Lus gsum 'chi med rang grol

From Shangpa Resource Center








Resource ID Sup12
Title lus gsum 'chi med rang grol
Topics Immortality
Sub-Topics Instructions
Author Khyungpo Neljor
Link BDRC W3CN18508 (v1p.573 annotated)
BDRC W4CZ58783 (v1p.349)
BDRC W22103 (p.312+415)
Notes Source-instructions concerning the three bodies.

༈ ལུས་གསུམ་གདམས་ངག་གི་མ་ཟིན་ན། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག
།རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པས་རྒྱལ་བའི་སྐུ།
།ཇི་སྲིད་འཁོར་བ་མ་སྟོངས་པར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད།
།ལུས་གསུམ་རྒྱལ་བའི་སྐུ་གསུམ་སྟེ། །རང་སེམས་འཆི་མེད་རང་གྲོལ་ལོ།
།ཨེ་མ་དུས་གསུམ་རྒྱལ་བ་ཡི། །དགོངས་པ་རིན་ཆེན་མཛོད་ཡིན་ནོ།
།ལུས་གསུམ་འཆི་མེད་རང་གྲོལ་ཞེས་བྱ་བ། ཁྱུང་པོའི་ལུགས་བསྡུས་པ། ཨྀཐི།
བླ་མ་ཤངས་པའི་ཁྱད་འཕགས་ཀྱི་གདམས་པ་རྒྱས་སྡུས་གསུམ་པ་ཞེས་བྱ་བའི་གསུང་སྒྲོས། ས་མཱ་ཡ་ཐཱ།།

༼རྣམ་སྨིན་བག་ཆགས་ཡིད་ཀྱི་༽ལུས་༼གདམས་པ་བཅོ་ལྔ་པོ་འདི་བསྡུས་ན་༽གསུམ་གདམས་ངག་མ་ཟིན་པས། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག
།རྣམ་སྨིན་བག་ཆགས་ཡིད་ཀྱིས་ལུས། །༼བླ་མའི་གདམས་ངག་གིས་༽གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ།༼གསུམ་དུ་འཆར་རོ།༽
༼དེས་༽
།ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་བར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད།
།ལུས་གསུམ་རྒྱལ་བའི་སྐུ་གསུམ་སྟེ། །རང་སེམས་༼དང་དབྱེར་མེད་པས་༽འཆི་མེད་རང་གྲོལ་ལོ།
།ཨེ་མ་དུས་གསུམ་རྒྱལ་བ་ཡིས། །དགོངས་པ་རིན་ཆེན་མཛོད་ཡིན་ནོ།
།ལུས་གསུམ་འཆི་མེད་རང་གྲོལ་ལོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ།
།བླ་མ་ཤངས་པའི་ཁྱད་འཕགས་ཀྱི་གདམས་པ་རྒྱས་བསྡུས་གསུམ་པ་༼རྒྱས་པ་བཅོ་ལྔ། འབྲིང་པོ་གསུམ། བསྡུས་པ་གཅིག་ཏེ་རང་སེམས་འཆི་མེད་རང་གྲོལ་ལོ།༽ཞེས་བྱ་བ་རྫོགས་སོ། ཨྀཐིཿ