་ནི་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །ཅེས་སོ།
།དབང་པོ་འབྲིང་གི་མི་རྟག་པའི་སྐབས་སུ།
འཆི་བ་མ་དྲན་པའི་ཆོས་པ་དེ། འཁྱགས་པའི་ཐོག་དུ་མཁར་དགུ་ཐོག་བརྩིགས་པ་དང་འདྲ་གསུང་། དགུན་འཁྱགས་པའི་ཐོག་ཏུ་མཁར་དགུ་ཐོག་བརྩིགས་ཀྱང་ཐོག་ལ། སོས་ནམ་ལ་དྲོས་པ་དང་རྨེང་ནས་འགྱེལ་འགྲོ། དེ་བཞིན་དུ་འཆི་བ་མ་དྲན་པའི་ཆོས་པ་དེ། བསྒོམ་བཟང་བཟང་འདྲ་ཡང་། རྐྱེན་ངན་གྱི་ཡུལ་དང་ཕྲད་པའི་དུས་སུ་ཡལ་ནས་འགྲོའོ།
།ཡང་ན། ཚེ་རིངས་ཡོང་ན་ཚེ་རིང་ཤོག །ཚེ་ཐུང་ཡོང་ན་ཚེ་ཐུང་ཤོག །གཏམ། སྙན་ཡོང་ན་གཏམ། སྙན་ཤོག །གཏམ་ངན་ཡོང་ན་གཏམ་ངན་ཤོག །མདོར་ན་ཆོས་དང་ཅི་མཐུན་ཤོག །ཅེས་སོ།
སྣང་བ་རང་སེམས་ཤར་བའི་སྐབས་སུ།
མདོ་འཇིག་རྟེན་གདགས་པ་ལས། ས་ལ་པར་འདུ་ཤེས་པ་ཡོད་དོ། །ས་ལ་ཆུར། ས་ལ་མེར། ས་ལ་རླུང་དུ། ས་ལ་ནམ་མཁའ་སྟོང་པར་འདུ་ཤེས་པར་ཡོད་དོ། །དེ་བཞིན་དུ་འབྱུང་བ་ཐམས་ཅད་ལ་ཡང་ཤེས་པར་བྱའོ།
།ལང་དཀར་གཞེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་གཟུགས་ནི་ཕྱི་རོལ་སྣང་། །ཅེས་སོ།
།སེམས་སྒྱུ་མ་རྨི་ལམ་བསྒོམ་པའི་སྐབས་སུ།
མངོན་རྟོགས་རྒྱན་ལས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཅེས་པའི་འབྲེལ་པར། ཡོངས་སུ་འགྱུར་བ་དང་། མཉམ་དུ་འཚོགས་པ་དང་། འགལ་བ་དང་། རྐྱེན་དང་། མ་འཕོས་པ་དང་། རྟེན་མེད་པ་དང་། བྱེད་པ་པོ་མེད་པ་དང་། ཅེས་པ་ལ། ཡོངས་སུ་འགྱུར་བ་ནི་གཉིད་ཀྱི་ཤེས་པ་རྨི་ལམ་སྟེ།
ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་སོ།
མཉམ་དུ་ཚོགས་པ་ནི། རྫས་དང་སྔགས་དང་བྱུང་པ་སྒྱུ་མ་སྟེ། སྒྱུ་མ་བྱེད་པ་དགིས་གཟུགས་སྤྲུལ་ཏེ། རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། ཇི་ལྟར་ན་ཡང་སྣང་པ་གང་ཡང་མེད། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།
འགལ་བ་ནི། ཆུར་འགལ་ནས་མེད་པ་ནི་མིག་སྒྱུ་སྟེ། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། སྐོམ་པས་གདུངས་ཤིང་སྐྱེས་བུ་འགྲོ་བ་ཡི། སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་སྣང་། ཆོས་རྣམས་ཐམས་ཅད།
རྐྱེན་ནི། སྒྲའི་རྐྱེན་ལས་བྱུང་པ་ནི་སྒྲ་སྙན་ཏེ། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་སྟེ། གླུ་ལེན་སྒྲ་དང་རྒོང་དང་ངུ་བ་དང་། བྲག་ཆ་སྣང་ཡང་སྣང་པ་གང་ཡང་མེད། ཆོས་རྣམས། མ་འཕོས་པ། གཟུགས་བརྙན་ནམ་མིག་ཡོར་ཏེ། ཇི་ལྟར་ནམ་མཁའ་དངས་པར་ཟླ་ཤར་བ། དེ་ཡི་གཟུགས་བརྙན་དངས་པའི་ཚོར་སྣང་ཡང་། ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། ཆོས་རྣམས།
རྟེན་མེད་པ་ནི། རྟེན་ཏེ་གཞི་མེད་པའི་སྣང་པ་ནི་དྲི་ཟའི་གྲོང་ཁྱེར་ཡིན་ལ། བྱེད་པ་པོ་མེད་པ་ནི་སྤྲུལ་པ་སྟེ། ཇི་ལྟར་སྤྲུལ་པའི་དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དང་། མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཅེས་གསུངས་སོ།
དབང་པོ་ཐ་མ་ཞེན་མེད་སྒྱུ་མ་རང་ཤར་གྱི་སྐབས་སུ།
སྡུད་པ་ལས། གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ཅིང་། །གཞན་ཞིག་མེ་འདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ། །ཅེས་པ་དང་།
རྣམ་འགྲེལ་ལས། བླང་དང་དོར་བྱ་སྤོངས་པའི་ཕྱིར། །ཐམས་ཅད་ལ་ནི་བཏང་སྙོམས་ཅན། །ཙན་དན་ལྟེའུ་མཚུངས་པ་ལ། །ཆགས་བྲལ་ཤེས་ནི་དེ་ལ་བྱ། །ཅེས་སོ།
རྨི་ལམ་རང་ཟིན་གྱི་སྐབས་སུ།
བླ་མ་རློག་ལྕོག་པའི་གསུང་། འོད་གསལ་གཏན་ལ་འབེབས་པ་སྒྱུ་ལུས། སྒྱུ་ལུས་གཏན་ལ་འབེབས་པ་རྨི་ལམ། རྨི་ལམ་གཏན་ལ་འབེབས་པ་དད་འདུན། དད་འདུན་གཏན་ལ་འབེབས་པ་བླ་མའོ།
དེ་ལ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། དད་པ་དང་འདུན་པ་བསྐྱེད་ན་རྨི་ལམ་ཟིན། དེས་སྒྱུ་མ་རང་ཤར་དུ་འོང་། དེས་འོད་གསལ་རང་ཤར་དུ་གཏན་ལ་ཕེབས་པོ། དེས་ན་སྒྱུ་ལུས་ཀྱི་འོད་གསལ་བིགས་འདོན། རྨི་ལམ་གྱིས་སྒྱུ་ལུས་གཏན་ལ་ཕེབས་པར་བཞོད་དོ། རྨི་ལམ་ཟིན་མ་ཐོག་མིག་ཕྱེ་ན་སད་འབྱམས་སུ་འགྲོ་བས། མིག་མི་འབྱེད་པར་འདུན་པ་དྲག་པོ་བྱས་པས་སད་འབྱམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་པོ་འབྱུང་སྟེ།
ནཻ་གུ་མས། །དེ་ཡང་མིག་ནི་མི་འབྱེད་པར། །དྲན་སྣང་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། ཅེས་སོ།
གཉིད་སད་རྗེས་ཉིན་མཚན་བསྲེ་བ་ནི།
ནཻ་གུ་མས། །དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་འཕོའི་གནད་ཀྱིས་མཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། ཅེས་སོ།

རྨི་ལམ་སྒྱུ་མ་བསྒོམ་པ་འདི། བདེ་བའི་སྣ་དུ་ཁས་འདྲེན་པ་བཞིན། ཞིང་པའི་པོ་ནམ་དང་འདྲ་བ་ཞིག་དགོས་གསུང་། སོ་ནམ་བྱེད་པའི་དུས་སུ་ནས་རྡོག་པོ་རེའི་ཕྱིར་ཡང་གོམ་པ་རེ་བརྡོག་དགོས་པས་སྡུག་པ་ཡིན། སང་ཕོད་ལོ་ལེགས་ཙ་ན། བུན་ཁྱེར་དྲགས་བྱུང་། ཁ་ཤ་ཆང་དང་མ་བྲལ་བར་བྱེད་ཙ་ན་སྐྱིད་པ་ཡིན། དེ་བཞིན་རྨི་ལམ་བསྒོམ་པའི་དུས་སུ། རྩོལ་བ་ཆེན་པོ་དགོས་པས་སྡུག་པ་ཡིན་ལ། རྨི་ལམ་འབྱོངས་པའི་དུས་སུ་རྗེ་བཙུན་ལ་བ་པ་བཞིན་དུ། ལོ་བཅུ་གཉིས་ཀྱི་བར་གཉིད་ལོག་ཀྱང་ཆོག་སྟེ། ལོ་བཅུ་གཉིས་བར་གཉིད་ལོག་པས། ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས། ཅེས་སོ།
འབིར་ཝ་པ་བཞིན་དུ་ཉོ་ཆང་བྱས་ཀྱང་ཆོག་སྟེ། མདོར་ན་འོད་གསལ་འབའ་ཞིག་དུ་འགྲོ་བསབདེ་བ་ཡིན་ནོ། ཡོང་རྨི་ལམ་འཛིན་པ་འདི་རི་དང་ལུངས་སུ་ཕེབས་པ་འདྲ་བ་ཅིག་དགོས། དེ་ལ་གསོད་པ་བྱུང་གི་དོགས་ནས་འདི་ལས་ཅི་ཐར་ཅིག་བྱེད་དགེས་སྙམ་ནས། བློ་བདེ་བའི་སྐབས་མེད་ལ། དེ་བཞིན་དུ་འོ་སྐོལ་ཡང་ངན་སོང་གསུམ་དུ་འཁྱམས་ཀྱི་དོགས་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ད་རེས་ཅི་ཐར་ཅིག་བྱ་དགོས་སྙམ་པ་བྱས་ནས། གཉིད་ཀྱང་ལོག་ཏུ་མི་ཁོམ་པར་འབད་རྩོལ་བསྐྱེད་ནས་བསྒོམ་དགོས་ཏེ།
ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལ་ལོག ཅེས་སོ།
།ཡང་རྨི་ལམ་སྒྱུ་ལུས་བསྒོམ་པ་ནི། དབང་པོ་བརྒྱ་བྱིན་གྱི་ཚིག་དང་འདྲ་གསུང་། དེ་ལ་ལྷ་དང་ལྷ་མ་ཡིན་གཉིས་བདུད་རྩི་དང་ལྷ་མོ་ལ་མ་འཆམ་པར་འཐབས་པའི་དུས་སུ། ཉེ་དབང་སུམ་ཅུ་རྩ་གཉིས་པོ་ཚོགས་ནས་གྲོལ་བྱས་ཀྱང་ཐག་མི་ཆོད་ལ། བརྒྱ་བྱིན་ལ་དྲིས་པའི་དུས་སུ། བརྒྱ་བྱིན་གྱི་ཚིག་གཅིག་གིས་ཐག་ཆོད་ནས་འགྲོའོ། །དེ་བཞིན་དུ་ཆོས་ཇི་སྙེད་གཅིག་ཤེས་ཀྱང་རྨི་ལམ་སྒྱུ་མར་མ་རྟོགས་སེམས་ཐག་མི་ཆོད་པས། རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ན་ཆོས་ཐམས་ཅད་རང་སར་རང་གྲོལ་ལ་འགྲོ་བས་སངས་རྒྱ་བར་ཐག་ཆོད་པ་ཡིན་ནོ།
།ཡང་རྨི་ལམ་ཟིན་པ་ནི། མཁའ་འགྲོ་སྡེ་ལྔའི་ཞིང་དུ་སླེབ་པ་དང་འདྲ་གསུང་། དེར་འགྲོ་བའི་ལམ་ཁ་ན་ཆུ་ཆེན་པོ་དང་། རྩི་ཤིང་གི་མུན་པ་འཐིབས་པ་དང་། གཅན་ཟན་གདུག་པ་ཅན་རྣམས་ཀྱིས་བཀག་ནས། ཐར་བ་དང་བགྲོ་དུ་མི་སྟེར་ལ། གལ་ཏེ་བགྲོད་པར་གྱུར་ན། རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་ལ་སོགས་པའི་ཞིང་ཁམས་གང་དུ་སླེབ་ཀྱང་དེས་ཆོག་པ་ཡིན་ནོ། །དེ་བཞིན་དུ་རང་ལ་ཡང་། ཆུ་དང་འདྲ་བའི་འདོད་ཆགས། རྩི་ཤིང་མུན་པ་དང་འདྲ་བའི་གཏི་མུག །གཅན་ཟན་གདུག་པ་དང་འདྲ་བའི་ཞེ་སྡང་། དེ་རྣམས་ཀྱིས་བཀག་ནས་རྨི་ལམ་ཟིན་དུ་མི་སྟེར་བས། གལ་ཏེ་ཟིན་ན་རྨི་ལམ་རང་ཟིན་ནམ། སྒྱུ་མ་རང་ཤར་རམ། བདེན་མེད་དམ། རང་སེམས་ལྷ་སྐུ་འམ་སྟོང་པ་ལ་སོགས་པ་གང་དུ་ཤེས་ཀྱང་། མི་བདེ་བ་ཐམས་ཅད་ལས་གྲོལ་ནས་འགྲོ་བས་དེས་ཆོག་པ་ཡིན་ནོ།
།འཆུག་མེད་ཀྱི་སྐབས་སུ།
བླ་མ་རྨོག་ཅོག་པའི་གསུང་ནས། རྨི་ལམ་དང་སྒྱུ་ལུས་གཉིས་འབྲས་བུའི་དུས་སུ་ཡང་། སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་པ་ལ་ཁྱད་པར་མེད་ལ། ལམ་ཉམས་སུ་ལེན་པའི་དུས་སུ་ཡང་། དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། དམ་དུམ་སྐམ་སྐེམ་ཟིན་པར་འགྱུར་གཉིད་སད་དུས་ན་བསྲེ་བ་གཅེས། ཤར་དང་སྣང་དང་དོན་བྱེད་ནུས། ཤེས་ནས་གྲོལ་བར་བྱེད་པ་ཡིན། ཅེས་པ།
རྨི་ལམ་གྱི་དུས་སུ་ཡུལ་སྣ་ཚོགས་སུ་ཤར་བ་དེ་དང་། ཉིན་པེར་གྱི་དུས་སུ་སྣང་པ་སྣ་ཚོགས་སུ་ཤར་བ་འདི་གཉིས་ཤར་བའི་སྒོ་ནས་ཀྱང་ཁྱད་མེད། སྣང་པའི་སྒོ་ནས་ཀྱང་ཁྱད་མེད་དེ། དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་དེས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་ལ། ད་ལྟར་གྱི་དུས་སུ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་། ཆགས་སྡང་བསྐྱེད་པའི་དོན་བྱེད་ནུས་པའོ། །ཤེས་ནས་གྲོལ་བའི་སྒོ་ནས་ཀྱང་ཁྱད་མེད་དེ། རྨི་ལམ་གྱི་དུས་སུ་ཡང་། རྨི་ལམ་ལ་རྨི་ལམ་དུ་ཤེས་ན་གྲོལ་གྱི་འདུག། ད་ལྟ་ཡང་སྒྱུ་མ་ལྟ་བུར་ཤེས་ན་ཆགས་སྡང་ལས་གྲོལ་བར་འདུག་གོ །དེ་ཡང་ཉིན་པར་གྱི་འཁྲུལ་པ་བཟློག་པ་ལ་སྒྱུ་ལུས། གཉིད་ཀྱི་འཁྲུལ་པ་བཟློག་པ་ལ་རྨི་ལམ། དེ་གཉིས་ལ་དགོངས་ནས་ཁྱད་མེད་དུ་བྱེད་ལ། དོན་ལ་ཁྱད་པར་མེད་པར་བཞེད་དོ།
རྟག་གཉིས་ལས། ལོག་དང་སད་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཅེས་དང་།
རྒྱས་འབྲིང་གཉིས་ལས། ཤཱ་རི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པས་རྣམ་པར་འཕེལ་ལམ། འོན་ཏེ་རྨི་ལམ་བསྒོམས་པས་རྣམ་པར་འཕེལ་ལོ། །ཤཱ་རི་བུས་སྨྲས་པ། རབ་འབྱོར་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ཡང་རྣམ་པར་མི་རྟོག་པའོ། །ཅེས་སོ།
ཡེ་ཤེས་རྒྱ་མཚོ་ལས། རྨི་ལམ་ལན་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། ཅེས་པས་ཕན་ཡོན་ནོ།
།རྟོག་བཅས་ལམ་ཁྱེར་གྱི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་གནས། ཡི་གེ་ཨཾ་བཅས་རྣམ་པ་ཉིད། ཅེས་སོ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ངེས། ཅེས་སྒྱུ་མ་རྨི་ལམ་འདི་བརྗོད་གྲོལ་དང་དྲན་གྲོལ་ཡིན་གསུང་ངོ་།
།རྨི་ལམ་མ་ཟིན་པ་དང་འབྱམས་པ་ལ་སོགས་ཅི་བྱུང་ཡང་བསོད་ནམས་ཀྱི་ཚོགས་ཁོ་ནས་བོགས་འདོན་པར་བྱེད་ལ། ཁྱད་པར་དུ་བླ་མ་ལ་ལུས་ལོངས་སྤྱོད་ཕུལ་ནས་སྐྱོན་གང་དུ་ཡང་བྱུང་བ་དེ་མི་འབྱུང་པར་གསོལ་བ་བདག་པ་གལ་ཆེ་སྟེ།
མ་ཟིན་འབྱམས་དང་གོལ་པ་གསུམ། བསོད་ནམས་ཚོགས་ཀྱིས་བཅད་པར་བྱ། ཅེས་སོ།
།དེ་ལ་གཉིད་ཐུམ་གཅིག་ལ་ཤེས་རབ་གསུམ་གྱི་བསྲེ་འཕོ་ཉམས་སུ་བླང་བར་བྱ་སྟེ། ཉིན་པར་གྱི་དུས་དང་གཉིད་དུ་འགྲོ་ཁར་ལྷ་སྐུ་ལ་སོགས་པ་ལ་འདུན་པ་དྲག་པོ་མ་ཡེངས་པར་བྱས་པས། མ་རྟོགས་པ་རྣམས་ལ་སྔར་གྱི་འདུན་པའི་གནད་ཀྱིས་ལྷ་སྐུ་རང་ཤར་དུ་ལམ་གྱིས་འབྱུང་། དེ་རྨི་ལམ་དུ་ཤེས་པ་དེ་རྨི་ལམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། ཉིན་མཚན་གཉིས་རྨི་ལམ་དང་གསུམ་གྱི་བསྲེ་འཕོ། རྨི་ལམ་དེ་ཉིད་ཀྱང་མི་བདེན་པ་སྒྱུ་མར་ཤེས་པ་དེ། སྒྱུ་མ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། རྨི་ལམ་དང་སྒྱུ་མའི་བསྲེ་འཕོའོ། །སྒྱུ་མ་དེ་ཉིད་ཀྱང་སྒྱུ་འཛིན་དང་བྲལ་ནས་འོད་གསལ་དུ་རྟོགས་པ་དེ། འོད་གསལ་ལམ། དོན་དམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། སྒྱུ་མ་དང་འོད་གསལ་གྱི་བསྲེ་འཕོ་ཡིན་ནོ། །དེ་ཡང་སྒྱུ་ལུས་འོད་གསལ་བསྒོམ་པ་རྣམས་ཀྱིས། དང་པོ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་ཚུལ་དུ་བསྒོམས་པའི་སྟོབས་ཀྱིས། རྨི་ལམ་དང་འོད་གསལ་ཟིན་པའི་དུས་སུ་འབྲས་བུའི་ཚུལ་དུ་ལྷ་སྐུ་རང་ཤར་རམ། སྐྱེ་མེད་ལ་འགག་མེད་ཀྱི་ཚུལ་དུ་འབྱུང་ངོ་། །དེས་ཉིན་པར་གྱི་དགེ་སྦྱོར་སྟོབས་བསྐྱེད་ཅིང་། ཉིན་མཚན་གཉིས་གཅིག་གིས་གཅིག་སྟོབས་བསྐྱེད་ནས་དེ་ཉིད་ཇེ་བརྟན་ཇེ་གསལ་ལ། སྤྱོད་ལམ་ཐམས་ཅད་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་འཆར་རོ། །དེའང་དབང་པོ་རབ་ལོ་ཟླ་ཙམ་གྱིས་ཚེ་འདིར་དག་པའི་སྣང་བ་ཤར་ནས་སངས་རྒྱ་ལ། དབང་པོ་ཐ་མ་ཚེ་འདིར་སངས་མ་རྒྱས་ཀྱང་། ཉིན་པར་བག་ཆགས་ཀྱི་དུས་སུ་ས་བོན་གྱི་ཚུལ་དུ་ཉམས་སུ་བྱངས་པའི་སྟོབས་ཀྱིས་བར་དོར་དག་པའི་སྣང་བ་ཤར་ནས་སངས་མི་རྒྱ་མི་སྲིད་གསུང་ངོ་། །སྦྱོང་སྤེལ་གྱི་སྐབས་སུ་རྨི་ལམ་ཟིན་མ་ཐོག་སྦྱོང་སྤེལ་བྱས་ན་བོགས་ཆུང་པས། ཆོས་ཐམས་ཅད་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་པོས་ཡུན་རིང་དུ་བརྟན་པར་བྱས་པས། བོགས་ཆེན་པོ་འབྱུང་བ་ཡིན་ཏེ། ཟིན་ནས་བརྟན་པར་མ་བྱས་པས། སྦྱང་བའི་སྦྱོར་བ་མོ་བྱའོ། །ཅེས་སོ།
།དེ་ཡང་། །རྨི་ལམ་སྦྱོང་བའི་དུས་ཙམ་ན། །ཡ་ང་བག་ཚ་འབྱུང་བ་ཡིན། །བྱུང་པའི་དུས་ན་འདི་ལྟར་བསམ། །སྡུག་བསྔལ་བསྐྱེད་པ་འབྱུང་བའི་ལུས། །མལ་ན་བཞག་ནས་ཡོད་པ་ཡིན། །འདི་ནི་ཡིད་ཀྱི་ལུས་ཡིན་ན། །དེ་ལ་འཇིགས་སུ་ཇི་ཞིག་ཡོད། །རང་སེམས་ཤར་བ་རང་གི་སེམས། །ཤེས་པའི་དུས་ན་འཇིགས་པ་མེད། །ཆུ་དང་གཡང་དང་མེ་དང་བྲག །བསལ་པའི་སྦྱོར་བ་སྔོན་བཏང་ནས། །ཐོག་རྡུགས་མེད་པར་སྦྱང་པར་བྱ། ཅེས་དང་།
བླ་མ་རྨོག་ཅོག་པས། རྨི་ལམ་འབྱོངས་པའི་གང་ཟག་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་མེད་པར་གསུངས་པ་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེ། །ལུས་ནི་གཞོན་ནུ་འོད་ཀྱི་ལུས། །ཤེས་བྱའི་སྒྲིབ་པ་རྐང་སྤྲིན་ལ། །རྩི་བཞིན་དུ་ནི་གནས་པ་ཡིན། །དེ་སྤོང་པ་ཡི་ཐབས་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་སྤོང་པའི་མཆོག །ཆོས་སྐུ་མངོན་དུ་བྱེད་པ་ཡིན། ཅེས་གསུངས་པས།
གང་ཟག་རྨི་ལམ་འབྱོངས་པའི་གནས་སྐབས་དེ་ཉི་དང་། ས་བཅུའི་བྱང་ཆུབ་སེམས་པའི་ཡོན་ཏན་ལ་ཁྱད་པར་མེད། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་མེད་དེ། ལུས་ཀྱི་བཀོད་པ་དཔག་ཏུ་མེད་པར་སྤྲུལ་ནས། སྤྱིར་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཉན་ནུས་པའམ། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་ནུས་ཏེ་ཡོན་ཏན་ལ་ཁྱད་པར་མེད། དཔེར་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པས་ཕྱོགས་བཅུའི་འཇིན་ནེ་གྱི་ཁམས་ཇི་སྙེད་ན། སངས་རྒྱས་ཇི་སྙེད་བཞུགས་པ་དེ་སྙེད་ཀྱི་མདུན་དུ་རྗེ་བཙུན་སྤྱན་རས་གཟིགས་རེ་རེ་བྱོན་ཞིང་། འཁོར་གྱི་གཙོ་བོར་གྱུར་ནས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ལྟ་བུ་ཡིན་ནོ། །རྐང་པ་དང་སྤྲི་ལ་གནས་པ་ལྟ་བུའི་ཤེས་བྱའི་སྒྲིབ་པ་དེ་ཉིད། སྒྱུ་མ་ཙམ་དུ་འཛིན་པ་དེ་ལ་ངོས་འཛིན་ཏེ། དེ་སྤོང་བའི་ཐབས་ལ་ནི་འོད་གསལ་སྟོང་པ་འདུས་མ་བྱས། རྡོ་རྗེ་ལྟ་བུ་དེས། སྐད་ཅིག་ལ་སྤོང་བར་བྱེད་པ་ཡིན་ལ། དེ་ལ་འོད་གསལ་ཞེས་བྱ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ། དོན་དམ་པའི་བདེན་པ་ཞེས་བྱ། དེ་ལྟ་བུའི་སྤང་བྱ་མ་ལུས་པ་སྤངས། ཡོན་ཏན་མ་ལུས་པར་རྫོགས་པ་དེ། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་ལས་ཀྱིས། གཟུགས་སྐུ་གཉིས་ཀྱི་འཁོར་བ་མ་སྟོངས་ཀྱི་བར་དུ། སེམས་ཅན་ལ་གང་ལ་གང་འདུལ་དེ་ལ་དེ་སྟོན་པར་བྱེད་དོ། །དཔེར་ན་རིན་པོ་ཆེ་དབང་གི་རྒྱལ་པོའམ། ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུའོ། །ཆེས་གསུངས་སོ།
ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བའི་སྐབས་སུ།
རྟགས་གཉིས་ལས། དང་པོ་ནག་པོ་རབ་ཏུ་བསྒོམ། །གཉིས་པ་དམར་པོ་རྣམ་པར་བསྒོམ་། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པ་ལྗང་གུ་དེ་བཞིན་ནོ། །ལྔ་པ་ཁ་དོག་སྔོན་པོ་དང༌། །དྲུག་པ་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཅེས་སོ།
ཡིད་ལུས་མཁའ་ལྡིང་གི་སྐབས་སུ།
དེ་ཡང་ཡུན་སྣང་གཏན་ལ་འབེབས་པའི་དུས་སུ་རྣམ་སྨིན་གྱི་ལུས་འཚོལ་བ་དང་། མ་རྙེད་ཀྱི་དོགས་པའི་སྡུག་བསྔལ་བྱུང་ན། དེ་ནི་རླུང་གི་འཇུག་པ་ཕྲ་མོ་མ་ཆོད་པ་ཞེས་བྱ། འཁྲུལ་པའི་བག་ཆགས་དག་པའི་དུས་སུ། ཡུལ་སྣང་བལྟ་ཞིང་རྣམ་སྨིན་གྱི་ལུས་གང་ན་ཡོད་ཀྱང་ཇི་ལྟ་བ་བཞིན་དུ་ཤེས་སོ། །དབང་པོ་ཡང་རབ་དེས་བག་ཆགས་འཁྲུལ་པའི་རླན་དང་བྲལ་ནས་ཡུལ་སྣང་ལྟ་བར་འདོད་པ་དེ། བསམས་པ་ཙམ་གྱིས་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དབང་པོ་ཐ་མ་རྣམས་ཀྱིས་ཉིན་པར་ཆགས་སྡང་འབའ་ཞིག་ཏུ་སོང་ནས། འཁྲུལ་པ་རང་སྣང་། རང་སྣང་སྒྱུ་མར་མ་ཆོད་པས་རྨི་ལམ་བག་ཆགས་ཀྱི་ལུས་དེ་འཁྲུལ་པའི་དབང་དུ་སོང་ནས་རྨི་ལམ་རང་ཁ་མར་འཆར་ཏེ། བག་ཆགས་ཀྱི་ལུས་དེ་སྔར་རང་གི་ཕྱིན་པའི་ས་ཕྱོགས་སམ། གར་སྡོད་པའི་སའམ། གང་དང་འགྲོགས་ཤིང་ཆགས་སྡང་ཡོད་པ་དེའི་བག་ཆགས་འཆར་རོ། །དེ་ལ་བརྒྱ་ལ་རྨི་ལམ་ཟིན་ནས་སྦྱོང་སྤེལ་བྱ་བར་འདོད་ཀྱང་། ཉིན་པར་གྱི་བག་ཆགས་འཐུག་པོ་དེའི་དབང་དུ་སོང་ནས་རྨི་ལམ་དུ་ཡང་། བྲག་ལ་སོགས་པ་ལ་ཐོག་རྡུག་འོང་ཞིང་། ཉིན་པར་གྱི་ལུས་དང་གཅེན་སྤྲས་ལ་ཁྱད་ཨེན་ཙམ་ལས་མི་འོང་ཞིང་། བདེན་འཛིན་བརྟག་པ་དེ་ཤས་ཆེར་འབྱུང་ངོ་།
།དེ་དག་པར་བྱེད་པའི་ཐབས་ལ་ནི། གོང་བཞིན་དུ་མ་དག་པས་འཁྲུལ་པའི་འཁོར་བ་སྤངས་ནས། དག་པའི་འཁོར་བ་བླ་མའི་མོས་གུས་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་འབད་པ་ཆེན་པོ་བྱས་པས། འཁྲུལ་པའི་བག་ཆགས་དག་ནས་ཡིད་ཀྱི་ལུས་སུ་སོང་ཙ་ན། དངོས་འཛིན་གྱི་བློ་དང་བྲལ་ཏེ་སྒྱུ་མ་ཙམ་གྱི་སྒོ་ནས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཡིད་ཀྱི་ལུས་དེ་རི་དང་ཁང་པ་ལ་སོགས་པ་དང་གང་ལ་ཡང་ཐོག་རྡུག་མེད་པར་འགྲོ་ཞིང་། མངོན་དགའ་དང་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམས་སུ་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཞུ་བར་བྱེད་པ་ནི། ཡིད་ཀྱི་བསམས་པ་ཙམ་གྱིས་རང་འདོད་དུ་ཇི་ལྟ་བ་བཞིན་དུ་གཏོལ་ཞིང་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ནི་བག་ཆགས་ཀྱི་རླན་དང་བྲལ་བ་ལས་བྱུང་པ་ཡིན་ནོ། །གང་བསམས་སུ་གཏོལ་བའི་ཕྱིར་ན། དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོའམ། རང་བཞིན་མེད་པའི་སྒྱུ་ལུས་ཞེས་བྱའོ།
།འོད་གསལ་གྱི་རྩ་བ་མི་རྟག་སྐྱོ་ཤས་ཀྱི་སྐབས་སུ།
རྡོ་རྗེའི་ཚིག་རྐང་ལས། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། ཅེས་དང་།
ནཻ་གུ་མས། །འཁོར་བ་སྐྱིད་མེད་དགའ་གདུང་དང་། །སྣང་བ་བསླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོས་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་ལ་བོར། །ཚེ་འདི་བློ་ཡིས་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་ཏེ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནགས་ཁྲོད་འདུག་ཀྱང་རི་དགས་ཡིན། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །སྤྱོད་ལམ་སྣང་གྲགས་ཐམས་ཅད་ཀུན། །གཉིད་སོང་འདུག་པས་ཉམས་སུ་བླང་། །དངོས་སྣང་དང་ནི་རྨི་ལམ་གཉིས། ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་། ཡང་།
འདིར་ནི་སྒྲུབ་པ་གཙོར་བྱེད་པས། །ཐ་སྙད་མིག་རྒྱུ་དག་དང་མཚུངས། །དེ་ཕྱིར་ཚེ་ལ་ལོང་མེད་པས། །འཇིག་རྟེན་འདི་ཉིད་བློས་བཏང་ཏེ། །བླ་མ་དམ་པ་མཆོག་བསྟེན་ནས། །རྟོགས་པ་མངོན་དུ་གྱུར་པར་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་མང་། །ཚེ་ཡི་ཚད་ཀྱང་མ་ངེས་པས། །ངང་པ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་བླང་བར་བྱ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུ་མེད། ཅེས་དང་།
འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། ཅེས་དང་།
འོད་གསལ་གྱི་དམིགས་པ་གསུམ་ལས། སངས་རྒྱས་གཉན་གྱི་གསུང་ནས་ཨ་བསྒོམ་པ་འདིས་འོད་གསལ་ཕྱག་རྒྱ་ཆེན་པོ་མ་འཆར་མི་སྲིད་གསུངས།
བདག་མེད་མ་བསྒོམ་པ་འདི་ནི། སྤྲོས་བཅས་བསྐྱེད་པའི་རིམ་པ་ལ་རྟེན་ནས། སྤྲོས་མེད་ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཐབས་འདི་ལས་ཟབ་པ་ཡོད་རི་གསུངས།
བླ་མ་བསྒོམ་པ་ནི། རྨི་ལམ་དང་འོད་གསལ་ཐམས་ཅད་འདི་ལས་འཆར་བས། འདི་ཁོ་ན་ཟབ་ཤོས་ཡིན་གསུང་ངོ་།
།ཉིན་པར་སྐུ་གསུམ་ལམ་ཁྱེར་གྱི་དུས་སུ།
ཡེ་ཤེས་རྒྱ་མཚོ་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ཡང་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །རྟོག་བྲལ་བདེ་ཕྱིར་ལོངས་སྤྱོད་རྫོགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཅེས་སོ།
ལྡ་སྟངས་ཀྱི་མཉམ་རྗེས་སུ་བསྲེ་བའི་སྐབས་སུ།
དམ་པ་རྒྱ་གར་གྱིས། ལྟ་སྟངས་ཀྱི་རིག་པ་སྟོད་ལ་མནན་ན་ཕྲ་རགས་ཀྱི་རྟོག་པ་འགག །ཅེས་དང་།
འབུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཅེས་སོ།
གསལ་སྟོང་རང་ཤར་གྱི་སྐབས་སུ།
ས་ར་ཧས། མཐོང་དང་ཐོས་དང་དྲན་དང་རེག་པ་དང་། །ཟས་སྐོམ་འཁྱམ་དང་འགྲོ་འདུག་ལ་སོགས་པ། །ཅལ་ཅོལ་གཏམ་དང་ལན་སྨྲས་གྱུར་པ་ལ། །སེམས་པོ་ཞེ་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། ཅེས་དང་།
གཅོད་ཀྱི་གཞུང་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །རྟགས་སམ་འབྲས་བུ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་འདྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་རགས་པ་དང༌། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང༌། །གཉིས་མེད་གྲོལ་བ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་གྱུར་པ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །སྐྱེས་བུའི་སྲོག་རྩ་བཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡི། །ཆོད་དུ་སྒོ་ནི་སྒག་མི་དགོས། །དེ་བཞིན་སེམས་ཉིད་རྩད་བཅད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། ཅེས་སོ།
ཟབ་ཞི་སྤྲོས་བྲལ་གྱི་སྐབས་སུ་ཟབ་པ་ནི།
མངོན་རྟོགས་རྒྱན་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། ཅེས་དང་། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། ཅེས་སོ།
།ཞི་བ་ནི་དབུ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ།
སྤྲོས་བྲལ་གྱི་མཐའ་གཉིས་ནི། གཅོད་གཞུང་ལས། ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པའི། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱང་། །དགོངས་པ་མ་ནོར་མ་བཅོས་པའོ། །ཅེས་སོ།
མཐའ་བཞི་ནི། དུས་འཁོར་ལས། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཅེས་སོ།
།མཐའ་བརྒྱད་ནི། དབུ་མ་ཚིགས་གསལ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེད་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཅེས་སོ།
འོད་གསལ་ནི། བརྒྱད་སྟོང་ལས། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཅེས་སོ།
འདུས་མ་བྱས་པ་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། ཅེས་སོ།
།དེ་རྣམས་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་གོ །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ཅེས་སོ།
།གེགས་སེལ་ཉེས་སྐྱོན་རང་གྲོལ་གྱི་སྐབས་སུ།
འོད་གསལ་གྱི་གེགས་ནི། བླ་མ་དང་མཆེད་གྲོགས་ལ་སོགས་པའི་ཡུལ་ཁྱད་པར་ཅན་དང་། ལས་རྒྱུ་འབྲས་ལ་ལོག་ལྟ་སྐྱེས་པའོ། །ཉེས་པ་ནི། བླ་མའི་བྱིན་རླབས་རང་གི་རྒྱུད་ལ་མི་འཇུག་ཅིང་། སྟོང་ཉིད་ཁ་འབྱམས་སུ་གོལ་བའོ། །སྐྱོན་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་མ་རྟོགས་པས་ལས་རྒྱུ་འབྲས་ཕྲ་རགས་ཁྱད་དུ་བསོད་པའོ། །དེ་སེལ་བའི་གདམ་ངག་ནི། ལོག་ལྟ་ལ་སོགས་པ་གཉིས་སྣང་གི་རྟོག་པ་ཐམས་ཅད་རང་སྣང་དུ་ཤེས་པར་བྱས་ལ། རང་སྣང་རྟེན་འབྲེལ་ལམ། སྒྱུ་མ་ལྟ་བུར་བསྒོམས་པས་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་རྟོགས་པའོ།
།ཡང་གེགས་ནི། རྣམ་རྟོག་རྐུན་བུ་རང་དགའ་བར་ཤོར་བའོ། །ཉེས་པ་ནི། ཉམས་ལེན་ངན་ལང་དུ་ཤོར་འགྲོ་བའོ། སྐྱོན་ནི། འཁྲུལ་སྣང་གི་བག་ཆགས་རྒྱུན་མི་ཆད་པའོ། །དེ་སེལ་བའི་མན་ངག་ནི། རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ལ། དོན་དམ་ཤེས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་པས་རྣམ་རྟོག་འཆར་ཚད་འོད་གསལ་སྟོང་ཉིད་ཀྱི་གསལ་འདེབས་སུ་འཆར་བའོ།
།ཡང་གེགས་ནི་གཏི་མུག་དང་འབྲེལ་བའི་ཞི་གནས་བསྒོམ་པའོ། །ཉེས་པ་ནི། ལྟ་བསྒོམ་གྱི་ཤན་དར་མི་ཕྱེད་པའོ། །སྐྱོན་ནི། རྟེན་འབྲེལ་གྱི་འཆར་སྒོ་ལ་རྨོངས་པའོ། །དེ་སེལ་བའི་གདམ་ངག་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ངོས་ཟིན་པར་བྱས་ནས་བསྒོམས་པས། ཉམས་ལེན་ཡོར་ཡོར་ལ་མི་འདས་ཤིང་རྣམ་རྟོག་གམ། རྟེན་འབྲེལ་གྱི་འཆར་སྒོ་ཕྲ་ཞིབ་དང་བཅས་པ་ཐམས་ཅད་འོད་གསལ་གྱི་ངོ་བོར་འཆར་བ་ཡིན་ནོ།
།གཅོད་ཀྱི་གཞུང་ལས། རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང༌། །སེམས་ལ་བྱུང་ས་གནས་པ་དང༌། །འགྲོ་བར་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་སུ་མི་གྱུར། །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད། །དགེ་སྡིག་ལས་ཀུན་རྣམ་པར་དག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས། ཅེས་སོ།
བོགས་འདོན་ཐེ་ཙོམ་གཅོད་བྱེད་ཀྱི་སྐབས་སུ། འོད་གསལ་རྩེ་གཅིག་ཏུ་བསྒོམས་ཀྱང་འཆར་སྒོ་ལ་བོགས་མ་བྱུང་ན། བླ་མ་ལ་མོས་གུས་ཆུངས་པའི་སྐྱོན་ཡིན་ཡང་། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཉིན་མཚན་མེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། འོད་གསལ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འཆར་རོ། །མོས་གུས་ཚད་མེད་ཀྱི་བོགས་འདོན་པའོ། །ཡང་འོད་གསལ་གྱི་ངོ་བོ་ལ་བོགས་ལ་བྱུང་ན། བསགས་པའི་རྒྱབ་མེད་པ་དང་། གཏུམ་མོ་ལ་གོམས་པ་ཆུངས་པའི་སྐྱོན་ཡིན་པས། ཚོགས་འཁོར་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གསོག་བྱ།
སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་གཞན་མི་ཐོབ། ཅེས་སོ།
འབད་རྩོམ་བསྐྱེད་ནས་གཏུམ་མོ་བསྒོམས་པས། ལུས་ལ་བདེ་དྲོད་སྐྱེད། དེས་རིག་པ་དངས་སྙིགས་ཕྱེད་ནས་ལུས་བདེ་སྟོང་ཟུང་འཇུག །སྣང་པ་ཐམས་ཅད་སྣང་སྟོང་། སེམས་རིག་སྟོང་ཟུང་འཇུག་གི་འོད་གསལ་འཆར་རོ། །དེའི་དུས་སུ་བླ་མས་ངོ་སྤྲད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཤར་འདུག་སྙམ་དུ་ངོས་བཟུང་ལ། གསལ་བ་སྤྲུལ་སྐུ། སྟོང་པ་ཆོས་སྐུ། འཛིན་མེད་ཀྱི་བདེ་བ་ཉམས་སུ་མྱོང་བ་ལོངས་སྐུར་ཐག་བཅད་དོ། །ཐག་བཅད་ངེས་ཤེས་བསྐྱེད་པས་བོགས་འདོན་པའོ། །དེ་མ་རྟོགས་པར་འཁོར་བར་འཁྱམས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། སྙིང་རྗེ་ཚད་མེད་ཀྱི་བོགས་འདོན་པའོ། །དེ་ལྟར་བསྒོམས་པས་རྟོགས་པ་གོང་ནས་གོང་དུ་ཐོན་ཞིང་། ཡིན་མིན་གྱི་ཐེ་ཚོམ་དང་སྒྲོ་འདོགས་ཆོད་པར་འགྱུར་རོ།
།ཁྱད་འཕགས་འཆར་སྒོ་ངོས་འཛིན་གྱི་སྐབས་སུ།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཅེས་པས་ཡི་གེ་ཟུར་ན་ཡོད་དོ།
ཉམས་རྟོགས་ཉིན་མཚན་ཁྱད་པར་གྱི་སྐབས་སུ།
གསལ་བའི་ཉམས་ནི། མིག་གིས་གཟུགས་ཉེ་རིང་མེད་པ་མཐོང་པ་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་། ཕྱི་སྣོད་ཀྱི་འཇིགས་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དང་། དེའི་རྫས་དང་ལོངས་སྤྱོད་དང་བཅས་པ་རྣམས་གསལ་སིང་གིས་མཐོང་པ་འབྱུང་ངོ་།
།མི་རྟོག་པ་ནི། རང་གི་ལུས་ཡོད་པ་མི་ཚོར་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། བཟུང་འཛིན་གྱི་རྟོག་པ་གང་ལ་ཡང་མི་འཕྲོ་བར་བདེ་འབོལ་ལེ་གནས་པ་དང་། རྒྱེན་ཕྲ་མོས་མི་གནོད་པ་སྙམ་བྱེད་པ་དང་། འདི་ཀ་ཆོས་སྐུར་འདུག་སྙམ་པ་འབྱུང་ངོ་། །གཞན་ཡང་ས་རྡོ་རི་བྲག་གང་ལ་ཡང་ཐོགས་མེད་དུ་ཕྱིན་པས་ཆོག་སྙམ་པ་དང་། འགྲོ་ནུས་པ་འབྱུང་ངོ་། །ཆུར་མི་བྱིང་། མེས་པི་ཚིག །རླུང་གིས་མི་བསྐྱོད། ནམ་མཁའ་ལ་འཕུར་བས་ཆོག་སྙམ་པ་ཉམས་དུ་མ་འཆར་རོ།
།བདེ་བ་ནི། ལུས་བདེ། སེམས་བདེ། སྣང་པ་བདེ་བར་འཆར་ཏེ། ཇི་ལྟར་བྱས་ཀྱང་བདེ་བར་འཆར་བ་འབྱུང་ངོ་། །དེ་ཐམས་ཅད་ལ་བློ་འཛིན་པ་དང་བཅས་ཤིང་དུས་རེས་འཇོག་ཏུ་འཆར། རྐྱེན་མི་ཐེག་པས་ཀུན་རྫོབ་སམ། ཉམས་ཀྱི་འོད་གསལ་ལོ། །རྟོགས་པ་ནི་རྩ་མདུད་གྲོལ་བ་ལ་རྟེན་ནས། བདེ་གསལ་མི་རྟོག་པའི་འཆར་སྒོ་ཐམས་ཅད་ངོ་བོ་སྟོང་པ་ཉིད། རྣམ་པ་དབྱེར་མེད་རང་ཤར། དུས་རྒྱུན་ཆད་མེད་པར་རྐྱེན་སྣང་བསྒོམ་གྱིས་ངོ་བོར་ཤར་ནས། དུས་གསུམ་སངས་རྒྱས་བྱོན་ཀྱང་འདི་ཀར་འདུག་སྙམ་ནས་ཐག་ཆོད་ངེས་ཤེས་བསྐྱེད་པ་ནི། དོན་དམ་མི་རྟོགས་པའི་འོད་གསལ་ལོ།
།བླ་མ་གཉན་གྱི་གསུང་ནས། ཞིག་ཅིང་ཡལ་ནས་འགྲོ་བས་ཉམས། །མི་འཇིག་ཅིང་བརྟན་པས་རྟོགས་པའོ། །ཅེས་སོ།
ཉིན་པར་གྱི་དུས་སུ། གསལ་སྟོང་བདེ་ཆེན་གྱི་འཆར་སྒོ་ཐམས་ཅད། ངོ་བོ་སྟོང་ཉིད་དང་དབྱེར་མེད་དེ་རྒྱུའམ་ས་བོན་གྱི་ཚུལ་དུ་ཤར་ནས། ཉིན་པར་གྱི་འཁྲུལ་པ་དག་པ་ནི། ཉིན་མོའི་འོད་གསལ་ལོ། །ནུབ་མོ་རྨི་ལམ་དུས་སུ་གསལ་སྟོང་བདེ་ཆེན་དང་དབྱེར་མེད་རང་ཤར་དུ། འབྲས་བུའི་ཚུལ་དུ་ཤར་ནས་ནུབ་མོའི་འཁྲུལ་པ་དག་པ་ནི་མཚན་མོའི་འོད་གསལ་ལོ། །དེའང་རྒྱུ་འབྲས་སམ། གཉིད་སད་རྒྱུ་ཡོད་མེད་དམ། སྟོབས་ཆེ་ཆུང་ངམ། ཉིན་མཚན་ལ་སྟོས་ནས་ཁྱད་པར་དུ་བྱས་པ་ཡིན་ལ་དོན་ལ་ཁྱད་མེད་དེ།
ནཻ་གུ་མས། །དངོས་སྣང་དང་ནི་རྨི་ལམ་གཉིས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། ཅེས་དང་།
བླ་མ་ཁྱུང་པོས། སངས་རྒྱས་སྐུ་དང་ཞིང་ཁམས་དང་། །འཁོར་དང་སྟོན་པ་ཆོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུ་དེ། །དངོས་དང་རྨི་ལམ་ཐ་དད་མེད། ཅེས་སོ།
།མདོར་ན་སྒྱུ་མ་རང་ཤར། རྨི་ལམ་རང་ཟིན། ཡུལ་སྣང་། འོད་གསལ་ལ་སོགས་པ་ཐམས་ཅད་བླ་མ་ལ་མོས་གུས་གནད་དུ་མ་སོང་ན། དམིགས་པ་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་གནད་དུ་ཐོང་ན། ཉམས་རྟོགས་ཐམས་ཅད་མཐར་ཕྱིན་པར་འདུག་ངེས་ཀྱི་གསུང་ངོ་།
།འཕོ་བའི་སྐབས་སུ།
སྦྱང་བ་དང་། ལས་ལ་སྦྱར་བ་གཉིས་ལས། དང་པོ་ནི། ད་ལྟ་བསྒོམ་པ་ཡིན་ལ། ལས་ལ་སྦྱར་བ་ནི།
ཡེ་ཤེས་རྒྱ་མཚོ་ལས། འཆི་བའི་འཇིགས་པ་ཆེན་པོ་ལ། རྟོགས་པ་བརྟན་པའི་མན་ངག་གཅེས། ཅེས་པས།
རྟོགས་པ་བརྟན་པ་ནི། རྩེ་གཅིག་ཏུ་བསྒོམས་པས་འོད་གསལ་རྒྱུན་ཆད་མེད་པར་ཤར་ནས། རང་སེམས་འཆི་མེད་དུ་རྟོགས་པ་ཡིན་ལ། དེ་མ་རྟོགས་ན་འཆུག་པ་མེད་པའི་མན་ངག་གིས། འཕོ་བའི་གདམས་ངག་ཡིན་ནོ།
བླ་མ་མར་པས། བསྒོམས་ན་སང་ཆུང་ཀུན་ཀྱང་རྒྱ་སྟེ། མ་བསྒོམས་སངས་རྒྱས་འཕོ་བ་ཡིན་ནོ། །ཅེས་སོ།
བྱིན་རླབས་བླ་མའི་འཕོ་བ་སྐབས་སུ།
རང་འཆི་བའི་ཚེ་ཆོས་གཞན་གང་ཡང་མ་དྲན་ཀྱང་། བླ་མ་སྐད་ཅིག་དྲན་པས་སངས་རྒྱ་སྟེ།
ཀྲི་ཡ་དཔུང་བཟངས་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །སྐད་ཅིག་དྲན་པར་མ་གྱུར་ཀྱང་། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱ། ཅེས་སོ།
དེ་ལ་བསྒོམས་པའི་གང་ཟག་དེ་ལ་ནམ་ཞིག་འཆི་རྟགས་རྣམས་ཚང་ཞིང་། ཅེས་པའི་སྐབས་སུ། དེ་འཆི་ལྟས་རྣམས་རྫོགས་ནས་འཕོ་བ་བྱེད་ལ། མ་རྫོགས་པར་བྱས་ན་ལྷ་བསད་པར་འགྱུར་བས་དེའི་རྣམ་སྨིན་གྱིས་དམྱལ་བར་སྐྱེ་སྟེ།
རྡོ་རྗེ་གདན་བཞི་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པའི་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། ཅེས་སོ།
བར་དོའི་སྐབས་སུ།
ཡེ་ཤེས་རྒྱ་མཚོ་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །འཆུགས་པ་མེད་པའི་མན་ངག་གཅེས། ཞེས་པས་རྟོགས་པ་བརྟན་པ་ནི་གོང་དང་འདྲ། མན་ངག་ནི་མིགས་པའོ། །བར་དོའི་གདམ་ངག་མང་པོ་བཤད་ཀྱང་། རྨི་ལམ་ལ་དབང་མ་ཐོབ་ན་ཕན་མེད་དེ། དེས་ན་བར་དོ་ཤེས་པར་བྱེད་པའི་མཆོག་རྨི་ལམ་ཡིན་གསུང་ངོ་།
།བདུན་ཕྲག་དང་པོ་ལ་བར་དོར་སངས་རྒྱ་བའི་སྐབས་སུ།
ནཻ་གུ་མས། །རྨི་ལམ་ཟིན་ནས་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། ཅེས་སོ།
ནཻ་གུ་མས། འདུན་པ་དག་ལས་མི་འདའ་བ། བར་དོའི་གནང་ཚིག་ཡང་དག་རྫོགས། ཅེས་པས།
བར་དོར་འཆར་རྒྱུ་ཐམས་ཅད་འདིར་འཆར་བས་འདི་གཅིག་པུས་ཆོག་གསུངས་ངོ་། ཆགས་སྡང་ཕྲག་དོག་སྒྱུ་མ་རྨི་ལམ་དུ་སྦྱང་པར་བྱའོ། །བར་དོར་ཆགས་སྡང་དང་། འཇིགས་པ་དང་། དངངས་སྐྲག་ལ་སོགས་པ་མ་བྱུང་ན་སྒྱུ་མ་རང་ཤར་དུ་བྱུང་པའི་རྟགས་ཡིན་པས་དེས་ཆོག་གོ །བྱུང་ན་མན་ངག་འདིས་པར་བཏབ་པ་བཞིན་དུ་འོང་པས་བར་དོར་རྒྱལ་བ་ལོངས་སྐུར་སངས་མི་རྒྱ་མི་སྲིད་དོ།
།རྒྱ་བོད་གཉིས་ན་གདམ་ངག་འདི་ལས་ཟབ་པ་གང་ཡང་མེད་བླ་མ་སངས་རྒྱས་སྟོན་པ་གསུང་ངོ་། །ཁྱད་འཕགས་གདམས་པ་ཆོས་དྲུག་གི་སྐབས་སུ་ཉེར་འཁོའི་གསུང་སྒྲོས་འདི། དཔལ་ལྡན་བླ་མའི་གསུང་བཞིན་དུ། སྔགས་འཆང་རྒྱལ་མཚན་འབུམ་གྱིས་བཀོད། དགེ་བས་འགྲོ་ཀུན་སྲིད་མཚོ་ལས། བསྒྲལ་ནས་བྱང་ཆུབ་མཆོག་ཐོབ་ཤོག
།ཁྱི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ལ་རི་གོང་བྲག་དགོན་དུ་གྲུབ་པར་བྲིས་པའི་ཡི་གེ་པ་ནི་བཟང་པོའི་མཐའ་ཅན་ནོ། མངྒ་ལཾ།