Bka' brgyud kyi gsol 'debs
Resource ID | SLv8p473 |
---|---|
Title | bka' brgyud kyi gsol 'debs |
Topics | Lineage prayer |
Link | BDRC W3CN766 (p. 473) |
To input
༄༅། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཡོད།།
ཆོས་སྐུ་ཀུན་ཁྱབ་ནམ་མཁའི་ཀློང་དཀྱིལ་དུ། །གཟུགས་སྐུ་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱུས། །འཕྲིན་ལས་འོད་སྟོང་རྒྱ་ཆེན་རྒྱུན་ཆད་མེད། །འགྲོ་ཀུན་སྨིན་གྲོལ་ཐར་པའི་ལམ་སྟོན་པའི། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཕ་དྲིན་ཅན་རྩ་བའི་བླ་མ་ལ༴ །དྲིན་ཅན་པའི་ཆོས་་་་་་ལ༴ །འོག་མ་ཀུན་ལ་འདྲེའོ།
།རྡོ་རྗེ་འཆང་གི་དངོས་སུ་བྱིན་བརླབ་ནས། །སྨན་གྱི་ནགས་ཁྲོད་སྤྲུལ་པའི་དཀྱིལ་འཁོར་དུ། །རབ་མཛེས་ལྷ་ལུས་གར་དགུའི་ཉམས་ཀྱིས་རོལ། །གདམ་པའི་དངོས་གྲུབ་ཆལ་མ་ཆིལ་མར་གནང་། །ཡེ་ཤེས་མཁའ་འགྲོའི་ཞབས་ལ༴
།རྒྱ་གར་གྲུབ་ཆེན་བརྒྱ་དང་ལྔ་བཅུ་འི། །བྱིན་བརླབ་གདམ་ངག་བདུད་རྩིའི་བཅུད་བསྡུས་པ། །འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར། །སྤྲུལ་པའི་སྐྱེས་ཆེན་ས་བཅུ་ཟིལ་གྱིས་མནན། །གྲུབ་ཆེན་ཁྱུང་པོའི་ཞབས་ལ༴
།སྐལ་སྤྱོད་མཐར་ཕྱིན་རྩེ་གཅིག་བསྒྲུབ་པའི་མཐུས། །མངོན་ཤེས་རྫུ་འཕྲུལ་འོད་གསལ་རྒྱུན་ཆད་མེད། །ཞིང་ཁམས་ལྷ་ཚོགས་མཁའ་ལྟར་མཉམ་པར་གཟིགས། །སྲིད་ཞིའི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་པ། །རིན་ཆེན་རྨོག་ལྕོག་པ་ལ༴
།སྤྱན་རས་གཟིགས་གི་དངོས་སུ་རྗེས་བཟུང་ཡང་། །མི་གནས་མྱ་ངན་འདས་པའི་ལམ་བསྒྲུབ་པས། །འཁོར་འདས་སྒྱུ་མ་རྨི་ལམ་ལྟ་བུར་གྲོལ། །བླ་མའི་དགོངས་པ་རྫོགས་པའི་གནང་བ་ཐོབ། །དབོན་སྟོན་སྐྱེར་སྒང་པ་ལ༴
།ཤེས་བྱའི་གནས་ལ་མཁས་པའི་མཐར་སོན་ཞིང་། །རྒྱལ་བའི་ཞིང་དུ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་དཔུང་བཞིན་དུ་གཟིགས། །སྦས་པའི་རྣལ་འབྱོར་འབྲེལ་ཚད་དོན་དང་ལྡན། །སངས་རྒྱས་གཉེན་སྟོན་ཞབས༴
།མཁའ་འགྲོས་ལུང་བསྟན་ཟབ་ལམ་ཚིག་རྒྱུད་རྣམས། །བཀའ་རྒྱ་བཀྲོལ་ནས་དར་རྒྱས་ཉིན་མོར་མཛད། །འོད་གསལ་མཐའ་དབུས་མེད་པའི་མཉམ་རྗེས་འདྲེས། །རྫུ་འཕྲུལ་ནུས་པས་སྣང་སྲིད་བྲན་དུ་བཀོལ། །སངས་རྒྱས་སྟོན་པའི་ཞབས་ལ༴
།ཐབས་ལམ་མེ་དཔུང་འགྲིག་པའི་ཀློང་དཀྱིལ་དུ། །སྒྱུ་མའི་གཞན་མེད་རྨི་ལམ་རི་མོས་བཀྲ། །འོད་གསལ་སྒྲོན་མེ་འཕོ་བདེའི་གླུ་གར་སྒྱུར། །ལོངས་སྐུའི་ལྷ་ཚོགས་འབྲལ་མེད་ལས་མཆོད་པའི། །རྩང་སྟོན་ཆེན་པོའི་ཞབས་ལ༴
།མཁས་བཙུན་བསྒྲུབ་པའི་རྒྱ་བརྩོན་མཐོན་པོའི་རྩེར། །ཏིང་འཛིན་འབུམ་ཕྲག་མང་པོའི་སྒོ་ཕྱེ་ནས། །ཟབ་ཡང་་་་་་་་་་་འོད་གསལ་དངོས་སུ་གཟིགས། །མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་འཕྲིན་ལས་བསྒྲུབ། །མཁས་བཙུན་ཆེན་པོའི་ཞབས༴
།བྱམས་པའི་ཐུགས་རྗེས་འགྲོ་ལ་གཟིགས་་་་་དཔལ། །འབད་རྩོལ་མེད་པར་རྟོགས་པའི་མཚོ་རྡོལ་ནས། །འོད་གསལ་ཉི་མའི་དཀྱིལ་འཁོར་བཞིན་དུ་རྒྱས། །སངས་རྒྱས་བྱང་སེམས་སྐར་ཆོགས་ལྟ་བུར་གཟིགས། །འཇིགས་ཆེན་བྱམ་པའི་ཞབས༴
།བློ་གྲོས་མཁྱེན་པའི་དཔལ་འབྱོར་བཟང་པོ་ཡི། །བསྐྱེད་རྫོགས་དབང་འཇམ་ཀུན་གྱིས་མཐར་སོན་ཤིང་། །ཆོས་དབྱིངས་ཁྱས་བ་་་ལ་ནམ་མཁའི་ཁྱོན་ལྟར་གསལ། །ལྷར་བཅས་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད། །འཇག་ཆེན་བློ་བཟང་ཞབས༴
To input