Chakzam Chuwori

From Shangpa Resource Center





Resource ID G34
Place Type Monastery
Coordinates 29°18'56"N 90°43'21"E
Links BDRC G3507

Name Variants

lcags zam chu bo ri

Associated Persons

Monastry Founded by

Primary seat

History

  • Established: 750? 1434.

Notes

Seat of the lcags zam sprul sku Line.

In dpal ldan shangs pa bka' brgyud kyi chos 'byung gser chos zhing gi sa bon (W1KG26279 p.482): ཤངས་ཆོས་ཉེ་བརྒྱུད་ཀྱི་བཀའ་བབས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དགུང་ལོ་དོན་གསུམ་ལ་ཕེབས་པ། སྤྱི་ལོ1434ལོར་དཔལ་ཆུ་བོ་རིར་བཀའ་འགྱུར་དང་བསྟན་འགྱུར་གཙུག་ལག་ཁང་དང་རྩེ་ཞོལ་གྱི་དགོན་པ་གཉིས། མཆོད་རྟེན་ཆེན་པོ་རྣམས་ཀྱི་གཞི་བཏིང་། དེ་རྗེས་དབེན་གནས་ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀར་ལྷ་གདོང་དུ་ཐུགས་དམ་ལ་ཞུགས། སྤྱི་ལོ1436ལོར་ཆུ་བོ་རིའི་དགོན་འདི་ཡོངས་སུ་རྫོགས་པ་ཕྱག་བཏབ། ཆུ་བོ་རི་ནི་བོད་ཀྱི་རི་ཆེན་བཞིའི་གྲས་ཤིག་སྟེ་བོད་ལ་བདེ་སྐྱིད་འབྱུང་བའི་རི་ཞེས་ཀྱང་བརྗོད། སྔར་རྒྱལ་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་སྐབས་དམར་གཡོ་གཙང་གསུམ་ཡང་བཞུགས་མྱོང་ཡོད། དེང་རི་འདིའི་སྟེང་ཆུ་མིག་བརྒྱ་རྩ། སྒྲུབ་གནས་བརྒྱ་རྩ་སོགས་ཡོད་པར་གྲགས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་གནས་དེར་ཕེབས་སྐབས་ལྕགས་ཟམ་ཁར་ལྕགས་ཟམ་བླ་བྲང་དང་མཆོད་རྟེན། གཟིམ་ཕུག་བླ་བྲང་སོགས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་ཅི་རིགས་པ་ཞིག་བཞུགས་པ་དང་། དེ་མིན་ལྕགས་ཟམ་རྩེར་རིག་འཛིན་ལེགས་ལྡན་རྗེའི་གཟིམ་ཕུག་དང་། ཡང་པདྨ་བཀའི་ཐང་ཡིག་ཏུ་དེ་ནས་ཆུ་བོ་རི་དང་ཁ་རག་བྱོན་ཞེས་འཁོད་པ་བཞིན་སློབ་དཔོན་ཆེན་པོ་གནས་འདིར་ཕེབས་ནས་སྒྲུབ་པར་ཞུགས་སའི་དབེན་གནས་ནམ་མཁའ་ལྡིང་ཞེས་པའི་སྒྲུབ་ཕུག་བྱིན་ཅན་སོགས་མཇལ་རྒྱུ་ཡོད། ཆུ་བོ་རིའི་ལྷོ་ངོས་སུ་སྔར་གྱི་དགོན་ཤུལ་ཚོ་ཁག་གཉིས་དང་། དེ་མིན་ད་ལྟ་བོ་ཐོག་ཅེས་པའི་བཙུན་དགོན་ཞིག་འདུག དེ་དག་ལས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཏབ་པའི་དགོན་གནས་གང་ཡིན་མིན་ངོས་འཛིན་དཀའ་ཡང་། ལྷ་སའི་དགོན་ཐོ་ཞེས་པར་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཏབ་པའི་ཆུ་བོ་རི་དགོན་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་དུ་སོང་ནས་ད་ཆ་ཉམས་གསོ་ཕྲན་བུ་ཞུས་རྗེས་གནས་འཛིན་དགེ་འདུན་འགའ་ཞིག་བཞུགས་ཞེས་འཁོད་པར་གཞིགས་ན། དེང་ཉམས་གསོ་ཞུས་པ་བོ་ཐོག་ཅེས་པའི་བཙུན་དགོན་དེ་ལས་མི་འདུག་པས་ཕལ་ཆེར་གྲུབ་ཆེན་གྱིས་ཕྱག་བཏབ་པའི་དགོན་གནས་དེ་རང་ངམ་དེའི་ཉེ་འཁོར་གང་རུང་དུ་མིན་ནམ་སྙམ། འོན་ཏེ་གོང་གི་ལུང་ཡིག་འདིར་དགེ་འདུན་འགའ་ཞིག་བཞུགས་གསུངས་ཀྱང་ད་ལྟ་ནི་མོ་དགོན་ཡིན།
དེ་ཡང་ཐུའུ་བཀྭན་གྲུབ་མཐར་ཕྱིས་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོར་གྲགས་པ་ཡང་ཤངས་པའི་ཆོས་བརྒྱུད་འཛིན་པ་འདྲ་བས་ལྕགས་ཟམ་ཕྱོགས་སུའང་ཤངས་ཆོས་དར་བར་སྣང་ཞེས་འཁོད་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཤངས་པའི་ཆོས་བརྒྱུད་འཛིན་པ་འདྲ་ཞེས་གསུངས་མོད། ཤེས་བྱ་ཀུན་ཁྱབ་ཏུ་ཐང་རྒྱལ་ནི་གུའི་བཀའ་བབས་སྔ་ཕྱི་གསུམ། །ཀུན་མཁྱེན་དོལ་བུ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་གྲུབ་ཆེན་བརྩོན་འགྲུས་བཟང་པོའམ་ཐང་སྟོང་རྒྱལ་པོ་སོགས་སྐུ་གཅིག་ལ་མཚན་ལྔ་ལྡན་པ་དེ་ཉིད་ཀྱིས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་རི་གོང་སྟོད་བརྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས་པས་ཡེ་ཤེས་མཁའ་འགྲོ་དངོས་ཀྱི་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་ཞེས་གསལ་བར་འཁོད་པས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཤངས་པའི་ཆོས་བརྒྱུད་འཛིན་པ་སྨོས་མེད་རེད། དེའི་སྐོར་ཞིབ་པ་ཁོ་བོས་ཤངས་ཆོས་ཉེ་བརྒྱུད་ཀྱི་སྐབས་སུའང་བཤད་ཟིན། དེ་ལྟར་ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་བའི་ཤངས་ཆོས་ཉེ་བརྒྱུད་ཀྱི་བཀའ་བབས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་ཆུ་བོ་རིའི་དགོན་འདི་བཏབ་རྗེས་ཡོལ་རི་གོང་དང་ཉེ་བའི་ལྕགས་ཟམ་གྱི་ཕྱོགས་སུ་ཡང་ཤངས་ཆོས་དར་ཁྱབ་ཆེས་ཆེར་བྱུང་། ལྷག་དོན་ཤངས་པའི་ཆོས་བརྒྱུད་ཅུང་ཟད་ཉག་ཕྲ་བའི་སྤྱི་ལོའི་དུས་རབས་བཅུ་བཞི་པ་དང་བཅོ་ལྔ་པའི་ནང་ཤངས་པའི་བརྒྱུད་འཛིན་མཆོག་ཏུ་འགྱུར་བ་འདི་ཉིད་ཀྱིས་དཔལ་ཆུ་བོ་རི་ལྟེ་བར་བྱས་པའི་ས་ཁོངས་དང་དེ་མིན་བོད་ཀྱི་ས་ཆ་དུ་མར་ཤངས་པའི་ཆོས་ཀྱི་གདམས་ངག་མང་དུ་སྤེལ།


Loading map...