Nyams myong yon tan rgya mtsho
Resource ID | ST2 |
---|---|
Title | nyams myong yon tan rgya mtsho |
Topics | Six doctrines of Niguma |
Sub-Topics | Instructions |
Author | Sangyé Tönpa |
Link | BDRC W4CZ58783 (p. 357) |
To input
༄༅། །ཉམས་མྱོང་ཡོན་ཏན་རྒྱ་མཚོ་བཞུགས་སོ།།
ན་མོ་གུ་རུ།
མཁའ་ལྟར་དག་པའི་ཆོས་སྐུ་ལ། །སྣང་སྟོང་སྒྱུ་མའི་གཟུགས་སྐུ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ།
།དལ་འབྱོར་བཅོ་བརྒྱད་མི་ལུས་འདི། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྙེད་པ་དཀའ་ལ་འཇིག་པ་བསལ། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །ལོ་ཟླ་ཞག་དང་སྐད་གཅིག་ཀྱང་། །ཚེ་འདི་མི་རྟག་འགྲོ་བར་འགྱུར། །ལང་ཚོ་དར་ལ་བབ་པ་ཡང་། །ཆུ་ཡི་ཆུ་བུར་དག་དང་མཚུངས། །ནམ་འཆི་སུས་ཀྱང་ཤེས་པ་དཀའ། །འཆི་བའི་ཚེ་ན་ཉེ་དུ་དང་། །གཉེས་འབྲེལ་ཐམས་ཅད་བཞག་ནས་འགྲོ། །ཟས་ནོར་ཕྱོགས་སུ་སྲོག་བཏང་ནས། །བསགས་ཀྱང་སོགས་ཤིང་ཟོས་པ་ཉུང་། །ཁང་བཟངས་ལྟ་བས་ཆོག་མི་ཤེས། །རྩིགས་པ་གཞན་གྱིས་ཁྱེར་བ་དང་། །བཞག་ནས་འགྲོ་བ་མ་མཐོང་མ། །དེ་ལྟར་འདུས་བྱས་མི་རྟག་ཅིང་། །གཤིན་རྗེའི་ཕོ་ཉ་ཡེངས་པ་མེད། །འཆི་བདག་དབང་དུ་མྱུར་འགྲོ་བས། །སང་བྱའི་ཕྱི་བཤོལ་མང་པོ་ཡིས། །ལོང་ཡོད་སྙམ་དུ་མ་སེམས་པར། །འབད་པ་ཆེན་པོའི་བརྩོན་འགྲུས་ཀྱིས། །གཡེང་པ་ཡོངས་ལ་དབེན་པ་རྟེན། །འཇིག་རྟེན་འདི་ཡི་བདེ་སྐྱིད་དང་། །སྙན་གྲགས་ཐམས་ཅད་དར་གཅིག་སྟེ། །རྩ་ཁའི་ཟིལ་པ་ལྟ་བུ་ཡིན། །བཟོད་པར་དཀའ་ལ་རྒྱུན་རིང་པས། །འཁོར་བ་མཐའ་མེད་རྒྱ་མཚོ་འདིར། །དེ་སྔ་ཆགས་སྡང་བརླབས་ཀྱིས་བསྐྱོད། །དེ་ཡང་ལེ་ལོ་རྙོམས་ལས་རྣམས། །དོར་ནས་བསྒྲུབ་པ་མ་བྱས་ན། །བརྩོན་ར་ལྟ་བུའི་འཁོར་བ་ནས། །ཐར་པའི་དུས་དང་སྐབས་མེད་པས། །དེ་ལ་སྐྱོ་ཤས་དྲག་པོ་བསྐྱེད། །བློ་སྣ་བསྟུངས་ལ་བསྒྲུབ་པ་གྱིས། །བསྒྲུབ་པ་བྱེད་པའི་དུས་ཉིད་དུ། །ལྟོ་གོས་བསམ་པ་མི་བྱདབར། །འཁོར་བའི་སྡུག་བསྔལ་དྲན་པར་བྱ། །བླ་མ་རྒྱུན་ཆད་མེད་པར་བསྒོམ། །སེམས་ཉིད་ལས་སུ་རུང་པ་ལ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །དགོས་རྒྱུ་གཏེར་ཞིང་བར་ཆད་བསྲུང་། །ལྷ་ཀླུ་དྲི་ཟ་ལ་སོགས་ཀྱིས། །མཆོད་ཅིང་བསྟོད་པའི་གནས་སུ་བྱེད། །དེས་ན་བླ་མའི་གདམས་པ་རྣམས། །ཡེངས་པ་མེད་པར་བསྒྲུབ་པར་བྱ།
དེ་ལ་ཚེ་གཅིག་ལུས་གཅིག་གིས་སང་རྒྱ་བར་བྱེད་པ་ལ། ཟུང་འཇུག་རྣམ་པ་གསུམ་ཤེས་དགོས། དེའང་གཞི་ཟུང་འཇུག་མ་ཤེས་ན་ལམ་མི་ཤེས། ལམ་ཉམས་སུ་ལེན་མ་ཤེས་ན་འབྲས་བུ་ཐམས་ཅད་མཁྱེན་པའི་སངས་རྒྱས་མི་འབྱུང་ངོ་།
དངོས་པོ་གཞི་ནི། གདོད་ནས་སེམས་ཀྱི་ངོ་བོར་ཅིར་ཡང་མ་གྲུབ་པ་དེ་ཟབ་པ་ ་་་ To input
།སེམས་ཉིན་ཡོན་ཏན་རྒྱ་མཚོ་ལས། །དགོས་འདོད་མ་ལུས་འབྱུང་གྱུར་པའི། །ཡི་བཞིན་ནོར་བུ་བླངས་ནས་ཀྱང་། །མཁའ་མཉམ་སེམས་ཅན་སྨིན་གྲོལ་ཤོག
།སྙན་བརྒྱུད་ཡོན་ཏན་རྒྱ་མཚོ་འདི། །རང་གིས་ཉམས་སུ་མྱོང་པ་ལྟར། །གཞན་ཕན་བློ་ཡིས་ཡི་གེར་བཀོད། །མཁའ་འགྲོ་ཚོགས་ཀྱིས་བཟོད་པར་མཛོད།
བླ་མ་རྣམས་ཀྱི་སྙན་བརྒྱུད་ཞལ་གྱི་བདུད་རྩི། ཉམས་མྱོང་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། གཞན་ཕན་གྱི་བློ་ཁ་ནས་ཡི་གེར་བཀོད་པའོ། རྫོགས་སོ།། དགེའོ།།
༼སངས་རྒྱས་སྟོན་པའི་གསུང་ཡིན་ནོ།༽