Grub chen chos 'byung rin chen pa'i rnam thar

From Shangpa Resource Center








Resource ID CR1
Title grub chen chos 'byung rin chen pa'i rnam thar
Topics Biography
Associated Person Chöjung Rinchen
Link W8LS37032 (p.317)

14 pages left to input
༄༅། །གྲུབ་ཆེན་ཆོས་འབྱུང་རིན་ཆེན་པའི་རྣམ་ཐར་བཞུགས་སོ།།

ན་མོ་གུ་རུ་བྷེ་ལ་ཡ།
ཁྱོད་ཀྱི་སྐུ་ལ་འཆི་འཕོ་མེད་ན་ཀྱང་ཡང་གདུལ་བྱའི་དོན་དུ་འཆི་འཕོ་སྟོན། ཁྱེད་ཀྱི་གསུང་མ་བརྗོད་འདོད་མེད་ཀྱང་སྣ་ཚོགས་ཆོས་ཀུན་བརྗོད་པར་མཛད། ཁྱེད་ཀྱི་ཐུགས་ལ་ཉེ་རིང་མེད་ཀྱང་མོས་པའི་བུ་ལ་ལྷག་པར་དེབ། འདུ་བྱེད་ཐམས་ཅད་བླུ་བར་གསུངས་ཀྱང་སྐྱབས་གནས་ཁྱེད་ཀྱིས་བླུ་བ་མེད། ཆོས་རྣམས་ཐམས་ཅད་རྫུནཔར་གསུངས་ཀྱང་ལས་ཀྱི་འབྲས་བུ་བདེན་པོར་སྟོན། སེམས་ཅན་ཀུན་ལ་ཉེ་རིང་མེད་ཀྱང་སྐལ་པ་ཅན་ལ་ལྷག་པར་བྱམས། དེའདྲའི་དཔལ་ལྡན་བླ་མ་དེ་ལ་གུས་པས་བ་་་་་ད་རྣམ་པར་འདི། གུས་ལྡན་རྣམས་ཀྱིས་སྐུལ་བའི་ངོར་མདོར་བསྡུས་འཆད་འདི་སྤྱི་བོས་ལོང་། ཡབ་ནི་་་་་་དཔོན་གཞོན་ཡུམ་ནི་བསོད་ནམས་དཔལ། འཁྲུང་ཡུལ་ཤོུང་ཁུར་རབ་བྱུང་བཅུ་གཉིས་ལ། ཐོས་བསམ་མཐར་ཕྱིན་དཀའ་སྤྱད་སྒྲུབ་ལ་འབད། ཉམས་རྟོགས་མཚོ་གདོལ་སྤྱི་སྒྲོ་འདོགས་ཆོད། སྐྱེད་རིམས་མཐར་ཕྱིན་སྣང་སྲིད་ཆོས་སྐུར་ཤར། རྫོགས་རིམས་མཐར་ཕྱིན་སྤྲོས་མེད་དཔྱི་སུ་གྲོལ། རིམས་གཉིས་མཐར་ཕྱིན་སྒྲིབ་གྲལ་ལོངས་སྤྱོད་རྫོགས། བླ་མ་མང་རྟེན་ལུང་བསྟན་རིམ་པར་ཐོབ། བྱང་ཆུབ་སེམས་ཀྱི་ཆོས་འཁོར་རིམ་པར་སྐོར། རྣམ་ཐར་མདོར་བསྡུས་ཡིན་་་་་གུ་་་་་་་་ར་ཉོན། དེ་ཡང་འོ་སྐོལ་བླ་མ་སྒྲུབ་ཆེན་ཆོས་ཀྱི་རྒྱལ་པོ་དག་པའི་གདུལ་བྱ་རྣམས་ཀྱི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། མ་དག་པའི་གདུལ་བྱ་རྣམས་ཀྱི་ངོ་བོར་ཐ་མལ་པའི་གཟུགས་སུ་བཟུང་ནས་གཞན་དོན་བྱས་པ་ནི་གྲངས་ལས་འདས་ཅིང་བསམ་གྱིས་མི་ཁྱབ་ལ། ཁྱད་པར་དུ་ཤངས་པ་དཀར་རྒྱུད་འདི་ལ་ལན་གསུམ་དུ་བྱོན་ནས་འགྲོ་བའི་དོན་མཛད་ཚུལ་ནི། ཐོག་མར་རིན་ཆེན་་་་ོག་ཆོག་པ་སྐུ་བ་བཞེས་ལ། བར་དུ་མཁས་བཙུན་རྒྱལ་འཚན་འབུམ་དུ་སྐུ་སྐྱེ་བ་བཞེས་སོ། །དེ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཚུལ་དང་རྣམ་པར་ཐར་པ་ནི་ལོགས་ཞིག་ཏུ་གསོལ་ལོ། །སྐུ་སྐྱེ་བ་གསུམ་་་་་་སྐོལ་གྱི་བླ་མ་འདིར་སྣང་པས། འོ་སྐོལ་བླ་མ་སྒྲུབ་ཆེན་ཆོས་འབྱུང་རིན་ཆེན་རྣམ་པར་ཐར་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་བྲི་བའི་ཐོག་མར། བླ་མ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །བླ་མའི་རྣམ་ཐར་རྒྱ་མཚོ་ཁྱོན་ཡངས་པས། བློ་དམན་བདག་གིས་རྟོགས་པར་མི་ནུས་ཀྱང་། ཆུ་ཐིགས་རྩམ་གཅིག་བཞན་དོན་སེམས་ཀྱིས་བརྗོད། མཁའ་འགྲོ་སོགས་ཀྱིས་བར་ཆད་མི་བཏང་འཚལ། བདེ་ལེགས་ཀུན་གྱི་རྩ་བ་ཡིན་པ་དང་། ཟབ་ལམ་ཀུན་གྱི་མཐུག་ཡིན་པའི་ཕྱིར། མཚན་ཉིད་ལྡན་པའི་བླ་མ་བརྟེན་པ་ལ། དེའི་རྣམ་ཐར་དད་པས་ཉན་པར་རིགས། ཅེས་པ་ནི་དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་རྒྱ་མཚོ་ལྟར་ཁྱོན་ཆེ་བས། བློ་་་་ན་བདག་འདྲས་མི་རྟོགས་ཀྱང་། །བླ་མ་རང་ཉིད་ཀྱིས་བཀའ་སྩལ་པ་བཞིན་མདོར་བསྡུས་གཅིག་དད་ལྡན་རྣམས་ཀྱིས་སྐུལ་བའི་ངོར་འབྲི་བ་ལ་ཐོག་མར། དད་པ་ནི་དཀར་པོའི་ཆོས་ཐམས་ཅད་སྐྱེ་པའི་རྒྱུ་ཡིན་ལ། རྒྱུ་དད་པ་མེད་ན། འབྲས་བུ་དཀར་པོའི་ཆོས་ཐམས་ཅད་མི་སྐྱེ་ཏེ། ས་བོན་མེ་ཡིས་ཚིག་པ་ལ། མྱུ་གུ་སྔོན་པོ་མི་འབྱུང་པ་བཞིན།
མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་ ༤ མོ་ཇི་བཞིན་ནོ། ཅེས་གསུངས་པས།
ཐོག་མར་དད་པ་ཁོ་ན་གལ་ཆེ་ལ། ་་་་་རྣམ་པ་གསུམ་ཏེ། དད་པའི་དད་པ། ཡིད་ཆེས་པའི་དད་པ། འདོད་པའི་དད་པ་དང་གསུམ་དུ་བཤད།
དང་པོ་དད་པ་བྱ་བ་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་ཞིང་། གདུང་ཤུགས་ཀྱི་མོས་གུས་མིག་ནས་ཁྱ་་་མ་འབྲུལ་ཞིང་་་་་་་་་་་་ས་པའི་དད་གུས་བྱས་པས། བླ་མ་སངས་རྒྱས་སུ་མཐོང་པའི་གུས་པའོ། །བླ་མས་གསུངས་པའི་ཆོས་རྣམས་ལ་ཡིད་ཆེས་པའི་དད་གུས་བརྟན་པོ་བརྙེད་པ་དེ་ལ། གཉིས་ཡིད་ཆེས་པའི་དད་པ་ཟེར་བ་ལགས། དད་པ་དེ་གཉིས་བྱུང་ན་འདོད་པའི་དད་པ་ཤུགས་ལ་བྱུང་ནས། བདེན་བཞི་གནས་ལུགས་ཚ་་་་་ད་དོན་དམ་པའི་བདེན་པ་རྟོགས་ནས་འབྲས་བུ་མཐར་ཕྱིན་པར་གྱུར་ཏེ།
མདོ་ལས་ཤ་རིའི་བུ་དོན་དམ་པའི་བདེན་པ་ནི་དད་པ་རྟོགས་པར་འགྱུར་ཅེས་དང་། འཕགས་པ་བྱམས་པས། རང་བྱུང་རྣམས་ཀྱི་སེམས་ཏེ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན་ཅེས་གསུངས་སོ།
།རྒྱུ་མཚན་དེས་ན་དད་པ་གསུམ་དང་མ་བྲལ་བར་མ་་་་་་ད་གསུམ་མམ་བཅུ་བསོགས་དཔལ་ལྡན་པའི་བླ་མ་རྟེན་པ་ལ་བཙོན་པར་བྱའོ།
།ཇི་ལྟར་རྟེན་སྙམ་ན་བསམ་པ་རྟེན་ཚུལ་དང་། སྦྱོར་བས་བརྟེན་ཚུལ་གཉིས་ལས། དང་པོ་བསམ་པ་བརྟན་བྱ་བ། བླ་མའི་སྐྱོན་ལ་མི་རྟོག་ཡོན་ཏན་ཡང་་་་་་་དུ་བསམ། གལ་ཏེ་སྐུ་གསུང་ཐུགས་དང་འགལ་བའི་ཉེས་སྐྱོན་བྱུང་ན། ་་་་་་་་་་་་་་་་་་་་་་་་་་་་་་་བརྩོན་ཞིང་མཁས་པར་བྱ་ཏེ།
མདོ་ལས་ངའི་སྟན་པ་ལས་མ་ཉམས་པའི་སྐྱེས་བུ་གཉིས་ཡོད་དེ། གཅིག་ནི་རང་བཞིན་གྱིས་དག་པ་ཐོག་མ་ནས་ཉེས་པ་མི་བྱེད་པའོ། །གཅིག་ནི་ཉེས་པ་བྱས་སོ་ཟིན་ཀྱང་འཛེམ་པ་དང་ངོ་ཚ་བས་སོ་སོར་བཤགས་པ་སྟེ། སྐྱེས་བུ་དམ་པ་འདི་གཉིས་ནི་ངའི་ཆོས་ལ་འདུན་པ་རྣམ་པར་དག་པ་ཅེས་དང་། ལེགས་བཤད་དུ་བློན་པོ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། ཅེས་པས།
དེ་ནས་སོ་སོ་སྐྱེ་བོ་དིང་སང་གི་སྐྱེས་སུ་རྣམས་ལ་ཉེས་པས་མི་གོས་པ་ནི་ཤིན་དུ་དཀའ་བས། ཉེས་སྐྱོན་ནམ་བྱུང་དས་ཀུན་རྫོབ་ཀྱི་སྒོ་ནས་ཉེས་པ་སྦྱོང་ཚུལ་དང་། དོན་དམ་གྱི་སྒོ་ནས་ཉེས་པ་སྦྱོང་ཚུལ་ལ་་་་་་་་་་པར་བྱ་ཏེ། ཇོ་བོ་རྗེའི་གསུང་ན་་་་་་་་་ལ་པོ་ཐར་གྱི་སྡོམ་པ་ལ་ཉེས་པ་གཏན་ནས་མ་གོས། བྱུང་སེམས་ཀྱི་སྡོམ་པ་ལ་ཉེས་པ་བག་རེ་བྱུང་། གསང་སྔགས་ཀྱི་སྡོམ་པ་ལ་ཉེས་པ་ཆར་ལྟར་བབ་ཏེ། ཞག་ཏུ་སྐད་གཅིག་ཀྱང་འགྲོགས་་་་་་་མྱོང་གསུངས་འདུག་ཏེ། ཁོང་ལྟ་བུ་ལ་ཉེས་པ་བྱུང་འདུག་ན། གཞན་ལ་ལྟ་ཅི་སྨོས། དེས་ན་ཉེས་སྐྱོན་སོལ་བའི་ཐབས་ལ་མཁས་དགོ་་་་་་།
གཉིས་པ་སྦྱོར་བ་རྟེན་ཚུལ་བྱ་བ་ལུས་ངག་གིས་བླ་མ་ཅི་མཉེས་བྱེད་ཅིང་ལོངས་སྤྱོད་སོགས་ཀྱིས་བླ་མ་མཆོད་པ་ལ་བཙོན་པར་བྱ་ཏེ། རྒྱུད་ལས་མཆོད་པ་ཐམས་ཅད་སྤངས་ནས་ནི། བླ་མ་མཆོད་པ་རྩམ་པར་བྱ་ཅེས།
གཞན་ཡང་ལུང་དང་རིགས་པ་མང་དུ་ཡོད་མོད་འདིར་མ་སྤྲོས་སོ། དེ་ལྟར་བསམ་སྦྱོར་གཉིས་དང་ལྡན་པའི་སྒོ་ནས། བླ་མ་རྟེན་པས་ཐོག་མར་བྱིན་རླབས་འཇུག །བར་དུ་ཉམས་རྟོགས་འཕེལ། མཐར་སྐུ་དྲིན་ཁེར་ནས་བདག་གཞན་གྱི་དོན་འབད་་་་་་་་་་་་་་་་་་་་་་་ བསོད་ནམས་དཔལ་གྱི་ལྷུམ་སུ་ཞུགས་པའི་ཚེ། ཡབ་ཡུམ་གཉིས་ལ་རྨི་ལྟས་སྣ་ཚོགས་དང་། ཁྱད་པར་ཡུམ་གྱི་ལུས་ལ་བདེ་བ་འབར། བདེ་གཏེར་ཁྱེད་ལ་སྤྱི་བོས་ཕྱག་འཚལ་ལོ། ཅེས་པ་ནི།
ཁོང་པ་ཉིད་ཡུམ་གྱི་ལྷུམ་སུ་ཞུགས་པའི་ཚེ། ཡབ་ཡུམ་་་་་ ༣ ་་་

་་་ ཁྱོད་ཀྱིས་ཁོང་པའི་རྣམ་ཐར་གྱི་འཕྲོ་དེ་ཅིས་ཀྱང་མཛོད། གསུང་སྒྲོས་འདི་རྣམས་ཕྱོགས་བཞི་དུ་སྡེབས་ཅེས་གསུངས་པ་རྣམས་ཕྱོགས་བཞི་དུ། དཀོན་མཆོག་རིན་ཆེན་གྱིས་ས་ཕོ་བྱི་བའི་སྨིན་དྲུག་ཟླ་བའི་ཚེས་པ། དྲུག་གི་ཉིན་་་་་་དུ་སྡེབས་པ་འདི་རེ་ཤིག་རྫོགས་སོ།
།འདི་གཞན་དགེ་བ་མ་ལུས་གཅིག་སྡོམས་ནས། །དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཏེ། །རྣམ་དཀར་འཕྲིན་ལས་འགྲོ་ལ་རྩོལ་བ་དང་། །བདེ་བ་ཅན་དུ་དཔལ་ལྡན་བླ་མའི་དྲུང་། །བདག་དང་འགྲོ་བ་མཁའ་སྡུམ་ཐམས་ཅད་ཀུ་་་་་། །པད་མའི་སྟེང་དུ་རྫུས་ཏེ་སྐྱེས་གྱུར་གཅིག །དེར་སྐྱེས་ནས་ནི་སྨོན་ལམ་ཅི་བཏབ་པ། །དེ་དག་སྐད་གཅིག་གཅིག་ལ་འགྲུབ་པ་དང་། །སྤྲུལ་པ་མང་པོའི་འགྲོ་བའི་དོན་བྱེད་ཤོག
།དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་བརླབ་དང་། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང་། །རྟེན་འབྲེལ་ཇི་ལྟར་དག་པའི་ནུས་པ་ཡིས། །སེམས་ཅན་ཡིད་ལ་ཅི་འདོད་འགྲུབ་པར་ཤོག།
མཾགྷལཾ་བྷ་ཝནཏུ།