'chi med 'khrul 'khor gyi rgyud 'debs

From Shangpa Resource Center
Revision as of 12:29, 2 September 2024 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID Sup7
Title 'chi med 'khrul 'khor gyi rgyud 'debs
Topics Immortality
Sub-Topics Virupa
Link BDRC W8LS32725 (p.319)
Notes See the lineage prayer of 'chi med 'khrul 'khor.

༄༅། །འཆི་མེད་འཁྲུལ་འཁོར་གྱི་རྒྱུད་འདེབས།།

།གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ༴ འབྲེས་སོ།
།རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ།
།གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན༴
།གནས་ཆོས་དབྱིངས་བདེ་ཆེན་ཕོ་བྲང་དུ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ༴
།གནས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སློབ་དཔོན་བིར་ཝ་ནག་པོ་ལ༴
།ཡུལ་ཕྲེང་བ་ཅན་གྱི་དུར་ཁྲོད་དུ། །སློབ་དཔོན་དུར་ཁྲོད་ནག་པོ་ལ༴
།ཡུལ་ཨུ་ཏྲི་བྷི་ཤའི་དུར་ཁྲོད་དུ། །སློབ་དཔོན་བྲམ་ཟེ་ནག་པོ་ལ༴
།ཡུལ་བྷ་གའི་བྱང་ཕྱོགས་ངེས་མེད་དུ། །གྲུབ་ཐོབ་ལ་སྟོད་མགོན་པོ་ལ༴
།གནས་རི་གོང་དཔལ་གྱི་ཡོངས་དགོན་དུ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴
།རྗེ་དྲུང་ཉིད་ཆེན་པོའི་གདན་ས་རུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴
འདི་མན་ནི་གུའི་རྒྱུད་འདེབས་རིགས་འགྲེའོ།།