Difference between revisions of "'chi med grub pa'i 'grel pa"
(38 intermediate revisions by the same user not shown) | |||
Line 3: | Line 3: | ||
|Tibetan Title=འཆི་མེད་གྲུབ་པའི་འགྲེལ་པ། | |Tibetan Title=འཆི་མེད་གྲུབ་པའི་འགྲེལ་པ། | ||
|Wylie Title='chi med grub pa'i 'grel pa | |Wylie Title='chi med grub pa'i 'grel pa | ||
− | |Other titles=amṛta siddhi vṛtti | + | |Other titles=amṛta siddhi vṛtti, g.yung drung grub pa zhes bya ba'i 'grel pa |
|Subject=Immortality | |Subject=Immortality | ||
− | |SubTopics= | + | |SubTopics=Virupa |
− | |Associated Person=Virupa,Ma Lotsawa | + | |Author=Sangyé Nyentön |
− | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095100%7CW23922 BDRC W23922] | + | |Associated Person=Latö Gönpo,Virupa,Etewa,Ma Lotsawa |
+ | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095100%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O01DG1049095280%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O2MS163914CZ189840%7CW1PD95844 BDRC W1PD95844 (v.47 p.1274)]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v.2 p.150)]
[https://www.tbrc.org/#!rid=W8LS32725 BDRC W8LS32725 (alt. p.75)] | ||
+ | |Notes=Commentary of [['bras bu lus 'chi med kyi rtsa ba]] | ||

− | ༄༅། །འཆི་མེད་གྲུབ་པའི་འགྲེལ་པ་བཞུགས་སོ།།

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་བྲྀ་ཏི་ནཱ་མ།
བོད་སྐད་དུ། འཆི་མེད་གྲུབ་པའི་འགྲེལ་པ་ཞེས་བྱ་བ།
སངས་རྒྱས་ལ་ཕྱག་འཚལ་ལོ།
།ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མ་མེད་པའི་སྟེང་ན་ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེས་ཤིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེ་ཡི་དཀྱིལ་དུ་ལམ་ནི་གསུམ་པ་རྗེས་སུ་རྣམ་པར་འཛིན། །དེས་ནི་བདེ་ཆེན་འཁོར་ལོའི་བར་དུ་ཕུག་ཅིང་དག་པ་ལ་ཕྱག་འཚལ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་ཕྱིར་འཆི་མེད་བསྒྲུབ་པ་བཤད་པར་བྱ།
།དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བསྐང་ཕྱིར་གསུངས། །བདག་གིས་རྣམ་པར་བཤད་པ་འདི། །ཡེ་ཤེས་ཅན་ཀུན་རྣམ་པར་བསྟོད། །ཡེ་ཤེས་རྣམ་པར་སྐྱེས་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགའ་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལས། །མི་ཤེས་རྣམས་ནི་སུན་འབྱིན་བྱེད། །འོ་མ་དག་ནི་བསྲུབས་པ་ལས། །སྙིང་པོ་མར་ནི་རྣམ་པར་འབྱུང་། །ལོག་པའི་ལམ་ནི་རྨོངས་པ་རྣམས། །ཐམས་ཅད་འདི་ལས་རྣམ་པར་རྨོངས། །བསྟན་ཆོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེངས་མ་ལུས་ཁྱབ། །དེ་ནི་ཡེ་ཤེས་ལམ་རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ངེས་པ་རྣམ་པ་དུ་མ་བཤད། །དེ་དང་དེ་ནི་རྣམ་གསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་ལ་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །རླུང་དང་ཐིག་ལེ་དེ་ཉིད་དང་། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །གདམས་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་གྲུབ་པའོ། །རྣམ་གནས་པ་ཡི་འཆི་བ་མེད། །གཉིས་སུ་མེད་པ་བསམ་གཏན་དག །གྲུབ་པ་ཆེན་པོར་རྣམ་པར་ཤར། །འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མ་ནོར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་ལྷུན་པོ་རྣམ་པར་གནས། །གླིང་རྣམས་དང་ནི་ཀུན་དང་ལྡན། །འཇིག་རྟེན་གསུམ་ཡང་དེ་ན་གནས། །ས་ནི་བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དང་ཡང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྟུང་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་རྒྱུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བིཥྞུ་དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡི། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བསྒོས་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མའི་ཞབས་ལ་གུས་བཏུད་ནས། །ལུས་འདི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ལུས་ཀྱི་དབྱེ་བའོ། །ལྷུན་པོ་རྣམ་པར་འཁྱམ་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུ་མ་དཔེ་མེད་ལ་ཞུགས་ནས། །ལྷུན་པོ་རྣམ་པར་ཕྱུག་ནས་ཀྱང་། །བསོད་ནམས་སྒོ་ནི་གཉིས་སུ་གནས། ༼།སྟེང་དང་འོག་གི་ཆ་རུ་གནས།༽ །འོག་གི་སྒོ་རུ་ཞུགས་པ་ཡི། །སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་ཡི། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣལ་འབྱོར་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་པ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱིས་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོན། །འགྲོ་བའི་ལམ་དུ་རྣམ་པར་གནས། །ཁ་གཅིག་ཨ་ཝ་བྱུ་དྷཱུ་ཏཱི་ཟེར། །དེ་བཞིན་ལམ་པོ་ཆེ་ཡང་ཟེར། །ཁ་གཅིག་འཛིན་པ་ཞེས་ཀྱང་ཟེར། །སུ་པོ་ཕྲ་ན་ཕྲ་གཟུགས་ཟེར། །ཁ་ཅིག་དུར་ཁྲོད་ཞེས་ཀྱང་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་བརྟན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབབ་པར་འགྱུར། །གསུམ་པོ་གཅིག་ཏུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་རྩ་དབུ་མའི་དབྱེ་བའོ། །ལྷུན་པོའི་སྟེང་ན་ཟླ་བ་གནས། །བརྒྱད་གཉིས་དུས་གཉིས་དག་དང་ལྡན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་རྩི་གཉིས་སུ་འགྱུར། །དེ་ཉིད་རིམ་པ་མི་ཞེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། །མེ་ཡིས་མི་བསྐྱོད་རྣམ་པར་བཞུ། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ཟླ་བའི་དབྱེ་པའོ། །དབུ་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེའི་གསལ་བའི་འོད་ལྟ་བུ། །གཡས་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་ཡི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་བསྲེག་པར་བྱེད་པ་དང་། །ལུས་ཀུན་བསྲེག་པར་བྱེད་པའོ། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གི་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་ནས་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབྱེ་བའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ནི་ནང་དུ་ཤེས། །རང་གིས་གོམས་པར་བྱ་བ་ཡིན། །དབུ་མའི་ལུས་སུ་སྦྱོར་བ་ཆེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེ་ཡི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགགས་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་འགྱུར་པ་ཡི། །ཕྱི་རོལ་སྐྱེ་བར་ཤེས་པར་བྱ། །སྦྱོར་བ་ནང་དུ་འབྱུང་ཡིན། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་མཉམ་པར་བསྡུ། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་སྟེ། །གཅིག་ཉིད་དུ་ནི་འགྱུར་པའི་དུས། །གཞན་དུ་གཞན་དུ་སྦྱར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་རྩི་ཟླ་བ་འོག་ཏུ་འབབས། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང་། །འདི་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་སྒྲུབ་པ་ལས་ཉི་མའི་དབྱེ་བའོ། | + | ༄༅། །འཆི་མེད་གྲུབ་པའི་འགྲེལ་པ་བཞུགས་སོ།།

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་བྲྀ་ཏི་ནཱ་མ།
བོད་སྐད་དུ། འཆི་མེད་གྲུབ་པའི་འགྲེལ་པ་ཞེས་བྱ་བ།
སངས་རྒྱས་ལ་ཕྱག་འཚལ་ལོ།
།ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མ་མེད་པའི་སྟེང་ན་ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེས་ཤིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེ་ཡི་དཀྱིལ་དུ་ལམ་ནི་གསུམ་པ་རྗེས་སུ་རྣམ་པར་འཛིན། །དེས་ནི་བདེ་ཆེན་འཁོར་ལོའི་བར་དུ་ཕུག་ཅིང་དག་པ་ལ་ཕྱག་འཚལ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་ཕྱིར་འཆི་མེད་བསྒྲུབ་པ་བཤད་པར་བྱ།
།དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བསྐང་ཕྱིར་གསུངས། །བདག་གིས་རྣམ་པར་བཤད་པ་འདི། །ཡེ་ཤེས་ཅན་ཀུན་རྣམ་པར་བསྟོད། །ཡེ་ཤེས་རྣམ་པར་སྐྱེས་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགའ་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལས། །མི་ཤེས་རྣམས་ནི་སུན་འབྱིན་བྱེད། །འོ་མ་དག་ནི་བསྲུབས་པ་ལས། །སྙིང་པོ་མར་ནི་རྣམ་པར་འབྱུང་། །ལོག་པའི་ལམ་ནི་རྨོངས་པ་རྣམས། །ཐམས་ཅད་འདི་ལས་རྣམ་པར་རྨོངས། །བསྟན་ཆོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེངས་མ་ལུས་ཁྱབ། །དེ་ནི་ཡེ་ཤེས་ལམ་རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ངེས་པ་རྣམ་པ་དུ་མ་བཤད། །དེ་དང་དེ་ནི་རྣམ་གསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་ལ་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །རླུང་དང་ཐིག་ལེ་དེ་ཉིད་དང་། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །གདམས་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་གྲུབ་པའོ། །རྣམ་གནས་པ་ཡི་འཆི་བ་མེད། །གཉིས་སུ་མེད་པ་བསམ་གཏན་དག །གྲུབ་པ་ཆེན་པོར་རྣམ་པར་ཤར། །འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མ་ནོར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་ལྷུན་པོ་རྣམ་པར་གནས། །གླིང་རྣམས་དང་ནི་ཀུན་དང་ལྡན། །འཇིག་རྟེན་གསུམ་ཡང་དེ་ན་གནས། །ས་ནི་བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དང་ཡང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྟུང་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་རྒྱུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བིཥྞུ་དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡི། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བསྒོས་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མའི་ཞབས་ལ་གུས་བཏུད་ནས། །ལུས་འདི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ལུས་ཀྱི་དབྱེ་བའོ།

།ལྷུན་པོ་རྣམ་པར་འཁྱམ་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུ་མ་དཔེ་མེད་ལ་ཞུགས་ནས། །ལྷུན་པོ་རྣམ་པར་ཕྱུག་ནས་ཀྱང་། །བསོད་ནམས་སྒོ་ནི་གཉིས་སུ་གནས། ༼།སྟེང་དང་འོག་གི་ཆ་རུ་གནས།༽ །འོག་གི་སྒོ་རུ་ཞུགས་པ་ཡི། །སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་ཡི། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣལ་འབྱོར་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་པ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱིས་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོན། །འགྲོ་བའི་ལམ་དུ་རྣམ་པར་གནས། །ཁ་གཅིག་ཨ་ཝ་བྱུ་དྷཱུ་ཏཱི་ཟེར། །དེ་བཞིན་ལམ་པོ་ཆེ་ཡང་ཟེར། །ཁ་གཅིག་འཛིན་པ་ཞེས་ཀྱང་ཟེར། །སུ་པོ་ཕྲ་ན་ཕྲ་གཟུགས་ཟེར། །ཁ་ཅིག་དུར་ཁྲོད་ཞེས་ཀྱང་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་བརྟན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབབ་པར་འགྱུར། །གསུམ་པོ་གཅིག་ཏུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་རྩ་དབུ་མའི་དབྱེ་བའོ།

།ལྷུན་པོའི་སྟེང་ན་ཟླ་བ་གནས། །བརྒྱད་གཉིས་དུས་གཉིས་དག་དང་ལྡན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་རྩི་གཉིས་སུ་འགྱུར། །དེ་ཉིད་རིམ་པ་མི་ཞེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། །མེ་ཡིས་མི་བསྐྱོད་རྣམ་པར་བཞུ། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ཟླ་བའི་དབྱེ་པའོ།

།དབུ་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེའི་གསལ་བའི་འོད་ལྟ་བུ། །གཡས་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་ཡི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་བསྲེག་པར་བྱེད་པ་དང་། །ལུས་ཀུན་བསྲེག་པར་བྱེད་པའོ། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གི་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་ནས་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབྱེ་བའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ནི་ནང་དུ་ཤེས། །རང་གིས་གོམས་པར་བྱ་བ་ཡིན། །དབུ་མའི་ལུས་སུ་སྦྱོར་བ་ཆེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེ་ཡི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགགས་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་འགྱུར་པ་ཡི། །ཕྱི་རོལ་སྐྱེ་བར་ཤེས་པར་བྱ། །སྦྱོར་བ་ནང་དུ་འབྱུང་ཡིན། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་མཉམ་པར་བསྡུ། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་སྟེ། །གཅིག་ཉིད་དུ་ནི་འགྱུར་པའི་དུས། །གཞན་དུ་གཞན་དུ་སྦྱར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་རྩི་ཟླ་བ་འོག་ཏུ་འབབས། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང་། །འདི་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་སྒྲུབ་པ་ལས་ཉི་མའི་དབྱེ་བའོ།

།།དུས་ནི་བཅུ་གཉིས་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེ་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་ཡང་ཡིན། །གཅིག་ཏུ་རྣམ་པར་བསྡུ་བ་བྱ། །ཕྲ་བའི་དབྱེ་བས་ཕྱེ་བའོ། །ཇི་སྲིད་ཉི་མའི་དུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡི་འཇིག་སྟོབས་བསྐྱེད་དེ། །དེ་ཡི་ཚེ་ཡང་འཕེལ་བར་བྱེད། །མེ་ནི་ནད་མེད་རང་བཞིན་ནོ། །དེ་ནི་བརྟན་པར་བྱེད་པ་ཡིན། །འཆི་མེད་གྲུབ་པ་ལས་མེའི་དབྱེ་བའོ།

།འགྲོ་བ་ཐམས་ཅད་རླུང་ལས་འབྱུང་། །ཡེ་ཤེས་རླུང་ཡང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་འགྱུར། །མགོན་པོ་རླུང་ལ་ཕྱག་འཚལ་ལོ། །གང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལ་སོགས་པ་བཞི་པོ་ནི། །སོ་སོ་དུ་ནི་བཟུང་བའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་རབ་ཏུ་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམས། །གཟའ་ལ་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡི་བཟུང་། །རླུང་ནི་ཆེན་པོ་གཅིག་ཏུ་སྟེ། །ཕྱི་རོལ་དཀྱིལ་འཁོར་ལ་སོགས་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་ཀྱི་ནང་དུ་ཡང་། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་གྱིས་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉི་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །འཆི་མེད་གྲུབ་པ་ལས་རླུང་གི་དབྱེ་བའོ།
།འཆི་མེད་གྲུབ་པ་ཞེས་བྱ་བའི་འགྲེལ་པ་རྫོགས་སོ།།
།།དཔལ་ལྡན་བླ་མ་ལ་གུས་ཤིང་། །དབང་རྣམས་ཀུན་གྱིས་རུང་པར་བྱས། །དམ་ཚིག་མཆོག་དང་མཉམ་སྦྱོར་བའི། །ལྷ་ལ་བྱིན་པས་མཉེས་པ་མེད།
།རྒྱ་གར་ལྷོ་ཕྱོགས་[[ཀཱ་མ་རུའི་གྲོང་ཁྱེར་]]དུ་གྱད་ཀྱི་རིགས་སུ་སྐུ་འཁྲུང་པའི། །[[Etewa|རྣལ་འབྱོར་ཆེན་པོ་དུར་ཁྲོད་པ། ཀཱ་མ་རཱུ་པ། ཨེ་ཏེ་པ། རྒྱ་འགྲེས་པ་]]ཞེས་ཀྱང་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས། །བོད་ཀྱི་ལོ་ཙཱ་བ་[[Ma Lotsawa|རྨ་ལོ་ཙཱ་བ]]ས་[[Teto|ཏེ་ཏོའི་དུར་ཁྲོད་]]དུ་བསྒྱུར་བའོ།

རྡོ་རྗེ་འཆང་། [http://purl.bdrc.io/resource/P4CZ15432 དབུ་བཅད་མ།] [[Virupa the Elder|བིརྺ་པ]]། [[བྲམ་ཟེ་ནག་པོ]]། [[Etewa|དུར་ཁྲོད་ནག་པོ]]། [[Latö Gönpo|ལ་སྟོད་མགོན་པོ]]། [[Sangyé Nyentön|སངས་རྒྱས་གཉན་སྟོན]]། [[Sangyé Tönpa|ཆོས་རྗེ་སྟོན་པ]]། [[Tsangma Shangtön|ཤངས་སྟོན་པ]]། [[Gyeltsen Bum|མཁས་བཙུན་པ]]། མདོར་[[བན་རིན་ཆེན་བཟང་པོ]]ས་བྲིས། །མངྒ་ལཾ། །ཤུབྷཾ།

Tengyur version

༄༅། །འཆི་མེད་གྲུབ་པའི་འགྲེལ་པ་གཡུང་དྲུང་གྲུཔ་པ་ཞེས་བྱ་བ།

རྒྱ་གར་སྐད་དུ། ཨ་སྨ་ར་སི་ཏི་བྲིཏྟི་ནཱ་མ།
བོད་སྐད་དུ། གཡུང་དྲུང་གྲུབ་པ་ཞེས་བྱ་བའི་འགྲེལ་པ།
སངས་རྒྱས་ལ་ཕྱག་འཚལ་ལོ།
།ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མེད་སྟེང་ན་༼ལྷུན་པོ་ལ་༽ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེ་ཞིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེའི་དཀྱིལ་དུ་ལམ་ནི་གསུམ་པོ་རྣམ་པར་འཛིན་རྩ་དབུ་མ་དེས་ནི། །བདེ་ཆེན་འཁོར་ལོའི་བར་དུ་བཅུག་ཅིང་དག་པ་དེ་ལ་ཕྱག་འཚལ་ལོ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་བའི་ཕྱིར། །གཡུང་དྲུང་གྲུབ་པ་རྣམ་པར་བཤད་པར་བྱ།
།དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བསྐང་ཕྱིར་༼འབིར་བ་པས་༽གསུངས། །བདག་གིས་རྣམ་པར་བཤད་པ་འདིས། །ཡེ་ཤེས་རྣམ་པར་སྐྱེད་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགའ་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལ། །༼མཆོག་གི་དོན་༽མི་ཤེས་པ་རྣམས་ནི་སུན་འབྱིན་བྱེད། །༼རྒྱུད་སྡེ་༽འོ་མ་དག་ནི་བསྲུབ་པ་ལས། །སྙིང་པོ་མར་ནི་༼མན་ངག་འདི་༽རྣམ་པར་ཕྱུང་། །ལོག་པའི་ལམ་ནས་རྨོངས་པ་རྣམས། །བསྟན་བཅོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེང་ཐམས་ཅད་འཁྱམས། །དེ་ནི་ཡེ་ཤེས་ལམ་༼ཟབ་མོ་འདི་༽རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །༼མན་ངག་༽མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ཉེས་པ་རྣམ་པ་དུ་མར་ཤར། །དེ་དང་དེ་ནི་རྣམ་བསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་དང་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །ཆུ་དང་ཐིག་ལེའི་དེ་ཉིད་དང༌། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །༼རྩ་སྒོ་༽བསྡམ་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་སྒྲུབ་པའོ། །གནས་པ་ཡིས་ནི་འཆི་བ་མེད། །གཉིས་སུ་མེད་པའི་བསམ་བརྟན་དགའ། །གྲུབ་པ་ཆེན་པོ་རྣམ་པར་ཤར། །༼ཐ་མལ་པའི་༽འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མངོན་པར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །༼སྙིང་པོ་༽ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་མགོ་བོ་ལྷུན་པོའི་རྣམ་པར་༼ཆ་གསུམ་དུ་༽གནས། །གླིང་༼འཁོར་ལོ་བཞི་༽རྣམས་དག་ནི་ཀུན་དང་ལྡན། །༼ས་འོག་ས་སྟེང་ས་བླའི་༽འཇིག་རྟེན་གསུམ་ཡང་དེ་ན་གནས། །༼སྤྲུལ་པ་༽ས་ནི་༼ཡན་ལག་བདུན་བདུན་༽བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དག་དང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྷ་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ལྡན། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་དུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བྷི་ལྐུག་༼ཁྱབ་འཇུག་༽དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་མ་ལུས་ལུས་ལ་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡིས། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །མིའི་ལུས་ནི་ངེས་པར་འཐོབ། །བླ་མའི་གསུང་གིས་བྱིན་གྱིས་བརླབས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མ་དམ་པའི་ཞབས་བཏུད་ན། །ལུས་ནི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །གཡུང་དྲུང་གྲུབ་པ་ལས། ལུས་ཀྱི་དབེན་པའོ།
།ལྷུན་པོ་རྣམ་པར་འཁྱམ་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུས་མ་དཔེ་མེད་ལམ་ཞུགས་ནས། །ལྷུན་པོ་རྣམ་པར་ཕུག་ནས་གནས། །བསོད་ནམས་སྒོ་ནི་གཉིས་སུ་གནས། །སྟེང་དང་འོག་གི་ཆ་རུ་གནས། །འོག་གི་སྒོ་རུ་ཞུགས་པ་ཡིས། སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་དང་། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །༼གཟུང་འཛིན་༽ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣམ་གྲོལ་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་པ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱི་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོ །གྲོལ་བའི་ལམ་དུ་རྣམ་པར་གནས། །ཁ་ཅིག་ཨ་བ་དྷུ་ཏི་ཟེར། །ཁ་ཅིག་དུར་ཁྲོད་ཞེས་ཀྱང་ཟེར། །སུ་སོ་ཕྲ་ན་ཕྲ་གཟུགས་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ཅན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་རྟེན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབབ་པར་འགྱུར། །གསུམ་པོ་གཅིག་པུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་བདུད་རྩི་གྲུབ་པ་ལས། །རྩ་དབུ་མའི་དབྱེ་བའོ།།
ལྷུན་པོའི་སྟེང་ན་ཟླ་བ་གནས། །གཉིས་གཉིས་དུས་དུས་གཉིས་དགྲ་ལྡན་ན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་དེ་གཉིས་སུ་བྱུང༌། །དེ་ཉིད་རིག་པའི་མིས་ཤེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། མི་ཡིས་མེ་བསྐྱོད་རྣམ་པར་བཞུས། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །གཡུང་དྲུང་གྲུབ་པ་ལས། ཟླ་བའི་དབེན་པའོ།།
དབུས་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེའི་གསལ་བ་ལྟ་བུའམ། །གཡས་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་བའི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་སྲེག་པར་བྱེད་པ་དང་། །ལུས་ཀུན་སྲེག་པར་བྱེད་པ་ཉིད། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གིས་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་པ་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབེན་པའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ཀྱི་ནང་དུ་ཤེས། །རང་གིས་གོམས་པར་བྱས་པ་ཡིན། །དབུ་མའི་དུས་སུ་སྦྱོར་བའི་ཚེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེའི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགག་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་གྱུར་པ་ཡིན། །ཕྱི་རོལ་སྐྱེ་བ་ཤེས་པར་བྱ། །སྦྱོར་བ་ངན་པ་བྱུང་བའོ། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་ཤེས་པར་བསྡུས། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་ཚེ། །གཅིག་ཉིད་དུ་ནི་འགྱུར་བའི་དུས། །གཞན་དུ་གཞན་དུ་སྦྱོར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་ཉི་ཟླ་བ་འོག་ཏུ་འབབ། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་ནས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང༌། །འདིས་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་གྲུབ་པ་ལས། ཉི་མའི་དབེན་པའོ།།
དུས་ནི་བཅུ་གཉིས་དག་དང་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེས་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་འང་ཡིན། །གཅིག་ཏུ་རྣམ་པར་བལྟ་བར་བྱ། །ཕྲ་བའི་དབྱེ་བས་ཕྱེ་བས་སོ། །ཇི་སྲིད་ཉི་མའི་དབུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡིས་འཛིན་སྟོབས་སྐྱེད་པར་བྱེད། །དེ་ཡི་ཡང་འཕེལ་བར་བྱེད། །དེ་ནི་བརྟན་པར་བྱེད་པ་ཡིན། །བདུད་རྩི་གྲུབ་པ་ལས། མེའི་དབེན་པའོ།།
འགྲོ་བ་ཐམས་ཅད་རླུང་ལས་བྱུང༌། །ཡེ་ཤེས་ལུས་ཀྱང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་བྱུང་། །མགོན་པོ་རླུང་ལ་ཕྱག་འཚལ་ལོ། །ཡང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལས་སོགས་པ་བཞི་པོ་ནི། །སོ་སོ་རུ་ནི་བཟུང་བའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་མ་ལུས་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམ། །གཟའ་ལས་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡིས་བཟུང༌། །རླུང་ནི་ཆེན་པོ་གཅིག་པུ་སྟེ། །ཕྱི་རོལ་དཀྱིལ་འཁོར་འཁོར་ལོ་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་ཀྱི་དཀྱིལ་འཁོར་དུ། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་༼བལ་ཏིང་འཐེབ་འཛུབ་རྗེ་ངར་པུས་མོ་བརླ་ཕོངས་ཆུ་ལམ་སྟེ་སྙིང་རྐེ་མགྲིན་ལྕེ་སྣ་མིག་དཔྲལ་མགོ་༽གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་རྣམས་འགྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉིན་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་བྱེད་གནས། །གཡུང་དྲུང་གྲུབ་པ་ལས། རླུང་གི་དབེན་པའོ།།

༼[[Etewa|ཨེ་དེ་བ]]ས་འགྱུར་གྱི་ཚེ་ལོ་རྒྱུས་འཐུད་པ་ཡིན་གསུང་ངོ་༽[[འབིར་བ་པ]]ས་མཛད་འཆི་མེད་གཞུང་། །[[བྲམ་ཟེ་ནག་པོ]]ས་མ་མཁྱེན་ནས། །ཉིད་ཀྱི་སྐུ་ལུས་རྡོར་བྱིན་བརླབས། །དེ་དྲུང་ཚོགས་མཆོད་གསོལ་བཏབ་ཚེ། །ཆང་ཁལ་ལྔ་བཅུ་རྡོ་ཞལ་གསོལ། །དེ་རྗེས་བཟི་ནས་འགྲེལ་འདི་གསུངས། །དེ་ནས་དེ་ཡིས་འགྲེལ་མཛད་གང༌། །བྲམ་ཟེས་རྡོ་རྗེའི་ཚིག་རྐང་མཛད།། །།
[[Etewa|གྷ་དྷར་དུར་ཁྲོད་ཨེ་དེ་བ]]ས། །རྗེས་བཟུང་བོད་དུ་ལན་གསུམ་བྱོན། །འཆི་མེད་གྲུབ་པའི་འགྲེལ་པ་གཡུང་དྲུང་གྲུབ་པ་ཞེས་བྱ་བ། གསང་སྔགས་ཀྱི་ལམ་འབྲས་བུ་དང་བཅས་པའི་སྙིང་པོ་བསྡུས་པ། [[སློབ་དཔོན་དཔལ་འབིར་བ་པ]]ས་མཛད་པ། རྫོགས་སྷོ།།
[[Etewa|བླ་མ་ཆེན་པོ་དུར་ཁྲོད་ཨེ་དེ་བ]]ས་རང་འགྱུར་མཛད་པའོ།། །།

Latest revision as of 12:30, 2 September 2024
Resource ID | SCv7p221 |

Title | 'chi med grub pa'i 'grel pa |
Alt. title | amṛta siddhi vṛtti g.yung drung grub pa zhes bya ba'i 'grel pa |
Topics | Immortality |
Sub-Topics | Virupa |
Author | Sangyé Nyentön |
Associated Person | Latö Gönpo Virupa Etewa Ma Lotsawa |
Link | BDRC W23922 BDRC W23922 BDRC W1PD95844 (v.47 p.1274) BDRC W3CN18508 (v.2 p.150) BDRC W8LS32725 (alt. p.75) |
Notes | Commentary of 'bras bu lus 'chi med kyi rtsa ba |
༄༅། །འཆི་མེད་གྲུབ་པའི་འགྲེལ་པ་བཞུགས་སོ།།
རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་བྲྀ་ཏི་ནཱ་མ།
བོད་སྐད་དུ། འཆི་མེད་གྲུབ་པའི་འགྲེལ་པ་ཞེས་བྱ་བ།
སངས་རྒྱས་ལ་ཕྱག་འཚལ་ལོ།
།ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མ་མེད་པའི་སྟེང་ན་ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེས་ཤིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེ་ཡི་དཀྱིལ་དུ་ལམ་ནི་གསུམ་པ་རྗེས་སུ་རྣམ་པར་འཛིན། །དེས་ནི་བདེ་ཆེན་འཁོར་ལོའི་བར་དུ་ཕུག་ཅིང་དག་པ་ལ་ཕྱག་འཚལ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་ཕྱིར་འཆི་མེད་བསྒྲུབ་པ་བཤད་པར་བྱ།
།དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བསྐང་ཕྱིར་གསུངས། །བདག་གིས་རྣམ་པར་བཤད་པ་འདི། །ཡེ་ཤེས་ཅན་ཀུན་རྣམ་པར་བསྟོད། །ཡེ་ཤེས་རྣམ་པར་སྐྱེས་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགའ་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལས། །མི་ཤེས་རྣམས་ནི་སུན་འབྱིན་བྱེད། །འོ་མ་དག་ནི་བསྲུབས་པ་ལས། །སྙིང་པོ་མར་ནི་རྣམ་པར་འབྱུང་། །ལོག་པའི་ལམ་ནི་རྨོངས་པ་རྣམས། །ཐམས་ཅད་འདི་ལས་རྣམ་པར་རྨོངས། །བསྟན་ཆོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེངས་མ་ལུས་ཁྱབ། །དེ་ནི་ཡེ་ཤེས་ལམ་རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ངེས་པ་རྣམ་པ་དུ་མ་བཤད། །དེ་དང་དེ་ནི་རྣམ་གསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་ལ་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །རླུང་དང་ཐིག་ལེ་དེ་ཉིད་དང་། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །གདམས་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་གྲུབ་པའོ། །རྣམ་གནས་པ་ཡི་འཆི་བ་མེད། །གཉིས་སུ་མེད་པ་བསམ་གཏན་དག །གྲུབ་པ་ཆེན་པོར་རྣམ་པར་ཤར། །འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མ་ནོར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་ལྷུན་པོ་རྣམ་པར་གནས། །གླིང་རྣམས་དང་ནི་ཀུན་དང་ལྡན། །འཇིག་རྟེན་གསུམ་ཡང་དེ་ན་གནས། །ས་ནི་བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དང་ཡང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྟུང་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་རྒྱུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བིཥྞུ་དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡི། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བསྒོས་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མའི་ཞབས་ལ་གུས་བཏུད་ནས། །ལུས་འདི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ལུས་ཀྱི་དབྱེ་བའོ།
།ལྷུན་པོ་རྣམ་པར་འཁྱམ་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུ་མ་དཔེ་མེད་ལ་ཞུགས་ནས། །ལྷུན་པོ་རྣམ་པར་ཕྱུག་ནས་ཀྱང་། །བསོད་ནམས་སྒོ་ནི་གཉིས་སུ་གནས། ༼།སྟེང་དང་འོག་གི་ཆ་རུ་གནས།༽ །འོག་གི་སྒོ་རུ་ཞུགས་པ་ཡི། །སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་ཡི། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣལ་འབྱོར་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་པ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱིས་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོན། །འགྲོ་བའི་ལམ་དུ་རྣམ་པར་གནས། །ཁ་གཅིག་ཨ་ཝ་བྱུ་དྷཱུ་ཏཱི་ཟེར། །དེ་བཞིན་ལམ་པོ་ཆེ་ཡང་ཟེར། །ཁ་གཅིག་འཛིན་པ་ཞེས་ཀྱང་ཟེར། །སུ་པོ་ཕྲ་ན་ཕྲ་གཟུགས་ཟེར། །ཁ་ཅིག་དུར་ཁྲོད་ཞེས་ཀྱང་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་བརྟན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབབ་པར་འགྱུར། །གསུམ་པོ་གཅིག་ཏུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་རྩ་དབུ་མའི་དབྱེ་བའོ།
།ལྷུན་པོའི་སྟེང་ན་ཟླ་བ་གནས། །བརྒྱད་གཉིས་དུས་གཉིས་དག་དང་ལྡན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་རྩི་གཉིས་སུ་འགྱུར། །དེ་ཉིད་རིམ་པ་མི་ཞེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། །མེ་ཡིས་མི་བསྐྱོད་རྣམ་པར་བཞུ། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ཟླ་བའི་དབྱེ་པའོ།
།དབུ་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེའི་གསལ་བའི་འོད་ལྟ་བུ། །གཡས་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་ཡི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་བསྲེག་པར་བྱེད་པ་དང་། །ལུས་ཀུན་བསྲེག་པར་བྱེད་པའོ། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གི་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་ནས་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབྱེ་བའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ནི་ནང་དུ་ཤེས། །རང་གིས་གོམས་པར་བྱ་བ་ཡིན། །དབུ་མའི་ལུས་སུ་སྦྱོར་བ་ཆེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེ་ཡི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགགས་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་འགྱུར་པ་ཡི། །ཕྱི་རོལ་སྐྱེ་བར་ཤེས་པར་བྱ། །སྦྱོར་བ་ནང་དུ་འབྱུང་ཡིན། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་མཉམ་པར་བསྡུ། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་སྟེ། །གཅིག་ཉིད་དུ་ནི་འགྱུར་པའི་དུས། །གཞན་དུ་གཞན་དུ་སྦྱར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་རྩི་ཟླ་བ་འོག་ཏུ་འབབས། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང་། །འདི་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་སྒྲུབ་པ་ལས་ཉི་མའི་དབྱེ་བའོ།
།།དུས་ནི་བཅུ་གཉིས་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེ་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་ཡང་ཡིན། །གཅིག་ཏུ་རྣམ་པར་བསྡུ་བ་བྱ། །ཕྲ་བའི་དབྱེ་བས་ཕྱེ་བའོ། །ཇི་སྲིད་ཉི་མའི་དུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡི་འཇིག་སྟོབས་བསྐྱེད་དེ། །དེ་ཡི་ཚེ་ཡང་འཕེལ་བར་བྱེད། །མེ་ནི་ནད་མེད་རང་བཞིན་ནོ། །དེ་ནི་བརྟན་པར་བྱེད་པ་ཡིན། །འཆི་མེད་གྲུབ་པ་ལས་མེའི་དབྱེ་བའོ།
།འགྲོ་བ་ཐམས་ཅད་རླུང་ལས་འབྱུང་། །ཡེ་ཤེས་རླུང་ཡང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་འགྱུར། །མགོན་པོ་རླུང་ལ་ཕྱག་འཚལ་ལོ། །གང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལ་སོགས་པ་བཞི་པོ་ནི། །སོ་སོ་དུ་ནི་བཟུང་བའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་རབ་ཏུ་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམས། །གཟའ་ལ་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡི་བཟུང་། །རླུང་ནི་ཆེན་པོ་གཅིག་ཏུ་སྟེ། །ཕྱི་རོལ་དཀྱིལ་འཁོར་ལ་སོགས་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་ཀྱི་ནང་དུ་ཡང་། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་གྱིས་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉི་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །འཆི་མེད་གྲུབ་པ་ལས་རླུང་གི་དབྱེ་བའོ།
།འཆི་མེད་གྲུབ་པ་ཞེས་བྱ་བའི་འགྲེལ་པ་རྫོགས་སོ།།
།།དཔལ་ལྡན་བླ་མ་ལ་གུས་ཤིང་། །དབང་རྣམས་ཀུན་གྱིས་རུང་པར་བྱས། །དམ་ཚིག་མཆོག་དང་མཉམ་སྦྱོར་བའི། །ལྷ་ལ་བྱིན་པས་མཉེས་པ་མེད།
།རྒྱ་གར་ལྷོ་ཕྱོགས་ཀཱ་མ་རུའི་གྲོང་ཁྱེར་དུ་གྱད་ཀྱི་རིགས་སུ་སྐུ་འཁྲུང་པའི། །རྣལ་འབྱོར་ཆེན་པོ་དུར་ཁྲོད་པ། ཀཱ་མ་རཱུ་པ། ཨེ་ཏེ་པ། རྒྱ་འགྲེས་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས། །བོད་ཀྱི་ལོ་ཙཱ་བ་རྨ་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བའོ།
རྡོ་རྗེ་འཆང་། དབུ་བཅད་མ། བིརྺ་པ། བྲམ་ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ། སངས་རྒྱས་གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་པ། མཁས་བཙུན་པ། མདོར་བན་རིན་ཆེན་བཟང་པོས་བྲིས། །མངྒ་ལཾ། །ཤུབྷཾ།
Tengyur version
༄༅། །འཆི་མེད་གྲུབ་པའི་འགྲེལ་པ་གཡུང་དྲུང་གྲུཔ་པ་ཞེས་བྱ་བ།
རྒྱ་གར་སྐད་དུ། ཨ་སྨ་ར་སི་ཏི་བྲིཏྟི་ནཱ་མ།
བོད་སྐད་དུ། གཡུང་དྲུང་གྲུབ་པ་ཞེས་བྱ་བའི་འགྲེལ་པ།
སངས་རྒྱས་ལ་ཕྱག་འཚལ་ལོ།
།ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མེད་སྟེང་ན་༼ལྷུན་པོ་ལ་༽ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེ་ཞིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེའི་དཀྱིལ་དུ་ལམ་ནི་གསུམ་པོ་རྣམ་པར་འཛིན་རྩ་དབུ་མ་དེས་ནི། །བདེ་ཆེན་འཁོར་ལོའི་བར་དུ་བཅུག་ཅིང་དག་པ་དེ་ལ་ཕྱག་འཚལ་ལོ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོ་བའི་ཕྱིར། །གཡུང་དྲུང་གྲུབ་པ་རྣམ་པར་བཤད་པར་བྱ།
།དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བསྐང་ཕྱིར་༼འབིར་བ་པས་༽གསུངས། །བདག་གིས་རྣམ་པར་བཤད་པ་འདིས། །ཡེ་ཤེས་རྣམ་པར་སྐྱེད་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགའ་བར་གྱིས། །ངས་ནི་རྣམ་པར་བཤད་པ་ལ། །༼མཆོག་གི་དོན་༽མི་ཤེས་པ་རྣམས་ནི་སུན་འབྱིན་བྱེད། །༼རྒྱུད་སྡེ་༽འོ་མ་དག་ནི་བསྲུབ་པ་ལས། །སྙིང་པོ་མར་ནི་༼མན་ངག་འདི་༽རྣམ་པར་ཕྱུང་། །ལོག་པའི་ལམ་ནས་རྨོངས་པ་རྣམས། །བསྟན་བཅོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེང་ཐམས་ཅད་འཁྱམས། །དེ་ནི་ཡེ་ཤེས་ལམ་༼ཟབ་མོ་འདི་༽རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལས། །༼མན་ངག་༽མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམ་གྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ཉེས་པ་རྣམ་པ་དུ་མར་ཤར། །དེ་དང་དེ་ནི་རྣམ་བསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་དང་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །ཆུ་དང་ཐིག་ལེའི་དེ་ཉིད་དང༌། །སེམས་ཀྱི་རང་བཞིན་གང་ཡིན་པ། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །༼རྩ་སྒོ་༽བསྡམ་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་སྒྲུབ་པའོ། །གནས་པ་ཡིས་ནི་འཆི་བ་མེད། །གཉིས་སུ་མེད་པའི་བསམ་བརྟན་དགའ། །གྲུབ་པ་ཆེན་པོ་རྣམ་པར་ཤར། །༼ཐ་མལ་པའི་༽འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མངོན་པར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །༼སྙིང་པོ་༽ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་མགོ་བོ་ལྷུན་པོའི་རྣམ་པར་༼ཆ་གསུམ་དུ་༽གནས། །གླིང་༼འཁོར་ལོ་བཞི་༽རྣམས་དག་ནི་ཀུན་དང་ལྡན། །༼ས་འོག་ས་སྟེང་ས་བླའི་༽འཇིག་རྟེན་གསུམ་ཡང་དེ་ན་གནས། །༼སྤྲུལ་པ་༽ས་ནི་༼ཡན་ལག་བདུན་བདུན་༽བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དག་དང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །གནས་དང་ལྷ་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ལྡན། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་དུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བྷི་ལྐུག་༼ཁྱབ་འཇུག་༽དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་མ་ལུས་ལུས་ལ་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡིས། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །མིའི་ལུས་ནི་ངེས་པར་འཐོབ། །བླ་མའི་གསུང་གིས་བྱིན་གྱིས་བརླབས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མ་དམ་པའི་ཞབས་བཏུད་ན། །ལུས་ནི་དེ་བཞིན་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །གཡུང་དྲུང་གྲུབ་པ་ལས། ལུས་ཀྱི་དབེན་པའོ།
།ལྷུན་པོ་རྣམ་པར་འཁྱམ་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུས་མ་དཔེ་མེད་ལམ་ཞུགས་ནས། །ལྷུན་པོ་རྣམ་པར་ཕུག་ནས་གནས། །བསོད་ནམས་སྒོ་ནི་གཉིས་སུ་གནས། །སྟེང་དང་འོག་གི་ཆ་རུ་གནས། །འོག་གི་སྒོ་རུ་ཞུགས་པ་ཡིས། སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་དང་། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །༼གཟུང་འཛིན་༽ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣམ་གྲོལ་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་པ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱི་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །སྡིག་པ་ཐམས་ཅད་འཇོམས་པའི་མགོ །གྲོལ་བའི་ལམ་དུ་རྣམ་པར་གནས། །ཁ་ཅིག་ཨ་བ་དྷུ་ཏི་ཟེར། །ཁ་ཅིག་དུར་ཁྲོད་ཞེས་ཀྱང་ཟེར། །སུ་སོ་ཕྲ་ན་ཕྲ་གཟུགས་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ཅན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་རྟེན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབབ་པར་འགྱུར། །གསུམ་པོ་གཅིག་པུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་བདུད་རྩི་གྲུབ་པ་ལས། །རྩ་དབུ་མའི་དབྱེ་བའོ།།
ལྷུན་པོའི་སྟེང་ན་ཟླ་བ་གནས། །གཉིས་གཉིས་དུས་དུས་གཉིས་དགྲ་ལྡན་ན། །ཉིན་མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་དེ་གཉིས་སུ་བྱུང༌། །དེ་ཉིད་རིག་པའི་མིས་ཤེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། མི་ཡིས་མེ་བསྐྱོད་རྣམ་པར་བཞུས། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །གཡུང་དྲུང་གྲུབ་པ་ལས། ཟླ་བའི་དབེན་པའོ།།
དབུས་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེའི་གསལ་བ་ལྟ་བུའམ། །གཡས་ཕྱོགས་སྟེང་དུ་དྲག་ཏུ་འཕྱུར། །རྣོན་པོའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་བའི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་སྲེག་པར་བྱེད་པ་དང་། །ལུས་ཀུན་སྲེག་པར་བྱེད་པ་ཉིད། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གིས་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་པ་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབེན་པའོ། །ལུས་ནི་བསོད་ནམས་དུས་ཡིན་ནོ། །རྣམ་སྤངས་ལུས་ཀྱི་ནང་དུ་ཤེས། །རང་གིས་གོམས་པར་བྱས་པ་ཡིན། །དབུ་མའི་དུས་སུ་སྦྱོར་བའི་ཚེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེའི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགག་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་གྱུར་པ་ཡིན། །ཕྱི་རོལ་སྐྱེ་བ་ཤེས་པར་བྱ། །སྦྱོར་བ་ངན་པ་བྱུང་བའོ། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་ཤེས་པར་བསྡུས། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་ཚེ། །གཅིག་ཉིད་དུ་ནི་འགྱུར་བའི་དུས། །གཞན་དུ་གཞན་དུ་སྦྱོར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་ཉི་ཟླ་བ་འོག་ཏུ་འབབ། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་ནས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང༌། །འདིས་ནི་གྲོལ་བ་ཞེས་བཤད་དོ། །འཆི་མེད་གྲུབ་པ་ལས། ཉི་མའི་དབེན་པའོ།།
དུས་ནི་བཅུ་གཉིས་དག་དང་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེས་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་འང་ཡིན། །གཅིག་ཏུ་རྣམ་པར་བལྟ་བར་བྱ། །ཕྲ་བའི་དབྱེ་བས་ཕྱེ་བས་སོ། །ཇི་སྲིད་ཉི་མའི་དབུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡིས་འཛིན་སྟོབས་སྐྱེད་པར་བྱེད། །དེ་ཡི་ཡང་འཕེལ་བར་བྱེད། །དེ་ནི་བརྟན་པར་བྱེད་པ་ཡིན། །བདུད་རྩི་གྲུབ་པ་ལས། མེའི་དབེན་པའོ།།
འགྲོ་བ་ཐམས་ཅད་རླུང་ལས་བྱུང༌། །ཡེ་ཤེས་ལུས་ཀྱང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་བྱུང་། །མགོན་པོ་རླུང་ལ་ཕྱག་འཚལ་ལོ། །ཡང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལས་སོགས་པ་བཞི་པོ་ནི། །སོ་སོ་རུ་ནི་བཟུང་བའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་མ་ལུས་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམ། །གཟའ་ལས་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡིས་བཟུང༌། །རླུང་ནི་ཆེན་པོ་གཅིག་པུ་སྟེ། །ཕྱི་རོལ་དཀྱིལ་འཁོར་འཁོར་ལོ་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་ཀྱི་དཀྱིལ་འཁོར་དུ། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་༼བལ་ཏིང་འཐེབ་འཛུབ་རྗེ་ངར་པུས་མོ་བརླ་ཕོངས་ཆུ་ལམ་སྟེ་སྙིང་རྐེ་མགྲིན་ལྕེ་སྣ་མིག་དཔྲལ་མགོ་༽གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་རྣམས་འགྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉིན་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་བྱེད་གནས། །གཡུང་དྲུང་གྲུབ་པ་ལས། རླུང་གི་དབེན་པའོ།།
༼ཨེ་དེ་བས་འགྱུར་གྱི་ཚེ་ལོ་རྒྱུས་འཐུད་པ་ཡིན་གསུང་ངོ་༽འབིར་བ་པས་མཛད་འཆི་མེད་གཞུང་། །བྲམ་ཟེ་ནག་པོས་མ་མཁྱེན་ནས། །ཉིད་ཀྱི་སྐུ་ལུས་རྡོར་བྱིན་བརླབས། །དེ་དྲུང་ཚོགས་མཆོད་གསོལ་བཏབ་ཚེ། །ཆང་ཁལ་ལྔ་བཅུ་རྡོ་ཞལ་གསོལ། །དེ་རྗེས་བཟི་ནས་འགྲེལ་འདི་གསུངས། །དེ་ནས་དེ་ཡིས་འགྲེལ་མཛད་གང༌། །བྲམ་ཟེས་རྡོ་རྗེའི་ཚིག་རྐང་མཛད།། །།
གྷ་དྷར་དུར་ཁྲོད་ཨེ་དེ་བས། །རྗེས་བཟུང་བོད་དུ་ལན་གསུམ་བྱོན། །འཆི་མེད་གྲུབ་པའི་འགྲེལ་པ་གཡུང་དྲུང་གྲུབ་པ་ཞེས་བྱ་བ། གསང་སྔགས་ཀྱི་ལམ་འབྲས་བུ་དང་བཅས་པའི་སྙིང་པོ་བསྡུས་པ། སློབ་དཔོན་དཔལ་འབིར་བ་པས་མཛད་པ། རྫོགས་སྷོ།།
བླ་མ་ཆེན་པོ་དུར་ཁྲོད་ཨེ་དེ་བས་རང་འགྱུར་མཛད་པའོ།། །།