Sems 'chi med du ngo sprod pa'i rdo rje'i mgur
Resource ID | SCv5p322 |
---|---|
Title | sems 'chi med du ngo sprod pa'i rdo rje'i mgur |
Topics | Immortality |
Sub-Topics | Chant |
Author | Öntön Kyergangpa |
Link | BDRC W4CZ58783 (p. 287) BDRC W3CN18508 |
སེམས་འཆི་མེད་དུ་ངོ་སྤྲོད་པའི་རྡོ་རྗེའི་མགུར།
ན་མོ་གུ་རུ།
།ཉིན་པར་སྣང་སྟོང་ལྷ་ཡི་སྐུ། །ན་དང་འཆི་བ་མེད་པར་རྟོགས།
།འཆི་ཁར་སྤྱན་ཙམ་གསལ་བས་ཀྱང་། །གནད་གཅོད་རང་དག་ལོངས་སྐུ་ཐོབ།
།བརྒྱ་ལ་གསལ་བར་མ་གྱུར་ཀྱང་། །གསལ་དྭངས་རྫིང་བུར་རྡོ་བརྒྱབ་བཞིན།
།སྔར་གྱི་གནད་ཀྱིས་བར་མ་དོར། །བདེ་ཆེན་ལོངས་སྐུ་རང་ཤར་འབྱུང་།
།འཁོར་བ་སྟོང་པར་མ་གྱུར་ཚེ། །གཞན་དོན་དཔག་མེད་ལྷུན་གྲུབ་འབྱུང་།
།རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་དྷརྨ་སིང་ཧས་མཛད་པའོ།
།མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསེར་སྲང་བརྒྱ་དང་། འབྲི་སུམ་ཅུ། བེར་ཐུལ་གཅིག་རྣམས་ཕུལ་ནས་ཞུས་ཏ་ཉམས་སུ་མྱོང་བར་བྱས་སོ།