Yungs kar gyis bsnyen pas bgegs tshar bcad pa
Resource ID | SCv11p845 |
---|---|
Title | yungs kar gyis bsnyen pas bgegs tshar bcad pa |
Topics | Chadrupa |
Sub-Topics | Various |
Link | BDRC W23922 WA00KG09215 (p.328) |
༈ ཙེ༽ ཡུངས་དཀར་གྱིས་བསྙེན་པས་བགེགས་ཚར་གཅོད་པ་བཞུགས་སོ།།
༈ ༼ངེ༽ ཡུངས་དཀར་གྱི་བསྙེན་པ་ལ། རང་ཁྲོ་བོར་བསྐྱེད་པ་གོང་ལྟར་བྱ། མདུན་དུ་སྤུངས་ཀར་བཞག །རང་གི་ཐུགས་ཀའི་ས་བོན་གྱིས་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པས་མཆོད། དེ་དག་གི་སྐུ་ལས་རང་རང་དང་འདྲ་བའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་ནམ་མཁའ་ནས་ཆར་འབབ་པ་བཞིན་བྱོན། ཡུངས་དཀར་རྣམས་ཀྱིས་སྔོན་དུ་མཁའ་འགྲོ་དཔག་ཏུ་མེད་པ་བསྐྱེད་པ་ལ་བསྟིམ་ཞིང་། སྔགས་དྲག་ཏུ་བཟླས་སོ། །དེ་ནས་བགེགས་བསྐྲོད་ཚེ་ཡུངས་དཀར་གྱིས་བྲབས་པ་ལ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་ཚར་གཅད་པར་བསམ། ཨྀཐིཿ