Rgyud sde lnga'i dbang gi zin bris

From Shangpa Resource Center
Revision as of 18:58, 18 June 2020 by Sengue (talk | contribs)








Resource ID KN5
Title rgyud sde lnga'i dbang gi zin bris
Topics Initiation
Sub-Topics Five Tantra Classes
Author Khyungpo Neljor
Link BDRC W8LS36545 (p.150)

To input༄༅། །རྒྱུད་སྡེ་ལྔའི་དབང་གི་ཟིན་བྲིས།།

ན་མོ་གུ་རུ་བྷྱ།
རྒྱུད་སྡེ་ལྔའི་བྱིན་བརླབས་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས།
དང་པོ་མཎྜལ་ལྟེ་བ་མཐིང་། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། འཁྱམས་ཕྱོགས་མདོག་བྲི། མེ་ཏོག་དགོད། མཆོད་གཏོར་བཤམས་ལ། སློབ་དཔོན་གྱིས་རྒྱུད་སྡེ་ལྔའི་མངོན་རྟོགས་བསྒོམ། བཟླས་པ་ཚར་བ་དང་། མཎྜལ་གསང་སྦྱངས་བྱས་ལ། དབུས་སུ་གསང་འདུས། ཤར་དུ་དགྱེས་རྡོར། ལྷོ་ཏུ་བདེ་མཆོག །ནུབ་དུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་རྣམས་ཆོ་ག་གསུམ་ལས་བསྐྱེད། ཡེ་ཤེས་པ་བཞུག་དབང་བསྐུར། རིགས་བདག་གིས་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། མདུན་བསྐྱེད་ཀྱིས་ཟླས་པའང་ཅུང་ཞིག་བྱ། དེ་ནས་ཕྱི་ནང་གིས་མཆོད། གཏོར་མ་དང་བསྟོད་པ་ལ་སོགས་པ་རིམས་བཞིན་བྱའོ།
།མཆོད་པ་དང་གཏོར་མ་རྣམས་ཚར་བ་དང་། སློབ་དཔོན་རང་བདག་འཇུག་བླང་། དེ་ནས་སློབ་མ་ལ་སྤྱི་དང་མཐུན་པར་སྔོན་འགྲོའི་ཆོས་བཤད། དེ་ནས་སྐྱབས་འགྲོ་ནས་ཡེ་ཤེས་དབབ་པའི་བར་སྔོན་འགྲོའི་ཆོ་ག་རྣམས་རྫོགས་པར་བྱའོ།
།དངོས་གཞི་ལ། དབང་བཞི་ལས། དང་པོ་བུམ་དབང་ནི། གསང་འདུས་ལ་སོགས་པ་ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་དེ་དག་གིས་སྐུའི་ཆ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྡུས་ལྷ་ལྔ་ལ་ཐིམ། དེ་ནས་མཆོད་ནས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པས། ལྷ་ལྔའི་སྤྱི་བོ་ནས་འོད་ཟེར་དཀར་པོ་འཕྲོས་བདག་གིས་སྤྱི་བོར་ཐིམ། སྨིན་འཚམས་ཡན་ཆོད་འོད་ཀྱིས་གང་། བུམ་དབང་ཐོབ། ལུས་ཀྱིས་སྡིག་སྒྲིབ་དང་། གཏི་མུག་དག །སྐུའི་བྱིན་བརླབས་ཞུགས་པར་བསམ་མོ།
།གསང་དབང་ནི་ལྷ་ལྔའི་མགྲིན་པ་ནས་འོད་འཕྲོས་མཆོད། གསུང་གིས་འོད་ཟེར་སྡུས་ནས་ཐིམ་པ་དང་། བདག་མཆོད་ལ། གསང་དབང་བསྐུར་དུ་གསོལ། གསུང་གིས་བྱིན་རླབས་བཞུག་དུ་གསོལ། ཞེས་བརྗོད་ནས། མགྲིན་པ་ནས་འོད་དམར་པོ་འཕྲོས། རང་གིས་མགྲིན་པར་ཕོག་མགྲིན་པ་འོད་ཀྱིས་ཁེངས། གསང་དབང་ཐོབ། དག་གིས་སྡིག་སྒྲིབ་དང་འདགོས་དག་གསུང་གིས་བྱིན་བརླབས་ཞུགས་པར་བསམ་མོ།
།ཤེས་རབ་ཡེ་ཤེས་ཀྱིས་དབང་ནི། ལྷ་ལྔའི་ཐུགས་ཁ་ནས་འོད་འཕྲོས་མཆོད་ཐུ་་་་་ཀྱིས་འོད་ཟེར་ཐམས་ཅད་བསྡུས་ནས་ཐིམ་པ་དང་། ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། ཡིད་ཀྱིས་སྡིག་སྒྲིབ་དང་ཞེ་སྡང་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ།