Rgyud pa'i gsol 'debs che chung gsum
Resource ID | kinnaur10 |
---|---|
Title | rgyud pa'i gsol 'debs che chung gsum |
Topics | Lineage prayer |
Author | author unknown |
Link | BDRC W4CZ58783 (p.105) |
Notes | Jakpa lineage. The first prayer is close to rje btsun phyogs las rnam rgyal gyis mdzad pa'i ne gu chos drug gi brgyud rim gsol 'debs |
རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །ཡེ་ཤེས་ཌཱ་ཀི་དཔལ་ལྡན་ནི་གུ་མ། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་བརློབས།
།བླ་མ་ཡེ་ཤེས་ཆོས་སྐུ་རིན་པོ་ཆེ། །བདག་གཞན་ཐེགས་ཆེན་པོས་སྐྱབ་དུ་གསོལ། ཞེས་ཀུན་ལ་འདྲེ།
།དཔག་ཡས་ཡོན་ཏན་མཐར་ཕྱིན་རྨོག་བཅོག་པ། །འཇིག་རྟེན་དབང་པོས་རྗེས་བཟུང་སྐྱེ་རྐང་པ། །གསང་ཆེན་ལམ་རིམས་རྒྱས་མཛད་གཉན་སྟོན་ཞབས། ༴
།འགྲོ་བའི་བླ་མ་སངས་རྒྱས་སྟོན་པར་གྲགས། །ཟབ་རྒྱས་ཆོས་ཚུལ་ཐུགས་ཆུད་ཤངས་ཆེན་པ། །ལྷག་བསམ་གུར་ཆེན་མངའ་བའི་རྒྱལ་མཚན་འབུམ། ༴
།འགྲོ་ཀུན་བྱམས་པས་སྐྱོང་མཛད་བྱམས་པ་དཔལ། །དཀའ་སྤྱད་མཐར་ཕྱིན་དབང་ཕྱུག་རྒྱལ་མཚན་ཞབས། །རླུང་སེམས་དབང་འདུས་མཚན་ལྡན་ལ་ཕྱི་པ། ༴
།བྱམས་དང་ཉིང་རྗེའི་བདག་ཉིད་འདུལ་འཛིན་པ། །བསྟན་པའི་སྒྲོན་མེ་ནམ་མཁའ་བསམ་གྲུབ་པ། །བཀའ་དྲིན་འཁོར་མེད་མཁས་བཙུན་ཆོས་རྗེའི་ཞབས། ༴
།ཀུན་མཁྱེན་གཉིས་པ་བསོད་ནམས་ཆོས་གྲུབ་པ། །བཀའ་དྲིན་འཁོར་མེད་རབ་འབྱམས་དཀོན་བསམ་ཞབས། །ཐུགས་རྗེ་མྱུར་མཛད་ཕྱག་དྲུག་མགོན་པོ་ལ། ༴
།དཔལ་ལྡན་བླ་མ་སྐུ་བཞི་དབང་ཕྱུག་གིས། །དཀྱིལ་འཁོར་རྣམ་བཞིར་དབང་ཆོག་བཞི་བསྐུར་ནས། །དྲི་མ་རྣམ་བཞི་དག་ནས་རྒྱུད་སྨིན་ཏེ། །ལམ་གྱི་སྣོད་དུ་རུང་བར་བྱིན་གྱིས་བརློབས།
།མཚན་ལྡན་བླ་མ་མཁྱེན་རྩེ་བསམ་མི་ཁྱབ། །བདག་སོགས་སྙིགས་མའི་དུས་ཀྱི་འགྲོ་རྣམས་ལ། །ལྷུན་གྲུབ་བདེ་དྲོད་འབར་བར་བྱིན་གྱིས་བརློབས། །ཅིར་སྣང་སྒྱུ་མར་ཤེས་པར༴
།ཉིང་འཁྲུལ་རྨི་ལམ་ཟིན་པར༴ །འོད་གསལ་མངོན་དུ་འགྱུར་བར༴ །འཕོ་མེད་འཕོ་བ་འབྱོངས་པར༴ །བར་དོ་ལོངས་སྐུར་འཆར་བར༴
།གཞིའི་གནས་ཚུལ་འོད་གསལ་མི་ཤིགས་པར། །བླ་མའི་དྲིན་གྱིས་རྟོགས་ཤིང་ལམ་གྱིས་སྐྱང་། །བསྒོམས་པས་ཚེ་འདིར་འབྲུས་མངོན་གྱུར་ནས། །འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱི་བརློབས།
མཁའ་དབྱིངས་སྤྲོས་དང་བྲལ་བའི་ཞིང་ཁམས་སུ། །མཚན་དང་དཔེ་བྱད་བདེ་བའི་ལོངས་སྤྱོད་བརྙེས། །སྐུ་ལྔ་རབ་རྫོགས་རིགས་ཀྱི་བདག་པོ་མཆོག །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས།
།དུག་གསུམ་ནད་སེལ་སྨན་གྱི་ནགས་ཁྲོད་དུ། །ཅིར་སྣང་མ་ངེས་སྣ་ཚོགས་སྒྱུ་མའི་སྐུ། །བདེ་བའི་གར་གྱི་མཆོག་གི་དངོས་གྲུབ་བརྙེས། །ཡེ་ཤེས་ཌཱ་ཀི་མ་ལ༴
།སྔོན་སྦྱངས་སྟོབས་ཀྱིས་དཀར་པོའི་ལས་འཕྲོ་སད། །ཐབས་ཀྱི་དཀའ་བས་ཁྱད་བསད་རྒྱ་གར་བསྒྲོད། །མཁས་གྲུབ་རྒྱ་དང་ལྔ་བཅུའི་བྱིན་བརླབས་པའི། །ཁྱུང་པོ་རྣལ་འབྱོར༴
།འདོད་ཡོན་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ཡུན་རིངས་དཀའ་སྤྱད་བསྒྲུབ་པ་མཐའ་རུ་ཕྱིན། །འོད་གསལ་འགྲོ་འོང་མེད་པའི་དོན་རྟོགས་པའི། །རིན་ཆེན་སྨོག་ཅོག་པ་ལ༴
།སྔོན་ཚེ་རྒྱལ་བའི་མཛད་པ་མཐའ་རུ་ཕྱིན། །སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བའི་དཔལ། །བསླབ་གསུམ་རྣམ་དག་དྲོང་དཀའ་ཐུབ་མཛད། །དབོན་སྟོན་སྐྱེར་རྒང་༴
།རྒྱ་ཆེན་ཡོན་ཏན་སྦས་པའི་རྣལ་འབྱོར་པ། །མ་ཆགས་སྤྱོད་པ་བུ་ཆུང་ལྟ་བུའི་ཚུལ། །འཇིག་རྟེན་ཆེས་བརྒྱད་དྲི་མས་མ་གོས་པའི། །སངས་རྒྱས་གཉན་སྟོན༴
།བརྒྱུད་པ་ཡི་དམ་མཁའ་འགྲོའི་ལུང་སྟན་ཐོབ། །མོས་པའི་བུ་རྣམས་འབྲེལ་མཛད་དོན་དང་ལྡན། །ཆིག་རྒྱུད་འཆི་མེད་རྡོ་རྗེའི་དོན་རྟོགས་པའི། །སངས་རྒྱས་སྟོན་པའི་ཞབས་ལ༴
།བྱིན་རླབས་ཆུ་བོའི་ཟག་མེད་མངོན་དུ་མཛད། །སྐུ་གསུམ་བདེ་ཆེན་བཀའ་རྒྱུད་བསྟན་པ་འཛིན། །སྨད་འབྱུང་མཛད་པས་སྐྱེ་འགྲོའི་རེ་བ་བསྐོང་། །ཤངས་སྟོན་ཆོས་རྗེའི༴
།ཤེས་བྱའི་གནས་ལ་མཁྱེན་པ་རབ་ཏུ་རྒྱས། །བདེ་གཤེགས་དགོངས་དོན་མ་ལུས་ཐུགས་སུ་ཆུད། །ཟབ་མོའི་ལྟ་བས་རང་གཞན་སྨིན་པར་མཛད། །རྒྱལ་མཚན་འབུམ་པའི་ཞབས་ལ༴
།ཉན་ཐོས་རྫུ་འཕྲུལ་ཆེན་པོས་བྱིན་བརླབས་པའི། །རྣལ་འབྱོར་སྤྲུལ་སྐུའི་འཕྲིན་ལས་རྒྱས་པར་མཛད། །འབྲེལ་མཛད་དོན་ལྡན་མཁའ་སྤྱོད་གནས་སུ་འདྲེན། །འཇག་ཆུང་བྱམས་པའི༴
།ཚེ་འདི་སྤྲོས་པ་མ་ལུས་རབ་དོར་ནས། །དཀའ་སྤྱད་མཐར་ཕྱིན་རི་ཁྲོད་་་་་་་་གས་འཛིན། །བྱིན་བརླབས་སྟོབས་ཀྱི་གཞན་རྒྱུད་གྲོལ་བར་མཛད། །དབང་ཕྱུག་རྒྱལ་མཚན༴
།ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །མཁའ་མཉམ་འགྲོ་ལ་བདེ་བླག་རྩེལ་བའི་ཕྱིར། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི། །མཚན་ལྡན་ཆོས་རྗེའི༴
།བཀའ་རྒྱུད་ཀུན་གྱི་བཅུད་བསྡུས་བྱིན་བརླབས་ཅན། །འགྲོ་དྲུག་བུ་བཞིན་སྐྱོང་བའི་ཐུགས་རྗེ་ཅན། །མ་ནོར་ལམ་མཆོག་སྟོན་པའི་སྐུ་དྲིན་ཅན། །ངག་དབང་རྒྱལ་མཚན༴
།ལྷག་བསམ་དག་པས་མཁའ་འགྲོའི་ཕོ་བྲང་དུ། །ཐུབ་དབང་བསྟན་པའི་སྲོག་ཤིང་ལེགས་པར་བརྩུགས། །ཀུན་ཁྱབ་བཟང་པོའི་འཕྲིན་ལས་ཕྱོགས་བཅུར་རྒྱས། །ནམ་མཁའ་བསམ་གྲུབ་ཞབས་ལ༴
།ཐོས་བསམ་སྒོམས་པས་སྒྲིབ་གཉིས་བགས་སངས། །གནས་ལུགས་རྡོགས་པས་བློ་གྲོས་མཁྱེན་པ་རྒྱས། །རྣལ་འབྱོར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་དབ། །མཁས་བཙུན་ཆོས་རྗེའི༴
།བསོད་ནམས་རྒྱ་མཚོའི་དཔལ་ལ་ལེགས་འཁྲུངས་ཤིང་། །ཆོས་ཀྱི་རྒྱལ་མཚན་བསླབ་གསུམ་ཡལ་གས་མཛེས། །གཞན་ཕན་མེ་ཏོག་དངོས་གྲུབ་འབྲས་བུ་བརྗིད། །བསོད་ནམས་ཆོས་གྲུབ་ཞབས་ལ༴
།དཀོན་མཆོག་གསུམ་འདུས་ངོ་བོ་རྡོ་རྗེ་འཆང་། །བསམ་འཕེལ་དབང་གི་རྒྱལ་པོ་ཡིད་བཞིན་ནོར། །དོན་གཉིས་ལྷུན་གྲུབ་བདག་སོགས་འགྲོ་བའི་དཔལ། །རབ་འབྱམས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།
།འདས་དང་མ་བྱོན་ད་ལྟར་དུས་གསུམ་དུ། །རྒྱ་ཆེན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །གང་ལ་གང་འདུལ་འགྲོ་དོན་ཆོས་ཀྱི་རྗེ། །རྒྱུད་པ་རིན་ཆེན་རྣམས་ལ༴
།སངས་རྒྱས་སྣང་བ་མཐའ་ཡས་ལུང་སྟན་ཞིང་། །འཁོར་བ་མ་སྟོངས་བར་དུ་གཞན་དོན་མཛད། །ཐུགས་རྗེ་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །ཕྱག་དྲུག་མགོན་པོའི་ཞབས་ལ༴
།བདག་སོགས་མ་རིག་རྨོངས་པའི་འགྲོ་བ་ལ། །ཚད་མེད་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །གཟུང་འཛིན་དངོས་པོའི་རབ་རིབ་ཀུན་བསལ་ནས། །སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་བརློབས།
།བླ་མ་སངས་རྒྱས་ཆོས་སྐུ་རིན་པོ་ཆེ། །བདག་གཞན་ཐུགས་རྗེ་ཆེན་པོས་སྐྱབ་དུ་གསོལ། ཅེས་སོ། ཨྀཐི།
གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བླ་མ་དང་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས།
།མགོན་པོ་མི་ཕམ་ངལ་པོའི་དགོན་པ་རུ། །དཔལ་ལྡན་ཤ་ཝ་རི་དབྱུག་ལ༴
།གྲོང་ཁྱེར་སེར་སྐྱའི་དགོན་གནས་མཆོག་རུ། །མངའ་བདག་མཻ་ཏྲི་པ་ཆེན་པོ་ལ༴
།རི་བོ་ནག་པོའི་ཁོང་སེང་དུ། །བསྒྲུབ་ཆེན་ར་ཧུ་ཆེན་པོ་ལ༴
།ཞོང་ཤོང་དཔལ་གྱི་དགོན་པ་རུ། །གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་ལ༴
།རྨོག་ཅོག་བྲག་གི་དགོན་པ་རུ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ༴
།སྟོད་ལུགས་སྐྱེར་རྒང་དགོན་པ་རུ། །དབོན་སྟོན་ཐུགས་རྗེ་ཆེན་པོ་ལ༴
།རི་གོང་དཔལ་གྱི་དགོན་པ་རུ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴
།ཆོས་འཁོར་གསང་བའི་བྲག་ཕུག་རུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴
།འཇག་ཆུང་དཔལ་གྱི་དགོན་པ་རུ། །གྲུབ་ཐོབ་ཤངས་སྟོན་ཆོས་རྗེ་ལ༴
།མུས་མཐའ་དཔལ་གྱི་དགོན་པ་རུ། །བྱང་སེམས་རྒྱལ་མཚན་འབུམ་པ་ལ༴
།དགའ་ལྡན་རྩེ་མོའི་དགོན་པ་རུ། །འཇག་ཆུང་བྱམས་པ་དཔལ་ལ༴
།དབེན་གནས་དཔལ་གྱི་རིན་རྫོང་དུ། །བསྒྲུབ་ཆེན་དབང་ཕྱུག་རྒྱལ་མཚན་ལ༴
།ལ་ཕྱི་གངས་ཀྱི་ར་བ་རུ། །མཁས་གྲུབ་ནམ་མཁའ་རྒྱལ་མཚན་ལ༴
།རི་ཁྲོད་ཕྱོགས་མེད་དབེན་གནས་སུ། །འདུལ་འཛིན་ངག་དབང་རྒྱལ་མཚན་ལ༴
།རས་ཆེན་མཁའ་སྤྱོད་དབེན་གནས་སུ། །བསྟན་འཛིན་ནམ་མཁའ་བསམ་གྲུབ་ལ༴
།ཆོས་འཁོར་སྒང་གི་དབེན་གནས་སུ། །མཚུངས་མེད་མཁས་བཙུན་ཆོས་རྗེ་ལ༴
།བདེ་ཆེན་རྐང་བཞིའི་གཉན་ཁྲོད་དུ། །དྲན་མཆོག་བསོད་ནམས་ཆོས་གྲུབ་ལ༴
།སྤྱི་ཙུག་ཉི་ཟླའི་གདན་སྟེངས་སུ། །མཁས་གྲུབ་རབ་འབྱམས་ཆོས་རྗེ་ལ༴
།བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ༴
།ཐབས་ལམ་བདེ་དྲོད་འབར་བར་བྱིན་གྱིས་བརློབས། །སྒྱུ་ལུས་ཆགས་སྡང་གྲོལ་བར་བྱིན་གྱིས་བརློབས།
།ཉིང་འཁྲུལ་རྨི་ལམ་ཟིན་པར༴ །འོད་གསལ་མངོན་དུ་འགྱུར་བར་བྱིན་གྱིས་བརློབས།
།འཕོ་མེད་འཕོ་བ་འབྱོངས་པར༴ །བར་དོ་ལོངས་སྐུ་འཆར་བར༴
།མ་རྣམས་བདེ་བ་དང་ལྡན་པར༴ །འགྲོ་རྣམས་བསྡུལ་དང་བྲལ་བར༴
།ཀུན་གྱིས་སངས་རྒྱས་ཐོབ་པར༴ །བདེ་གཤེགས་རྣམས་ཐུགས་དགོངས༴
།ཞལ་བཞུགས་རྣམས་སྐུ་ཁམས་བཟང་བ་སོགས་ཤོལོ་ཀ་གཅིག་ལ་སོགས་སྐབས་དང་སྦྱར་ལ་བྱའོ། །དགེའོ། ཨྀཐི།