Mkhas grub khyung po rnal 'byor gyi khyung po mgur brgyad kyis ngag byin rlabs bya tshul dang rta mgrin gsang grub kyi sngon rtog
Resource ID | Sup26 |
---|---|
Title | rta mgrin gsang grub kyi sngon rtog |
Topics | Hayagriva |
Sub-Topics | Canonical description |
Author | Dalaï Lama Gendün Gyamtso |
Link | BDRC W3CN18508 (v3p.360) |
4 pages left to input
༄༅། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཁྱུང་པོ་མགུར་བརྒྱད་ཀྱིས་ངག་བྱིན་རླབས་བྱ་ཚུལ་དང་རྟ་མགྲིན་གསང་གྲུབ་ཀྱི་སྔོན་རྟོག་ཅེས་བྱ་བ་བཞུགས་སོ།།
For the first part see mkhas grub khyung po'i zhal gdam ngag byin brlab sogs. folio 3 is missing.
p.360:
་་་་་་པས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་བཞི་ལ་ཐུག་གི་བར་མེ་ར་བ་གུར་གྱིས་འགེངས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཕན་རྩེ་གསུམ་ལས་མཚོན་པའི་ཁ་ཊྭཱཾ་ག །གསུམ་པ་ན་རལ་གྲི །གཡོན་གྱི་དང་པོ་ན་སྡིགས་མཛུབ། གཉིས་པ་ན་མདུང་། གསུམ་པ་ན་རྒྱུ་མའི་ཞགས་པ་བསྣམས་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང། ཁྲག་འཛག་པའི་མགོ་བོ་ལྔ་བཅུའི་དོ་ཤལ་ཙམ། མིའི་སྐྲའི་མཆོད་ཕྱིར་ཐོགས་དང་། མི་རུས་གྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་རུས་པའི་རྒྱན་ལ། མི་ལྕགས་ཀྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། སྟག་གི་ལྤགས་པའི་ཤམ་ཐབས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། སྒེག་པ། དཔའ་བ། མི་སྡུག་པ་སོགས་སྔར་གྱི་ཉམས་དང་ལྡན་ཞིང་། ཞབས་བརྒྱ་ཀླུ་ཆེན་པོ་བརྒྱད་ཀྱིས་སྟེང་ན་བགྲངས་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་མཐིང་ཁ་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱིས་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ཅིག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་ནས་ཀྱིས་ཡེ་ཤེས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། ཞེས་དབང་བསྐུར་ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་བསྟོད་བྱེ་བ་བསྣམས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡང་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་རྒྱ་མཚོ་ཆེན་པོར་ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་ནང་མཆོད་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམས་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ༴ ཨོཾ་པཱ་དྱཾ་ཨཱཿ༴ ཨོཾ་བཛྲ་པུཥྤེ་ཨཱཿ༴ ཨོཾ་བཛྲ་དྷུ་པེ་ཨཱཿ༴ ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿ༴ ཨོཾ་བཛྲ་གནྡྷེ་ཨཱཿ༴ ཨོཾ་བཛྲ་ནཻ་ཝེ་དྱ་ཨཱཿ༴ ཨོཾ་བཛྲ་ཤཔྟ་ཨཱཿ༴ མཆོད་པ་བྱིན་རླབས་ནས། མཆོད་པ་འབུལ་བ་ནི། ཨོཾ་པདྨནྟ་ཀྲྀད་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲྀད་ས་པཱ་རི་ཝ་ར་པཱ་དྱཾ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲྀད་ས་པཱ་རི་ཝ་ར་པུཥྤེ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་དྷུ་པེ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་ཨ་ལོ་ཀེ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་གནྡྷེ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་ནཻ་ཝེ་དྱ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་ཤཔྟ་པྲ་ཏིཙྪ་ཧཱུྃ་སྭཱཧཱ། ཌཱ་དྲིལ་བསིལ་ཞིང་མཆོད་པ་དང་། ཨོཾ་པདྨནྟ་ཀྲིད་ས་པཱ་རི་ཝ་ར་ཨོཾ་ཨཱཿ༴ ཞེས་ནང་མཆོད་ཕུལ་ཏེ།
བསྟོད་པ་བྱ་བ་ནི། ཧཱུྃ། འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་ཟད་དྲག་སྔགས་ང་རོ་སྒོག་པའི་གསུང༌། །མཁྱེན་རྩེའི་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་གསུང་ཐུགས་ལ་བསྟོད། །ཉི་མའི་འོད་ཟེར་འབུམ་གྱི་གོས་གྱོན་པའི། །པདྨ་ར་གའི་ལྷུན་པོ་ལྟ་བུའི་སྐུ། །སྲིད་གསུམ་དགེགས་དཔུང་ཕྱེ་མར་འཐག་བྱེད་པའི། །དཔལ་ཆེན་ཁྲག་འཐུང་དབང་པོ་ཁྱོད་ལ་བསྟོད། །མཚམས་སྤྲིན་འབྱུང་པོའི་ཁྲག་གིས་གོ་གྱོན་པའི། །རབ་དཀར་མཆེ་བའི་ཆུ་འཛིན་གཡོ་བ་ཅན། །ནམ་མཁའི་ཁམས་ཀུན་རྒོད་པའི་འབྲུག་སྒྲ་བཞིན། །ཧ་ཧའི་གད་རྒྱངས་ཕྱོགས་མཐར་སྒྲོག་ལ་བསྟོད། །བྱི་རུའི་ཡལ་འདབ་བསྐྱོད་ལྟའི་ཕྱག་དྲུག་གིས། །རབ་བཟུང་མི་ཟད་མཚོན་ཆ་རྡོ་རྗེའི་ཐོགས། གང་དུ་བཏབ་པས་ལུས་མེད་བདག་པོའི་གྲོང་། །སྐད་ཅིག་ཙམ་གྱིས་རླག་པར་མཛད་ལ་བསྟོད། །དུས་མཐའི་མེ་འོད་འཕྲོ་བའི་སྤྲིན་ཆེན་ལས། །བཟོད་དཀའི་གནམ་ལྕགས་གསེར་ཆེན་འབབས་པ་བཞིན། །གྲངས་མེད་སྐུ་ཡི་སྤྲུལ་པས་འབྱུང་པོའི་ཚོགས། །མ་ལུས་ཐལ་བར་བརླག་མཛད་ཁྱོད་ལ་བསྟོད། །མ་ལུས་ཕྱོགས་བཅུའི་རྒྱལ་བས་མགོན་པོ་ཁྱོད། །བསྟན་དང་བསྟན་འཛིན་སྐྱོང་བར་དབང་བསྐུར་བ། །བདག་ཅག་ཁྲོ་བོའི་དབང་པོ་ཁྱོད་དྲན་ན། །བར་གཅོད་བགེགས་དཔུང་ཐལ་བར་བརླག་པར་མཛོད། །རྣལ་འབྱོར་དམ་ཆོས་སྒྲུབ་པར་བགེགས་བྱེད་པའི། །བདུད་ཀྱི་རིགས་གྱུར་འབྱུང་པོ་ཐམས་ཅད་ཀྱི། །སྲོག་རྩ་ཆོད་ལ་མྱུར་དུ་གེགས་མེད་པར། །སྐུ་གསུམ་མངོན་དུ་གྱུར་པའི་འཕྲིན་ལས་མཛོད།
ཞེས་བསྟོད་ཅིང་། འཕྲིན་ལས་བཅོལ་བ་ནི། བཟླས་བྱའི་དམིགས་རིམ་ནི། ཧཱུྃ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། དེ་ལས་མེ་འདོ་འཕྱོས་སའི་སྔགས་གྱི་མེ་ལྕེ་དྲུག་ལ་རྩུབས་པའི་རྣམ་པ་ཅན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མ་ལེད་པ་ནས་ཀྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག །འོད་ཟེར་སྟོང་དུ་འཕྲོས་སས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དི་ནམས་ཀྱིས་བྱིན་རླབས་ཐུགས་རྗེ་དང་མཐུ་སྟོབས་ནུས་པ་དང་འཕྲིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་བཀུག་ནས་རང་ལ་ཐིམ། འོག་ཏུ་འཕྱོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དཔལ་རྟ་མགྲིན་གྱི་གོ་འཕངས་ལ་བཀོད། བར་དུ་འཕྲོས་པས་རང་ལ་གནོད་བྱེད་ཀྱི་གདོན་བགེགས་ཐམས་ཅད་བསྲེགས་ཐལ་བའི་རྡུལ་ཕྲན་ཙམ་ཡང་མེད་པར་འསྒོས། མགུལ་གྱིས་མགྲིན་པ་གསུམ་དང་ཕྱག་གི་འཁྲིག་མ་དྲུག་དང་། ཞབས་ཀྱིས་ལོང་བུ་བརྒྱད་ཀྱི་བར་ཐམས་ཅད་ཁྲོ་ཆུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པས་གང་བ། ཁྲོ་ཆུང་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་ལྟ་བུར་འུར་འུར་དི་རི་དི་རི་པ་གསུམ་གཡོ་བ་ཙམ་དུ་སྒྲོགས་པ། སྐུའི་ཆ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་རྟ་མགྲིན་བར་སྣང་ནམ་མཁའི་ན་ས་གཞི་ཐམས་ཅད་གང་བ་སྤྲོས་པས་རང་ལ་གནོད་བྱེད་ཀྱིས་གདོན་བགེགས་འབྱུང་པོ་བར་གཆོད་རྩོམ་པ་གང་ཡིན་པ་དང་། ཁྱད་སར་ཕ་རོལ་གྱི་རྦད་འདྲེ་དང་། རྦོད་སྟོང༌། བྱད་མ་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ཀྱི་བར་ཙམ་དུ་ཡང་སྡོད་པའི་དབང་མེད་པར་བསྐྲད་ཅིང་བརླག་པར་བསམས་ལ། ཨོཾ་བཛྲ་པདྨན་ཏ་ཀྲྀད་བཛ་ཀྲོ་དྷ། ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྙིང་པོ་འོ། ཨོཾ་བཛྲ་ཐུན་བྷྱོཿཨོཾ་ཏིག་ནན། བཛྲ་ཛཿཛཿས་མ་ཡ་སྟཾ། སྡེ་བརྒྱད་གཤེད་འབེབས་ཀྱི་དྲག་སྔགས་སོ། །ཨོཾ་ཧཾ་ཤ། ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུམ་ཛཿ མ་ར་ཡ་ཕཊ། ཨོཾ་རུ་ཏྲིག་ཏྲིག་རུ་ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུམ་ཛཿམ་ར་ཡ་ཕཊ། ཅེས་པ་རྣམས་མང་དུ་བཟླ་བར་བྱའོ། །མཐུན་མཚམས་སུ་གཏོར་མ་འབུལ་ན། ཤ་ཆང་སོགས་ཀྱི་བརྒྱན་པ། གཏོརམ་མ་ལ་དམིགས་ནས། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས་པ་སོགས། གཏོར་མ་གོང་གིས་ནང་མཆོད་ལྟར་བྱིན་གྱིས་རླབས་ནས། གཏོར་མགྲེན་བསྐྱེད་པ་ནི། ཨོཾ་སྭཱ་བྷཱ་ཝ་ཤུདྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་མདུན་དུ་བཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར། ཞེས་པ་ནས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་དབང་བསྐུར་རྒྱས་བཏབ་གོང་ལྟར་བྱས་ཏེ། མཆོད་པ་དང་ནང་མཆོད་ཕུལ། དེ་ནས། གཏོར་མ་འབུལ་བ་ནི། དཔལ་བཅོམ་ལྡན་རྟ་མགྲིན་གྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་བ༹ན་གྱིས་གཏོར་མ་དྲངས་ཏེ་གསོལ་བས་དགྱེས་ཤིང་ཆིམ་པར་གྱུར་པཪ་བསམས་ལ། ཨོཾ་པདྨནྟ་ཀྲྀད་ས་པཱ་རི་ཝ་ཨི་དཾ་བ་ལིཾ་ཏ། ཁཱ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་འབུལ། སླར་ཡང་མཆོད་པ་ནང་མཆོད་དང་བསྟོད་པ་བྱས་ཀྱང་རུང་། མ་བྱས་ཀྱང་ཆད་ལྷག་དུ་མི་འགྲོ། བདག་ལ་དངོས་གྲུབ་སྩོལ་ལ། ཏིང་འཛིན་ཀུན་གྱིས་འབྲས་བུཪ་སྩལ། སེམས་ཅན་ཀུན་ལ་ཅི་འདོད་པར། དངོས་གྲུབ་བླ་ན་མེད་པ་སྩོལ་མཛོད་ཅིག །འདོད་དོན་ལ་གསོལ་བ་གདན་། དེ་ནས་ལྷག་ཆད་ཁ་སྐོངས་ལ་ཡི་གེ་བརྒྱ་པ་འདོན་ཞིང༌། ལྷག་ས་དང་ནི་ཆད་པ་དང་། ཞེས་སོགས་གང་མཚམས་གྱིས་བཟོད་གསོལ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཅོམ་ལྡན་རྟ་མགྲིན་འགྲུབ་གྱུར་ཅིག འགྲོ་བ་ཅི་ཀྱང་མ་ལུས་པ། དེ་ཡི་ས་ལ་འགོད༌པར་ཤོག །དུས་གསུམ་གཤེགས་པའི་རྒྱལ་བ་ཞེས་སོགས། བསྔོ་བ་སྨོན་ལམ་བྱ་ཞིང༌། དེ་ནས། ཉེར་སྡུ་བྱས་ཏེ། བཀྲ་ཤིས་སོགས་གང་བྱས་བྱའོ།
།འདི་ནི་རྗེ་དགེ་འདུན་རྒྱ་མཚོས་ཡི་དམ་བསྒྲུབ་བསྐོར་ཏུ་བཞུགས་པ་ངོ་མ་ཡིན་པས་ཡིད་ཆེས་པའི་ཁུངས་སུ་མཛད། བཀྲ་ཤིས་དགེའོ། སརྦ་མངྒ་ལམ།
འགྲིག་འགྲིག་ཚིགས་གིས་འཕྲེང་བ་མ་གཤེགས་ཀྱངས། ༼་་་༽