Zhal gdams thor bu ba rnams tshang bar

From Shangpa Resource Center
Revision as of 09:50, 1 July 2019 by Sengue (talk | contribs)








Resource ID Sup?
Title zhal gdams thor bu ba rnams tshang bar
Topics Various
Associated Person Sangyé Tönpa
Link BDRC W3CN18508

this text needs to be re-read
To input
༄༅། །ཞལ་གདམས་ཐོར་བུ་བ་རྣམས་ཚང་བར་བཞུགས།།

བླ་མ་དམ་པའི་ཞལ་ནས། ལྷ་སྐུ་ལ་ཉིན་མཚན་གཉིས་ཀ་སྦྱོང་ན། དགེ་སྦྱོར་དག་མདོ་ཙམ་དུ་འདུག་གི་གསུང་། ཉིན་པར་མདུན་དུ་ལྷ་སྐུ་གསལ་དངས་ཤར་མ་བྱུང་ཙ་ན། ལྷ་དེ་ལ་མིག་ཕུར་ཚུགས་སུ་གཅེར་རེ་བལྟས་པ་ལ་རང་ལུས་གསལ་སྟོང་འཛིན་མེད་དུ་ཕྱལ་མེ་བ། གསལ་ལ་རྟོག་པ་མེད་པའི་ལྷ་སྐུ་དེ་ལ་སེམས་མ་ཡེངས་པར་བཟུང་གིན་བསྒོམས་པས། ལྷ་སྐུའི་གསལ་སྣང་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། བདེ་བའི་གེགས་བྱུང་ན་འོག་རླུང་བསྐུམ་པ་ཙམ་བྱས་ལ་རྗེ་བཙུན་མ་ལྟ་བུ་ལ་གསང་གནས་སུ་སེམས་གཏད། བདེ་མཆོག་ལའང་དེ་བཞིན་དུ་བྱ། བདེ་སྟོང་གཉིས་སུ་མེད་པའི་ལྷ་བཤའ་མ་ཅིག་འོང་། རྨི་ལམ་ལུས་དང་འོད་གསལ་དང་། ལྷ་སྐུ་འདྲེས་པའི་ལུས་དེ་ལ། ན་རྒྱུ་འཆི་རྒྱུ་མེད་པར་རྟོགས། ཟེར་བའང་དེ་ལ་ཟེར་བ་ཡིན། དེ་ལྟར་ཉིན་པར་སྦྱངས་པའི་གང་ཟག་དེས་ནུབ་མོ་རྨི་ལམ་གྱི་དུས་སུ། བླ་མས་ངོ་སྤྲད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་དགོས་སྙམ་པ་བྱས་ལ། ཉིན་པར་བཞིན་བསྒོམས་པས་བདེ་སྟོང་གཉིས་སུ་མེད་པའི་ལྷ་སྐུ་བཤའ་མ་ཅིག་འོང་སྟེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཟེར་བའང་དེ་ལ་ཟེར་བ་ཡིན། ཕྱག་མཚན་ཇི་ལྟར་བསྟན་ཀྱང་། འདི་ལྟར་མི་འོང་། དེ་ལྟར་ཉམས་སུ་བླངས་པས་ཞལ་མཐོང་པ་ལ་ཚེགས་མེད་གསུང་། གདམ་ངག་འདི། སློབ་མ་རྟོག་པ་ཡོད་པ་མིན་པ་ལ་སྦྱིན་དུ་མི་རུང་གསུང་སྟེ། བཀའ་རྒྱ་ཡོད། སྟེར་བའི་དུས་སུ་ཚོགས་འཁོར་དགོས་གསུང་ངོ་། ཨྀཐི།

ན་མོ་གུ་རུ།
སེམས་བསྐྱེད་ལ་བླ་མ་ལ་གསོལ་བ་དྲག་པོ་བཏབ་པོ། བཏབ་པའི་རྗེས་ལ་རང་བདེ་མཆོག་ཡབ་ཡུམ་དང་གཉིས་སུ་མེད་པར་བསམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ནམ་མཁའ་སྔོ་ཕྱམ་ཕྱམ། ་་་ ཨྀཐི།

ན་མོ་གུ་རུ།
སངས་རྒྱས་སྟོན་པའི་ཞལ་ནས། རང་ལ་ཉི་མ་ཕོག་པའི་དུས་སུ་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་ཤིང་སྐམས་པ་ཡིན་སྙམ་དུ་བསམ། ཁ་བ་བབས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རང་གི་ལུས་ལ་སིབ་སིབ་ཐིམ་པར་བསམ། དེ་བཞིན་དུ་ཆར་པའང་བསྒོམ་གསུང་ལམ་ཁྱེར་གྱི་ཆོས་ཟབ། ཨྀཐི།

ཡང་རབ་ཟིན་པ་དང་རྨི་ལམ་གྱི་སྦྱོང་སྤེལ་དུས་གཅིག་ལ་ཡོད། ཡང་རབ་རྨི་ལམ་འཛིན་པར་འདོད་ན། རང་བདེ་མཆོག་དུ་བསྐྱེད་ ་་་ ཨྀཐི།

ན་མོ་གུ་རུ་ཝེ།
རང་ལུས་ཡི་དམ་དུ་བསྒོམས་པའི་སྨིན་སྤྲག་དུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ཡི་གེ་ཨ་གཅིག་བསམ། ་་་ ཞལ་གྱི་གདམས་པ་ཨྀཐི།

ན་མོ་གུ་རུ།
ཡེ་ཤེས་སྐར་ཁུང་མའི་སྐབས་སུ་ཨ་སྤྱི་བོར་བསམ། ཨ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བབས་པས། ཆོས་འབྱུང་ཁེངས་པས་ཚེ་བསྲིང་ལ། བླ་མའི་ཞལ་གདམས་ཀྱི་རྐང་མཐིལ་ནས་སྤྱི་བོ་མན་ཆད་བདུད་རྩིས་ཁྲག་གིས་ཁེངས་པར་བསྒོམ་གསུང་ངོ་། དེ་ནས་ཨ་ཞུ་བས་ཐོད་པ་སྔར་བས་ཁྲེགས་ཤིང་འཐུག་པར་བསམ་གསུང་། ཨྀཐི།

བར་དོ་དང་པོ་དང་ཐ་མའི་དམིགས་པ་བསྡུས་པ་ཡིན་ནོ།
བར་དོ་དང་པོ་ཐ་མའི་དུས་སུ། ་་་ མངྒ་ལཾ།

ན་མོ་གུ་རུ།
སངས་རྒྱས་སྟོན་པའི་ཞལ་ནས། འཁོར་བ་ལྡོག་པ་དང་། ཡེ་ཤེས་ཀྱིས་སླེབ་པ་ལ་བཞིར་བྱེད་དོ་གསུང་ངོ་།
འཁོར་བ་ལྡོག་པའི་དུས་དང་། འཁོར་བ་ལྡོག་པར་བྱེད་པ་གཉིས་ཡིན་གསུང་།
འཁོར་བ་ལྡོག་པའི་དུས་ནི། དགེ་སྦྱོར་གནད་དུ་སོང་པས། ཉིན་པར་ཉམས་ཀྱི་སྒྱུ་མ། བདེན་མེད་དུ་བུན་བུན་འོང་པ། ནུབ་མོ་རྨི་ལམ་སྐྱམ་སྐྱམ་ཟིན་པའི་དུས་སུ་སྔོན་གྱི་ལས་ངན་ཐམས་ཅད་སློངས་ཏེ། འཁོར་བ་ལྡོག་པའི་དུས་ཡིན།
ལྡོག་པར་བྱེད་པ་ཡང་ཉོན་མོངས་ཆགས་སྡང་ལ་སོགས་པ་བཟོད་ཐབས་མེད་པ་སྐྱེས་ནས། འཁོར་བ་ལྡོག་པར་བྱེད་དོ། ཡེ་ཤེས་ལ་ཡང་གཉིས་སུ་བྱེད་གསུང་།
ཡེ་ཤེས་ཀྱིས་སླེབ་པ་དང་། ཡེ་ཤེས་ཀྱི་སླེབ་པའི་ཚད་གཉིས་ཡིན་གསུང་།
ཡེ་ཤེས་ཀྱིས་སླེབ་པ་ནི། ཉོན་མོངས་པ་དྲན་པ་དང་། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་བྱས་ནས་མགོ་གནོན་པའོ།
སླེབ་པའི་ཚད་ནི། བླ་མ་ལ་གསོལ་བ་དྲག་པོ་བཏབ་པས། སྣང་པ་འདི་བདེན་མེད་བཤའ་མར་རྟོགས་པའོ།
སངས་རྒྱས་སྟོན་པ
སངས་རྒྱས་སྟོན་པའི་ཞལ་ནས། ནམ་དྲོད་ཀྱི་དུས་སུ་བདུད་ཀྱི་དམག་དང་བར་ཆོད་འོང་པས། མགོན་པོ་ལ་གསོལ་བ་དྲག་པོ་འདེབས་པ་དང་། བསྙེན་པ་སྐྱེལ་དགོས་པ་ཡིན། མགོན་པོ་ཡང་འབྱོན་པ་ཡིན་གསུང་། ཐོ་རངས་མགོན་པོ་ལ་གསོལ་བ་བཏབ་པས། ཉིན་ཞག་ཕྲུགས་གཅིག་གི་བར་ཆད་ཐམས་ཅད་སེལ་བ་ཡིན་གསུང་། ལར་ཀྱང་སེམས་བསྐྱེད་པ་དང་། བླ་མ་བསྒོམ་པ་དང་། ཚེ་བསྲིང་བ་ལ་སོགས་པ་ཐོ་རེངས་བྱེད་དགོས་པ་ཡིན། བསྲུང་པའི་འཁོར་ལོ་བསྒོམ་པ་དང་དྲག་སྔགས་ཐམས་ཅད་དགོངས་མོ་བྱེད་དགོས་པ་ཡིན། གྲིབ་ཆེན་པོ་ཕོག་པ་དང་། ཕོག་གྲབས་བྱེད་ན། བླ་མ་རང་ལ་གསོལ་བ་དྲག་པོ་མ་བཏབ་ན། གཞན་ཅིས་ཀྱང་མི་སེལ་བ་འདུག་གསུང་ངོ་།
ཡང་བླ་མ་སངས་རྒྱས་དེའི་ཞལ་ནས། རང་ལུས་ཡི་དམ་དུ་མ་ཡེངས་པར་བསྒོམ་པ་དང་གཅིག །སྤྱི་བོར་བླ་མ་བསམས་ནས། ངའི་བླ་མ་སྙམ་པའི་མོས་གུས་དུངས་དུངས་པ་རྒྱུན་ཆད་མེད་པ་དང་གཉིས། ངག་པའི་སྣང་བ་ཕྱོགས་མེད་དུ་སྦྱངས་ནས་ཐམས་ཅད་གོང་དུ་འཁུར་བ་དང་གསུམ། ཨ་པ་ང་གཉིད་དུ་སོང་ནས་འདུག་པ། སྣང་པ་འདི་རྨི་ལམ་ཡིན་པར་འདུག །ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན། བདེན་མེད་ཡིན་པ་དང་བཞི། ང་དོ་ནུབ་འཆི་འྨ་སང་འཆི་ཅིས་ཀྱང་ཅི་བྱེད་སྙམ་པའི་མི་རྟག་འཆི་བ་དྲན་པ་དང་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག །སྐྱིད་པར་གྱུར་ཅིག་སྙམ་པ་དང་ལྔ་པོ་དེས་དུས་འདའ་དགོས་པ་ཡིན་གསུང་།
ལར་ཡང་སྦྱོར་བ་སེམས་བསྐྱེད། དངོས་གཞི་མི་དམིགས་པ། རྗེས་བསྔོ་བའོ།
།ཡེ་ཤེས་རྒྱ་མཚོ་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ལ། །མཁས་པས་ཡོངས་སུ་ཤེས་པར་བྱ།
ཡེ་ཤེས་མངོན་འབྱུང་ལས། སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་ཏེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པའོ། ཞེས་སོ།
།ཡེ་ཤེས་གསལ་སྒྲོན་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། ཅེས་སོ།
འགྲོ་འདུག །འཕོ་སྐྱས། བློ་སྣ་བལྟ་རྟོག་མང་པོ་དགེ་སྦྱོར་གྱི་སད་ཡིན་པས། སད་བཞིས་མ་ཁྱེར་བ་གལ་ཆེའོ།
མངྒ་ལཾ།། །།</span>