Mchod rten phur pa la brten pa'i sha bzlog

From Shangpa Resource Center








Resource ID SCv11p849
Title mchod rten phur pa la brten pa'i sha bzlog
Topics Chadrupa
Sub-Topics Various
Link BDRC W23922
WA00KG09215 (p.330)

༈ མཆོད་རྟེན་ཕུར་པ་ལ་བརྟེན་པའི་ཤར་བཟློག་བཞུགས་སོ།
༈ ༼ཆེ༽ འདིའི་ཤྭ་ལོག་ལྡོག་པའི་མན་ངག་ལ། རི་ཐོན་པོའི་ས། ཐལ་བ། མཆོད་རྟེན་སྙིང་པའི་ས། ཕ་བོང་གི་དྲེག་པ་ལ་མཆོད་རྟེན་བང་རིམ་བཞི་པ་མཐོ་གང་སོར་བཞི་པ་བྱས་སྟེ། སོ་ལེགས་པར་བཏང་། ནང་དུ་རྩ་སྔགས་གྲི་ཁྲག་གིས་བྲིས་པ་ཚར་ཉེར་གཅིག་བཟུང་གཞུག་བྱ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས། ཀུ་རུ་ན་ཏན་ཏི། ཀོ་ལ་ཀོ་ལ་བྷྱོ་བྷྱོ། ཏི་ཀོ་ལ་བྷྱོ་བྷྱོ། དྲུག་ཁྲི་ལྔ་སྟོང་ཕུར་བུ་ལ་དང་། ༼ཡུངས་དཀར་ལ་བཟླས།༽ ཡུངས་དཀར་ཕུར་བུའི་མགྲིན་པར་ཐུམས་པོ་བྱས་ནས་བཅིངས་མཆོད་རྟེན་གྱི་ནང་དུ་མགོན་པོ་འཁོར་བཅས་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་ནས་ཕུར་བུ་མཆོད་རྟེན་ལ་ཚོན་སྐུད་སྣ་ལྔས་དམ་དུ་བཅིངས་ནས་ཆུ་བོའི་ཕྱོགས་སུ་རགས་ཀྱི་དཀྱིལ་ལམ་ས་འོག་ཏུ་དམ་པར་བཅུག་པས་ཆུ་བོ་ཆེན་པོ་འཕྲལ་དུ་ལྡོག་པར་འགྱུར་རོ། །ཨྀཐིཿ