Bla ma rdo rje nag po chen po'i rgyan sgrub man ngag

From Shangpa Resource Center








Resource ID KN3
Title bla ma rdo rje nag po chen po'i rgyan sgrub man ngag
Alt. title guru vajra mahākāla alaṃkāra sadha upadeśa
Topics Chadrupa
Sub-Topics Sadhana
Author Khyungpo Neljor
Associated Person Könchok Khar
Müchen Namkhé Neljor
Jetsün Taranatha
Link W8LS15922
Notes Sadhana of six armed Mahakala according to upper tradtion of Drukpa kagyu. This text is numbered "phu" (14) in the "ancient bebum". See the Catalog of Jamgön Kongtrül.

༄༅། །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་སྒྲུབ་མན་ངག་བཞུགས་སོ།།

རྒྱ་གར་སྐད་དུ། གུ་རུ་བཛྲ་མ་ཧཱ་ཀཱ་ལ་ཨ་ལཾ་ཀ་ར་ས་དྷ་ཨུ་པ་དྷེ་ཤ་ན་མ།
བོད་སྐད་དུ། བླ་མ་ནག་པོ་ཆེན་པོའི་རྒྱན་སྒྲུབ་མན་ངག་ཅེས་བྱ་བ།
བླ་མ་སྐྱབས་གསུམ་ཐུགས་རྗེའི་མངའ་བདག་ཡེ་ཤེས་ཀྱི་སྤྱན་ལྡན་ཞི་ཁྲོའི་ལྷ་ཚོགས་མ་ལུས་རྣམས་དང་། བཀའ་ཉན་ལས་མཛད་ཡེ་ཤེས་ལྔའི་ངོ་བོ། མཁའ་འགྲོ་ཆོས་སྐྱོང་དྲག་མྱུར་མཐུ་སྟོབས་གཟི་བརྗིད་རྫུ་འཕྲུལ་ཅན། འཇིག་རྟེན་དྲེགས་པའི་ཚུལ་འཆང་། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།
།ནང་དུར་ཁྲོད་ཀྱི་སྐབས་སུ་ཐབས་ཤེས་སྐུའི་རྩ་གནས་ཐིག་ལེ་ཤ་དུས་དང་། ལྤགས་སོགས་རྣམ་དག་བདེ་ཆེན་དཀྱིལ་འཁོར་གནས་སྐྱོང་ལྷ། ཞི་རྒྱས་དབང་དྲག་སྣ་ཚོགས་ཕྲིན་ལས་རྣམ་ལྔའི་བདག །བསྟན་སྲུང་རིགས་འདུས་རྒྱན་ཅན་ལྷ་ཚོགས་ཏིང་ངེ་འཛིན། ཅེས་པའི་འབྲིང་བཤད་དམ། རྒྱས་བཤད་ནི། དུར་ཁྲོད་ཅེས་པ་དང་། རིན་ཆེན་ཅེས་པ་གསལ་བྱེད་འབྱུང་བ་དང་། རྒྱན་སྤྲས་ཕྲིན་ལས་ལྔ་ལྡན་ཏིང་ངེ་འཛིན། ཅེས་སྦྲེལ་བ་ལྷ་སོ་སོའི་རྗེས་འདོགས་སུ་ཤེས་པའི་རྣལ་འབྱོར་པས། དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས་ལས་འབྱུང་བ་ལྟར། མགོན་པོ་ཡབ་ཡུམ་གྱི་རྒྱན་འདེབས་རྩ་སྔགས་ལྷའི་གནས་ཚུལ་རྣམས་གསལ་རིགས་ངར་ལྡན་གྱིས་འདི་ལྟར་ཉམས་སུ་བླང་ངོ་།

༒ །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། གསང་གནས་དམ་ཚིག་འཁོར་ལོའི་དབུས་སྐྱོང་ཧཱུྃ་ཨ་ལྗང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་སྣ་ཚོགས་མཁའ་འགྲོ་ནི། སྐུ་མདོག་ལྗང་གུ་ཁྲོས་པའི་ཞལ་གཅིག་སྤྱན་གསུམ་པ། རབ་བརྗིད་ཕྱག་དྲུག་གྲི་གུག་ཅང་ཏེའུ་ཐོད་ཕྲེང་གཡས། ཐོད་ཁྲག་རྩེ་གསུམ་ཕྱག་གཡོན་གར་དགུའི་ཉམས་ལྡན་ཡབ། དུར་ཁྲོད་རྒྱན་སྤྲས་ཕྲིན་ལས་ལྔ་ལྡན་ཏིང་ངེ་འཛིན། རང་འོད་ཡུམ་ཆེན་ཕྲིན་ལས་སྒྲོལ་མ་སྐུ་མདོག་ལྗང་། ཁྲོ་ཞལ་སྤྱན་གསུམ་ཕྱག་གཡས་རྡོ་རྗེ་གྲི་གུག་ཕྱར། གཡོན་པས་ཐོད་གྲག་ཞབས་གཉིས་གར་ཐབས་ཁ་ཊྭྃ་འཁྱུད། དུར་ཁྲོད་འདི་ནི་ཐབས་ཤེས་སོ་སོར་བསྐྱེད་པ་སྟེ། མཉམ་སྦྱོར་དུས་སུ་རང་གི་གཙོ་ལ་འཁྱུད་ཚུལ་གཙོ་མོ་བཞིན། ཡུམ་གྱི་ཚིག་ལྷ་གཡས་གཡོན་བསྒྱུར་བ་ཡབ་ཡུམ་ཁ་སྦྱོར་གྱི་ཏིང་ངེ་འཛིན་ནོ།
།ཨོཾ་ཀྵེ་ཏྲ་པ་ལ་བྷིག་ནན་ཧཱུྃ་ཕཊ། ཤར་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་གནོད་སྦྱིན་ཀྵེ་ཏྲ་པ་ལ་སྐུ་མདོག་མཐིང་། སྐལ་མེའི་འོད་འཕྲོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། དུར་ཁྲོད་ཚིག་རྐང་དང་པོའི་མཐར་འཕྲོ་འདུ་འོད་ཟེར་ཅན་དང་། གཉིས་པའི་མགོར་ཡོངས་གྱུར་ཅེས་པ་སྐབས་འདིའི་ལས་མགོན་བཞི་སྒོ་མ་བཞི། ཚིག་སྐྱོང་ཁྲོ་བོ་བཅུ་གསུམ་རྣམས་ལ་ཤེས་པར་བྱའོ།
།ཨོཾ་ཛི་ན་མི་ཏྲ་ས་ཤཾ་ཀུ་རུ་ཧཱུྃ་ཕཊ། ལྷོ་རྩིབས་པད་སྟེང་ཧཱུྃ་དམར་འཕྲོ། དབང་ཕྱུག་ཛི་ན་མི་ཏྲ་དམར་ནག་ཞལ། ཁྲག་འཛག་དྲག་བཞད་ཕྱག་གཉིས་གྲི་ཐོད་འཛིན། དུར་ཁྲོད༴
ཨོཾ་ཊ་ཀི་རཱ་ཛ་ས་མ་ཡ་བྷྱོ་ཧཱུྃ་ཕཊ། ནུབ་རྩིབས་པད་སྟེང་བྷྱོ་ནག༴ གཤིན་རྗེ་ཊ་ཀི་རཱ་ཛ་མཐིང་ནག་ཞལ་གཅིག་པ། རྐན་རྡེབས་སྲོག་བསྡུད་གྲི་གུག་ཐོད་འཛིན་མགྱོགས་ཤུགས་ཅན། དུར་ཁྲོད༴
ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཧཱུྃ་ཕཊ། བྱང་རྩིབས་པད་སྟེང་དུ་ནག༴ བདུད་མགོན་ཏྲཀ་ཤད་ནག་པོ་ཞལ་གཅིག་པ། ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པ་རྗུ་འཕྲུལ་ཅན། དུར་ཁྲོད༴
ཨོཾ་བཛྲ་སོ་ཏྲ་བཾ་སྭཱ་ཧཱ། ཆུ་འཛག་གནས་སྐྱོང་བཾ་དམར༴ དགའ་བ་ཚད་མེད་དམར་པོ་ཞལ་གཅིག་མ། ལྕགས་སྒྲོག་ཐོད་འཛིན་ཞབས་གཉིས་གར་སྟབས་ཁ་ཊྭཱྃ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་གྷ་ཎྱེ་ཧོ་སྭཱ་ཧཱ། ཏྲི་འཛག་གནས་སྐྱོངས་ཧོ་ལྗང་། བཏང་སྙོམས་ཚད་མེད་ལྗང་གུ་ཞལ་གཅིག་མ། རྡོ་རྗེ་ཐོད་འཛིན་ཞབས་གཉིས་གར་ཐབས་ཁ་ཊྭཱྃ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུྃ། ས་ཙངས་ཙ་ཧཱུྃ་ཕཊ། ཨོཾ་དྷྱ་ན་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། སྤྱི་ཚིག་གཡས་སྐྱོང་ཧཱུྃ་མཐིང་ཁྲོ་ཆེན་གཤིན་རྗེའི་གཤེད་པོ་ཞབས་བཞི་པ། སྐུ་མདོག་རྩ་ཞལ་ནག་པོ་གཡས་དཀར་གཡོན་ལྗང་ཞིང་། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཐོད་དབྱུག་རལ་གྲི་དང་། གཡོན་གསུམ་ཐོད་ཁྲག་འཁོར་ལོ་ནོར་བུ་རིན་ཆེན་འཛིན། དུར་ཁྲོད༴
ཚིག་རྐང་གཉིས་པར་ཁྲོ་ཆེན་ཞབས་བཞི་པ། གསུམ་པའི་དང་པོར༴ སྐུ་མདོག་ཞལ་བཞི་པར་ཕྱག་དྲུག་གཡས་གསུམ༴ ལྔ་པར་གཡོན་གསུམ་སྦྱར་བ་ཚིག་སྐྱོང་ཡབ་ལྷ་རྣམས་ལ་ཤེས་པར་བྱའོ།
།ཡུམ་ཆེན་བསམ་གཏན་ཕར་ཕྱིན་དམར་སྐྱ་ཞལ་གཅིག་མ། ཞབས་གཉིས་གར་ཐབས་ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། གཡོན་པ་ཐོད་ཁྲག་ཐུགས་ཀར་འཛིན་པས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཐོག་མར་ཡུམ་ཆེན་ཅེས་པ་དང་། ཞལ་གཅིག་མར་ཆད་ཚིག་སྐྱོངས་ཡུམ་ལྷ་ཀུན་ལ་ཤེས་པར་བྱའོ།
།ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུན་ད་ལི་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་པྲཛྙ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། དཔྱི་ཚིག་གཡོན་སྐྱོང་ཧཱུྃ་མཐིང་བདུད་རྩི་འཁྱིལ། ནག་པོ་གཡས་དམར་གཡོན་སེར་ཞིང་། རྡོ་རྗེ་ཞིང་དབྱུག་ལྕགས་ཀྱུ་དང་། ཐོད་ཁྲག་པད་མ་སྣ་ཚོགས་རྡོ་རྗེ་འཛིན། དུར་ཁྲོད༴
ཤེས་རབ་ཕར་ཕྱིན་དམར་སྐྱང་༴
ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ། བི་ཙ་ཡ་ཧཱུྃ། བྷིན་རྡ་བྷིན་རྡ་ཧཱུྃ་ཕཊ། ཨོཾ་པྲཛྙཱ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། པུས་ཚིག་གཡས་སྐྱོང་ཧཱུྃ་སེར༴ ཁམས་གསུམ་རྣམ་རྒྱལ་སེར་པོ་གཡས་དཀར་གཡོན་དམར་ཞིང་། རྡོ་རྗེ་རྒྱལ་མཚན་པད་མ་དང་། ཐོད་ཁྲག་ནེ་ལེ་རྡོ་རྗེའི་ཞགས་པ་འཛིན། དུར་ཁྲོད༴
ཡེ་ཤེས་ཕར་ཕྱིན་སྨུག་ནག༴
།ཨོཾ་བཛྲ་ཀྲོ་ཏ་ཨརྻ་ཨ་ཙ་ལ་ཧཱུྃ་བྷན་རྡ་བྷན་རྡ་ཧཱུྃ་ཕཊ། ཨོཾ་ཨུ་པ་ཡ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། པུས་ཚིག་གཡོན་སྐྱོང་ཧཱུྃ་སེར། མི་གཡོ་མགོན་པོ། སེར་པོ་གཡས་ནག་གཡོན་དཀར་ཞིང་། རྡོ་རྗེ་རལ་གྲི་ཞགས་པ་༴ ཐོད་ཁྲག་རྩེ་གསུམ་ནེའུ་ལེའི་རྐྱལ་པ་འཛིན། དུར་ཁྲོད༴
ཐབས་ཀྱི་ཕར་ཕྱིན་སྨུག་ནག
།ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། པོ་ཌ་པོ་ཌ་ཧཱུྃ་ཕཊ། ཨོཾ་བ་ལ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། བོལ་ཚིག་གཡས་སྐྱོང་ཧཱུྃ་ལྗང་། སྟོབས་པོ་ཆེ་ཉིད་ལྗང་གུ་གཡས་དཀར་གཡོན་དམར་ཞིང་། རྡོ་རྗེ་རྔ་ཡབ་ཞགས་པ་དང་། ཐོད་ཁྲག་སྡིང་མཛུབ་ཙན་དན་བེ་ཅོན་འཛིན། དུར་ཁྲོད༴
སྟོབས་ཀྱི་ཕར་ཕྱིན་དམར་སེར།
ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་པྲ་ནི་དྷ་ན་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། བོལ་ཚིག་གཡོན་སྐྱོངས་ཧཱུྃ་ལྗང་ གཞན་གྱིས་མི་ཐུབ། ལྗང་གུ་གཡས་སེར་གཡོན་དཀར་ཞིང་ རྡོ་རྗེ་ནེའུ་ལེ་བུམ་པ་བཟང་། ཐོད་ཁྲག་ནོར་བུ་སྣ་ཚོགས་རྡོ་རྗེ་འཛིན། དུར་ཁྲོད༴
སྨོན་ལམ་ཕར་ཕྱིན་དམར་སེར།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀུཾ་བྷི་ར་མུ་ཁ་ཡེ་ཧཱུྃ་ཧཱུྃ་ཕཊ། དགྲ་སྡང་གནོད་བྱེད་རྣམས་ཀྱི་སྙིང་སྲོག་རྦད་རྦད། གཡས་ཞབས་དང་པོ་འདུན་པའི་ཏིང་ངེ་འཛིན་འཁོར་ལོའི་དབུས། པཾ་པད་རཾ་ཉི་ཨ་ཟླ་སྡང་དགྲ་གནེད་བྱེད་སྟེང་། མཐིང་གསལ་ཧཱུྃ་ལས་ཕན་བདེའི་འོད་ཟེར་ཕར་འཕྲོས་པས། བདུད་སྡེ་ཚར་བཅད་སེམས་རིག་ཆོས་སྐུ་དབང་དུ་བསྡུས། རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་གྲི་གུག་འོད་འབར་ལྟེ་བར་ཧཱུྃ། ཕྱི་ནང་གསང་གསུམ་མཆོད་སྤྲིན་འོད་ཟེར་ཕྱོགས་བཅུར་འཕྲོས། ཐུགས་རྗེའི་མངའ་བདག་ཡེ་ཤེས་སྤྱན་ལྡན་མ་ལུས་མཆོད། བྱིན་རླབས་འོད་ཟེར་ཚུར་འདུས་མཐུ་དཔལ་ནག་པོ་ཆེ། དགྲ་བགེགས་བདུད་སྡེ་གདོན་ཚོགས་མ་ལུས་ཚར་གཅོད་པའི། འཇིགས་བྱེད་མགོན་པོ་ཆུ་སྲིན་གདོང་ཅན་རྔམ་པའི་ཞལ། མཆེ་གཙིགས་ཕྱག་དྲུག་གྲི་གུག་ཐོད་ཕྲེང་ཅང་ཏེའུ་གཡས། རབ་བརྗིད་དཔལ་འབར་ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན། དུར་ཁྲོད༴

ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། སྡང་དགྲ་གནོད་བྱེད་རྣམས་ཀྱི་སྙིང་སྲོག་རྦད་རྦད། གཡོན་ཞབས་དང་པོ་བརྩོན་འགྲུས་ཏིང་ངེ་འཛིན། ཅེས་པ་ནས། མ་ལུས་མཆོད་ཀྱི་བར་སྔར་བཞིན་ལས། བྱིན་རླབས་འོད་ཟེར་ཚུར་འདུས་དྲག་རྔམ་ཞལ་གཅིག་པ། མཆེ་གཙིགས་ནས་གཡོན་གྱི་བར་སྔ་མ་བཞིན་ནོ། །ནག་པོ་ཆེན་པོའི་སྐུ་སྨད་ཕུར་པ་རྔམ་ཞལ་ཅན། ཡེ་ཤེས་མེ་དཔུང་ཕུར་ཞབས་དགྲ་ལ་འདྲིལ། དུར་ཁྲོད༴
སྲོག་ཧབས་ཤ་རྦད། སྲོག་ཧབས་ཤ་རྦད། སྲོག་ཧབས་ཤ་རྦུད། སྙིང་སྲོག་ཤག་དཀྲུགས། སྙིང་སྲོག་ཤག་དཀྲུགས། སྙིང་སྲོག་ཤག་དཀྲུགས། སྙིང་སྲོག་ཤག་དཀྲུགས། ནཱ་ག་སྡོམས། ནཱ་ག་ཆིངས། ནཱ་ག་དབང་དུ་བསྡུས། ནཱ་ག་མཱ་ར་ཡ་སོད། འརྦད། འུར་རྦུད། འཆི་བདག་སྲོག་བདག་སྲོག་ལ་རྦུད། འཆི་བདག་སྲོག་བདག་སྲོག་ལ་རྦད། རྦད་ཐུམ་རིལ། རྦུད་ཐུམ་རིལ། ཕྱོགས་འཁོར་པད་སྟེང་ས་བོན་ཕྱག་མཚན་སྣ་ཚོགས་ལས། འོད་འཕྲོ་དོན་གཉོས་བསྒྲུབས་ཤིང་ཚུར་འདུས་ཡོངས་གྱུར་ལྷ། ཡེ་ཤེས་ངོ་བོ་འཛིན་དྲེགས་ཚུལ་ལེགས་འཛིན་པའི། སྡེ་བརྒྱད་ཕོ་མོ་འཇིགས་གཟུགས་སྣ་ཚོགས་མཚོན་འཆང་བ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། ལྟོ་འཕྱེ་ལྗོན་པ་མིའམ་ཅིར་སྤྲུལ་དགྲ་བགེགས་སྒྲོལ། ཞི་རྒྱས་དབང་དྲག་སྣ་ཚོགས་ཕྲིན་ལས་བསྒྲུབ་ལ་བརྩོན། རང་རང་ཡུམ་དང་སྲས་འཁོར་བྱེ་བ་གྲངས་མེད་བཅས། ཐུབ་བསྟན་གཉེར་མཛད་རིག་འཛིན་སྲུང་མ་དམ་ཅན་རྣམས། དུར་ཁྲོད༴

ཨོཾ་ན་མོ་ཏུ་ཏེ་བྲུཾ་གྷ་ན་པ་ཏ་ཡེ་སྭཱ་ཧཱ། ཨོཾ་བ་ཀ་ཏཱཻ་ཀ་དཾ་ཤ་བྷིན་དྷ་ཧཱུྃ་ཕཊ། ཨོཾ་བ་ར་ཏ་ཀ་ཐཱ་ཧཱ། གཡས་ཞབས་གཉིས་པ་སེམས་ཀྱི་ཏིང་འཛིན་འཁོར་ལོའི་དབུས། ཚུལ་ཁྲིམས་གཏེར་ཆེན་བུམ་ནང་པད་མ་ཉི་ཟླའི་སྟེང་། ནོར་སྦྱིན་ལྷ་མོ་སྐུ་མདོག་དཀར་དམར་མདངས་ལྡན་མ། ཞལ་གཅིག་སྤྲེལ་གདོང་ཨུཏྤལ་སྔོན་པོའི་ག་ཤལ་ཅན། ཕྱག་གཉིས་གཏེར་ཆེན་བུམ་བཟང་འཛིན་པའི་གཡས་གཡོན་དུ། བཀའ་ཉན་ཚུལ་ཁྲིམས་བུམ་འཛིན་རང་འདྲའི་ལྷ་མོ་རེ། རིན་ཆེན༴
ཨོཾ་གྷཾ་ནཱ་ག་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་གྷ་ན་པ་ཏི་སྭཱ་ཧཱ། བུམ་བཟང་ཁྲི་སྟེང་གྷ་དཀར་འཕྲོ་འདུའི་འོད་ཟེར་ཅན། ཡོང་གྱུར་འཇུར་བགེགས་སེལ་བ་ཚོགས་ཀྱི་བདག་པོ་ནི། སྐུ་མདོག་གདོང་དབུས་གླང་ཆེན་གཞོན་ནུ་འཛུམ་དཀར་ཞལ། གཡས་མཐིང་བྱི་ལ་ཁྲོས་རྔམ་གཡོན་དམར་སྤྲེལ་ཞལ་གཙིགས། ཕྱག་དྲུག་གཡས་གསུམ་རལ་གྲི་ལ་ཕུག་ནོར་བུ་འཛིན། གཡོན་གསུམ་ཐང་ཐོད་གསེར་གཞོང་ལ་དུ་དགྲ་སྟ་གཡོན། རྫུ་འཕྲུལ་ཞབས་བཞིའི་ནང་མ་རྡོ་རྗེ་སྐྱིལ་ཀྲུང་དང་། ཕྱི་མ་བརྐྱང་བསྐུམ་ཚུལ་བཞུགས་རབ་བརྗིད་འགྱིང་བག་མཛིས། གཅེར་བུ་གསལ་ལ་འཚིར་བ་པད་མའི་ག་ཤལ་ཅན། རིན་ཆེན༴
ཨོཾ་བཛྲ་ཧྲི་ཧཱུྃ་ན་མོ་ཛ་ཏྲི་ཧ་ལ་ཧ་ལ་རཏྣ་སིདྡྷི་ཧཱུྃ། བྲུཾ་ཏི་ཁ་ལ་རཏ་ན་སིདྡྷི་ཧཱུྃ། ཏྲི་ཤ་རཏྣ་སིདྡྷི་སྭཱ་ཧཱ། ཤར་རྩིབས་བུམ་ནང་ཧཱུྃ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་བཀའ་ཉན་ནོར་བདག་ནག་པོ་ཞལ་གཅིག་པ། ཕྱག་གཡས་ཡིད་བཞིན་ནོར་བུ་གཡོན་པས་ནེའུ་ལེ་འཛིན། རིན་ཆེན༴
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡཀ་ཤ་གྷ་ན་པ་ཏ་ཡེ་སྭཱ་ཧཱ། བུམ་བཟང་ཁྲི་སྟེང་གྷ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཚོགས་བདག་གླང་སྣ་འཛུམ་པའི་ཞལ་གཅིག་པ། སྐུ་མདོག་མཐིང་ནག་སྟག་ཤམ་ལྟོས་འགྲོ་དར་གྱིས་བརྒྱན། ཕྱག་དྲུག་གཡས་གསུམ་ལ་ཕུག་ལྕགས་ཀྱུ་བེ་ཅོན་དང་། ཐོད་བཟང་ལ་དུ་གསེར་སྐྱོག་ལ་དུས་གང་དང་དགྲ་སྟ་གཡོན། རིན་ཆེན༴
ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ལྷོ་རྩིབ་བུམ་ནང་ཛཾ་སེར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་བཀའ་ཉན་ནོར་བདག་སེར་པོ་ཞལ་གཅིག་པ། ཕྱག་གཡས་རྣམ་རྒྱལ་སྨན་མཆོག་གཡོན་པ་ནེ་ལེ་འཛིན། རིན་ཆེན༴
ཨོཾ་ཧྲི་ཧ་ཏི་མུ་ཁཾ་ལམ་པོ་དྷ་རཱ་ཨུ་ཙི་ཏ་མ་ཧཱ་མ་ནེ་ཏྭཱམ་བྲུཾ་ཧྲི་ཧཱུྃ་བྷཾ་ཨུ་ཙི་ཏ་ཡ་སྭཱ་ཧཱ། བུམ་བཟང་ཁྲི་སྟེང་གྷ་སེར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཚོགས་བདག་གླང་སྣ་སེར་པོ་ཞལ་གཅིག་པ། ཕྱག་གཡས་ལ་ཕུག་དགྲ་སྟྭ་རྩེ་གསུམ་ནོར་ཐོད་གཡོན། རིན་ཆེན༴
ཨོཾ་ཨརྻ་ཛམ་བྷ་ལ་མ་ཧཱ་ཀུ་བེ་རཏ་ན་ཏྲ་ཡ་ཡ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ནུབ་རྩིབས་བུམ་ནང་ཛཾ་དམར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་བཀའ་ཉན་ནོར་བདག་དམར་པོ་ཞལ་གཅིག་པ། ཕྱག་གཡས་སྨན་མཆོག་པད་དམར་རིན་ཆེན་དཔལ་ཕྲེང་གཡོན། རིན་ཆེན༴
ཨོཾ་ན་མོ་ཏུ་ཏེ་མ་ཧཱ་ག་ན་པ་ཏ་ཡེ་ག་ག་ག་ག་ག་ག་ག་ག་གྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། བུམ་བཟང་ཁྲི་སྟེང་གྷ་དམར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཚོགས་བདག་གླང་སྣ་དམར་པོ་ཞལ་གཅིག་པ། ཕྱག་གཡས་བགྲང་ཕྲེང་ལ་བུག་ལྕགས་ཀྱུ་ལ་དུ་གཡོན། རིན་ཆེན༴
ཨོཾ་བཛྲ་ས་དུ་ས་མ་ཡ་སྟི་ཏ་ཛ་ལ་ཧཱུྃ་ཕཊ་སྭཱ་ཧཱ། བྱང་རྩིབ་བུམ་ནང་ཧཱུྃ་ལྗང་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་བཀའ་ཉན་ནོར་བདག་ལྗང་གུ་ཞལ་གཅིག་པ། ཕྱག་གཡས་ནོར་བུའི་རྒྱལ་མཚན་གཡོན་པ་ནེའུ་ལེ་འཛིན། རིན་ཆེན༴
ཨོཾ་ཤྲི་མ་ཧཱ་ཀཱ་ལ་བཛྲ་ཡཀ་ཤ་དྷེ་ཝ་མ་ཧཱ་བྷེ་དྷ་ལི་ཧཱུྃ་ཕཊ་སྭཱ་ཧཱ། བུམ་བཟང་ཁྲི་སྟེང་གྷ་ལྗང་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཚོགས་བདག་གླང་སྣ་ལྗང་གུ་ཞལ་གཅིག་པ། ཕྱག་གཡས་རལ་གྲི་ཞགས་པ་ཐོད་བཟང་ལ་དུ་གཡོན། རིན་ཆེན༴

ཨོཾ་བྷི་ན་ཡ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། གཡོན་ཞབས་གཉིས་པ་སྤྱོད་པའི་ཏིང་འཛིན་འཁོར་ལོའི་དབུས། པཾ་པད་རཾ་ཉི་ཨ་གྱུར་ཟླ་ཐོག་གྷ་དཀར་ལས། འོད་འཕྲོས་ཕྱོགས་བཅུ་རྒྱལ་བའི་ཞིང་ཁྱབ་པས། མཐུ་སྟོབས་གཟི་བརྗིད་རྫུ་འཕྲུལ་མངོན་ཤེས་དབང་བསྡུས་ནས། འོད་ཟེར་ཚུར་འདུས་མཆི་བ་དྲུག་ལྡན་གླང་སྣ་ཅན། བགེགས་རྒྱལ་བི་ན་ཡ་ཀ་དཀར་པོ་སྟག་ཤམ་ཅན། ཕྱག་གཡས་ལ་ཕུག་གཡོན་པས་ནེ་ལེའི་རྐྱལ་པ་འཛིན། རིན་ཆེན༴
ཨོཾ་ནྲེ་ཀྲོ་དྷ་ནི་ནྲེ་ཀྲོ་ཏ་ནི་ཧཱུ་རུ་ཧུ་རུ་ཧཱུྃ་ཕཊ། པ་ཏྲ་པ་ཏྲ། ཀྵུ་ལ་ཀྵུ་ལ། མདའ་ཤ་གྲི་བ། མདའ་ཤ་གྲི་བ། ཡཀྴ་གྲི་བ་ཡཀྴ་གྲི་བ། གྱིང་ར་གྱིང་ར་ཧཱུྃ་ཕཊ། ཕྱོགས་རྩིབས་གནས་སྐྱོངས་དཔའ་བོ་དཔའ་མོ་གྱིང་གི་ཚོགས། ནྲྀ་དམར་འཕྲོ་འདུའི་འོད་ཅན་ཡོངས་གྱུར་སྒྲོལ་གྱིང་ནི། སྐུ་མདོག་རྩ་ཞལ་དམར་པོ་གཡས་སེར་གཡོན་མཐིང་གཙིགས། ཕྱག་གཡས་སྤུ་གྲི་ཙིཏྟ་ཐོད་ཁྲག་ཞིང་དབྱུག་གཡོན། ཚངས་རྒྱལ་སྲིན་གཙོ་ཤལ་གྲི་ཞགས་ཐོག་དུང་ཁྲབ་ཅན། མ་བདུད་གཤིན་རྗེ་བེ་ཅོན་ཞགས་འཛིན་གསེར་ཁྲབ་གོན། མདའ་ཤ་གྲི་བ་དགྲ་སྟྭ་ཞགས་ཐོགས་ཟངས་ཁྲབ་ཅན། ཡཀ་ཤ་གྲི་བ་ལྕགས་ཁྲབ་སྤུ་གྲི་ནེ་ལེ་འཛིན། མཁའ་འགྲོ་དྲི་ཟ་གྲུལ་བུམ་ཀླུ་དབང་གནོད་སྦྱིན་དང་། མ་བདུད་ཕྲ་མེན་དམག་བྱད་སྨན་ཚོགས་དམག་དཔུང་ནི། གྲངས་མེད་ཕྱག་མཚན་སྣ་ཚོགས་འཇིགས་གཟུགས་ལས་ལ་འགྱེད། རིན་ཆེན༴
ཨོཾ་པྲ་མུ་དི་ཏ་བྷཱུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡས་མཐེ་བོང་ཁྲོ་རྒྱལ་རབ་ཏུ་དགའ་བའི་ས། དཀར་པོ་ཞལ་གཅིག་ཕྱག་གཡས་པད་མ་ཐོད་ཁྲག་གཡོན། འཇིག་རྟེན་འདས་པའི་མཐོང་ལམ་མཆོག་སྩོལ་ལྷ། དུར་ཁྲོད༴
ཐོད་ཁྲག་གཡོན་དང་ཡེ་ཤེས་མཆོག་སྩོལ་ལྷ། ཞབས་སོར་ཀུན་ལ་ཤེས་པར་བྱའོ།
།ཨོཾ་བི་མ་ལཱ་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡས་༼མཛུབ་མོ་༽ཁྲོ་རྒྱལ་དྲི་མ་མེད་པའི་ས། སེར་པོ་ཞལ་གཅིག་ཕྱག་གཡས་བུམ་པ༴ ཚུལ་ཉེས་སྐྱོན་དག་པའི༴ དུར་ཁྲོད༴
ཨོཾ་པྲ་བྷཱ་ཀ་རཱི་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡས་༼གུང་མོ་༽ཁྲོ་རྒྱལ་འོད་བྱེད་པའི་ས། མཐིང་ནག་ཞལ་གཅིག་ཕྱག་གཡས་འཁོར་ལོ༴ ཐོས་འཛིན་གཟུང་ལ་གནས་པའི། དུར་ཁྲོད༴
ཨོཾ་ཨར་ཙི་ཥྨ་ཏཱི་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡས་སྲིན་མཛུབ་ཁྲོ་རྒྱལ་འོད་འཕྲོ་བ་ཡི་ས། དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཉི་མ། ཕན་བདེ་ཡེ་ཤེས་འཕྲོ་འདུའི་འོད་ཟེར༴ དུར་ཁྲོད༴
ཨོཾ་སུ་དུར་ཛ་ཡཱ་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡས་མཐེའུ་ཆུང་ཁྲོ་རྒྱལ་སྦྱངས་དཀའི་ས། ལྗང་གུ་ཞལ་གཅིག་ཕྱག་གཡས་རལ་གྲི༴ ཉོན་མོངས་དུག་འཇོམས་པའི༴ དུར་ཁྲོད༴
ཨོཾ་ཨ་བྷི་མུ་ཁཱི་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡོན་༼མཐེ་བོང་༽ཁྲོ་རྒྱལ་མངོན་དུ་གྱུར་པའི་ས། དཀར་པོ་ཞལ་གཅིག་ཕྱག་གཡས་ཟླ་བ༴ མཚན་མེད་ཡིད་བྱེད་མངོན་གྱུར༴ དུར་ཁྲོད༴
ཨོཾ་དུ་རཾ་ག་མ་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡོན་མཛུབ་མོ་ཁྲོ་རྒྱལ་རིང་དུ་སོང་བའི་ས། སེར་པོ་ཞལ་ཅིག་ཕྱག་གཡས་ཁྱུང་དང་༴ དམན་པ་ཀུན་ལས་རིང་སོང་༴ དུར་ཁྲོད༴
ཨོཾ་ཨ་ཙཱ་ལ་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡོན་གུང་མོ་ཁྲོ་རྒྱལ་མི་གཡོ་བའི་ས། མཐིང་ནག་ཞལ་གཅིག་ཕྱག་གཡས་རྡོ་རྗེ་ཐོད་ཁྲག༴ ཆོས་ལ་དབང་ཐོབ་ཐོགས་མེ༴ དུར་ཁྲོད༴
ཨོཾ་སཱ་དྷུ་མ་ཏཱི་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡོན་སྲིན་མཛུབ་ཁྲོ་རྒྱལ་ལེགས་པའི་བློ་གྲོས་ས། དམར་པོ་ཞལ་གཅིག་ཕྱག་གཡས་ནོར་བུ༴ སྤྲོས་མེད་དབང་ཐོབ་བདེ་ཆེན༴ དུར་ཁྲོད༴
ཨོཾ་དྷརྨ་མེ་གྷཱ་བྷུ་མི་ཧཱུྃ་ཕཊ་སྭཱ་ཧཱ། ཞབས་གཡོན་མཐེ་ཆུང་ཁྲོ་རྒྱལ་ཆོས་ཀྱི་སྤྲིན་ཆེན་ས། ལྗང་གུ་ཞལ་ཅིག་ཕྱག་གཡས་ནེ་ལེ༴ དབྱིངས་དང་རིག་པ་དབྱེར་མེད༴ དུར་ཁྲོད༴

༒ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བྷིག་ནན་བི་ན་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་རཏྣ་ཌཱ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། ལྟེ་བ་སྤྲུལ་པ་འཁོར་ལོའི་དབུས་སྐྱོངས་ཧཱུྃ་བཾ་སེར། འཕྲོ་འདུའི་འོད་ཅན་རིན་ཆེན་མཁའ་འགྲོ་ནི། གསེར་མདོག་རབ་བརྗིད་ཁྲོས་པའི་ཞལ་གཅིག་སྤྱན་གསུམ་པ། ཕྱག་དྲུག་ཕྲེང་བཅས་ནོར་བུ་གྲི་གུག་ཅང་ཏེ་གཡས། ཐོད་ཁྲག་རྩེ་གསུམ་ཞགས་གཡོན་གར་དགུའི་ཉམས་ལྡན་པས། དུར་ཁྲོད༴
རང་འོད་ཡུམ་ཆེན་ནོར་རྒྱུན་ལྷ་མོ་སྐུ་མདོག་སེར། ཁྲོས་རྔམས་ཞལ་གཅིག་ཕྱག་གཡས་གྲི་གུག་འཕྱར། གཡོན་པས་ཐོད་ཁྲག་ཞབས་གཉིས་གར་ཐབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་ཀརྨ་མ་ཧཱ་ཀཱ་ལ་སིདྡྷི་ཡང་དུ་ཛ་ཛ་ཧཱུྃ་ཕཊ། ཤར་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་དཔའ་བོ་གཡུལ་བསད་རྒྱུ་རློན་རྒྱན་ལྡན་པའི། ཤེལ་གྲི་ཕུབ་འཛིན་གར་ཞབས་དཔེ་དཀར་ལུས་སྲོག་བརྗི། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལ་རཀྴ་དྷུ་བེ་ཎི་ཛཿ ཤྲི་མ་ཧཱ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ལྷོ་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ། ཡོངས་གྱུར་ཞལ་གཅིག་མཐིང་ནག་བེར་གོན་གསེར་སྐེད་བཅིངས། ཕྱིག་གཉིས་བེ་ཅོན་ལྕགས་པར་འཛིན་དང་པག་་ལྷྭཻ་ཅན། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བྱང་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ། ཡོངས་གྱུར་ཞལ་གཅིག་ཁྲག་རྒྱུན་འཛག་པའི་ནག་པོ་ཆེ། གྲི་གུག་ཐོད་འཛིན་ཞབས་རྡབས་གྲོའི་ལུས་ལ་ཉེད། དུར་ཁྲོད༴
ཨོཾ་རུ་རུ་བྷེ་ཏིསྠ་བ་དོ་སི། ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛཿ ནུབ་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ། ཡོངས་གྱུར་ཤན་ནག་རལ་གྲི་ཐོད་ཁྲག་ནེའུལེ་འཛིན། ཁྲོས་རྔམས་ཞལ་བུ་དུག་སྦྲལ་སེང་གེའི་རྒྱན་ཆས་བརྒྱན། སྤྱི་གཙུག་ཟླ་རྒྱས་ལྟེ་བར་ཉི་མའི་དཀྱིལ་འཁོར་ཅན། དྲེལ་རྟ་ཞིང་ལྤགས་སྔ་རུ་སྲིན་པོའི་ཡ་འགལ་དང་། ཕྱི་རུ་མ་འགལ་ལ་བྱས་་་་་་་མའི་སྲབ་མཐུར་ཅན། གོང་སྨེད་སྦྲུལ་ལྡན་མྱུར་མགྱོགས་ཆིབས་ནས་ལས་མཛད་མ། དུར་ཁྲོད༴
ས་མ་ཡ་རུ་ལི་རཾ་ཀྲ་སི་ཧེ་རཀྵ་བྷྱོ་རཀྵ་ཧཱུྃ་རཀྵ་དུ་རཀྵ་མ་རཀྵ་སི་བྷྱོཿ གཏན་འབང་ཆུ་སྲིན་གདོང་ཅན་སྔོ་སྐྱ་ཞལ་གཅིག་མ། ཕྱག་གཡས་གྲི་གུག་གཡོན་པ་མཐུར་ཞགས་ཐོད་ཁྲག་འཛིན། དྲག་མོ་དཔའ་མོ་གཡུལ་བསད་རྒྱུ་རློན་རྒྱན་ལྡན་མ། དུར་ཁྲོད༴
མ་ཧཱུྃ་ཧཱུྃ་ཧཱུྃ་མ་མ་མ་མ། མ་མ་མ་མ། མ་མ་མ་མ། རུ་ལུ་རུ་ལུ་རུ་ལུ་རུ་ལུ། རུ་ལུ་རུ་ལུ་རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ མ་ཧཱུྃ་དུ་བྷྱོ་ཡོངས་གྱུར་བཀའ་ཉན་མ་མོ་རྣམས། སྐུ་མདོག་དཀར་སེར་དམར་ལྗང་ཁྲོས་རྔམ་ཞལ་རེ་བ། མཆེ་བ་གཙིགས་ཤིང་དྲག་པོའི་སྤྱན་གསུམ་ཀུན་ལྡན་མ། འཁོར་ལོ་ནོར་བུ་པདྨ་རྡོ་རྗེ་མཚན་པ་ཡི། ཕྱག་གཡས་རལ་གྲིའམ་ལྕགས་ཀྱུ་གཡོན་པ་ཐོད་ཁྲག་འཛིན། དུར་ཁྲོད༴

༒ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་བཛྲ་ཌཱ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སྐྱོངས་ཧཱུྃ་ཨ་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་རྡོ་རྗེ་མཁའ་འགྲོ་ནི། སྐུ་མདོག་མཐིང་ནག་ཁྲོས་པའི་ཞལ་གཅིག་སྤྱན་གསུམ་པ། རབ་བརྗིད་ཕྱག་དྲུག་གྲི་གུག་ཅང་ཏེ་ཐོད་ཕྲེང་གཡས། ཐོད་ཁྲག་རྩེ་གསུམ་ཞག་གཡོན་གར་དགུའི་ཉམས་ལྡན་པས། དུར་ཁྲོད༴
རང་འོད་ཡུམ་ཆེན་རལ་གཅིག་ཁྲོ་མོ་སྐུ་མདོག་ནག། རྔམ་པའི་ཞལ་གཅིག་ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར། གཡོན་པས་ཐོད་ཁྲག་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལི་ནི་ཛ་ལི་ཧཱུྃ་ཧཱུྃ་ཕཊ། ཤར་རྩིབས་པད་སྟེང་ཛ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཛ་ལི་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་ཐོད་འཛིན་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལི་ནི་ཀྵེ་ཏྲ་པ་ལ་ཧཱུྃ་ཧཱུྃ་ཕཊ། ལྷོ་རྩིབས་པད་སྟེང་ཀྵེ་སྔོན་འཕྲོ། ཀྵེ་ཏྲ་པ་ལི་སྔོ་སྐྱ་ཞལ་གཅིག་མ། ཕྱག་གཉིས་རྩེ་གསུམ་སྡིགས་མཛུབ་གར། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལ་ནི་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་རྩིབས་པད་སྟེང་མ་དམར་འཕྲོ། མ་ཧཱ་ཀཱ་ལི་དམར་ནག་ཞལ། ཕྱག་གཉིས་གྲི་གུག་ཐོད་ཁྲག་གར་སྟབས། དུར་ཁྲོད༴
ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྷྲྀ་ཧྣ་གྷྲྀ་ཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཎ་པ་ཡ་གྲྀ་ཎ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝན་བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཎི་དྷ་རི་བཛྲི་ནི་མ་ཧཱ་པྲ་ཏི་པ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔུང་ཚོགས་གཡས་སྐྱོངས་ཧཱུྃ་སྔོན་འཕྲོ། གནོད་མཛེས་སྔོན་པོ་གཡས་དཀར་གཡོན་དམར་ཞིང། རྒྱབ་ལྗང་ཕྱག་དྲུག་རྡོ་རྗེ་གྲི་གུག་ལྕགས་ཀྱུ་གཡས། གཡོན་གསུམ་ཐོད་ཁྲག་བེ་ཅོན་བདུད་རྩི་བུམ་འཛིན། དུར་ཁྲོད༴
ཡུམ་ཆེན་སོ་སོར་འབྲང་མ་དམར་ནག༴
ཨོཾ་ཨཱཿཧཱུྃ་ཨརྩིག་ནེར་ཙིག་ན་མོ་བྷ་ག་ཝ་ཏི་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་པརྞ་ཤཱ་ཝ་རི་ཧཱུྃ་ཕཊ་སྭཱ་ཧཱ། དཔུང་ཚིག་གཡོན་སྐྱོངས་ཧཱུྃ་སྔོན༴ ཁྲག་འཐུང་༴ སྔོན་པོ་གཡས་དཀར་རྒྱབ་དམར་ཞིང་། གཡོན་ལྗང་ཕྱག་དྲུག་རྡོ་རྗེ་རྩེ་གསུམ་རལ་གྲི་དང་། གཡོན་གསུམ་ཐོད་ཁྲག་འཁོར་ལོ་ལྕགས་སྡིག་མགེ་དགུ་འཛིན། དུར་ཁྲོད༴
ཡུམ་ཆེན་རི་ཁྲོད་ལོ་མ་དམར་ནག༴
ཨོཾ་བཛྲ་ཀྲོ་ཏ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་ད་ན་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། གྲུ་ཚིག་གཡས་སྐྱོངས་ཧཱུྃ་དམར་ཧཱུྃ་དཀར། དམར་པོ་གཡས་དཀར་གཡོན་ནག་ཅིང་། རྡོ་རྗེ་མདའ་དང་ཐོ་བ་གཡས། ཐོད་ཁྲག་གཞུ་དང་གཅོད་བྱེད་སྤུ་གྲི་འཛིན། དུར་ཁྲོད༴
སྦྱིན་པའི་ཕར་ཕྱིན་སྔོ་སྐྱ༴
ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧཱུྃ་ཧཱུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་ཤཱི་ལ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། གྲུ་ཚིག་གཡོན་སྐྱོངས་ཧཱུྃ་དམར༴ རྟ་མགྲིན་དམར་པོ་གཡས་དཀར་གཡོན་མཐིང་ནག །རྡོ་རྗེ་བེ་ཅོན་རལ་གྲི་དང་། ཐོད་ཁྲག་མཁའ་ལྡིང་རྡོ་རྗེ་གསེར་ཞགས་འཛིན། དུར་ཁྲོད༴
ཚུལ་ཁྲིམས་ཕར་ཕྱིན་སྔོ་སྐྱ༴
ཨོཾ་བཛྲ་ཀྲོ་དྷ་ནི་ལ་ཏན་ཏྲ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་ཀྵན་ཏི་པ་ར་མི་ཏཱ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ལག་ཚིག་གཡས་སྐྱོང་ཧཱུྃ་དཀར། དབྱུག་སྔོན༴ དཀར་པོ་གཡས་སེར་གཡོན་དམར་ཞིང་། རྡོ་རྗེ་ཞིང་དབྱུག་དགྲ་སྟྭ་དང་། ཐོད་ཁྲག་ནོར་བུ་མེ་དབལ་འཁོར་ལོ་འཛིན། དུར་ཁྲོད༴
བཟོད་པའི་ཕར་ཕྱིན་སེར་ལྗང་༴
ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ། ཚིན་རྡ་ཚིན་རྡ་ཧཱུྃ་ཕཊ། ཨོཾ་བི་རྱ་པ་ར་མི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ལག་ཚིག་གཨོན་སྐྱོང་ཧཱུྃ་དཀར། རྣམ་རྒྱལ། དཀར་པོ་གཡས་ནག་གཡོན་སྔོ་ཞིང་། རྡོ་རྗེ་རྩེ་གསུམ་ནོར་བུ་དང་། ཐོད་ཁྲག་དགྲ་་་་་་དུང་ཆེན་ཕྲེང་བ་འཛིན། དུར་ཁྲོད༴
བརྩོན་འགྲུས་ཕར་ཕྱིན་སེར་ལྗང་༴
ཨོཾ་ཀརྨ་མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛ་ཛ་ཧཱུྃ་ཧཱུྃ་ཕཊ། ཕྱག་གཡས་སྦྱིན་པ་འཁོར་ལོའི་དབུས་སྐྱོངས་ཧཱུྃ་ཡིག་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་གསང་མགོན་ལས་དྲུག་བདག །སྐུ་མདོག་མཐིང་ནག་སྦོམ་རགས་བརྗིད་ལྡན་གསུས་པ་ཆེ། ཁྲོས་པའི་ཞལ་གཅིག་ཕྱག་དྲུག་གྲི་གུག་ཐོད་ཕྲེང་དང་། ཅང་ཏེའུ་གཡས་འཛིན་ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན། དུར་ཁྲོད༴
ཨོཾ་མ་ཧཱ་དྷེ་ཝི་རེ་མ་ཏི་ཧཱུྃ་བྷྱོ་ དགྲ་བོའི་སྙིང་སྲོག་རྦད་རྦད། ཤར་རྩིབས་པད་སྟེང་ཛ་ནག་འཕྲོ། ཡོངས་གྱུར་ཡུམ་ཆེན་ནག་མོ་ཞལ་གཅིག་རེ་མ་ཏི། ཕྱག་གཡས་སྤུ་གྲི་གཡོན་པ་བྷནྡྷ་ལྕགས་ལོ་འཛིན། དུར་ཁྲོད༴
ཨོཾ་མ་ཧཱ་དྷེ་ཝི་རེ་མ་ཛ་ཧཱུྃ་བྷྱོཿ དགྲ་བོའི་སྙིང་སྲོག་རྦད་རྦད། ལྷོ་རྩིབས་པད་སྟེང་ཛ་སེར་འཕྲོ། ཡོངས་གྱུར་ཡུམ་ཆེན་སེར་མོ་ཞལ་གཅིག་རེ་མ་ཛཿ ཕྱག་གཡས་གསེར་ཟོར་གཡོན་པ་རྒྱུ་རློན་ཞགས་པ་འཛིན། དུར་ཁྲོད༴
ཨོཾ་མ་ཧཱ་དྷེ་ཝི་རེ་མ་ཏ་ཧཱུྃ་བྷྱོཿ དགྲ་བོའི་སྙིང་སྲོག་རྦད་རྦད། ནུབ་རྩིབ་པད་སྟེང་ཛ་དམར༴ དམར་མོ་ཞལ་གཅིག་རེ་མ་ཏ། ཕྱག་གཡས་ལྕག་ཀྱུ་གཡོན་པ་དུག་སྦྲུལ་ཞགས་པ་འཛིན། དུར་ཁྲོད༴
ཨོཾ་མ་ཧཱ་དྷེ་ཝི་རེ་མ་ཛུ་ཧཱུྃ་བྷྱོཿ དགྲ་བོའི་སྙིང་སྲོག་རྦད་རྦད། བྱང་རྩིབས་པད་སྟེང་ཛ་ལྗང་༴ ལྗང་ནག་ཞལ་གཅིག་རེ་མ་ཛུ། ཕྱག་གཡས་ཁྲམ་ཤིང་གཡོན་པས་ཐོད་རློན་བྷན་དྷ་འཛིན། དུར་ཁྲོད༴

ཨོཾ་ཤྲི་མ་ཧ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་ཧཱུྃ་ཕཊ། ཏྲི་ཡཾ་རུ་ཏྲ་ཧཱུྃ་བྷྱོཿ སྡང་དགྲ་གནོད་བྱེད་རྣམས་ཀྱི་སྙིང་སྲོག་རྦད་རྦད། ཕྱག་གཡས་ཚུལ་ཁྲིམས་འཁོར་ལོའི་དབུས་སྐྱོངས་རུ་ཏྲའི་སྟེང་། ཧཱུྃ་ནག་འཕྲོ་འདུའི་འོད་ཅན་མ་ནིང་ནག །ཞལ་གཅིག་ཕྱག་གཡས་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། དབུ་སྐུ་དུག་སྦྲུལ་མཆེ་གཙིགས་རལ་པས་ས་གཞི་ཁྱབ། བེར་ནག་གོས་གོན་གསེར་སྐེད་སྐེད་བཅིངས་བེ་ཅོན་བཙུགས། གཉིས་མེད་ལྷ་མོ་དཔལ་འབར་དམར་མོ་ཞལ་གཅིག་མ། ཕྱག་གཡས་ཤེལ་གྱི་རལ་གྲི་གཡོན་པས་ཐོད་ཁྲག་འཛིན། དུར་ཁྲོད༴
ཨོཾ་སྲུཾ་སྲུཾ་རུ་ལུ་བྷོཿཀྵིཾ་ཡ་མ་དན་ཏི་ཧཱུྃ་ཕཊ། ཤར་རྩིབས་པད་སྟེང་བྷྱོ་ནག་འཕྲོ། ཡོངས་གྱུར་དུས་མཚན་གཤིན་རྗེ་ནག་མོ་བྱ་རོག་གདོང་། འཇིགས་པའི་གཟུགས་ཅན་ཁྲོས་ཤིང་དྲག་རྔམས་འོད་འབར་མ། ཕྱག་གཡས་གྲི་གུག་ནད་རྐྱལ་གཡོན་འཛིན་སྡིགས་མཛུབ་ཅན། བསྒྲུབ་བྱ་ལ་ཞོན་གཅེར་བུ་སྐྲ་གྲོལ་སེན་མོ་རིགས། ལས་བྱེད་གཤིན་རྗེ་མ་རུ་རྩེ་རྔམ་སྐུ་མདོག་དམར། ཕྱག་གཡས་ལྕགས་ཀྱུས་འགུགས་ཤིང་གཡོན་འཛིན་སྤུ་གྲིས་སྒྲོལ། དུར་ཁྲོད༴
ཨོཾ་སྲུཾ་སྲུཾ་རུ་ལུ་བྷོཿབཛྲ་རཏྣ་ཙི་ཏ་ཡེ་ཧཱུྃ་ཕཊ། ལྷོ་རྩིབས་པད་སྟེང་བྷྱོ་དམར་འཕྲོ། ཡོངས་གྱུར་དུས་མཚན་གནོད་སྦྱིན་དམར་མོ་ལྕགས་སྤྱང་ཞོན། གཅེར་བུ་སྐྲ་གྲོལ་པོ་དང་སེན་རིགས་འོད་འབར་མ། ཕྱག་གཡས་ཞགས་པ་མཚན་དྲུག་གཡོན་འཛིན་སྡིགས་མཛུབ་ཅན། བཀའ་ཉན་གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ་ནི། སྐུ་མདོག་ནག་པོ་སྐྲ་བརྗེས་སྤྱིར་བཅིངས་འཇིགས་པའི་གཟུགས། གཅེར་བུ་ཕྱག་གཡས་རྩེ་གསུམ་གཡོན་པ་སྡིགས་མཛུབ་ཅན། དུར་ཁྲོད༴
ཨོཾ་སྲུཾ་སྲུཾ་རུ་ལུ་བྷོཿམ་ཧཱ་ཀཱ་ལ་རེ་ཥ་ན་ཧཱུྃ་ཕཊ། ནུབ་རྩིབས་པད་སྟེང་བྷྱོ་སྨུག་འཕྲོ། ཡོངས་གྱུར་དུས་མཚན་སྲིན་མོ་གཅེར་བུ་སྐྲ་གྲོལ་མ། བོང་ཞོན་སྨུག་མོ་ཕྱག་གཡས་སྟ་གྲི་སྡིགས་མཛུབ་གཡོན། བཀའ་ཉན་སྐུ་མདོག་དུད་སྤྲིན་ལྟ་བུའི་ལེགས་ལྡན་མགོན། གཅེར་བུ་སྐྲ་བཅིངས་ཕྱག་གཡས་རལ་གྲི་སྡིགས་མཛུབ་གཡོན། དུར་ཁྲོད༴
ཨོཾ་སྲུཾ་སྲུཾ་རུ་ལུ་བྷོཿབཛྲ་པ་ནི་ཡཀྵ་ནི་ལམ་བྷ་ར་ཧཱུྃ་ཕཊ། བྱང་རྩིབས་པད་སྟེང་བྷྱོ་ལྗང་༴ ཡོངས་གྱུར་དུས་མཚན་མ་མ་མོ་ལྗང་ནག་ཁྲོ་ཞིང་གཡས་སྡིགས་མཛུབ་སྐྲ་གྲོལ་གཅེར་བུ་དྲེལ་རྟ་རྐང་གསུམ་བཅིབ། བཀའ་ཉན་གོས་སྔོན་རལ་པ་སྤྱིར་བཅིངས་གཅེར་བུ་་་་་། ཕྱག་གཡས་རྡོ་རྗེ་མེ་འབར་འཕྱར་ཞིང་སྡིགས་མཛུབ་གཡོན། དུར་ཁྲོད༴

ཨོཾ་མ་ཧཱ་ཀཱ་ལ་ཁྲ་དྲག་རཀ་མོ་ཛ་ལི་རཀ་ཤ་ར་ཧཱུྃ་ཨ་ལ་ལ་ཧཱུྃ་ཛ་ཛ་དུ་དུ་ཛ་ཛཿ ཕྱག་གཡས་བཟོད་པ་འཁོར་ལོའི་དབུས་སྐྱོངས་ཧཱུྃ་ཡིག་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་མ་ཧཱ་ཀཱ་ལ་ཆེ། ཞལ་གཅིག་ཕྱག་བཞི་གཡས་གཉིས་གྲི་གུག་རལ་གྲི་བསྣམས། ཐོད་ཁྲག་རྩེ་གསུམ་གཡོན་འཛིན་མཐིང་ནག་བརྗིད་པའི་སྐུ། ཡུམ་ཆེན་ཙན་ཏི་ནག་མོ་གྲི་གུག་ཐོད་ཁྲག་འཛིན། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལ་གྷུ་ན་ཧྲི་ཏ་ཧཱུྃ་ཕཊ། བཀའ་ཉན་ལས་མཛད་ཞལ་གཅིག་ཕྱག་གཉིས་འཇིགས་པའི་པའི་གཟུགས། གྲི་གུག་ཐོད་འཛིན་དྲག་རྔམས་བྱ་རོག་གདོང་ཅན་བདུན། ཕྱོགས་བཅུར་ཁྱབ་པའི་ཁྲོ་ཚོགས་ཕྱག་མཚན་ཕོ་ཉར་འགྱེད། དུར་ཁྲོད༴

ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཕྱག་གཡོན་བརྩོན་འགྲུས་འཁོར་ལོའི་དབུས་སྐྱོང་ཧཱུྃ་ཡིག་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་དཔལ་ལྡན་གུར་བདག་མགོན། མ་ཧཱ་ཀཱ་ལ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། ཞབས་གཉིས་གྱེལ་སྟབས་དགྲ་བགེགས་བདུད་སྡེའི་ཁྲིར་བཞུགས་ཤིང་། སྲིད་གསུམ་ཁྱབ་པར་གྷནྡྷེའི་སྒྲ་འབྱིན་ཆོས་འཁོར་སྐྱོངས། དུར་ཁྲོད༴
ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སི་ང་རམ་ཧཱུྃ། ཤར་རྩིབས་གནས་སྐྱོང་རྔམས་དྲག་སེང་ཆེན་རྒྱས་སྤྲས་སྟེང་། ཧཱུྃ་ནག་འཕྲོ་འདུའི་འོད་ཅང་ཡོངས་གྱུར་སྐུ་མདོག་མཐིང་། ཁྲོས་རྔམས་ཞལ་གཅིག་ཕྱག་གཉིས་ནོར་བུ་ཐོད་ཁྲག་འཛིན། དུར་ཁྲོད༴
ཤུ་ཤཱུ་རཀྴ་ཚལ་པ་ཀྲོ་ཏི་ཀྲོ་ལ་ཤ་ར་ཧུ་ལ་ར་ཙ་ཏི་ཙི་ཏ། ལྷོ་རྩིབ་གནས་སྐྱོངས་ཧཱུྃ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་གཟའ་མགོན་ཁྱབ་འཇུག་ནག་པོ་སྦྲུལ་ཞབས་འཁྱིལ། སྐུ་སྟོད་ལྷ་ལུས་ཞལ་གཅིག་ཕྱག་གཉིས་མདའ་དང་གཞུ། སྐུ་ལ་ཐིག་ལེ་སྟོང་པ་ཡི་གེ་མྱིག་བརྒྱ་རྫོགས། དྲག་སྔགས་གནམ་ལྕགས་ཐོག་སེར་འཕྲོ་ཞིང་དགྲ་བགེགས་སྒྲོལ། དུར་ཁྲོད༴
ཨོཾ་མ་མ་སརྦ་བྱུ་ར་རྦད་ཀྵ་ཛ་ར་མ་ཏྲི་འུར་ས་འུར་ས་ས་མ་ཏྲི་ར་ཙ་ཧཱུྃ་ཧཱུྃ་ཕཊ། ནུབ་རྩིབས་གནས་སྐྱོངས་བྷྱོ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་མཐིང་ནག་ཞལ་གཅིག་ཕྱག་བཞི་དཔལ་ལྡན་མ། རལ་གྲི་གྲི་གུག་རྒྱལ་མཚན་ཐོད་འཛིན་དྲེའུ་ཆིབས། དུར་ཁྲོད༴
ཨ་བྷི་ཤུ་ར་ཙ་ཏྲི་ལིཾ། བྱང་རྩིབས་གནས་སྐྱོངས་ཧཱུྃ་དམར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཙན་མགོན་གཡུལ་ལས་སྐུ་མདོག་དམར། ཕྱག་གཡས་མདུང་དམར་གཡོན་པ་རལ་གྲིའི་འཁོར་ལོ་འཛིན། དུར་ཁྲོད༴

ཨོཾ་མ་ཧཱ་ཀཱ་ལ་བཛྲ་ཏྲ་ཡཾ་ཛ་ཛ་གྷུ་ན་ཏྲེ་ཛ། ཏྲཀ་ཤད་ཧྲི་ཏ་ཡ་ཛ། ཀྵེཾ་ཀྴ་ཡ་ཧཱུྃ་ཛ་ཧཱུྃ་ཛཿ ཕྱག་གཡོན་བསམ་གཏན་འཁོར་ལོའི་དབུས་སྐྱོང་འཇིགས་དྲག་རྔམས། སྣ་ཚོགས་རྒྱན་སྤྲས་སྟག་གི་གྲི་སྟེང་ཧཱུྃ་ཡིག་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་ངན་སྔགས་ཕྱག་དྲུག་མགོན། སྐུ་མདོག་རྩ་ཞལ་མཐིང་ནག་གཡས་དཀར་གཡོན་དམར་ཞིང་། ཕྱག་དྲུག་གཡས་གསུམ་གྲི་གུག་བེ་ཅོན་ལྕགས་ཀྱུ་དང་། གཡོན་གསུམ་ཐོད་ཁྲག་རལ་གྲི་རིན་ཆེན་གཏེར་བུམ་འཛིན། སག་ཏིའི་ལྷྭམ་དང་དར་ནག་བེར་གོན་གསེར་སྐེད་བཅིངས། དུར་ཁྲོད༴
རུ་རུ་རཀྨོ༴ ཤར་རྩིབས་གནས་སྐྱོང་བྷྱོ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་གསང་བའི་མ་མོ་མཐིང་ནག་ཞལ་གཅིག་མ། ནུ་མ་ཕྲག་གཟེད་སྐུ་སྨད་སྟག་གི་ཆ་ལུགས་ཅན། སྟོད་རྒྱན་ཐོད་ཕྲེང་ལྕགས་ཀྱུ་གཡས་འཛིན་ཕྱག་གཡོན་གྱིས། ལྕགས་ཀྱི་སྤྱང་མོ་ཁྲག་གི་སྡེར་ཅན་ལས་ལ་འགྱེད། དུར་ཁྲོད༴
གནས་སྐྱོངས་ནས་ཐོད་ཕྲེང་བ་སྔ་མ་བཞིན་ནོ།
།རུ་རུ་རཀྨོ༴ ལྷོ་རྩིབས༴ རྩེ་གསུམ་གཡས་འཛིན་ཕྱག་གཡོན་གྱིས། ཟངས་ཀྱི་ཝ་མོ་ཁྲག་སྡེར་ཅན་ལས་ལ་འགྱེད། དུར་ཁྲོད༴
རུ་རུ་རཀྨོ༴ ནུབ་རྩིབས༴ སྤུ་གྲི་གཡས་འཛིན་ཕྱག་གཡོན་གྱིས། དུང་གི་ཁྱི་མོ་ཁྲག་གི་སྡེར་ཅན་ལས་ལ་འགྱེད། དུར་ཁྲོད༴
རུ་རུ་ཤར༴ དུ་ན་ཤག །ཙ་ཐུན་རཀ་ཐུན། བྱང་རྩིབས༴ ཡོངས་གྱུར་འཇིག་རྟེན་ཚེ་སྲོག་དབང་སྡུད་དམར་ནག་མ། ཞལ་གཅིག་ཕྱག་གཉིས་གསོད་པའི་མཚོན་ཆ་སྣ་ཚོགས་བསྣམས། གཙོ་མཐུན་བཀའ་ཉན་གདུག་མ་བདུད་འཁོར་བཅས་རྣམས། དུར་ཁྲོད༴

ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཏྲི་ཡཾ་བྷྱོ་ན་ཚལ་པ་ཏྲི་ཡ་མ་ཛ་ཛ་རུ་དུ་ཙ་པ་ལ་ཨ་ཤུག་མེ་བྷྱོཿ ཕྱག་གཡོན་ཤེས་རབ་འཁོར་ལོའི་དབུས་སྐྱོང་མགྱོགས་རྩལ་ཅན། དྲིལ་ནག་རྟིང་དཀར་རྒྱན་སྤྲས་སྟེང་དུ་ཧཱུྃ་ཡིག་མཐིང་། འཕྲོ་འདུའི་འོད་ཅན་ཡོངས་གྱུར་འབྲེང་ཞལ་ནག་པོ་ནི། ཞལ་གཅིག་ཕྱག་གཉིས་བེ་ཅོན་གྲི་གུག་ཁྲག་འཛག་འཛིན། མི་མགོ་སྟོང་གི་ཆགས་སྟབས་གོས་གསེར་སྐེད་བཅིངས། དུར་ཁྲོད༴
ཨོཾ་ཙ་ར་མ༴ སྙིང་ཁ་རཀ༴ ར་ཏྲི་བཛྲ་དུན་བྷྱོཿ ཤར་རྩིབས་གནས་སྐྱོངས་མ་ནག །ཀུན་ཏུ་བཟང་མོ་མཐིང་ནག་གཡུ་རལ་མ། ཞལ་གཅིག་ཕྱག་གཡས་སྣང་སྲིད་གསལ་བའི་མེ་ལོང་དང་། སྲིད་པའི་འཁོར་ལོ་གཡོན་འཛིན་རྨྱའི་གོས་ཅན་མ། གསེར་སྐད་གཡུའི་ཁྲ་བཅིངས་གསེར་གཡུའི་གདན་ལ་བཞུགས། དུར་ཁྲོད༴
ཨོཾ་བཛྲ་རཀ་མོ་ཡཀ་མོ་དེ་ཀིཾ་ཛ་ཛཿ ལྷོ་རྩིབས་གནས་སྐྱོང་རུ་སྨུག༴ ནམ་གྲུ་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པ་རལ་གྲི་གཡོན་པ་ཐོད་རློན་ཁྲག་བ་་་་མ་ཡ་དུན་བྷྱོཿཀང་འཛིན། དུར་ཁྲོད༴
ཧི་ཧི་མ་མ་ཐུན་བྷྱོཿ ཏྲཀ་རཀྴ་དགྲ་བོ་ལ་བྷྱོཿ རཀྨོ་ཡཀྨོ་དགྲ་བོ་ཆཻག་མཱ་ར་ཡ་སོད། ནུབ་རྩིབས་གནས་སྐྱོང་རྟག་དམར༴ ཀློག་འགྱུ་དམར་མོ་ཞལ་གདངས་ལྗང་འདྲིལ་མ། ཕྱག་གཡས་ཟངས་གྲི་དམར་པོས་དགྲ་བོའི་སྲོག་གཅོད་ཅིང་། གཡོན་གྱི་ནད་རྐྱལ་ཁ་ཕྱེ་དགྲ་རྣམས་མྱོས་བྱེད་མ། ཁྲོས་ཤིང་རྔམས་པའི་མ་མོ་གྲངས་མེད་ལས་ལ་འགྱེད། དུར་ཁྲོད༴
ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་བུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ བྱང་རྩིབས་གནས་སྐྱོང་དྲག་ནག༴ དམོད་འདེབས་ཉི་མའི་གོས་ཅན་དཔལ་ལྷ་མོ། བཀའ་ཉན་ལས་མཛད་ཆུ་སྲིན་གདོང་ཁྲི་སྨན་མ། ཐམས་ཅད་ནག་མོ་ཞལ་གཅིག་ཕྱག་གཉིས་མདུང་དམར་གཡས་གཡོན་པ་ཐུན་སྣོད་ཐོག་ཅིང་དགྲ་ལ་ཟོར་འཕེན་མ། དུར་ཁྲོད༴
རུ་རུ་རཀ་མོ་དགྲ་བོའི་སྙིང་མཱ་ར་ཡ། རྩ་ཐང་རྩ་ཐང་། ཐང་མུ་ལེ་ཐང་མུ་ལེ། དགྲ་བོའི་སྲེག་རྦད་རྦད། མུཾ་སྣི་མུཾ་སྣི་ནན། རཀ་མོ་ནི་རཀྨོ་ནི་ཁ་ལོ་རྦད་རྦད། དུག་སྣི་དུག་སྣི་ཁ་ལོ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནིརྟི་ནིརྟི་སྙིང་ལ་མུཌ་མུཌ། ཐུཾ་ཐུཾ་སུབ་ཏི་རྦད་རྦད། ཁ་འདར་ཡེད་ཡེད་ཐུཾ་ཐུཾ་རྦད་རྦད། སེ་ཁ་ལོ་མུ་ཁ་ལོ་རྦད་རྦད། ཨེ་ར་ཙ་ར་ཨེ་ར་ཙ་ར༴ ད་ནི་དུན་རིང་དུ་ལ་ཡ་བཛྲ༴ དུ་རུ་ཙ་ལ་ནི་ཧ་ན་བཛྲ༴ དུ་མ་ར་ཡ་ཧ་བཛྲ་བྷྱོཿ ནཱ་ག་ར་ག་ཀྱི་མ་སྲོག་ཀྱི་མ་རྩ༴ མ་ར་ཏིག་མ་ར་ཏིག༴ ཙེ་ཙེ་ན་མ་ར་ཏིག་ཙེ་ཙེ་ན་མ་ར་ཏིག༴ ཅེས་པ་དམོད་སྔགས་སོ།
།རཀ་མོ་ནི་ཤ་ཀུ་རུ་ཐུམ་རིལ་རྦད༴ རཀྨོ་ཁ་ལ་ཙ་ཙ་དུན་བྷྱོ༴ ར་ཏ་ཐུམ་རྦད༴ ཁ་ལ་ཙ་ཙ་བྷྱོ་བྷྱོ༴ ཙ་ཏི་རྦད༴ སྙིང་ལ་དུན༴ རཀྨོ་ཁ་ལ་ཙ་ཙ་དུན་བྷྱོཿ༴ ་་་་མ་ཡ་དུན་བྷྱོ༴ འུར་ཀཾ་མེ༴ ཤ་ནམ་བྷྱོ༴ ཅེས་པ་རྦད་སྔགས་སོ།
།ཨོཾ་མ་མ་ཏྲིག་ནམ། རེ་མ་ཏི་ཙི་ཏ་པ་ལ། ཏྲག་རཀྴ་ཁ་མུ་ཏྲ། བཾ་རཀྴ་དུན་དུན་ཛཱ་ཏྲི་ཧཱུྃ་ཕཊ༴ མ་མ་ས་མ་ཡ་སྟྭཾ། ཏྲིཀ་ནན་ས་མ་ཡ་སྟྭཾ། ཛ་ཛ་རེ་མ་ཏི་ཛ༴ དབུགས་རྒྱུད་རྩ་ལ་ཛ༴ རྩ་རྒྱུད་སྙིང་ལ་བྷྱོ༴ རཀྨོ་ཧར་ཧུར་དུན་བྷྱོ། རཀ་མོ་ཐུན་བྷྱོ་བྷྱོ༴ ཅེས་པ་གཟིར་སྔགས་སོ།
།ཨོཾ་ཨཱ་ཡུར་བ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་གཡས་ཚེ་ལ་དབང་བསྒྱུར་ཁྲོ་རྒྱལ་དཀར། ཞལ་གཅིག་ཕྱག་གཡས་ཚེ་བུམ་གཡོན་པ་ཐོད་ཁྲག་འཛིན། འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་མཆོག་སྩོལ་ལྷ། དུར་ཁྲོད༴
ཕྱག་གཡས་་་་་ཕྱག་གཡོན། དབང་བསྒྱུར་ཁྲོ་རྒྱལ། ཞལ་ཅིག་ཕྱག་གཡས། གཡོན་པ་ཐོད་ཁྲག་འཛིན། མཆོག་སྩོལ་ལྷ་རྣམས་ཕྱག་མཛུབ་ཀུན་མ་ཤེས་པར་བྱའོ།
།ཨོཾ་ཏེ་ཛོ་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། མཛུབ་མོ་སེམས་ལ་སིར༴ མེ་ལོང་། གསལ་སྟོང་ཟུང་འཇུག་དབྱིངས་རིག་དབྱེར་མེད། དུར་ཁྲོད༴
ཨོཾ་ཛྙཱ་ན་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། གུ་མོ་ལས་ལ། མཐིང་། རྡོ་རྗེ། གནས་འགྱུས་དབྱེར་མེད་ཡེ་ཤེས་ལྔ་ལྡན། དུར་ཁྲོད༴
ཨོཾ་ཨུ་པ་པད་ཏི་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། མཐེ་ཆུང་ཆོས་ལ། ལྗང་། གྲི་གུག༴ །ཉོན་མོངས་འཁོར་བ་རྒྱུད་དྲུག་ཚར་གཅོད། དུར་ཁྲོད༴
ཨོཾ་རིང་དྷི་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། མཐེ་བོང་མོས་པ༴ དཀར། ནོར་བུ༴ སྣང་སྲིད་སྣོད་བཅུད་དག་པ་ཞིང་གི༴ དུར་ཁྲོད༴
ཨོཾ་སྲ་ནི་་་་ན་བ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། མཛུབ་མོ་སྨོན་ལམ། སེར་བེ་ཅོན། བདེན་ཚིག་མི་འགྱུར་འགྲོ་ལ་ཕན་བདེ། དུར་ཁྲོད༴
ཨོཾ་ཨ་དྷི་མུག་ཏི་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། གུང་མོ་རྫུ་འཕྲུལ། མཐིང་། ཁ་ཊྭཱཾ། ཆོས་རྣམས་སྒྱུ་མ་རྨི་ལམ་སྤྲུལ་བསྒྱུར། དུར་ཁྲོད༴
ཨོཾ་དྷརྨཱ་བ་ཤི་ཏཱ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། སྲིན་མཛུབ་ཡོ་བྱད། དམར། འཁོར་འདས་སྲིད་ཞི་མཉམ་ཉིད་ལྷན་སྐྱེས། དུར་ཁྲོད༴
ཨོཾ་ཀརྨ་བཱ་ཤི་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། མཐེའུ་ཆུང་ཡེ་ཤེས། ལྗང་། རལ་གྲི། རྒྱུན་མི་ཆད་པའི་ཕྲིས་ལྷུན་གྲུབ། དུར་ཁྲོད༴

༒ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་པད་མ་ཌཱ་ཀི་ནི་ཧཱུྃ་ཕཊ་སྭཱ་ཧཱ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སྐྱོང་ཧཱུྃ་ཨ་དམར། འཕྲོ་འདུའི་འོད་ཅན་ཡོངས་གྱུར་པདྨ་མཁའ་འགྲོ་ནི། སྐུ་མདོག་དམར་པོ་ཁྲོས་པའི་ཞལ་གཅིག་སྤྱན་གསུམ་པ། རབ་བརྗིད་ཕྱག་དྲུག་གྲི་གུག་ཅང་ཏེའུ་ལྕགས་ཀྱུ་གཡས། ཐོད་ཁྲག་རྩེ་གསུམ་ཞགས་གཡོན་གར་དགུའི་ཉམས་ལྡན་ཡབ། དུར་ཁྲོད༴
རང་འོད་ཡུམ་ཆེན་ཁྲོ་གཉེར་ལྷ་མོ་སྐུ་མདོག་དམར། ཁྲོས་རྔམས་ཞལ་གཅིག་ཕྱག་གཡས་པདྨ་གྲི་གུག་ཕྱར། གཡོན་པས་ཐོད་ཁྲག་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཕྱོགས་རྩིབས་པད་སྟེང་སྟོང་གསུམ་གཡོ་བྱེད་ཌཱ་ཀི་མ། ཞལ་གཅིག་ཕྱག་གཉིས་ཅང་ཏེ་ཐོད་འཛིན་བཅུ་གཉིས་ནི། སྐུ་མདོག་དམར་མོ་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་མ་ཧཱ་ཀཱ་ལ་གྷ་རུ་ཏྲ་སིཾ་ཧ་གྷ་ན་པ་ཏི་ཧཱུྃ་ཕཊ། ཨོཾ་བཛྲ་ར་ཏི་རུ་ན་ཧཱུྃ་ཕཊ་སྭཱ་ཧཱ། ལྟག་ཚིག་གནས་སྐྱོངས་ཧཱུྃ་ཨ་ནག་པོ་འོད་འབར་ལས། སྔགས་འབྲུ་ཕྱག་མཚན་ཁྲོ་ཚོགས་འཇིང་པའི་སྒྲ་སྒྲོགས་པ། གནམ་ལྕགས་ཐོག་ལྟར་དྲག་པོ་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་གང་འདུལ་དེར་སྟོན་སྲིད་མཐར་འགྲོ་དོན་མཛད། རིག་འཛིན་སྲུང་མོ་རྡོ་རྗེ་ཁྱུང་ནག་ཁྲོ་བོའི་རྒྱལ། མྱུར་མགྱོགས་རྫུ་འཕྲུལ་ཞགས་བཞི་གྱད་རོལ་གར་སྟབས་བཞེངས། སྐུ་མདོག་རྩ་ཞལ་ཁྱུང་གདོང་ནག་པོ་རྔམ་པ་ལ། སངས་རྒྱས་ལྔས་མཚན་ཡིད་བཞིན་ནོར་བུའི་ཐོད་བཅིངས་དང་། མཐིང་ནག་སྔགས་ཀྱི་ལྕགས་རུ་འབར་བའི་དབུ་རྒྱན་ཅན། གཡས་དཀར་སེང་གེའི་གདོང་ཅན་རབ་ཏུ་འགྱིང་བའི་ཞམ། གཡོན་དམར་གླང་ཆེན་གདོང་ལྡན་མཛེས་བརྗིད་བཞད་པ་སྟེ། གདོན་བགེགས་ཚར་གཅོད་ལྕགས་ཀྱུ་འབར་བའི་སྡེར་མོ་ཅན། ཕྱག་དྲུག་དང་པོ་གཉིས་ནི་གྲི་གུག་ཐོད་ཁྲག་འཛིན། གཡས་ཀྱི་བར་པ་འགུགས་བྱེད་ལྕགས་ཀྱུ་དང་། གཡོན་པ་གཅོད་བྱེད་རལ་གྲི་སྟོང་གི་འཁོར་ལོར་དང་། ཐ་མ་གཉིས་ཀྱིས་སྦྲུལ་གདུག་རིགས་ལྔ་ཞལ་དུ་གསོལ། མཐོང་ཐོས་དྲན་རེག་ཁ་རླངས་བསམ་སྦྱོར་དུག་རྣམས་འཇོམས། རྩ་སྔགས་ལས་གྲུབ་ཡུ་ཐུང་རྡོ་རྗེ་ཕུར་པ་སོགས། ཁྱུང་ཆེན་སྒྲོ་གཤོག་རལ་གྲིས་བལྟམས་པའི་རང་བཞིན་ཅན། དུར་ཁྲོད༴
ཡུམ་ཆེན་རྡོ་རྗེ་སྡེར་མོ་མཐིང་ནག་ཞལ་གཅིག་མ།

༒ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྲེ་ཏྲ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་བུདྡྷ་ཌཱ་ཀི་ནི་ཧཱུྃ་ཕཊ་སྭ་ཧཱ། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སྐྱོང་ཧཱུྃ་ཨ་དཀར། འཕྲོ་འདུའི་འོད་ཅན་ཡོངས་གྱུར་སངས་རྒྱས་མཁའ་འགྲོ་ནི། སྐུ་མདོག་དཀར་མོ་ཁྲོས་པའི་ཞལ་གཅིག་སྤྱན་གསུམ་པ། རབ་བརྗིད་ཕྱག་དྲུག་གྲི་གུག་ཅང་ཏེ་གཡས། ཐོད་ཁྲག་རྩེ་གསུམ་ཞགས་གཡོན་གར་དགུའི་ཉམས་ལྡན་ཡབ། དུར་ཁྲོད༴
རང་འོད་ཡུམ་ཆེན་སེང་གེའི་གདོང་ཅན་སྐུ་མདོག་དཀར། ཁྲོས་རྔམས་ཞལ་གཅིག་ཕྱག་གཡས་འཁོར་ལོ་གྲི་གུག་ཕྱར། གཡོན་པ་ཐོད་ཁྲག་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བྷིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤར་རྩིབས་པད་སྟེང་ཧཱུྃ་ནག་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་ཕྱག་དྲུག་གྲི་གུག་ཐོད་ཕྲེང་ཅང་ཏེ་གཡས། ཐོད་ཁྲག་རྩེ་གསུམ་ཞགས་པ་གཡོན་འཛིན་ནག་པོ་ཆེ། དུར་ཁྲོད༴
ཨོཾ་བཛྲ་ན་ར་ཀྵིཾ་ཀྵེ་ཏྲ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྷོ་རྩིབས་པད་སྟེང་ཧྲིཿདམར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་དམར་མོ་ཞལ་གཅིག་མ། ཕྱག་གཉིས་གྲི་ཐོད་ཞབས་གཉིས་གར་སྟབས་ཁ་ཊྭཱཾ་འཁྱུད། དུར་ཁྲོད༴
ཨོཾ་བཛྲ་རཀྵ་ས་མནྟ་ཧཱུྃ་ཕཊ་སྭཱ་ཧཱ། ནུབ་རྩིབས་པད་སྟེང་ཧྲི་དཀར་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་སྤྱན་རས་གཟིགས་དཀར་ཞལ་གཅིག་ཕྱག་གཉིས་གཡས། མཆོག་སྦྱིན་བདུད་རྩི་བུམ་འཛིན་གཡོན་པས་པད་མ་བསྣམས། རིན་ཆེན༴
ཨོཾ་ཏཱ་རེ་ཏུ་རེ་ཏུཏྟ་རེ་སྭཱ་ཧཱ། བྱང་རྩིབས་པད་སྟེང་ཏཾ་ལྗང་འཕྲོ་འདུའི་འོད་ཟེར་ཅན། ཡོངས་གྱུར་སྒྲོལ་མ་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་གཡས། སྐྱབས་སྦྱིན་གཡོན་པས་ཨུཏྤལ་རྩ་བ་ཐུགས་ཀར་འཛིན། རིན་ཆེན༴
ཨོཾ་ཨཱཿཧཱུྃ་གུ་རུ་བུདྡྷ་དྷརྨ་སཾ་གྷ་བཛྲ་མ་ཧཱ་ཀཱ་ལ་ཙཎ་ཌེ་ལོ་ཀི་ཤྭ་ར་ཀྵེཾ་ཀྵེ་ཏྲ་བིགྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བདེ་ཆེན་ཐབས་ཀྱི་ཡ་རྐན་འཁོར་ལོ་རྩིབས་བཞིའི་རྩ། དབུས་མཐིང་ཧཱུྃ་དང་ཤར་དཀར་ཨོཾ་ལྷོར་པ་ཡིག་སེར། ནུབ་དམར་ཨ་དང་བྱང་ལྗང་ཧས་མཚན་བྱང་ཆུབ་སེམས། འཕྲོ་འདུའི་འོད་ཟེར་ཕྲིས་ལྔ་ལྡན་ཏིང་ངེ་འཛིན། དབུས་མཐིང་མན་ཆད་འོག་མ་ལ་གཉིས་ལའང་ཤེས་པར་བྱའོ།
།ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། སྟོང་ཉིད་ཤེས་རབ་མ་རྐན་པདྨ་འདབ་བཞིའི་རྩ། དབུས་མཐིང་༴
ཨོཾ་ཨཱཿཧཱུྃ་གུ་རུ་བུདྡྷ་དྷརྨ་སཾ་གྷ་བཛྲ་མ་ཧཱ་ཀཱ་ལ་ཙཎྜེ་ལོ་ཀི་ཤྭ་ར་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། བདེ་སྟོང་དབྱེར་མེད་ལྗགས་དབང་སྣ་ཚོགས་རྡོ་རྗེའི་རྩ། དབུས༴
ཨོཾ་བཛྲ་ཨ་གྷུ་ཤ་ཛ་སྭཱ་ཧཱ། ཚངས་བུག་གཡས་སྐྱོངས་ཛ་དཀར། བྱམས་པ་ཚད་མེད་དཀར་མོ། ལྕགས་ཀྱུ་ཐོད་འཛིན། དུར་ཁྲོད༴
ཨོཾ་བཛྲ་པ་ཤ་ཧཱུྃ་སྭཱ་ཧཱ། ཚངས་བུག་གཡོན་སྐྱོངས་ཧཱུྃ་སེར། སྙིང་རྗེ་ཚད་མེད་སེར་མོ། ཞགས་པ་ཐོད། དུར་ཁྲོད༴
ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་ཀྱི་ཙིཏྟ་ལ་དུན་དུན་རྦད། རཀྨོ་ནག་མོ་དམ་ཉམས་ཀྱི་ཙིཏྟ་ལ་རྦད། ཁ་ལ་ཕུར་ཡམ་རྦད། དམ་ཉམས་ཀྱི་སྲོག་ལ་རཀྴ་རྦད། ཁྲོ་གཉེར་སྣ་སྲིད་དབང་བསྒྱུར་འཁོར་ལོའི་གནས་སྐྱོངས་པ། ཧཱུྃ་བྷྱོ་སྨུག་ནག་འཕྲོ་འདུའི་འོད་ཅན་ཡོངས་གྱུར་པའི། ཡཀྴ་མེ་དབལ་སྐུ་མདོག་དམར་ནག་རྒྱུ་སྐར་སྐྱོངས། ཁྲོས་རྔམས་ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དགྲ་ལ་གཟིར། ཕྱག་གཡས་གྲི་གུག་གཡོན་པ་ཐོད་འཛིན་དོམ་སྨྱོན་ཆིབས། དུར་ཁྲོད༴
ཡུམ་ཆེན་ལྷོཾ་མཐིང་ནག་ཞལ་གཅིག་སྤྱན་གསུམ་མཐིང་ནག་མ། ཕྱག་གཡས་མེ་ལོང་ཞགས་པ་གཡབ་བདོར་ཐོད་གྲག་གཡོན། དར་ནག་བེར་གསོལ་རྣལ་འབྱོར་ཕྲིས་མྱུར་སྒྲུབ་མ། དུར་ཁྲོད༴
ཨོཾ་ཨཱཿཧཱུྃ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྭཱ་ཧཱ།
ཞི་རྒྱས་དབང་དྲག་སྣ་ཚོགས་ཕྲིས་རྣམ་ལྔའི་བདག །བྱང་ཆུབ་སེམས་ཀྱི་ཐིག་ལེ་མཐིང་དཀར་སེར་དམར་ལྗང་། བདེ་ཆེན་ཐབས་ཀྱི་ཀཱ་ལི་སུམ་ཅུ་རྩ་བཞི་དང་། རིག་སྟོང་ཤེས་རབ་ངོ་བོ་ཨཱ་ལི་བཅུ་དྲུག་རྣམས། འཕྲོ་འདུའི་འོད་ཅན་ཡོངས་གྱུར་གར་དགུའི་ཉམས་ལྡན་པ། སྐུ་མདོག་ཞལ་ཕྱག་སྣ་ཚོགས་དུར་ཁྲོད་རྒྱན་གྱིས་སྤྲས། གཅིག་ཉིད་དུ་མ་དུ་མ་གཅིག་ཏུ་སྣང་བའི་ལྷ། ཐབས་དང་ཤེས་རབ་རང་བཞིན་ཕྱག་མཚན་སྣ་ཚོགས་བསྣམས། རྩ་གནས་ཀུན་ཁྱབ་བདེ་སྟོང་མཉམ་སྦྱོར་གར་གྱིས་རོལ། ཕན་བདེའི་འོད་ཟེར་ཐོགས་མེད་ལྷུན་གྲུབ་ཏིང་ངེ་འཛིན།
ཨོཾ་ཨཱཿཧཱུྃ་པདྨ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། པདྨ་སཏྭ་ཏེ་ནོ་པ། ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙི་ཏ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་པདྨ་མ་མེ་མུཉྩ་པདྨ་བྷ་ཝ། མ་ཧཱ་ས་མ་ཡེ། སཏྭ་ཨཱཿསྭཱ་ཧཱ།
པདྨའི་གནས་སུ་བཛྲ། བུདྡྷ། རཏྣ། ཀརྨཱ། ཨའི་གནས་སུ་ཧཱུྃ། ཨོཾ་སྭཱ་ཧཱ། རྣམས་ཀྱི་འོད་ཅན་བསྒྱུར་ཤེས་པར་བྱའོ།
།ཉོན་མོངས་ཤ་རུས་འདོད་ཆགས་ཞེ་སྡང༌གཏི་མུག་དང་། ང་རྒྱལ་ཕྲག་དོག་དུག་དག་པའི་ཡེ་ཤེས་ལྔ། སོར་རྟོགས་མེ་ལོང་ཆོས་དབྱིངས་མཉམ་ཉིད་བྱ་བ་གྲུབ། རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་ཡི་གེ་བརྒྱ། འཕྲོ་འདུའི་འོད་ཅན་ཡོངས་གྱུར་སྟོང་ཉིད་སྙིང་རྗེའི་སྐུ། སྒྲིབ་བྲལ་འོད་བཟུང་སྐལ་བཟང་སངས་རྒྱས་སྟོང་དང་གཉིས། གྲངས་མེད་སྤྲུལ་བསྒྱུར་རྒྱལ་སྲས་ས་བཅུ་སེམས་དཔའི་ཚོགས། འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན་མཛད་ལྷ། སྐུ་མདོག་རྒྱན་དང་ཞལ་ཕྱག་ཕྱག་མཚན་སྣ་ཚོགས་ཅན། སྨོན་ལམ་ཐུགས་རྗེས་གང་འདུལ་དེར་སྟོན་ཏིང་ངེ་འཛིན།
ཉེ་སྔགས། རྩ་སྔགས། སྒྲུབ་སྔགས། ལས་སྔགས། འཇིལ་སྔགས་གང་ཡང་རུང་བས།
བདེ་ཆེན་འཁོར་ལོའི་ལྤགས་པ་ལྷ་སྐུར་དག་པ་ལས། ངུར་ལ་ཆིབས་པའི་ཚངས་སེར་གདོང་བཞི་འཁོར་ལོ་གཡས། གཡོན་པ་ཟག་མེད་བདུད་རྩིས་གང་བའི་ཀ་པཱ་ལ། གཡོན་འདི་གཙང་རིགས་མགོན་པོ་བདུན་ཅུ་རྩ་ལྔ་ཀུན་ལ་ཤེས་པར་བྱའོ།
།གླང་ཆེན་ཞོན་པའི་བརྒྱ་བྱིན་དཀར་པོ་རྡོ་རྗེ་གཡས། མ་ཧེ་ཆིབས་པའི་གཤིན་རྗེ་སྔོན་པོ་བེ་ཅོན་འཆང་། ཆུ་སྲིན་ཞོན་པའི་ཆུ་ལྷ་དཀར་པོ་སྦྲུལ་ཞགས་གཡས། རྟ་ལ་ཆིབས་པའི་གནོད་སྦྱིན་སེར་པོ་ནེ་ལེ་གཡས། གླང་ལ་ཞོན་པའི་དབང་ལྡན་དཀར་པོ་རྩེ་གསུམ་གཡས། ཤ་བ་ཆིབས་པའི་རླུང་ལྷ་ལྗང་གུ་བ་དན༴ རོ་ལངས་ཞོན་པའི་སྲིན་པོ་སྨུག་ནག་རལ་གྲི་གཡས། ར་ལ་ཆིབས་པའི་མེ་ལྷ་དམར་པོ་བགྲང་ཕྲེང་༴ ཕག་ལ་ཞོན་པའི་བདག་བུམ་པ་གཡས། ཕྱོགས་དྲུག་འཚམས་བཞི་རྣམ་བཅུའི་གནས་སྐྱོངས་ཏིང་ངེ་འཛིན།
ལོངས་སྤྱོད་འཁོར་ལོའི་ལྤགས་པ་ལྷ་སྐུ་དག་པ་ལ། གསེར་ཁྲབ་རྨོག་གོན་ཤར་ཕྱོགས་རྒྱལ་ཆེན་ཡུལ་འཁོར་སྲུངས། སྐུ་མདོག་དཀར་པོ་ཕྱག་གཉིས་པི་ཝཾ་རྒྱུད་མངས་གཡས། བསེ་ཁྲབ་རྨོག་གོན་གཞན་གསུམ་ལ་ཡང་ཤེས་པར་བྱའོ།
།ལོངས་སྤྱོད་རྒྱལ་ཆེན་འཕགས་སྐྱེས་པོ། སྐུ་མདོག་སྔོན་པོ་ཕྱག་གཉིས་རལ་གྲི་འོད་འབར་གཡས། ནུབ་ཕྱོགས་རྒྱལ་ཆེན་སྤྱན་མི་བཟང་། སྐུ་མདོག་དམར་པོ་ཕྱག་གཉིས་སྦྲུལ་གྱི་ཞགས་པ་གཡས། བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། སྐུ་མདོག་སེར་ལྗང་ཙན་དན་བེ་ཅོན་གཡས། འཇིག་རྟེན་བདེ་སྐྱོང་རིགས་བཞིའི་རྒྱལ་ཆེན་ཏིང་ངེ་འཛིན།
ཆོས་ཀྱི་འཁོར་ལོའི་ལྤགས་པ་ལྷ་སྐུར་དག་པ་ལས། སེང་ཆེན་ཆིབས་པའི་ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཏྲི་ཤུལ་གཡས། ཆིབས་པའི་ལྷ་ཆེན་དང་སྐུ་མདོག་དང་ཞལ་གཅིག་ཕྱག་གཉིས་འོག་མ་བདུན་ལའང་ཤེས་པར་བྱའོ།
།གསེར་སྦྲུལ། རྒྱལ་པོ་ཁྱབ་འཇུག་ནི། མཐིང་ནག༴ འཁོར་ལོ་གཡས། རྟ་མཆོག །འབྲིང་གི་རི་ཏི་ནི། ལྗང་གུ། སི་སང་གཡས། ཁྱུ་མཆོག །དགའ་བྱེད་དབང་ཕྱུག་ནི། དམར་པོ། མདའ་གཞུ་གཡས། བྱ་གག །གཞོན་ནུ་ཀར་རྟི། དཀར་པོ། བུམ་པ་གཡས། བྱི་བ། ཚོགས་ཀྱི་བདག་པོ་ནི། དཀར་པོ་ལ་ཕྱག་གཡས། མི་རོ། ལེགས་ལྡན་ནག་པོ་ནི། སྨུག་ནག་བེ་ཅོན་གཡས། ཤིང་རྟ། སྟོབས་བཟང་གཞོན་ནུ་ནི། སེར་ནག །གཤོལ་མདའ་གཡས། ཕྲིས་རྣམ་བརྒྱད་ལྷ་ཆེན་ཏིང་ངེ་འཛིན།
གཡས་གཡོན་ཕྱག་སགས་པ་ལྷ་སྐུར་དག་པ་ལས། ཤར་ཕྱོགས་གཟའ་ཆེན་པ་སངས་དཀར་པོ་པདྨ་གཡས། ལྷོ་ཕྱོགས་སྤྱོད་གཟའ་ཆེན་ཕུར་པ་སྔོན་པོ་ཏི་གཡས། ནུབ་ཕྱོགས་གཟའ་ཆེན་ཟླ་བ་དཀར་པོ་མེ་ཏོག་གཡས། བྱང་ཕྱོགས་གཟའ་ཆེན་ལྷག་པ་སེར་པོ་ཨུཏྤལ་གཡས། ཤར་ལྷོ་གཟའ་ཆེན་མིག་དམར་དམར་པོ་མེ་སྣོད༴ ལྷོ་ནུབ་གཟའ་ཆེན་སྒྲ་གཅན་དུད་ཀ་བུམ་པ༴ ནུབ་བྱང་གཟའ་ཆེན་སྤན་པ་ནག་པོ་བེ་ཅོན་གཡས། བྱང་ཤར་གཟའ་ཆེན་ཉི་མ་དམར་པོ་འཁོར་ལོ༴ གཏུམ་དྲག་འོད་འབར་གཟའ་ཆེན་རྣམ་བརྒྱད་ཏིང་ངེ་འཛིན།
སྤྲུལ་པ་འཁོར་ལོའི་ལྤགས་པ་ལྷ་སྐུར་དག་པ་ལས། བུམ་པའི་ཁྲིར་བཞུགས་སྨིན་དྲུག་དཀར་པོ་སྙན་ཆ་གཡས། ཁྱུ་མཆོག་ཁྲི་སྟེང་སྣར་མ་དཀར་པོ་སྙན་ཆ༴ ཤ་བའི་ཁྲི་སྟེང་མགོ་ནི་མདོག་དཀར་གདུ་གུ༴ སྦྲུལ་གྱི་ཁྲི་སྟེང་ལག་ནི་མདོག་དཀར་དཔུང་རྒྱན་གཡས། པདྨྰི་ཁྲི་སྟེང་ནམ་སོ་མདོག་དཀར་དོ་ཤལ༴ བུམ་པའི་ཁྲི་ལ་རྒྱལ་ནི་མདོག་དཀར་སྙན་ཆ༴ བྱ་རོག་ཁྲི་སྟེང་ཀག་ནི་མདོག་དཀར་དོ་ཤལ༴ ཤར་མདུན་ལྷའི་རྒྱུན་སྐར་རྣམ་བདུན་ཏིང་ངེ་འཛིན།
མ་ཧེ་བཅིབས་པའི་མཆུ་ནི་མདོག་སྔོན་སྙི་མ་གཡས། རིན་ཆེན་ཁྲི་སྟེང་གྲེ་ནི་མདོག་སྔོན་ནོར་བུ༴ གསེར་གྱི་ཁྲི་སྟེང་སྦོ་ནི་མདོག་སྔོན་མྱུ་གུ༴ གླང་ཆེན་ཁྲི་སྟེང་མེ་བཞི་མདོག་སྔོན་མྱུ་གུ་གཡས། རྨ་བྱའི་ཁྲི་སྟེང་ནག་པ་མདོག་སྔོན་རིན་ཆེན་གཡས། ཤིང་རྟའི་ཁྲི་སྟེང་ས་རི་མདོག་སྔོན་རིན་ཆེན་གཡས། རྟ་མཆོག་ཁྲི་སྟེང་ས་ག་མདོག་སྔོན་ནོར་བུ་གཡས། ལྷོ་གཡས་གཤིན་རྗེའི་རྒྱུན་སྐར་རྣམ་བདུན་ཏིང་ངེ་འཛིན།
བྱ་གག་ཁྲི་སྟེང་ལྷ་མཚམས་མདོག་དམར་པད་མ་གཡས། འབོལ་གྱི་ཁྲི་སྟེང་སྣྲོན་ནི་མདོག་དམར་པད་མ་གཡས། རུ་སྦལ་ཁྲི་སྟེང་སྣུབས་ནི་མདོག་དམར་པད་མ་གཡས། ཕུབས་ཀྱི་ཁྲི་སྟེང་ཆུ་སྟོད་མདོག་དམར་པད་མ་གཡས། མི་ཡི་ཁྲི་སྟེང་ཆུ་སྨད་མདོག་དམར་པད་མ་གཡས། སྲིན་པོའི་ཁྲི་སྟེང་ཅི་བཞིན་མདོག་དམར་པདྨ་གཡས། སྐུར་མའི་ཁྲི་ལ་གྲོ་བཞིན་མདོག་དམར་པད་མ་གཡས། ནུབ་རྒྱབ་ཀླུ་ཡི་རྒྱུ་སྐར་རྣམ་བདུན་ཏིང་ངེ་འཛིན།
འབོལ་གྱི་ཁྲི་སྟེང་མོན་གྲུ་མདོག་ལྗང་ཨུཏྤལ་གཡས། ཁྱུ་མཆོག་ཁྲི་སྟེང་མོན་གྲེ་མདོག་ལྗང་ཨུཏྤལ་གཡས། གསེར་གྱི་ཁྲི་སྟེང་ཁྲུམ་སྟོད་མདོག་ལྗང་ཨུཏྤལ་གཡས། རིན་ཆེན་ཁྲི་སྟེང་ཁྲུམ་སྨད་མདོག་ལྗང་ཨུཏྤལ་གཡས། མཁའ་ལྡིང་ཁྲི་སྟེང་ནམ་གྲུ་མདོག་ལྗང་ཨུཏྤལ་གཡས། མི་ཡི་ཁྲི་སྟེང་ཐ་སྐར་མདོག་ལྗང་ཨུཏྤལ་གཡས། འཁོར་ལོའི་ཁྲི་སྟེང་བྲ་ཉེ་མདོག་ལྗང་ཨུཏྤལ་གཡས། བྱང་གཡོན་རྒྱུ་སྐར་རྣམ་བདུན་ཏིང་ངེ་འཛིན།
དམ་ཚིག་འཁོར་ལོའི་ལྤགས་པ་ལྷ་སྐུར་དག་པ་ལས། དབུ་ལ་སྦྲུལ་མགོའི་གདེངས་ལྡན་སྐུ་སྟོད་ལྷ་ཡི་ལུས། ཐལ་སྦྱར་ཚུལ་གྱིས་ཕྱག་མཚན་འཛིན་པ་སྦྲུལ་མཇུག་འཁྱིལ། ཀླུ་དབང་ནོར་རྒྱས་སེར་པོ་རིན་ཆེན་ཕྲེང་བ་གཡས། ཀླུ་དབང་པདྨ་དཀར་པོ་སྣ་ཚོགས་པད་སྡོང་གཡས། ཀླུ་དབང་ཀར་ཀོ་ཊ་ནག་རིན་ཆེན་འབར་བ་གཡས། ཀླུ་དབང་འཇོག་པོ་དམར་པོ་ཨུཏྤལ་མེ་ཏོག་གཡས། ཀླུ་དབང་པད་ཆེན་དཀར་པོ་རིན་ཆེན་སྡོང་པོ་གཡས། ཀླུ་དབང་དུང་སྐྱོང་སེར་པོ་སྒྲ་ཆེན་འབུད་དུང་གཡས། ཀླུ་དབང་ཧུ་ལུ་ཏ་སྔོན་སྤྲིན་གྱི་ཕུང་པོ་གཡས། ཀླུ་དབང་རིགས་ལྡན་ལྗང་གུ་དབང་གི་རྒྱལ་པོ་གཡས། དགོས་འདོད་མཆོག་སྩོལ་ཀླུ་ཆེན་བརྒྱད་རྣམས་ཏིང་ངེ་འཛིན།
གཡས་གཡོན་ཞབས་ཀྱི་ལྤགས་པ་ལྷ་སྐུར་དག་པ་ལས། སེང་གེའི་ཁྲི་སྟེང་གང་བཟང་མཐིང་སྔོན་གཏེར་བུམ་གཡས། སྟག་གི་ཁྲི་སྟེང་ནོར་བཟང་དཀར་པོ་ནེ་ལེ་གཡས། བུམ་པའི་ཁྲི་སྟེང་འབྲོག་གནས་སེར་པོ་ནོར་བུ་གཡས། རིན་ཆེན་ཁྲི་སྟེང་ཧ་རི་དཀར་དམར་པདྨ་གཡས། འཁོར་ལོའི་ཁྲི་སྟེང་པན་ཙི་ཀ་ལྗང་ལྕགས་ཀྱུ་གཡས། སྤྲིན་གྱི་ཁྲི་སྟེང་ས་ཆུ་དབང་སྔོན་པོ་རལ་གྲི་གཡས། རྒྱ་མཚོའི་ཁྲི་སྟེངས་ཆུ་སྤྱོད་དབང་དམར་རྒྱལ་མཚན་གཡས། ནེ་ལེའི་ཁྲི་སྟེང་སྒོ་དབང་དཀར་པོ་ནོར་བུ་གཡས། ཐོད་བཟང་ཁྲི་སྟེང་སྒོ་སྤྱོད་དབང་ལྗང་འཁོར་ལོ་གཡས། གནོད་སྦྱིན་རྣམ་དགུ་འཇིགས་བྱེད་སྡེ་དཔོན་ཏིང་ངེ་འཛིན།
དཔལ་ཆེན་སྐུ་ཡི་བ་སྤུ་ལྷ་སྐུར་དག་པ་ལས། ཨོཾ་སྐུ་ཨཱཿགསུང་ཧཱུྃ་ཐུགས་ངོ་བོ་དཀར་དམར་མཐིང་། ས་སེར་ཡོན་ཏན་ཧ་ལྗང་ཕྲིས་རྡོ་རྗེ་ལས། །གསང་རིག་གཟུགས་སྔགས་ཕྱག་མཚན་འཕྲོ་འདུའི་འོད་ཟེར་ཅན། །ཡོངས་གྱུར་དཀར་ཕྱོགས་བསྟན་པ་སྲུང་སྐྱོང་སྤེལ་ལ་བརྩོན། །རྣལ་འབྱོར་བཀའ་ཉན་འཇིག་རྟེན་ཚུལ་འཆང་མཐུ་རྩལ་ཅན། །གཟུགས་མདོག་ཞལ་ཕྱག་སྣ་ཚོགས་རྒྱན་འཁོར་ཞོན་པར་བཅས། །རྣོ་བའི་མཚོན་ཐོགས་ལྡན་དགྲ་གནོད་བྱེད་ཚར་གཅོད་ཕྱིར། །དྲག་རྔམ་འཇིགས་གཟུགས་གནམ་ལྕགས་ཐོག་ལྟར་ཀུན་ཏུ་རྒྱུག །དམ་ཅན་རྒྱ་མཚོ་མྱུར་མགྱོགས་ལས་མཛད་ཏིན་ངེ་འཛིན།
བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་སྒྲུབ་མན་ངག་རྫོགས་སོ།
རྒྱ་གར་པཎ་ཆེན་རཱ་ཧཱུ་ལའི་ཞལ་སྔ་ནས་ལོ་ཙཱ་བ་ཚུལ་ཁྲིམས་མགོན་གྱིས་བསྒྱུར་ཅིང་ཞུས་པའི་ཟབ་ཆོས་ཨྀཐི།
བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའི་གསེར་ཆོས་བཀའ་རྒྱ་མ་འདི་ཁྱོད་རིན་ཆེན་བརྩོན་འགྲུས་ལ་གཏད་དོ། རྒྱ་རྒྱ་རྒྱ།
བླ་མ་དང་མགོན་པོ་དབྱེར་མེད་པ་ལ་གུས་པས་ཕྱག་འཚལ་ལོ།
།འདིར་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་ནས་བྱུང་བ་ལ་གྲགས་ཆེ་བ་སྟོད་ལུགས་དང་སྨད་ལུགས་གཉིས་ལས་འདིར་མཁན་ཆེན་ལ་སྟོད་དཀོན་མཁར་ནས་བརྒྱུད་པ་གཙོ་བོར་བྱས་པའི་སྟོད་ལུགས་བེ་བུམ་དུ་གྲགས་པ་འདི་ལ། ཁྱུང་པོའི་ཡིག་རྙིང་རྒྱ་གཞུང་སྐོར་རྣམས་ནི་ཡིག་བསྡེབས་དག་མིན་ཙམ་ལས་ཕལ་ཆེར་མུས་ཆེན་ནམ་མཁའི་རྣལ་འབྱོར་ནས་བརྒྱུད་པའི་སྨད་ལུགས་བེ་བུམ་དང་མཐུན་ཅིང་རྩོད་མེད་ཡིན་ལ། མཚན་བརྒྱའི་བསྟོད་པ་མདོས་ཆོག་སོགས་འགའ་རེ་དང་། ཁྱད་པར་དུར་ཁྲོད་ལམ་ཁྱེར་སྐོར་རྣམས་ནི་སྨད་ལུགས་ཕྱོགས་ནས་རྩོད་པ་མང་ཞིང་། ཆིག་དོན་གཉིས་ཀར་ཐེ་ཚོམ་ཅན་མང་ནའང་། སྔོན་ཆད་སྟོད་ལུགས་བེ་བུམ་གྱི་ཀྱུས་སུ་ཆུག་པས་ལུང་རྒྱུན་བཀླག་སྲོལ་ཡོད་པ་མ་ཟད། འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པའི་ཤངས་ཆོས་དཀར་ཆག་དང་། ཉིད་ཀྱི་གསན་ཡིག་གཉིས་ཀར་དགག་སྒྲུབ་གང་ཡང་མ་མཛད་པར་དཀར་ཆག་དཀྱུས་ལྟར་འཁོད་འདུག་ཅིང་། ལྷག་པར་རྗེ་བཙུན་ཏཱ་ར་ནཱ་ཐས་མགོན་པོ་སྟོད་ལུགས་པའི་མདོས་ཆོག་དང་ཕྱག་སྟོང་སྤྱན་སྟོང་གི་སྐོར་རྣམས་རྒྱ་གར་ནས་བསྒྱུར་ངེས་པ་དཀའ་ཡང་བྱིན་རླབས་ཀྱི་སྒོ་ནི་ཆེན་པོ་སྣང་ངོ་ཞེས་གསུངས་འདུག་པས། ད་སྐབས་ཡང་ཁྲོད་ཕྱག་དཔེ་ལ་གང་བཞུགས་ལྟར་ཆད་ལྷག་མེད་པར་བྲིས་ཡོད་ཅིང་། ཞུ་དག་ཀྱང་མ་དཔེ་ལྟར་བྱས་ནའང་། མ་དཔེ་རང་ཡང་ཡིག་སྐྱོན་ཆེ་སྟབས་ད་དུང་ཐེ་ཚོམ་ཅན་ནི་མང་བར་འདུག་པས་མཁྱེན་ལྡན་དམ་པ་རྣམས་ཀྱིས་ཚིག་དོན་གཉིས་ཀ་ཡོངས་སུ་དག་པར་མཛད་དུ་གསོལ། ཞེས་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སྟོད་ལུགས་བེ་བུམ་བཞེངས་སྐབས་བྲིས་པའོ།།