Rnam pa gcig tu mngon rtogs bsdus pa'i yi ge

From Shangpa Resource Center
Revision as of 17:58, 8 February 2020 by Sengue (talk | contribs)








Resource ID scv11p39
Title rnam pa gcig tu mngon par rtogs pa bsdus pa'i yi ge
Topics Chadrupa
Sub-Topics Canonical description
Author Khyungpo Neljor
Link BDRC W23922

༈ རྣམ་པ་གཅིག་ཏུ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ་བཞུགས་སོ།།

༈ ༼ཇ༽ ན་མོ་མ་ཧཱ་ཀཱ་ལ་ཡ།
ཡང་རྣམ་པ་གཅིག་ཏུ། རང་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་དངོས་རྗེས་གསུམ་གྱིས་རྫོགས་པར་བསྐྱེད་ལ། དེའི་ས་བོན་གྱི་འོད་ཟེར་གྱིས་ནག་པོ་ཆེན་པོ་ཤར་ལྷོའི་མཚམས་ནས་སྤྱན་དྲངས་པ་ལ། རང་གི་མདུན་དུ་དམིགས་ལ་བཟླས་པ་བྱའོ། །ཐུན་མཇུག་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་ཨོཾ་ཨཱཿཧཱུྃ་མུཾཿ ཡེ་ཤེས་པ་གཤེགས་སུ་གསོལ། འདི་ནི་ལག་ཏུ་བླངས་པ་རང་གིས་བྱིན་གྱིས་བརླབས་འབྱུང་བའི་འཕྲོ་ཡིན་པས་གསུངས་སོ།
།མངོན་པར་རྟོགས་པ་བསྡུས་པའི་ཡི་གེའོ། །ཨྀཐིཿ
སྒྲུབ་ཡིག་གསུམ་པོ་འདི་ལ་མཛད་བྱང་མེད། ཤངས་པའི་ཡིག་རྙིང་ཡིན། བླ་མ་ཤངས་པའི་གསུངས་སྒྲོས་ཟིན་བྲིས་སུ་བྱས་པར་གདའོ། །ད་ལྷར་གཏོར་མ་སོགས་དང་འབྲེལ་བ་མ་ཡིན་པའི་སྐབས་གཞན་དུ་བཟླས་པ་ནར་མར་བྱེད་པ་ལ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ་འདི་ཉེ་བར་མཁོ་བ་ལགས། འདིའི་སྐབས་སུ་དམ་ཚིག་པ་བསྐྱེད་མི་འཚལ་བར་ཡེ་ཤེས་པ་སྤྱན་དྲངས་པ་གཅིག་ཏུ་བགྱིས་པ་ལགས་སོ།། །།