Bgegs kyi rgyal po la brten pa'i pra 'bebs pa'i man ngag
Resource ID | SCv11p889 |
---|---|
Title | bgegs kyi rgyal po la brten pa'i pra 'bebs pa'i man ngag |
Topics | Chadrupa |
Sub-Topics | Various |
Link | BDRC W23922 WA00KG09215 (p.355) |
༈ བགེགས་ཀྱི་རྒྱལ་པོ་ལ་བརྟེན་པའི་པྲ་འབེབས་པའི་མན་ངག་བཞུགས་སོ།
༈ ༼ཛེ༽ ཨོཾ་སྭ་སྟི།
བགེགས་ཀྱི་རྒྱལ་པོ་ལ་བརྟེན་ནས་པྲ་འབེབས་པར་འདོད་ན། ཁང་པ་གཙང་སར་ཁྱེའུ་གཙང་མ་ཁྲུས་བྱས་ཏེ་གོས་དཀར་པོ་གྱོན། དར་དཀར་པོ་ཐོད་བྱས། མདུན་དུ་རས་སམ་དར་དཀར་པོའི་སྟེང་དུ་ནས་དཀར་པོའི་ཚོམ་བུ་བཀྲམ་ལ། སྤོས་དཀར་གྱི་དུད་པས་བདུག །ཕྱེ་མར་སྡེར་ཞིང་བཞག །ཁྱེའུ་དེ་སྤྲིན་དཀར་པོའི་གསེབ་ན་སྐྱེས་བུ་སེངྒེ་ཞོན་པ་གཅིག་ཏུ་བསྒོམ་དུ་བཅུག །རང་སྐྱེས་བུ་དཀར་པོར་བསྒོམ་ལ་ཁྱིའུ་དེའི་སྤྱི་བོ་ནས་མར་སྐྱེས་བུ་དཀར་པོ་མཐེ་བོང་ཙམ་པ་དཔག་ཏུ་མེད་པ་ཆར་འབབ་པ་བཞིན་དུ་སིབ་སིབ་ཐིམ་པར་བསམ། རང་དྲིལ་བུ་འཁྲོལ་ཞིང་ལུས་ཀྱི་རྣམ་འགྱུར་བྱས། བྱི་ནའི་ཛིམ་ཛིམ་ཅེས་བརྒྱ་རྩ་ལ་སོགས་པ་བརྗོད། ཕེབས་པ་དང་ཐལ་མོ་སྦྱར་ལ། ལག་པ་ནས་བཟུང་སྟེ་དྲི། དེས་གང་དྲིས་པ་སྨྲའོ། །ཡལ་དུ་མ་བཏུབ་ན་ཕྱག་ན་རྡོ་རྗེའི་སྔགས་བཏབ་པའི་ཆུས་དཀྲུས་པས་ཡལ་ལོ།
།བྱི་ནའི་ཧཱུྃ་ལ་ཛིཾ་ཛིཾ། ཁ་གཅིག་ན་ཟེར་བ་འདུག་གོ།