Bde mchog lha lnga'i mchod phreng
Resource ID | Sup3 |
---|---|
Title | bde mchog lha lnga'i mchod phreng |
Topics | Chakrasamvara |
Sub-Topics | Offering verses |
Link | BDRC W8LS32723 |
To input
༄༅། །བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བཞུགས་སོ།།
ཤྲི་ཙྐྲ་སམྦྷ་ར་ན་མོཿ
ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་པའི་ཡིད་ཀྱིས་གུས་བསྟུད་ནས། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི །མཆོད་འཕྲེང་ལག་ལེན་བཞིན་དུ་བྲི།
དེ་ལ་དཔལ་བདེ་མཆོག་གི་མཆོད་འཕྲེང་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ།
དང་པོ་ནི། གནས་ཁང་དབེན་པར་ཕྱག་སྟར་བྱ། དྲི་བཟངས་ཀྱིས་བྱུག །བླ་བྲེ་དང་ཡོལ་བ་བཀྲམ། རྟེན་དང་རས་བྲིས་རྣམས་བཞུགས་སོ། །དེ་༼དལ་༽རྒྱས་བསྡུས་སམ། མཎྜ་པད་མ་འདབ་བཞི་མེ་ཏོག་དང་བཅས་པའི་ལྟེ་བར། ཀ་པ་ལ་བདུད་རྩིས་བཀང་ལ་བགོད། དེ་ནས་མདུན་དུ་མཆོད་རྫས་རྣམས་བཀོད་པར་བྱ་སྟེ། རང་གི་གཡོན་དུ་གསང་གཏོར་དང་མཆོད་ཡོན་དྲི་བཟངས་དང་། མེ་ཏོག་དཀར་པོའོ། ཞལ་སིལ་དང་། ཞབས་སིལ་དང་། དུང་དྲི་བཟངས་ཏེ་ཆུ་གསུམ། གཡས་སུ་མེ་ཏོག །བདུག་སྤོས། མར་མེ་༼དྲི་ཆབ་༽ཞལ་ཟས། སིལ་བསྙན་དང་བདུད་རྩིའོ། །གཏོར་མ་ལྔ་ལ་སོགས་པ་ཡང་བཤམ་མོ། །དེ་ལྟར་ཆུ་གསུམ་དང་མཆོད་པ་རྣམས་འཇུག་སྤྲད་དམ། མགོ་སྤྲད་ག་་་་་བྱས་ནས། དལ་མཆོད་པའི་བར་དུའོ། །སློབ་དཔོན་དང་སློབ་མའི་བཟེད་ཞལ་གཉིས་སམ། རྡོ་རྗེ་དྲིལ་བུ་བཞག་པར་བྱའོ།
།གཉིས་པ་ལ་བདུན་ཏེ། སྒོ་དབྱེ་བར་གསོལ་བ་གདབ་པ། གྲལ་ལ་ཏིང་ངེ་འཛིན་བསྐུལ་བ། མཆོད་སྟོད་བྱིན་གྱིས་བརླབ་པ། རྟེན་ལ་ཆུ་གསུམ་དང་གདན་དབུལ་བ། མཆོད་པ་བཞི་རྫོགས་སུ་འབུལ་བ། སྟོད་པ་རྒྱས་བསྡུས་བྱ་བ། ཚོགས་ཀྱི་མཆོད་པ་བྱ་བའོ།
།དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་དྲུང་དུ་འདུག་སྟེ། ཡང་ལས་ཀྱི་སེམས་དཔའ་དབྱུག་སྔོན་ཅན་སྟོད་གཡོགས་སྨད་གཡོགས་དང་བཅས་ནས། ནང་ན་འདུག་པ་ལ་གསོལ་བ་གདབ་པར་བྱ་སྟེ།
ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་ཆེར་བཅིངས་པའི། །ཕྱག་ན་དབྱུག་པ་སསྣམས་པ་ཀྱེ། །བཟང་པོས་སྒོ་འདི་ཕྱེ་ཏེ་གསོལ། །མཁའ་འགྲོ་མ་ཡི་ཚོགས་དབུས་སུ། །དཔའ་བོས་གནང་གི་བཏང་དུ་གསོལ།
ཅེས་གསོལ་བ་ལན་གསུམ་གཏབ་པ་དང་། དབྱུག་སྔོན་ཅན་གྱི་སྒོ་ཕྱེ་ནས། མར་མེ་དང་མེ་ལོང་བསྟན་ལ། བགེང་བསྐྲད།
གཉིས་པ་ནི། བླ་མ་ལ་མེ་ཏོག་ཕུལ། ཕྱག་བྱས་ནས། དཔའ་བོའི་གཡས་གྲལ། དཔའ་མོའི་གཡོན་གྲལ་དུ་འཁོད་པ་ལ། ཡང་ལས་ཀྱི་སེམས་དཔའ་བླ་མ་དང་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་ཕུལ་ནས།
ཀྱཻ་བླ་མ་རྡོ་རྗེ་འཛིན་པ་དང་། །འདིར་འདུས་རྣལ་འབྱོར་དབང་ཕྱུག་གེས། །བགེགས་གཏོར་བྱིན་རླབས་བསྲུང་འཁོར་དང་། །བསྐྱེད་རྫོགས་བཟླས་པ་མཛད་པ་ཞུ།
ཅེས་མེ་ཏོག་གཏོར་ལ། བགེགས་གཏོར་བཏང་པར་བྱའོ།
།གསུམ་པ་ནི། རང་ཉིད་བདེ་མཆོག་ཏུ་གསལ་བས་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རྡོ་རྗེ་དང་མེ་རིའི་སྲུང་འཁོར་བྱས་ནས། གསང་གཏོར་དུ་བགེགས་མཐར་བྱེད་དམ། གདོང་བཞི་པའི་བསྐྱེད་བཞུག་བྱས་ལ། རྣམ་ལྔས་མཆོད་དེ། ཨོཾ་ཨཱཿབིགྷན་ཏ་ཁྲིད་ཧཱུྃ་ཕཊ་སྭཱཧཱ། ཅེས་པའི། སུཾ་བྷ་ནི་བཟླས་པས། ཆུ་རྡོ་རྗེའི་རྡུལ་ཕྲ་རབས་སུ་བསམས་ཏེ། དེར་རྡོ་རྗེ་བཅུག་ནས་གནས་ཁང་དང་། གཏོར་མ་དང་མཆོད་རྫས་རྣམས་ལ་གཏོར་བས་བགེགས་བཀྲད་པར་བསམ་མོ། །དེ་ནས་དུང་ཆོས་ཀྱི་ཕག་རྒྱ་དང་། ཨོཾ་བཛྲ་ཨརྒྷཾ་ཧཱུྃ་གིས་མཆོད་ཡོན་ལ་སོགས་པའི་ལྷ་མོ། ཆུ་གཉིས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པར་བསྐྱེད་དོ། །དེ་བཞིན་དུ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ྡྷཱུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། ཨ་མྲི་ཏ། ཕྱག་རྒྱ་སེ་གོལ་དང་བཅས་ནས་བརྗོད་ལ། མེ་ཏོག་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བསྐྱེད་ཅིང་དབུལ་ལོ། །མ་ཏ་ན་ལ་ཨ་མྲི་ཏ་བཏབ་ལ་ཤ་ལྔ་བདུད་རྩི་ལྔ་ཐོགས་པའི་ལྷ་མོར་བསྐྱེད་དོ།
།དེ་ལྟར་ཡང་རིན་ཆེན་རྒྱ་མཚོའི་རྒྱུད་ལས།་ཕྱག་རྒྱ་བཞིས་གཏབ་གསང་གཏོར་བྱ། །མཆོད་ཡོན་ཞལ་སིལ་ཞབས་སིལ་དང་། །མེ་ཏོག་ཡོས་དང་མར་མེ་ཏེ། །ལྷ་ཤོས་སིལ་སྙན་ཨ་མྲི་ཏ། །བགེགས་བསྐྲད་བྱིན་རླབས་དཔག་མེད་སྤྲུལ། ཅེས་པ་དང་།
རབ་ཏུ་མི་གནས་པ་ལས། ཕྱག་རྒྱ་བཞི་ཡིས་གཏབ་ནས་ཀྱང་། །མཆོད་ཡོན་ཞལ་སིལ་ཞབས་སིལ་དང་། །མེ་ཏོག་ཡོས་དང་མར་མེ་ཕྲེད། །དྲི་དང་ལྷ་ཤེས་རོལ་མོ་དང་། །དེ་སོགས་མཆོད་པ་བཤམས་ནས་ཀྱང་། །བྱིན་རླབས་བསྐྱེད་པ་ཡང་བྱ་སྟེ། ཅེས་སོ།
།བཞི་པ་ནི། དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་པས་ཏེ། ཆོ་ག་གསུམ། ས་བོན་ནམ། སྐད་གཅིག་གིས་བསྐྱེད་ནས་རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པ་བྱ་སྟེ།
སཾ་བྷུ་ཊི་ལས། གཡས་པ་ཉི་མར་ཡང་དག་བསམ། །གཡོན་པ་ཡང་ནི་ཟླ་བ་ཉིད། །དེ་ནས་ལག་གཉིས་རབ་ཏུ་ཀྱང་། །རྣམ་ལྔ་འདོད་པའི་སྐོར་བ་བྱ།
ཅེས་པ་དང་། རང་ཡི་དམ་གྱི་ལག་གཉིས་ཉི་ཟླར་བསམ་ནས། ཧཱུྃ་ལས་རྡོ་རྗེ་གཡས་སུ་བཟུང་ལ།
ཧཱུྃ་གི་གླུ་ཡི་རྣམ་པ་ཡི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་སོར་བ་མཛེས་པ་ཡི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་མདམ་དུ་བྱིད་པ་ཡིས། །སེམས་ཅན་དོན་དུ་རབ་ཏུ་བཀྲོལ།
ཅེས་པས། གནས་གསུམ་དུ་བཀྲོལ། དེ་ནས་རང་གི་ཐུགས་ཁའི་ས་བོན་དང་དམ་ཚིག་པའི་ཐུགས་ཀའི་ས་བོན་གཉིས་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བླ་མ་དང་དཀྱིལ་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་སྤྱན་དྲངས་ཏེ། ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཅེས་པའི་རྗེས་སུ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ས་པ་རི་ཝ་ར་ས་མ་ཡེ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ ་་་
ལྔ་པ་ལ་བཞི་སྟེ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་དོ།
།དང་པོ་ནི།
།གཉིས་པ་ནི།
གསུམ་པ་ནི།
བཞི་པ་ནི།
དྲུག་པ་ལ་གཉིས། བླ་མ་ལ་སྟོད་པ་དང་། དལ་ལྷ་ལ་སྟོད་པའོ།
།དང་པོ་ནི།
།གཉིས་པ་ནི།
།བདུན་པ་ཚོགས་ཀྱི་མཆོད་པ་བྱ་བ་ལ་གཉིས་སྟེ། བྱིན་གྱིས་རླབ་པ་དང་། ལོངས་སྤྱོད་པའོ།
།དང་པོ་ནི།
།གཉིས་པ་ལོངས་སྤྱོད་པ་ལ་དྲུག་ལས། ཚོགས་ཀྱི་དུས་དང་། གནས་དང་། རྫས་དང་། གྲོགས་དང་། ལོངས་སྤྱོད་པ་དང་། བསོད་ནམས་སོ།
།དང་པོ་ཚོགས་འཁོར་འབྱུང་པའི་དུས་ནི།
།གཉིས་པ་གནས་ནི།
།གསུམ་པ་རྫས་ནི།
།བཞི་པ་ནི།
།ལྔ་པ་ལོངས་སྤྱོད་པ་ནི།
།དྲུག་པ་ནི།
།གསུམ་པ་རྗེདས་ལ་ལྔ་སྟེ། གཤེགས་པ་བྱ་བ། ལྷག་གཏོར་བཏང་པ། བཟོད་པར་གསོལ་བ། འགྲེན་གཤེགས་པ། བསྔོ་བ་བྱ་ཞིང་བཀྲ་ཤིས་བརྗོད་པའོ།
།དང་པོ་ནི།
གཉིས་པ་ནི།
གསུམ་པ་ནི།
བཞི་པ་ནི།
ལྔ་པ་༼རབ་ཏུ་མི་གནས་པའི་རྒྱུད་ལས། བསྔོ་ཞིང་བཀྲ་ཤིས་བརྗོད།༽ནི།
་་་
།བདེ་མཆོག་ལྷ་ལྔའི་མཆོད་ཕྲེང་བླ་མའི་ཕྱག་ལེན་ལྟར། མཁས་གྲུབ་གཙང་སྟོན་གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། མངྒ་ལཾ།།
འདིའི་རྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁས་གྲུབ་ཁྱུང་པོ། མཉམ་མེད་རིན་རྩོན། ཆོས་ཀྱི་སེང་གེ །ཆོས་ཀྱི་ཤེས་རབ། བརྩོན་འགྲུས་སེང་གེ །ཚུལ་ཁྲིམས་འབུམ། རྒྱལ་མཚན་འབུམ། བྱམས་པ་དཔལ། བློ་གྲོས་དཔལ་བ། ཀུན་དགའ་དཔལ་བཟང་། ཕ་རྒོད་བསོད་ནམས་བཟང་པོ། མཁས་གྲུབ་ཡེ་ཤེས་རྒྱ་མཚོ། དེ་བདག་ལའོ།།