Sgyu ma lam rim sa bcad
Resource ID | SLv8p557 |
---|---|
Title | sgyu ma lam rim gyi sa bcad |
Topics | Lamrim |
Author | Khyungpo Neljor |
Link | BDRC W3CN766 |
To input
༄༅། །སྒྱུ་མ་ལམ་གྱི་རིམ་པའི་ས་གཅད་བཞུགས་སོ།།
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོས། དངོས་སུ་ལུང་བསྟན་ཐོབ་པའི་ཡེ་ཤེས་ཀྱི་ཌཱ་ཀི་མ་ནཻ་གུ་མས་མཛད་པའི་སྒྱུ་མ་ལམ་གྱི་རིམ་པ་འདི་ལ་གསུང་སྟེ། ཀླད་དོན། གཞུང་དོན། འཇུག་གི་དོན་ཏེ།
དང་པོ་ལ་གཉིས་ཏེ། བར་ཆད་ལས་གྲོལ་བའི་༼གདོད་ནས་༽ཕྱག་དང་། མཐར་ཕྱིན་པའི་དམ་བཅའ་༼རྒྱལ་བ་༽འོ།
གཞུང་ལ་གསུམ་ཏེ། ཇི་ལྟར་གནས་པའི་གཞི་ཟུང་འཇུག་གཏན་ལ་དབབ་པ། ཐབས་ཀྱི་རང་བཞིན་ལམ་ཟུང་འཇུག་ཉམས་སུ་བླང་། འབྲས་བུ་ཟུང་འཇུག་མངོན་གྱུར་དུ་༼དེ་ལྟར་པ་རྣམས་༽ཤར་རོ།
དང་པོ་ལ་གཉིས་ཏེ། ཀུན་གཞི་༼སྒྱུ་མ་༽་དང་། ༼གང་ཞིག་༽དབང་བཞིའོ།
གཉིས་པ་ལ་གཉིས་ཏེ། ལམ་དང་། སའོ།
དང་པོ་ལ་གཉིས་ཏེ། ལམ་མདོར་༼ཆོས་རྣམས་༽བསྟན་པ་དང་། རྒྱས་པར་བཤད་པའོ།
གཉིས་པ་ལ་གསུམ་སྟེ་༼དེ་ཡང་༽ ལམ་གྱི་ངོ་བོ༼བླ་ན་༽། ངེས་ཚིག །དབྱེ་བའོ།
དེ་ལ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ།
དང་པོ་ལ་གསུམ་སྟེ། ངོ་བོ༼་་་ག་པ་༽། ངེས་ཚིག༼ཆོས་ཉིད་༽ དབྱེ་བ༼ཞི་གནས་༽འོ།
དེ་ལ་གཉིས་ཏེ། ༼༽མདོར་བསྟན་པ། རྒྱས་པར་བཤད་
སྤྲུལ་པའི་སྐུ་ཁྱུང་པོ་རྣལ་འབྱོར་གྱིས་ཡི་གེར་བཀོད་པའོ།To input