Mahamudra Gauma

From Shangpa Resource Center
Revision as of 13:20, 15 February 2021 by Sengue (talk | contribs)








Resource ID CN1
Title no title
Topics Mahamudra Gauma
Sub-Topics Manual
Associated Person Bodong Cholé Namgyel
Link BDRC W22103 (p.122)


ན་མོ་གུ་རུ།
དོ་ཧ་ལས། གང་ལ་དམིགས་ཀྱང་དེ་ཡིས་ཐར་པ་སྒྲིབ། །བཟང་པོར་བརྟགས་ཀྱང་དེ་ཡིས་དམན་པར་ལྷུང་། །དམན་པར་བལྟས་ལ་རྣམ་སྨིན་རྒྱུན་མི་འཆད། །བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་ལྟ། །ནམ་མཁའ་གནས་པ་མེད་པ་དེ་ནི་ཐ་སྙད་བྲལ། །བྲལ་བའི་སེམས་ལ་བརྟག་དང་དཔྱད་པ་མི་དགོས་ཀྱི། །རང་བཞིན་བཞག་པས་ཇི་ལྟ་བུ་ཉིད་དེ་བཞིན་ཉིད། །འབྲས་བུ་ཐོག་མཐའ་མེད་ནས་རང་ལ་གནས། །དེ་ཕྱིར་རེ་དང་དོགས་པའི་དུག་གིས་འཆིང་མི་དགོས། གསུང་ངོ་།
།ཀླུ་སྒྲུབ་ཀྱིས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཅིག །བཅས་ཅོས་མ་བྱེད་རང་བཞིན་ལྷུག་པར་བཞོག །མ་བཅོས་པ་ནི་སྐྱེ་མེད་རང་བཞིན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱིས་གཤེགས་ཤུལ་ཡིན། ཅེས་སོ།
།མ་ཅིག་ལམ་སྒྲོན་གྱིས། ལུས་གནད་ཉ་བཞི་གློད་པ་བཅེས། །ངག་གནད་ལྐུགས་པར་སྡོད་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །གནས་གནད་རི་ཁྲོད་འགྲིམ་པ་གཅེས། །དེ་རྣམས་སྔོན་ལ་གསུང་ངོ་། །རང་བབས་རྣམ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། འཛིན་མེད་དུ་བཤིགས་ཀྱིས་བཤིག ཅས་ཅོས་གང་ཡང་མེད་པར་བཞག་པས་སྣང་བ་མ་འགགས་ལ་འཛིན་པ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་རྗེན་ལྷག་གིས་འཆར། དེ་ལ་ཧད་དེ་ཕྱད་དེ་ལས། ཞེས་ཁྱའོ། མིག་མི་འཛུམ་པར་ཧད་དེ། ཡིད་གང་ལའང་འཛིན་པ་མེད་པར་ཕྱད་དེ་བ་ལ།
ས་ར་ཧས། མིག་ནི་མི་འཛུམ་ཡིད་ནི་གང་དགར་བཞག །ཅེས་སོ།
དེ་ལྟར་གཡས་དང་། གཡོན་དང་། ནམ་མཁའ་དང་། མདོ་རིང་ཐུང་དང་། སྤྱོད་ལམ་དང་། རླུང་དང་། སྲེ་བ་གསུམ་དང་། སྔགས་རིང་ཐུང་དང་། གཏམ་སྣ་ཚོགས་དང་། ཆོས་ཉན་བཤད་ལ་སོགས་པ་ཐམས་ཅད་སྲེས་ལ་ཅིར་སྣང་གསལ་སྟོང་འཛིན་མེད་དུ་འཆར།
དེ་ལ་ལུང་སྦྱོར་དང་ལྡན་པས་ཡིད་ཆེས་པར་བྱས་ནི། ༼སྣ་ཚོགས་༽གསལ་བ་སྤྲུལ་པའི་སྐུ། གསལ་ལ་འཛིན་མེད་ཆོས་ཀྱི་སྐུ། བདེ་བར་ཤར་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། ཅེས་སོ།
།དེ་ལ་ཐ་མལ་གྱི་ཤེས་པ་ཞེས་ཀྱང་བྱ་སྟེ།
སློབ་དཔོན་ཏོག་ཙེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག །ཅེས་སོ།
།དེ་ལ་བླུན་སྐད་དུ་ཐ་མལ་གྱི་ཤེས་པ། ཆོས་སྐད་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ།
།ནི་གུ་མས། ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་སོ།
།དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཞེས་བྱ་སྟེ།
ས་ར་ཧས། བླ་མའི་ལུང་ལ་སྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡི་གེ་ཡོན་ཏན་དཔེ་དང་བྲལ། །སྨྲ་རུ་མི་བཏུབ་བདག་གི་གྱི་ན་མཚོན། །གཞོན་ནུའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་དུ་ལ་བསྟན་ནུས་སམ། ཅེས་སོ།
།དེ་ལ་ཡིད་ལ་མི་བྱེད་པ་ཞེས་ཀྱང་བྱ་སྟེ། ་་་