Mkhas grub khyung po rnal 'byor pa'i gsung sgros

From Shangpa Resource Center
Revision as of 13:11, 14 June 2024 by Sengue (talk | contribs)








Resource ID KN2
Title mkhas grub khyung po rnal 'byor pa'i gsung sgros
Topics Various
Sub-Topics Various by Khyungpo Neljor
Associated Person Khyungpo Neljor
Link W1CZ1187
Notes Story of Khyungpo Neljor and Niguma.

To input 35 pages in umé
༄༅། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་གསུང་སྒྲོས་བཞུགས་སོ།།

མཁས་གྲུབ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི། །ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
།ཁྱེད་ཀྱི་གསུང་ངག་དྲི་མ་མེད་པ་རྒྱ་མཚོ་ལྟར་ཟབ་པ་ལས། ཅུང་ཟད་གཅིག་དྲི་བས་གནང་པར་ཞུ། ཕྱག་རྒྱ་ཆེན་པོ་རྙོག་པ་མེད་པ། རབ་ཏུ་མི་གནས་པ། བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལ་རྟེན་ནས་བྲམ་ཟེ་ཆེན་པོས་སྙིང་པོའི་སྐོར་མཛད། རྩ་རྒྱུད་རྟག་པ་གཉིས་པ། བཤད་རྒྱུད་གུར་དང་སཾ་བུ་ཊི་ལ་བརྟེན་ནས། བྷིར་བ་པས་ལམ་འབྲས་བུ་དང་བཅས་པ་མཛད། ཕྱག་རྒྱ་ཆེན་པོ་ཨ་མ་ན་སེང་དང་། ཨ་ལི་ཀ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལ་བརྟེན་ནས། དམ་པ་རིན་པོ་ཆེས་༼་་་་༽ཞི་བྱེད་མཛད་པ་ལ་སོགས་པ། རྒྱ་བོད་ན་སློབ་མ་དཀྲི་བའི་ཚུལ་མང་དུ་བཞུགས་ལ། འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས། ཡེ་ཤེས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། ལས་རྒྱ་མཚོ་ལ་སོགས་པ་རྒྱ་མཚོ་བཞིའམ། གསུམ་ལ་སོགས་པ་ལ་བརྟེན་ནས་རང་བབས་གསུམ་གྱི་ཁྲིད་ཚུལ་མཛད་གསུང་ངོ་།
།མཁའ་འགྲོ་མ་དེ་ཉིད་ཀྱིས་བླ་མ་ཁྱུང་པོ་རྣལ་འབྱོར་པ་ལ་གདམས་ཏེ། ཁོང་གིས་རྒྱ་གར་དུ་ལན་འགའ་བྱོན། མཁས་གྲུབ་ཀྱི་བླ་མ་བརྒྱ་ལྔ་བཅུ་རྩ་གཅིག་བརྟེན་ཅིང་། སྒྲུབ་པ་དང་གསེར་གྱི་མཎྜལ་གྱིས་མཉེས་པར་མཛད་པ་ལས། ཐུགས་དགོངས་ལ། སྔར་བླ་མ་མང་དུ་བརྟེན་ཡང་། ད་རུང་བླ་མ་མཁས་པ་གྲུབ་པ་ཐོབ་ངེས་པ། དག་པའི་ས་ལ་གནས་པ་སུ་ཡོད་ཚོལ་དགོས་སྙམ་དགོངས་ཏེ། དེ་ལྟ་བུའི་བླ་མ་ཡོད་དམ་ཞེས་ཕྱོགས་མཐའ་དག་ཏུ་དྲིས་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནེ་གུ་མ་བྱ་བ་ཇོ་བོ་ན་རོ་པའི་ལྕམ་མོ་ཡང་ཡིན། ཕར་སློབ་ཚུར་སློབ་ཀྱི་སློབ་དཔོན་ཀྱང་ཡིན་པ། འདི་ལྟ་བུ་དག་པའི་ས་ལ་གནས་པ་ཡོད་ཅེས་དྲག་གོ །འོ་ན་མཁའ་འགྲོ་མ་དེ་ཕྱོགས་གང་ན་གནས། ཅི་འདྲ་གཅིག་ཡོད་ཅེས་དྲིས་པས། སྣང་བ་དག་ན་གར་ཡང་མཐོང་། མ་དག་ན་བཙལ་བས་མི་རྙེད་ཟེར་རོ། །དེ་ལྟ་ཡིན་ཡང་གསོལ་བ་འདི་ཡིན་གྱིས་ཆ་ཙམ་མེད་དམ་ཅེས་དྲིས་པས། ཆ་ཙམ་སོ་སོའི་གླིང་བདེ་བས་བྱུང་བ་ཙན་དན་གྱི་ནགས་བྱ་བ་ན། མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་ལ་ཡོད་དམ་ཞེས་ཀྱང་དྲག་གོ །ད་གླགས་ཅིག་བྱུང་གིས་སྙམ་སྟེ། གནས་དེར་ན་མོ་བུད་དྷ་ཡ་ལ་སོགས་པས་གསོལ་བ་འདེབས་ཤིང་བྱོན་པས། ནམ་མཁའ་ལ་འུར་སྒྲ་ཆེན་པོ་གཅིག་བྱུང་ནས་ལྟས་པས། མཁའ་འགྲོ་མ་སྐུ་མདོག་གནག་པ་ལ་དམར་བའི་མདངས་ཆགས་པ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཕྱག་གཡས་པ་ཌ་མ་རུ་སྒྲ་དང་བཅས་པ། གཡོན་པ་ཐོད་པ་བདུད་རྩིས་ཡོངས་སུ་བཀང་པ། གྲུ་མོར་ཁ་ཊཾ་ཁ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྐུ་གར་སྟབས་སུ་ལིང་ལིང་བྱོན་བྱུང་པ་ལ། བདག་རྗེས་སུ་འཛིན་པར་ཞུ་ཞེས། གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། གསེར་ནགས་གསེབ་དུ་གཏོར། ང་ནི་ཤ་ཟའི་མཁའ་འགྲོ་ཡིན། ངའི་འཁོར་རྣམས་ཀྱིས་ཁྱོད་ཟ་རུ་ཡོང་པས་བྲོས་པ་དྲག་གསུང་པ་ལ། གསེར་ལའང་ཕངས་པ་མི་འདུག །ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ངེས་སྙམ་སྟེ། སྐྱར་ཅིང་གསོལ་བ་བཏབ་པས། གྲུ་མོའི་ཁ་ཊཾ་ཁ་དེ་ཁྲལ་ཁྲལ་མཛད་ཅིང་འདུག་པ་དང་། འཁོར་མཁའ་འགྲོ་མ་དཔག་ཏུ་མེད་པ་བྱུང་སྟེ། དུར་ཁྲོད་ཆེན་པོ་རྣམས་ནས་དམ་རྫས་བསགས། ་་་་་་་དཀྱིལ་འཁོར་སྒྲུབས་ཏེ། ད་རྣལ་འབྱོར་པ་གཉིད་ལོག་ཅིག་གསུང་ནས། ཆོས་དྲུག་དང་ཕྱག་ཆེན་གཉིས་ཀའི་ཁྲིད་རྫོགས་པར་གནང་སྟེ། མཁའ་འགྲོ་མའི་གསུང་ནས། གཉིད་ཐུན་གཅིག་ལ་ཆོས་དྲུག་དང་ཕྱག་ཆེན་གཉིས་ཀའི་ཁྲིད་རྫོགས་པར་ཐོབ་པ་རྒྱ་གར་ནའང་ཁྱོད་ལས་མེད་པ་ཡིན་ནོ་གསུང་སྟེ། དུས་དེ་ཉིད་དུ་གསེར་ཆོས་རྣམས་རྫོགས་པར་གནང་། རྡོ་རྗེ་འཆང་ནས་མི་རབས་བདུན་གྱི་བར་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག །ཅེས་དཀ་བ་རྡོ་རྗེའི་ཚིག་གིས་རྒྱས་བཏབ་སྟེ། བདུན་པོ་ཡང་གོང་མ་གོང་མས་འོག་མ་འོག་མ་ལ་ལུང་སྟོན་པར་འགྱུར་གྱིས་གསུང་ནས། རྒྱུད་བྱིན་གྱིས་བརླབས་པ་ཡིན་གསུང་། ཡང་གསེར་གྱི་རི་མི་ཆེ་ཙམ་གཅིག་གི་སྟེང་ནས་ཆུ་བོ་བཞི་འབབ་ཅིང་འདུག་པའི་སྟེང་གི་ནམ་མཁའ་ལ། མཁའ་འགྲོ་མ་་་་་་་་་་་་ལོག་གེ་བཞུགས་འདུག་པ་ལ། གསེར་གྱི་རི་འདི་ལྟ་བུ་རྒྱ་གར་ན་དངོས་སུ་ཡོད་པ་ལགས་སམ། མཁའ་འགྲོ་མས་སྤྲུལ་པ་ལགས་ཞུས་པས།
འཁོར་བའི་རྨང་རྡོར་གྱུར་པ་ཡི། །ཆགས་སྡང་རྣམ་རྟོག་སྣ་ཚོགས་འདི། །འཛིན་མེད་རང་པར་གྲོལ་ཙམ་ན། །ཐམས་ཅད་གསེར་གླིང་ཡིན་ནོ་བུ། གསུང་།
ཡང་མཁས་པ་ལ་གྲུབ་ཐོབ་ཤ་་་་་་་ུང་། ཚིག་ཐ་སྙད་ལ་རྟོག་དཔྱོད་བྱེད་བྱེད་ནས། ཡང་གྲུབ་ཐོབ་ལ་མཁས་པ་་་་་་། ནང་དུ་དོན་ལ་འདྲིལ་འདྲིལ་ནས། ཐ་སྙད་ལ་རྟོག་དཔྱོད་བྱར་མི་ཁོམ་ནའང་། ཁྱུང་པོ་རྣལ་འབྱོར་ཁྱོད་ལ་གཉིས་ཀ་ཚང་པ་ཡིན་ནོ་གསུང་། རིན་པོ་ཆེ་རྨོག་ཅོག་པས། འབྲི་ཁུང་་་་་་་་སྒོམ་པའི་དྲུང་དུ་མཇལ་དུ་བྱོན་པས། མཇལ་ཁ་གདམས་ནས་སྐུ་འཚམས་ལ་བཞུགས་པ་དང་ཁ་ཐུག་སྟེ། སྒུགས་དགོས་པར་བྱུང་། དབུ་ཆེ་གྷ་རེ་དང་གསུང་གླེང་བྱུང་པས། ཁྱོད་ཀྱི་བླ་མ་་་་་་་་་བྱ་བ་ཡིན། ཆོས་རྒྱུད་གང་་་་་་་་ཟེར་བ་ལ། བླ་མ་ཁྱུང་པོ་རྣལ་འབྱོར་བྱ་བ་ཡིན། ཆོས་རྒྱུད་ཤངས་པ་དཀར་རྒྱུད་བྱ་བ་ཡིན། བྱས་པས། ཁྱེད་ཤངས་པ་ལ་སྒྱུ་ལུས་དྲུག་ལྡན་་་་་་་་་་་་་་་་་་་་དང་ཟེར་བ་ལ། བྱས་པས། ཁྱེད་ཀྱི་དེ་འདྲ་ངེད་ཀྱི་ལྔ་ལྡན་ལ་རྗེས་སུ་ཡིད་རང་བསྣན་འདུག་ཟེར་བ་ལ། ཁྱེད་ཀྱི་སྐྱུ་ར་རིན་པོ་ཆེ་མའི་མངལ་ན་མེད་ཙ་ན། ངེད་་་་་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་ཤར་ནུབ་ཆུ་བཞིན་བྱུགས། མཁས་གྲུབ་ཀྱི་བླ་མ་བརྒྱ་ལྔ་བཅུ་རྩ་གཅིག་བརྟེན་པ་ཡིན་གསུངས་པ་ལ། སང་དུས་མཇལ་བས། སྐྱུ་རའི་གསུང་་་་་་་་་ང་མའི་མངལ་ན་མེད་ཙ་ན། ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་ཤར་ནུབ་ཆུ་བཞིན་བྱུགས་པ་ཡིན་ཟེར་བ་དེ་ཁྱོད་ཡིན་ནམ་གསུང་། བཀའ་སྐྱོན་གཅིག་འབྱོན་པར་འདུག་སྙམ་ཞིང་། དེ་བདག་ལགས་ཞུས་པས། འོ་ང་མའི་མངལ་ན་མེད་ཙ་ན། ཁྱུང་པོས་རྒྱ་གར་ཤར་ནུབ་ཆུ་བཞིན་བྱུགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་པའི་གདམས་པ་དང་། ངའི་ལྔ་ལྡན་དང་གུང་མཐུན་ཅིག་ཏུ་བྱུང་བ་འདི། ང་ངན་པའི་རྟགས་མེན་ཨེ་གོ །གསུང་ངོ་།
སྐྱབས་སུ་མ་སོང་ན་ནང་པའི་ཁོངས་སུ་མི་ཚུད། བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོར་མི་འགྲོ། རང་ལུས་ལྷར་མ་བསྒོམས་ན་སྔགས་ཀྱི་ལག་ལེན་དུ་མི་འགྲོ་བས། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་སྐྱེད། རང་ལུས་ཡི་དམ་གྱི་ལྷར་སྒོམ་གསུང་། ལུས་གནད་གལ་ཆེ་བས་དུས་ཐམས་ཅད་དུ་ལུས་གནད་དྲང་པོར་བྱས་ཤིང་གཏད། མིང་གང་ནས་རྟགས་མིན་པ། མན་ངག་ཁུངས་མ་རྣམས་ན་མེད་པ་མེད་ཏེ། བྲམ་ཟེ་ཆེན་པོས་མ་བཅོས་པ་གསུམ་ཅེས་གསུངས། དུས་འཁོར་ནས་མི་གཡོ་བ་གསུམ། ལམ་འབྲས་ནས་གནད་ལ་དབབ་པ་གསུམ། འདིར་རང་བབས་རྣམ་པ་གསུམ་ལ་སོགས་པ་གསུམ་སྟེ། རྟེན་འབྲེལ་ལུས་ལ་བསྒྲིགས་པས། རྟོགས་པ་སེམས་ལ་འཆར་བ་ཆོས་ཉིད་ཡིན་ཅིང་། རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན། མདོ་ལས་ཀྱང་སྔོན་ནགས་ཁྲོད་དབེན་པ་གཅིག་ན། དགེ་སློང་བསམ་གཏན་པ་དག་གིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ། སྤྲེའུ་བློ་དང་ལྡན་པས་མཐོང་སྟེ། ཁོས་ཀྱང་ཤིང་ཐོག་འགྲངས་རེ་ཟོས་ཤིང་། དགེ་སློང་བསམ་གཏན་པ་བྱེད་པ་བཞིན་ལུས་གནད་ལེགས་་་་་་་ང་པ་བཅས་ཤིང་བསྡད་པས། ཁོའི་སེམས་གཡོ་མེད་དུ་ལྷན་ལྷན་སྡོད་པ་བྱུང་། སྤྱི་སྤྲེའུ་ཚེའི་དུས་བྱས་ནས་སུམ་བཅུ་རྩ་གསུམ་གྱི་ལྷར་སྐྱེས་ཏེ། ལྷ་རྣམས་ལ་རྒྱུ་གང་གིས་ལྷར་སྐྱེས་པ་དང་། གནས་གང་ནས་སྐྱེས་འཕོས་ཤེས་ནས། སྤྲེའུ་ལས་ཚེ་འཕོས་ཤིང་། སེམས་གནས་པའི་རྒྱུས་ལྷར་སྐྱེས་པར་ཤེས་ནས། བྱས་པ་བཟོ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་དུ་ཡོངས་པས། དེ་བཞིན་གཤེགས་པས་ཆོས་གསུངས་པས། ཁོས་མི་སློབ་པའི་འབྲས་བུ་ཐོབ་པར་བཤད་ལ། སེམས་འདི་གནས་པ་ཙམ་གྱིས་ཀྱང་། །མངལ་དུ་སྐྱེ་བ་མོང་མི་འགྱུར། །ཅེས་གསུངས་སོ།
།ལུས་གནད་ཉེས་ན་གགས་སུ་འགྱུར་ཞིང་འདིའི་གགས་གསལ་བ་ཡང་དཀའ། རྗེ་འབྲི་ཁུང་པ་ཀུན། ལུས་གནད་འཁྲུལ་འཁོར་གྱི་ཁྲིད་ཅེས་པ། གང་ཡང་མི་སྒོམ་པར་ལུས་གནད་རྐྱང་པ་ལ། ཡུན་རིང་དུ་སློབ་པ་ཡིན་གསུང་ངོ་།
།དམ་པ་རིན་པོ་ཆེས། ཉན་ཐོས་ཞི་བ་ཐུར་དུ་ལྟ། །མུ་སྟེགས་ཚངས་པ་གྱེན་དུ་ལྟ། །སེམས་དཔའ་སེམས་མ་ཟུར་ལ་ལྟ། །རྡོ་རྗེའི་སྤྱན་ནི་ཐད་ཀར་ལྟ། །ཞེས་པ་དང་། ལྟ་སྟངས་ཀྱིས་རིག་པ་བསྟོད་ལ། མནན་ན་ཕྲ་རགས་ཀྱི་རྟོག་པ་འགག་ཅེས་པའམ། ལྟ་སྟངས་ཀྱིས་རིག་པ་སྟོད་ལ་མནན་ན་ཡིད་འགྱུ་བའི་འཕྲང་འཆད་ཅེས་སོ།
།གནས་པ་འདི་གལ་ཆེ་སྟེ། ཁང་པ་རྩིག་པའི་འགྲམ་དང་འདྲ་སྟེ། གཞི་མར་མེད་ཐབས་མེད། རྫོགས་ཆེན་པ་འགའ་ཞིག་གནས་པ་ལ་ཅིར་ཡང་མི་རྩི་སྟེ། གནས་པ་ཁོའང་ཚུར་ལ་མི་རྩི་གསུང་། རྒྱལ་བ་ཡང་དགོན་པའི་གསུང་གིས། སྒོམ་ཞི་གནས་ཀྱི་རླན་དང་མི་ལྡན་ན། ་་་་་་་ན་འདུག་ཀྱང་དཀྲོག་པོ་གཅིག །སེམས་བཞག་པར་སྡོད་པའང་དཀའ་་་་་་་་་་་བུ་ད་རུང་གནས་པའི་ཉམས་མྱོང་སྐྱོང་། ཅེས་གསུངས།
སཾ་བུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོས་ཏེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་དྲི་མ་མེད། ཅེས་སོ།
།ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་པར་རྟོག་ལས་མ་རྟོགས་པ། །འཁོར་བ་ཞེས་གཞན་ཅི་ཡང་མེད། །དེས་ན་རྣམ་རྟོག་མི་ལྡན་པས། །ཁྱོད་ནི་རྟག་ཏུ་མྱ་འདས་ཉིད། ཅེས་གསུངས་སོ།
།སྙིང་རྗེ་པད་མ་དཀར་པོ་ལས། སེམས་ཉོན་མོངས་དང་བཅས་པས་འབྱིན་པ་ནི། །དཔེ་སྐར་མ་ལྟ་བུ་ལ་ཡང་འབྲས་བུ་འབྱིན་པ་མི་ནུས་སུ། ཞེས་གསུངས་སོ།
།གང་ཟག་རིམས་ཀྱིས་སའི་དབང་དུ་བྱས་ན། དང་པོ་རྣམ་རྟོག་ལ་སྐྱོན་དུ་ལྟ། མཐར་དགག་སྒྲུབ་དང་བྲལ་བ་ཅིག་དགོས་གསུང་ངོ་།
།རིན་པོ་ཆེ་སངས་རྒྱས་བཟད་དུ་ཁྲིད་མཛད་པའི་དུས་སུ། མོས་གུས་གནད་དུ་གཏོང་པའི་ཐབས། མདོ་རྒྱུད་བསྟན་བཅོས་མན་ངག་གི་ལུང་དང་། བླ་མ་བརྒྱུད་པའི་གསུང་སྒྲོས་རྣམས་ཀྱི་རྗེས་ལ། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། དེ་ལ་བླ་མ་རྗེད་ངས་དང་ལོག་ལྟའི་དབང་དུ་མ་སོང་པ་གཅིག་དགོས་གསུང་ཞིང་། རིན་པོ་ཆེ་པ་ལ་སྤྱན་གཅེར་བ་གཅིག་གཟིགས་ནས། སློབ་དཔོན་གྱིས་ཀྱང་གཅིག་མཛོད་དང་གསུང་པ་ལ། དེ་ད་བླ་མ་གོ་འདྲིས་མ་ཁྱེར་བ་གཅིག་རང་ཡང་དགོས་པ་མི་གདའ་འམ་ཞུས་པས་ཤིན་དུ་མཉེས་ཏེ། དང་པོ་རྩ་ན། ངའི་གན་ན་ཡོད་པ་རྣམས་ཀྱང་གཉིད་སད་པ་སླ་བ། གསོལ་འདེབས་ལ་བརྩོན་པའང་། འགྲོགས་ཡུན་རིངས་ན་འདྲེད་ཀྱིན་འདུག །ལར་རང་ཡང་། ལུས་ངག་སྤྱོད་པ་རབ་བསྡམས་ནས། །ཧ་ཅང་ཉེ་མིན་རིང་པའང་མིན། ཅེས་གསུངས་སོ།
༡༡
༣༧ དགེ་ཚུལ་མོས་པ་སྐྱེས་གྱུར་ཏེ། །ཁྱོད་ལ་གདམ་ངག་ཞུ་ཞེས་སྨྲས། །ཁྱོད་ཉིད་སྣང་པ་མ་དག་པའི། །ལོག་ལྟ་ཅན་གཅིག་འདུག་པས་ན། །ཁྱོད་ལ་གདམ་ངག་མི་ཤད་ཀྱིས། །ཕྱིན་ཆད་སྣང་པ་དག་པར་གྱིས། །གསུང་ནས་མོད་ལ་མི་སྣང་་་་་་། །ཅེས་པ་དང་།
།དཔལ་ལྡན་ན་རོ་ཆེན་པོ་ཡིས། །རྗེ་བཙུན་ཏེ་ལོ་ཚོལ་དུ་བྱོན། །རྗེ་བཙུན་ཏེ་ལོ་ཆེན་པོ་ཡིས། །ལམ་པོ་ཆེའི་གཞི་མདོ་རུ། །ཁྱི་མོ་རོ་སྨད་འབུས་་་་་་་་་། །རོ་སྟོད་ཟ་བ་ནུས་པ་ཡི། །དེ་ལྟ་བུ་ཅིག་སྤྲུལ་མཛད་ནས། །རྗེ་བཙུན་ན་རོས་གཟིགས་པ་དང་། །ཤངས་ལ་ཕྱག་གིས་བཀབ་མཛད་ནས། །རྒྱངས་ཀྱིས་འཆོངས་ནས་ཕྱིན་པ་དང་། །རྨེ་ཙང་རྟོག་པ་མ་ཆོམས་ཤིང་། །བྱང་ཆུབ་སེམས་དང་མ་ལྡན་པས། །ཁྱོད་ཀྱིས་བླ་མ་ག་ལ་རྙེད། །ཅེས་གསུང་མཁའ་ལ་འཇའ་བཞིན་ཡལ། །བླ་མའི་སྤྲུལ་པར་ཤེས་པ་དང༌། །ན་རོ་འགྱོད་ཏེ་བྱ་ཐབས་མེད། །ཡང་། རྗེ་བཙུན་ཏེ་ལོ་ཆེན་པོ་ཡིས། །ལུང་སྟོང་གཅིག་ཏུ་སྤྲུལ་པ་ཡི། །མི་བསད་སྒྱུ་མ་རྒྱོང་ཚུལ་བསྟན། །ན་རོ་ཆེན་པོ་བྱོན་པ་དང་། །ཁྱོད་ཉིད་གར་འགྲོ་ཟེར་བ་ལ། །ཏི་ལོ་ཚེལ་དུ་འགྲོ་ཞེས་གསུངས། །འོ་ན་སྒྱུ་མ་འདི་རྒྱོངས་ཟེར། །བདག་ནི་ཐེག་ཆེན་རྣལ་འབྱོར་པ། །མིའི་སྒྱུ་མ་ག་ལ་རྒྱོང་། །སྙམ་པའི་དུ་ཤེས་སྐྱེས་པ་དང་། །འཁོར་བའི་རྒྱུན་ཐག་མ་བཅད་པར། །ཁྱོད་ཀྱིས་བླ་མ་ག་ལ་རྙེད། །གསུང་ནས་མཁའ་ལ་འཇའ་བཞིན་ཡལ། །བླ་མའི་སྤྲུལ་པར་འདུག་པ་ལ། །སྙམ་པ་སྐྱེས་ཏེ་བྱ་ཐབས་མེད། །ཡང་། རྒྱ་མཚོ་ཆེན་པོའི་འགྲམ་ཉིད་དུ། །ཉ་བ་མང་པོར་སྤྲུལ་མཛད་ནས། །ཁྱོད་ཉིད་གར་འགྲོ་ཟེར་བ་ལ། །ཏེ་ལོ་ཆེན་པོ་ཚོལ་ཞེས་སྨྲས། །འོ་ན་ཉ་རྣམས་བཤོས་གཅིག་གསུང་། །བྱང་སེམས་སྒོམ་པའི་རྣལ་འབྱོར་པ། །ཉ་རྣམས་གསོད་པའི་ཁྲིམས་མེད་སྙམ། །བདག་ནི་ཉ་རྣམས་མི་གསོད་བྱས། །ངག་ཏུ་བརྗོད་པའི་རྗེས་ཉིད་ལ། །འགྲོ་་་་ང་ཉེ་ཆུང་མ་བསྒྲལ་བར། །ཁྱོད་ཀྱིས་བླ་མ་ག་ལ་རྙེད། །ཞེས་གསུངས་མཁའ་ལ་འཇའ་བཞིན་ཡལ། །དེ་བས་ཅི་མཛད་ཐམས་ཅད་ལ། །ལེགས་པར་མཐོང་པ་ཤིན་དུ་གཅེས། ཞེས་གསུངས། དགེའོ།